ཤར་ཕྱོགས་ཁུག་རྟ།
དམ་སྲི་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་གི་གདོང་རུས་གསལ་སྟོན་བྱ་རྒྱུའི་ཐད། ཉེ་སྔོན་ནས་འཛིན་སྐྱོང་བཀའ་ཤག་འདི་ཁྱད་མཚར་ཞིག་ཡོད་པ་ཚོར། ཨ་རིར་བྱུང་བའི་གནས་ཚུལ་ཐབས་རྡུག་དེའི་རྗེས་ནས་བོད་མི་མང་སྤྱི་ལྷན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༧ པའི་སྟེང་གྲོས་ཆོད་དོན་ཚན་ ༥ ཅན་ཞིག་༢༠༡༤། ༣། ༡༧། ཉིན་སྤྱི་མོས་ཀྱིས་བཞག་སྟེ། དམ་སྲིའི་རྗེས་འབྲངས་པར་ཁ་གཡར་བའི་བོད་མི་ཆེས་ཉུང་ཤས་ཤིག་གིས། བོད་ཀྱི་རྩ་དོན་གྱི་སྙིང་བོ་༸གོང་ས་མཆོག་གི་རྒྱལ་སྤྱིའི་མཛད་འཕྲིན་སྤྱིའི་ཁ་གཏད་དུ་བླངས་ཏེ། ཐད་ཀར་བོད་ཀྱི་བདེན་མཐའ་གསལ་རྒྱུར་མངོན་གསལ་དོད་པོས་ངོ་རྒོལ་ཁྲོམ་བསྐོར་བྱས་ཤིང་། ད་ལྟའི་རྒྱ་ནག་དབང་འཛིན་པ་ཚོས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་རུལ་སུངས་ཅན་གྱི་སྲིད་བྱུས་དག་ལ་འགྲིག་ཤག་དང་ཚད་དང་ལྡན་ཤག་ཏུ་བསྒྲགས་པའི་ངོ་བོ་དང། འབྱུང་ཁུངས། དགོས་དམིགས་བཅས་གསལ་འདོན་གནང་སྟེ། བོད་མི་ཆེས་ཉུང་ཤས་དེ་དག་གི་བྱེད་བབ་ནི་”ཆོས་དད་རང་དབང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པ་གྲོས་ཚོགས་འདི་ཐོག་ནས་ངོས་འཛིན་གསལ་བོ་བྱ་རྒྱུ་དང། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོའི་གཡོ་བྱུས་འོག་དྲིན་ལན་ལོག་མཇལ་དང། ལས་འབྲས་རྩིས་མེད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་གནོད་འཚབ་ཅན་གྱི་བསམ་མེད་དོལ་རྒྱལ་རྗེས་འབྲང་དང་བཅས་པ་རྣམས་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ལའང་ངོས་འཛིན་བྱ་རྒྱུ།”ཞེས་ཧ་ཅང་ཞལ་གསལ་བོས་གྲོས་ཆོད་དེའི་དོན་ཚན ༣ པའི་ནང་འཁོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས། བོད་ཀྱི་བདེན་པའི་འཐབ་རྩོད་དང་རྒྱབ་འགལ་དུ་གྱུར་བར་ངོས་འཛིན་གནང་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ཚོའི་བྱེད་བབ་ཐད། བོད་ཀྱི་ལྷ་མི་ཡོངས་ཀྱི་རྣམ་འགྱུར་གང་འདྲ་ཞིག་འཛིན་དགོས་མིན་ནམ་ལངས་ཉི་ཤར་ཡིན་ནའང། ཉེ་སྔོན་ནས་སྲིད་སྐྱོང། ཨ་རིའི་དོན་གཅོད་སྤྱན་བསལ་ཀེ་རྡོར་སོགས་ནས་དོལ་རྒྱལ་རྗེས་འབྲངས་པའི་གདོང་རིས་གསལ་སྟོན་གནང་ཕྱོགས་ཀྱི་ཆབ་སྲིད་ཆོད་སེམས་བརྟན་པོ་ཡིན་ལ་མིན་པའི་རྣམ་འགྱུར་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན་སྟབས། དེའི་སྐོར་བཀའ་ཤག་དང་སྲིད་སྐྱོང་ནས་དགོངས་བཞེས་ཙམ་མིན་པར་རྣམ་འགྱུར་གསལ་བོ་ཞིག་སྟོན་དགོས་པའི་དུས་ལ་བབས་འདུག
ལོ་འདིའི་ལོ་འགོར་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་སི་ཀོ་རུ་དོལ་རྒྱལ་རྗེས་འབྲང་པས་ཉེན་ཁ་ཆེ་བའི་ངོ་རྒོལ་སྤེལ་རྗེས། བོད་གཞིས་བྱེས་གཉིས་ལ་ཐུགས་འཚབ་ཅི་བྱུང་ཀུན་ལ་མངའ་ཆུབ་བཞིན། སྐབས་དེར་དོན་གཅོད་སྐུ་ངོ་སྤྱན་བསལ་ཀེ་རྡོར་ལགས་ལ་དེའི་ཐད་ནས་དྲི་བ་སྔ་ཕྱིར་བཏང་ཡང་ཡ་ལན་གནང་རྒྱུ་ལྟ་ཞོག སེམས་འཚབ་ཀྱི་སྙན་ཞུ་དེ་འདྲ་ཞིག་འབྱོར་བའི་འབྱོར་ལན་ཙམ་ཡང་མ་གནང། ཡང་ནས་བསྐྱར་དང་ཐ་ན་འབྲེལ་ཡོད་ལས་བྱེད་ཚོ་བརྒྱུད་ནས་ཞུས་ཀྱང་ཉན་འཇོག་མ་གནང།
སྐབས་དེར་འཛིན་སྐྱོང་བཀའ་ཤག་ནས་གོང་དུ་བཤད་པའི་སྤྱི་ལྷན་གྱི་གྲོས་ཆོད་དེའི་དགོངས་དོན་གཙོར་གྱུར། གཞིས་བྱེས་བོད་མིར་སེམས་འཚབ་བླ་ལྷག་ཏུ་ཆེ་བའི་དངོས་ཡོད་གནས་ཚུལ་དང། དམ་སྲིའི་རྗེས་འབྲངས་པ་དག་གི་རྒྱལ་ཚོང་བའི་བྱེད་བབ་སོགས་ལ་གཞིགས་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་ཨིན་བོད་གཉིས་ནས་མི་དེ་དག་གི་པར་དང་ལོ་རྒྱུས་ཐུང་ངུ་བཅས་བཀོད་དེ་ཁྱབ་བསྒྲགས་བྱས་མཚམས། སྤྱན་བསལ་ཀེ་རྡོར་གྱིས་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་གསར་འགོད་ལས་བྱེད་ལ་ཁ་པར་བཏང་སྟེ་བཀའ་བཀྱོན་གནང་བ་མ་ཟད། དེ་དག་བསུབ་དགོས་ཚུལ་གསུངས། གནས་ཚུལ་ཞིབ་ཏུ་སྐབས་དེར་ཁོ་བོས་གསལ་འབྲི་ཞུས་པ་ཡིན་ལ། བརྒྱུད་ལམ་སོགས་ནས་ཀྱང་བགྲོ་གླེང་ཤུགས་ཆེར་བྱུང། སྐབས་དེའང་སྤྱི་མཚུངས་དོན་གཅོད་སྐུ་ངོ་སྤྱན་བསལ་ལ་སྔར་བཞིན་སྙན་ཞུ་ཕུལ་ཏེ་དེ་དོན་གསལ་བཤད་དགོས་པ་ཁ་པར་དང་ཡིག་ཐོག འབྲེལ་ཡོད་ལས་བྱེད་ཚོ་བརྒྱུད་ཐེངས་མང་ཞུས་ཀྱང་ཁུ་བྱུག་དགུན་གཞུང་འགྲིམས་པ་ལྟར་གོ་མེད་ཚོར་མེད་དུ་གྱུར།
གོང་གི་གནད་དོན་དེ་གླེང་སློང་མང་དག་ཅིག་བྱུང་སྐབས། སྐུ་ངོ་སྤྱན་བསལ་ཀེ་རྡོར་ནས་ཕྱི་དྲིལ་དྲུང་ཆེའི་མཚན་ཐོག་སྙན་ཞུ་ཞིག་ཕུལ་ཏེ། ཕྱི་དྲིལ་གསར་འགོད་ལས་བྱེད་པར་ཁ་པར་བཏང་བ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱི་ཆོག་མཆན་བཀའ་འཁྲོལ་ཐོབ་ཡོད་ཅེས་ཞུས་འདུག རྣམ་པ་ཚོས་ཐུགས་བསམ་བཞེས་རོགས། བཀའ་ཤག་གི་ཐག་གཅོད་ཅིག་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལ་ཅི་ལྟར་རྩིས་མེད་གཏོང་རྒྱུའི་དབང་ཚད་ཡོད་པ་རེད། གནད་དོན་འདི་ཞེད་སྣང་ཚ་བོ་དང། བློ་ཕམ་འབྱུང་གཞི་ཡིན་པ་གསལ་བོ་ཆགས་ནས་གངས་སྐྱིད་གཙོས་ང་ཚོའི་སྤྱི་ཚོགས་བག་མ་ཕེབས་པར་ཡོད་པའི་སྐབས་འདིར། བཀའ་ཤག་གིས་དེ་སྔོན་དྲ་རྒྱའི་ཐོག་དོལ་རྒྱལ་རྗེས་འབྲང་པ་དེ་དག་གི་པར་དང་ལོ་རྒྱུས་ཐུང་ངུ་འགོད་དགོས་དོན་སྐོར་གསལ་བཤད་ཅིག་ ༨། ༡༤། ལ་གནང་འདུག་པ། ཁ་སང་ཕྱི་ཚེས་ ༩། ༡༩ ཉིན་ཡང་བསྐྱར་སྤེལ་འདུག་ཅིང། དེའི་མིང་ལ༼བོད་མིའི་སྒྲིག་འཛུགས་ཀྱིས་དོལ་ཚོགས་ངོ་རྒོལ་བ་ཚོའི་མིང་གཞུང་དྲིལ་བསྒྲགས་བྱེད་དགོས་པའི་གསལ་བཤད།༽ཞེས་བྲིས་འདུག་པ་དང།
ད་དུང་གསལ་བསྒྲགས་དེའི་མགོར་༼༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་དང་ཨ་རིའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་དང་མཚན་སྨད་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གི་མིང་དང་ལོ་རྒྱུས་སོགས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བ་དེར་རྒྱུ་མཚན་གསལ་བཤད་དགོས་པའི་བསམ་ཚུལ་དུ་མ་བྱུང་བར་བརྟེན། གཤམ་དུ་གསལ་བཤད་ཞུ་རྒྱུ་ཡིན།༽ཞེས་ཀྱང་བྲིས་འདུག དོན་དམ་དོལ་རྒྱལ་རྗེས་འབྲང་པའི་སྐོར་སྒྲིག་འཛུགས་ཀྱི་དྲ་རྒྱར་སྤེལ་བ་དེར་རྒྱུ་མཚན་གསལ་བཤད་དགོས་ཟེར་མཁན་སུ་རེད། རྒྱུ་མཚན་འཛམ་གླིང་ཀུན་གསལ་ཡིན་བཞིན་དུ་ད་དུང་བཀའ་ཤག་ལ་རྒྱུ་མཚན་བཀའ་འདྲི་ཞུ་དགོས་དོན་ཅི་རེད། དཔལ་ལྡན་བཀའ་ཤག་ནས་དེ་ཚོས་རྒྱུ་མཚན་དགོས་སྐོར་ཞུ་དོན་ཅི་ཡིན་བཀའ་འདྲི་མི་གནང་དོན་ཅི་ཡིན། དཔལ་ལྡན་བདེ་སྲུང་བཀའ་བློན་གྱིས་དེ་སྔོན་གྲོས་ཚོགས་ནང་གསལ་བཤད་གནང་བ་དེས་མ་འཐུས་པ་ཡིན་ནམ། ཡང་སྙིང་རྒྱུ་མཚན་གསལ་བཤད་དགོས་ཞེས་ཞུ་མཁན་དག་ནི་སུ་སུ་རེད།
མདོ་དོན་དྲ་རྒྱར་སྤེལ་བའི་༼རྒྱུ་མཚན་ལ་གསལ་བཤད་གནང་བ་༽ཟེར་བ་འདིས་ཅི་ཞིག་མཚོན་ནམ། རྒྱུ་མཚན་འདི་དེ་སྔ་དོལ་རྒྱལ་རྗེས་འབྲངས་པའི་པར་དང་ལོ་རྒྱུས་བཅས་འགོད་སྐབས་མཉམ་དུ་མ་བཀོད་དོན་ཅི་རེད། རྒྱུ་མཚན་ཡི་གེ་འདི་༢༠༡༤། ༨། ༡༤། ཉིན་བྲིས་ཡོད་པའི་རྒྱུ་མཚན་ཅི་རེད། དེ་ནས་ཟླ་གཅིག་མ་ཟིན་ཙམ་སྟེ་ཁ་སང ༢༠༡༤། ༩། ༡༩། ཉིན་སྒྲིག་འཛུགས་ཀྱི་དྲ་རྒྱར་སྤེལ་དགོས་དོན་ཅི་རེད། འདི་ནི་སྲིད་སྐྱོང་ཞིག་གི་ཕྱག་ལས་གནང་སྟངས་ཀྱི་གཟི་བརྗིད་ཡིན་ནམ། འདི་ནི་བཀའ་ཤག་ལྷན་རྒྱས་ཀྱི་གཟབ་ནན་དང་ཐུགས་འགན་མཉམ་འཁུར་གྱི་རྣམ་པ་ཡིན་ནམ། ཚང་མས་མཁྱེན་གསལ་བཞིན། སྤྱན་བསལ་ཀེ་རྡོར་དོན་གཅོད་ལ་བསྐོ་བཞག་བྱས་པ་དང་ལས་འགན་དང་པོར་ཞུགས་སྐབས། ལག་མ་འགུལ་བ་མ་གཏོགས་༸གོང་ས་མཆོག་གི་སྐུ་ཕྱྭར་གནས་ཚུལ་ལྷགས་སོང་བའི་གླེང་གཞི་འཇིག་རྟེན་དུ་གྲགས་པ་ཞིག་བྱུང། དེའི་སྐོར་གྲོས་ཚོགས་དང་མི་མང་ལ་གསལ་བཤད་ཡག་ཐག་ཆོད་ཅིག་ཕར་ཞོག དགོངས་སེལ་ཙམ་ཡང་ཞུས་མེད་པ་གསལ་བོ་ཡིན་པ་དེའི་ནད་མ་དྲག་གོང། ཉེ་སྔོན་༸གོང་ས་མཆོག་གིས་བཞུགས་སྒར་དུ་མཐོ་རིམ་སློབ་མ་ཚོར་ལོ་བསྟར་ཆགས་ཀྱི་ནང་ཆོས་ངོ་སྤྲོད་གནང་བའི་ཉིན་གཉིས་ཀྱི་ཉིན་རྒྱབ། སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་དོལ་རྒྱལ་གྱི་སྐོར་གཏམ་བཤད་གནང་ཡོད།
གཏམ་བཤད་དེ་གཉིས་གལ་ཆེར་སོང་ངེད་རང་དངོས་སུ་བཅར་རྒྱུ་བྱུང། སྐབས་དེར་གཏམ་བཤད་གང་གནང་དང་དྲི་བར་ལན་འདེབས་ཅི་བྱས་ཡིག་ཐོག་དང་བརྙན་འཕྲིན་གཉིས་ཀར་ཡོད་ཙང། གསལ་བཤད་མ་དགོས་པ་གཙོ་བོ་ཡིན་ནའང། སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་གཏམ་བཤད་གནང་རྒྱུར་ཅི་ཙམ་གཡོལ་བ་ཚང་མས་ཤེས་གསལ་རེད། གཡོལ་སྟངས་ནི་ཉིན་དང་པོ་གཏམ་བཤད་གནང་མཁན་སྲིད་སྐྱོང་སྔ་ས་ནས་གཏན་འཁེལ་ཟིན་ཡང་གློ་བུར་ཉིན་དང་པོར་བཅར་མི་ཐུབ་ཚུལ་ཕེབས་པ་རེད། ཉིན་གཉིས་པར་གཏམ་བཤད་གནང་སར་གཏམ་བཤད་ཀྱི་དུས་ཡུན་གསུམ་ཆའི་གཅིག་མ་མ་གཏོགས་དོལ་རྒྱལ་སྐོར་བཏང་མེད་པར། ནམ་རྒྱུན་གྱི་སྲིད་སྐྱོང་གི་ཨ་སྒོར་ས་ཡ་ཁ་ཤས་ཀྱི་སློབ་ཡོན་གྱི་གྲངས་འབོར་དེ་དག་བསྐྱོར་གནང་ནས་བཞུགས་པ་རེད།
ཐ་ན་དོལ་རྒྱལ་སྐོར་དྲི་བ་གཏོང་མཁན་ཚོར་ལན་འདེབས་ཡག་པོ་ཞིག་གནང་མ་ཐུབ་པའི་སྐྱོན་གཙོ་བོ་དེ་མ་ཤེས་པས་ལན་པ་ཁོ་ན་རེད། དཔེར་ན། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་སྟེང་དོལ་རྒྱལ་སྐོར་གྲོས་ཆོད་བཞག་སྟེ་དེའི་ངོ་བོ་ཐེར་འདོན་གནང་ཡོད་པ་དེ་ལ་སོགས་པར་ཐུགས་ཞིབ་གནང་མེད་སྟབས། དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གིས་དོལ་རྒྱལ་རྗེས་འབྲང་པར་འཛིན་པའི་སྲིད་བྱུས་ག་རེ་རེད་ལབ་དུས། སློབ་ཕྲུག་ཚོར་དོན་རྡོག་གང་ཡང་རེག་རྒྱུ་མེད་པ་ཞིག་བྱུང་བ་རིམ་པར་བརྙན་འཕྲིན་གྱི་ལམ་ནས་སྤྱི་ཚོགས་ནང་སྐད་ཆ་ཆེན་པོ་ཆགས། དེའི་རྐྱེན། བོད་ཁྱིམ་ཁོངས་སོ་སོས་སླར་ཡང་༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་དྲི་བ་དེ་དག་ལ་ལན་འདེབས་སྐྱབས་འཇུག་ཞུས་སྟབས་གཞི་ནས་ཆོས་དད་རང་མོས་ཀྱི་གནད་དོན། ཟུར་བཅད་དབྱེ་འབྱེད་སོགས་བྱུང་རབས་དང། ཁྲིམས་ལུགས། སྤྱི་ཚོགས་བདེ་དོན་དང་སྦྱར་ནས་བཀའ་སློབ་རིན་ཐང་བྲལ་བ་གནང་ཡོད་ལ། ཀུན་གྱིས་ཡི་རངས་གསུངས་བ་ལ་མངོན་པར་བསྟོད་དོ་ཞེས་ཡིད་ཆེས་ཀྱི་ཐལ་མོ་སྦྱར་བ་བཅས། སྲིད་དབང་རྩིས་སྤྲོད་གནང་ས་དེ་འདྲ་ཞིག་ལ་འཁེལ་ཡོད་ཀྱང་གཡང་ལ་ལྷུངས་ཉེན་མཚམས་ཐུགས་བརྩེ་བ་ཆེན་པོས་བསྐྱབས་གནང་སོང།
འོན་ཀྱང་སྟབས་ངན་པ་ཞིག་ལ་ཕྱི་ཟླ་དགུ་བའི་གྲོས་ཚོགས་སླེབས་ཉེར་མ་ཟད། དོལ་རྒྱལ་དང་འབྲེལ་བའི་གོང་གི་ཐལ་ཆ་ཆེ་བའི་གནས་ཚུལ་འདི་ཚོས་སྤྱི་འཐུས་རྒྱུན་ལས་དང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། དོ་སྣང་ཅན་རྣམས་ལ་ཕོག་ཐུག་རིམ་པར་བཏང་ཡོད་སྟབས། ད་ཐེངས་དྲ་རྒྱའི་སྟེང་གསལ་བཤད་དེ་སྤེལ་དགོས་ཐུག་འདུག་སྙམ་ལ། དེ་རིང་སང་ཉིན་སྲིད་སྐྱོང་གི་དྲུང་ཡིག་ཚོས་ཀྱང་དོལ་རྒྱལ་སྐོར་གྱི་གྲོས་ཆོད་དེ་དག་བཙལ་འཚོལ་གྱིས་སྲིད་སྐྱོང་ལ་ཟླ་རྗེས་མའི་གྲོས་ཚོགས་ནང་ཞབས་འདྲེན་མི་ཞུ་བའི་བརྟན་བཞུགས་བསྟར་འབུལ་ཞིག་འདེགས་འཆར་ཡོད་པ་འདྲ།
གང་ལྟར་གནད་དོན་འདི་དག་ཕྱོགས་ཡོངས་ནས་སྡོམ་རྒྱབ་ཡོང་སྐབས་བཀའ་ཤག་ལྷན་རྒྱས་ཀྱི་དོལ་རྒྱལ་སྐོར་གྱི་བཀའ་བསྡུར་ཐག་གཅོད་རྣམས་རྡོག་ལ་སྒྲིལ་བ་ཞིག་དགོས་པ་མ་ཟད། དོན་དམ་པའི་སྲིད་སྐྱོང་ལྷན་རྒྱས་ཀྱི་གཟི་ཉམས་ཡོད་པའི་རྣམ་དཔྱོད་སྟོན་དགོས་པའང་རང་བཞིན་གྱིས་གསལ་བཤད་བྱས་ཡོད།
དེང་སང་སྲིད་སྐྱོང་གི་ཞལ་ནས་ཀྱང་དབུ་མའི་ལམ་དང་དོལ་རྒྱལ་ཞེས་པའི་ཚིག་འདི་གཉིས་མང་པོ་གྲགས་ཀྱི་ཡོད་སྟབས། བོད་མིའི་སྤྱི་ཚོགས་དང། གྲོས་ཚོགས་ཀྱི་བཞེད་དོན་ལ་འགན་འཁུར་གནང་འདོད་ཡོད་ན། སླད་མར་དོལ་རྒྱལ་སྐོར་འདི་འདྲའི་ཐལ་ཆ་ཆེ་བ་དང་དོགས་གཞི་ཅན་གྱི་གནང་སྟངས་རིགས་ཅམ་འཇོག་གནང་དགོས་པ་དང། ཁྱོན་ནས་མ་བྱུང་ནའང། སྲིད་སྐྱོང་གི་ལོ་གསུམ་པོ་ནི་ལྟ་ས་གཏད་སོ་མེད་པར་དེ་ལྟ་དེ་ལྟར་རྒྱ་མཚོ་འཁྱགས་པས་བསྡམས་པ་ལྟར་ལྷིང་འཇགས་པོ་དང་གོ་རྒྱུ་ཚོར་རྒྱུ་མེད་པར་འདས་ཟིན་ཡང། ཉི་མ་ནུབ་རིར་ཡོད་དུས་ཀྱི་ཟེར་མདངས་སྐད་ཅིག་མའམ། འགྲོ་ལ་ཁེད་ཀྱི་ལོ་ངོ་གཉིས་ཀྱི་རིང་༼ལམ་དབུ་མ་༽དང་༼དོལ་རྒྱལ་རྗེས་འབྲངས་༽ཞེས་གཞི་ནས་གཉིད་སད་པ་ལྟར་མང་པོ་བསྒྲགས་ཁུལ་གྱིས། དོན་ལ་རྣམ་པ་མཛེས་ཀྱང་ནང་དོན་མེད་པ་ཞིག་གནང་གི་བསྡད་ན་རྦད་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཕུ་དཀྲུགས་མདའ་དཀྲུགས་ལྟར་ཆགས་འགྲོ་བའི་ཉེན་ཁ་འདུག་སྟབས། སྐུ་ངོ་སྲིད་སྐྱོང་དང་སྤྱན་བསལ་ཀེ་རྡོར། བདག་མོ་ལྕམ་མོ་རྣམས་ཀྱིས་མ་འོངས་པའི་ང་ཚོར་དགོངས་བཞེས་ཤིག་གནང་སྟེ། དབུ་མའི་ལམ་ཡང་ཡོད་པ། དོལ་རྒྱལ་རྗེས་འབྲང་པའི་གདོང་རུས་གསལ་སྟོན་གྱི་ཐབས་བྱུས་ཚད་ལྡན་རྒྱུན་སྐྱོང་ཡང་ཡོད་པ་ཞིག་ཅི་ནས་ཀྱང། མ་འོངས་པའི་སྲིད་སྐྱོང་ང་ཚོར་མ་བཞག་ཚེ། དོལ་རྒྱལ་དང་དབུ་མའི་ལམ་གྱི་ཐ་སྙད་བསྒྲགས་པ་ཙམ་གྱིས་གང་ཡང་ཡོང་གི་མེད་པ་དེ་རྒྱ་ཆེའི་མི་མང་གིས་མཁྱེན་འདུག་སྟབས། དེ་དོན་ཐུགས་ཀྱིས་འདོར་བ་མེད་པ་ཞུ།།
༢༠༡༤། ༩། ༢༠། ཉིན།
ཧ་ཧ་ཧ་དབུ་མའི་ལམ་དང་། དོལ་རྒྱལ་གཉིས་མཉམ་དུ་འབོད་དུས་བདེ་བོ་འདྲ་ཞིག་ཡོད་ས་རེད། དབུ་མ་ནི་རི་བོ་དགེ་ལྡན་པའི་ལྟ་གྲུབ་ཀྱི་མཚན་ཡིན་ལ། དོལ་རྒྱལ་ནི་མི་ལོ་བརྒྱ་ཕྲག་དུ་མའི་རིང་རི་བོ་དགེ་ལྡན་པའི་བསྟན་སྲུང་ཡིན་རབ་བཤད། གང་ལྟར་དབུ་མ་བསྟན་པ་ཡིན་ན་དོལ་རྒྱལ་སྲུང་མ་མིན་ཟེར་ཚོད་མེད་པ་རེད། ཡིན་ནའང་དེང་སང་བཀའ་ཤག་སྤྱི་འཐུས་ཚང་མས་བསྟོད་ས་ནི་དབུ་མ་ཡིན་ལ། སྨད་ས་ནི་དོལ་རྒྱལ་རེད། ཁོང་རྣམ་པའི་གསུང་སྟངས་ལ་གཞིག་ན་ཕ་གཞིས་གངས་ལྗོངས་བཙན་འཕྲོག་བྱས། བོད་རིགས་སྤུན་ཟླ་འབུམ་ཕྲག་དུ་མ་དམར་གསོད་བྱེད་མཁན་དེ་དོལ་རྒྱལ་ཡིན་པ་འདྲ་བོ་འདུག ང་ཚོ་བཙན་བྱོལ་ཡོང་དགོས་དོན་ཡང་ལྷ་འདྲེ་དབྱེ་འབྱེད་བྱེད་དུ་ཡོང་པ་འདྲ་བོ་འདུག རེད་དམ་མ་རེད། གལ་སྲིད་དབུ་མའི་ལམ་ནས་བཙན་བྱོལ་དུམ་བུ་འདི་ལོག་པའི་ཉི་མ་ཞིག་བྱུང་སོང་ན། དེ་དུས་ཆོས་དང་ཟང་ཟིང་། ཁ་དང་ཁ་སྤུ་ཟེར་བ་བཙན་བྱོལ་ནང་དབྱེ་འབྱེད་བྱེད་པ་ནང་བཞིན་གནང་ས་ཞིག་ཨ་ཡོད། དེ་འདྲའི་དབང་ཚད་ཅིག་ཨེ་ཡོང་། ཧ་ཧ་ཧ་ཧ་ལྷ་འདྲེ་དབྱེ་འབྱེད་ནི་རི་བོ་དགེ་ལྡན་པའི་ནང་རྙོག་ཞིག་ཡིན་པས། དུས་ནམ་ཡང་སྤྱི་བའི་རྩ་དོན་སྟེང་ཁྱེར་མ་ན་ཡག མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་བསྐོས་པའི་སྲིད་སྐྱོང་དང་སྤྱི་འཐུས་སོགས་དུས་ནམ་ཡང་ཆོས་ལུགས་པའི་ནང་རྙོག་འོག་མ་བཅུག་ན་བཟང་།
དོལ་རྒྱལ་ཚོགས་པས་སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་ཡང་ཡང་མ་བྱས་ཚེ་རྒྱ་གཞུང་ནས་བཀའ་སྐྱོན་དྲག་པོ་བཏང་བ་དང་ཟླ་ཕོགས་སྤྲོད་ཀྱི་མིན་རབས་བཤད་པ་དང་ ཁུག་རྟས་ཡང་སྲིད་སྐྱོང་མཆོག་དང་བོད་རང་བཙན་ཚོགས་པ་དོལ་ཚོགས་ཅས་ལ་སྐྱོན་བརྗོད་རེ་མ་བྱས་ཚེ་ དབུ་མ་པས་གསོལ་ཕོགས་སྤྲོད་ཀྱི་མེད་ཚོད་འདུག་ དྲང་པོར་བཤད་ན་ཁུག་རྟ་བོད་མི་རིགས་ལ་ཤ་ཞེན་ཆེ་གྲགས་པ་དང་ དོལ་ཚོགས་འཇམ་མགོན་བླ་མའི་སྟན་པ་ལ་དད་པ་ཆེ་བཞག་བ་མིན་པ་ཚང་མས་མཐོང་གསལ་རེད་ དོན་དངོས་ཁོང་གཉིས་ཆ་སོ་སོའི་གྲོད་ཁོག་གི་གནོད་དོན་རེད་།
བོད་གཞུང་ནས་དོལ་ཚོགས་ཀྱི་འདྲ་པར་དྲྭ་རྒྱའི་ཐོག་སྟོན་པ་ནི་ནོར་བ་ཞིག་རེད་ ཨ་རིའི་དོན་བཅོད་ནས་བཤད་པ་ནི་འགྲིག་པ་ཞིག་རེད་ དོལ་རྒྱལ་ལ་ཡིད་ཆེད་བྱེད་མཁན་བོད་པ་ཚོའི་ནང་ནས་མང་ཆེ་བ་རྒྱ་མི་དང་འབྲེལ་བ་མེད་པས་ ཡིད་ཆེད་ནི་ཁོང་ཚོའི་རང་དབང་རེད་ སྲིད་སྐྱོངས་དང་སྤྱི་མཐུས་ནས་དགོངས་པ་ཡག་པོ་བཞེས་ནས་སྲུངས་མའི་སྐོར་ལ་གཅིག་ཡག་པ་དང་གཞན་ཞིག་སྡུག་པ་ཡིན་པའི་སྐོར་ལ་གྲོས་ཆོས་བཞག་པ་ནི་ནོར་བ་ཞིག་རེད་ བྱུང་ན་སྲུང་མ་ཡིན་ཟེར་མཁན་ཚང་མ་གཞུང་ཕྱོགས་ནས་བརྟེན་གསོལ་གནང་རྒྱུ་མིན་པའི་གྲོས་ཆོས་ཞིག་བཞག་ཐུབ་ན་ཧ་ཅང་ཡག་པོ་འདུག་
ད་བོད་འདི་ལ་ཕྱི་དགྲ་ནང་དགྲ་མང་གི། རྒྱ་ནག་ཕྱི་དགྲས་བོད་མི་དམར་གསོད་གཏོང། དོལ་ཚོགས་པ་ཚོ་རྒྱ་ཡི་རྒྱུག་ཁྱི་བྱེད། རྒྱ་བཟང་རྒྱ་ཡག་ཟེར་ནས་མགོ་འདོག་བྱེད། དབུ་ལམ་པ་ཚོའི་རང་བཙན་རྒྱ་ལ་བཙོང། རྒྱ་དར་ཕྱར་ནས་རྒྱ་འོག་འདུག་ཆུག་ཟེར། མདོར་ན་དོལ་ཚོགས་དབུ་ལམ་མིང་གི་ཁྱད་པར་ལས། བོད་འདི་འཆི་ལམ་འདེད་སྟངས་གཅིག་པ་རེད། ད་རུང་བྱོལ་སོང་མིང་གི་བཤད་རྒྱུ་ལ། རང་སྐྱོང་རི་རབ་ཙམ་དེ་མི་མཐོང་ནས། གཞན་སྐྱོན་ཉུང་འབྲུ་ཙམ་དེ་བརྗོད་ཁས་བྱེད།ཧཧཧཧཧཧཧ
དོལ་ཚོགས་འཇམ་མགོན་རྒྱལ་བའི་བསྟན་པ་ལ་ཤ་ཞེན་དང་ཤེས་ནས་དད་པ་ཐོབ་པ་ཞིག་མིན་པ་དངོས་གནས་བདེན་པ་ལོས་ཡིན་འདོད། དབྱིན་ཡུལ་གྱི་དོལ་རྒྱལ་སྐོར་ལ་བགྲོ་གླེང་དེར་མིང་དྲན་གྱི་མི་འདུག་ཀྱང་དགེ་བཤེས་ཤིག་གིས་གསལ་གསལ་ཐིང་ཐིང་གསུངས་གནང་སོང་། ད་མང་པོ་རེད། དོལ་རྗེས་འབྲངས་པར་འགྲེལ་བཤད་རྒྱབ་ཡང་ཕན་གྱི་མི་འདུག ཟམ་གདོང་རིན་པོ་ཆེ་ཚང་གིས་གསུངས་པ་ལྟར་ཁོ་ཚོར་གོ་བརྡ་འཕྲོད་པའི་འདོད་པ་ཡོད་པ་མ་རེད།
བོད་གཞུང་གིས་དོལ་རྒྱལ་སྐོར་ལ་ཁྲིམས་ལུགས་ཀྱི་གཞི་རྩའི་ཐོག་སྲིད་ཇུས་ལག་ལེན་བཏང་ན་ལེགས།
ཕར་ཕྱོགས་ཚུར་ཕྱོགས་བྱས་ན་གྲོགས་མེད་ཁྱེར་རྐྱང་ལ་ལུས་སྲིད།
ཁུག་རྟ་གི་སྐྱོན་མ་གཏོགས་བཤད་ཤེས་གི་མེད་ག།གང་ང་སོང་ན་དུ་རེད།
སྲིད་སྐྱོང་དང་པོ་ཆོས་ཕར་ཞོག་ བོད་སྐད་ཀྱང་ཡག་པོ་ཤེས་ཀྱི་མེད་པས་ བཞུགས་སྒར་དུ་ཕྱག་ལས་ཀྱི་དུས་ཚོད་ཕྱེད་ཀ་ལྷག་རྩམ་གསུང་ཆོས་ཞུས་གནང་བར་རྟེན་ དིང་སྐབས་གང་དུ་ཕེབས་ཀྱང་སྲུང་མའི་སྐོར་ལ་བཀའ་ཆོས་གནང་ཐུབ་མཁན་ཞིག་ཆག་འདུག་
ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱང་ཨ་ནི་གནང་རྒྱུ་ཐགས་ཆོད་པ་རེད་ཟེར་གྱིན་འདུག་
དྲང་པོ་བཤད་ན་བཙན་བྱོལ་གཞུང་གི་སྲིད་སྐྱོང་མཆོག་ལ། བོད་ཡིག་ཐོག་ནས་ཡིག་སྐུར་གཙང་མ་ཞིག་འབྲི་རྒྱུའི་ཤེས་འབྱོན་ཡང་མེད་པ་ཐོས། བདེན་པ་ཡིན་མིན་མི་ཤེས། བདེན་པ་ཡིན་ན་ངོ་ཚ་དགོས་པ་རང་རེད།
ད་བཤད་ན་མ་བཤད་ན་བཙན་བྱོལ་གཞུང་ལ་སྲིད་སྐྱོང་འདི་ལས་འཇོན་པ་ཞིག་བྱུང་མྱོང་མེད་པ་རེད། དེ་ཅིག་ཡིན། གཉིས་ནས་དོལ་རྒྱལ་ནི་བསྟན་དགྲ་དམ་ཉམ་རེད་ལ་དོལ་ཚོགས་ནི་རྒྱ་མིའི་རྒྱུག་ཁྱི་རེད། འདི་ཚོ་ལ་ནམ་ཡང་གུ་ཡང་གཏོང་མི་ཉན། ལྷ་སྲུང་ཚང་མ་མཚུངས་སྡུར་བྱེད་པ་དང་དོལ་རྒྱལ་གནད་དོན་ཆོས་ལུགས་བྱེ་བྲག་པའི་རྙོག་གྲ་ཡིན་པར་བཤད་མཁན་དག་ནི་རྩ་མ་ཚང་བ་དང་ཆབ་སྲིད་མི་ཤེས་མཁན་རེད་ཟེར་འདོད་བྱུང་།
xxམངའ་རིས་འཕྲིན་ལས་མིང་ཅན། མ་ཤེས་ན་ཤེས་མདོག་དགོས་པ་མ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པ་དང་། དམིགས་བསལ་ཚོགས་ཆེན་སྔར་ཕྱི་གཉིས་ཀའི་མང་མོས་ཀྱི་ཐོགས་ནས་གཏན་ལ་ཕབས་པ་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་ལག་བསྟར་མི་བྱེད་ན་སུས་བྱེད་དགོས་སམ། དོལ་ཚོགས་དང་དགྲ་བོ་ངན་པ་དཔུང་སྒྲིལ་ཡིན་པ་ཡོངས་སུ་གྲགས་པ་ཙམ་དུ་མ་ཟད་དངོས་སུ་བོད་མིའི་སྒྲིག་འཛུགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོར་ངོ་རྒོལ་བྱེད་ཀྱིན་ཡོད་པ་འདི་དག་མ་མཐོང་ན་ལོང་བ་ཡིན་ངེས། ད་དུང་དགེ་ལུགས་གཅིག་པུའི་རྙོག་གླེང་དུ་འདོད་མཁན་དག་ནི་མི་གཞི་གོས་དང་བྲལ་བའི་སྐྱེ་བོ་དག་གི་བླུན་སྤྱོད་ཡིན་པར་མ་ཤེས་ན་བླུན་པོ་རེད།
སྲིད་སྐྱོང་གིས་བོད་ཡིག་ཐོག་ལ་གཏོང་ཡིག་འབྲི་ཐུབ་མིན་དེ་བོད་པ་ཚང་མས་ཤེས་ཀྱི་ཡོད། ཤེས་བཞིན་དུ་ཁོང་ལ་འོས་ཤོག་ཕེན་པ་འདི་གཏོང་ཡིག་ལས་ལྷག་པའི་ལས་ཀ་མང་པོ་བྱ་རྒྱུ་ཡོད་པ་དེ་ཚོ་སྒྲུབ་དགོས་སྟབས་ཁོང་འོས་ཤོས་ལ་གཟིགས་ནས། བོད་མི་མང་གིས་སྲིད་སྐྱོང་གི་ཁྲི་ལ་གསོལ་བ་རེད། གནས་སྐབས་བོད་ཡིག་བརླག་པའི་སེམས་ཁྲལ་མིན་འདུག ང་ཚོར་བོད་ཡིག་ཡག་པོ་ཤེས་མཁན་ ཨ་ཕྱི་ཆོས་སྒྲོན་དང་། ཕྱི་གསལ་ནང་གསལ། སྤྲུལ་སྐུ་དབང་ཆེན། ཨིང་ལན་གྱི་དགེ་བཤེས་སྐལ་བཟང་། ད་དུང་ཀྲུང་གོའི་བོད་རིག་པའི་ཡེ་རྡོར། དེ་བཞིན་མིང་འདོན་མི་འདོད་པའི་བོད་ཡིག་གཏོང་ཡིག་མཁས་དབང་བོད་པ་ཁྱུ་གཅིག་ཡོད་པས། ཁོང་རྣམ་པས་བོད་ཡིག་གི་གཏོང་ཡིག་ལེགས་པར་གོང་སྤེལ་བྱེད་པས་ན། གནས་སྐབས་བོད་ཡིག་སྟོང་ས་མ་རེད།
བོད་ཡིག་ལ་མཁས་པ་རྣམས། བོད་པའི་རིགས་ལ་ཤ་ཚ་ཆེ་བ་ཡོད་པའི་ངེས་པ་མིན་འདུག སྔོན་མ་ངས་ཀྱང་དེ་ལྟར་བསམ་མྱོང་། ད་ཆ་དེ་ཡང་ནོར་འདུག རང་རིགས་ཆུ་ལ་བསྐྱུར་མཁན་གྱི་ཁྲོ་བོ་གཤིན་རྗེ་དེ་ཚོ་མང་ཆེ་བ་སུམ་རྟགས་སྙན་ངག་སྡེབ་སྦྱོར་དང་། ལྷག་པར་མདོ་སྔགས་ཀྱི་གཞུང་ལ་བྱང་ཆུབ་པའི་མི་སྡེ་འབའ་ཞིག་རེད།
དོལ་ཚོགས་དགེ་ལུགས་ནང་བྱུང་བ་རེད། དགེ་ལུགས་པའི་རྙོག་ཁྲ་རེད། ཆོས་བརྒྱུད་གཞན་ཚོ་དང་འབྲེལ་བ་མེད། བཀའ་རྙིང་གཉིས་ཀྱི་གནའ་སྔ་མོ་ནས་གདོང་འདྲེ་བརྩི་བཞིན་འདུག
རང་རིགས་དཀའ་ངལ་ཆེ་ཤོས་སྐབས་ལ་རོགས་ཕན་དང་མགོན་སྐྱབས་མཛད་མཁན་དེ་ཚོ་བོད་ཡིག་གི་གཏོང་ཡིག་འབྲི་མ་ཐུབ་མཁན་དང་མདོ་སྔགས་ལ་འདི་ཙམ་བྱང་པ་མེད་པའི་གཞན་ཕན་རྣམ་དག་ཤ་སྟག་རེད། འོད་ཟེར་ལགས་དང་། བཀྲས་མཐོང་ལྷག་སྒྲོན། ཨ་མ་རྗེ་བཙུན་པད་མ། སྡེ་རོང་ཚེ་རིང་དོན་གྲུབ། བསྟན་རྡོར།
བློ་བཟང་སེང་གེ་ལགས་ཀྱིས་བོད་་གཞུང་གི་གཞུང་ཞབས་པ་ཚོར་ཡིན་ཅིག་ཁོང་ལ་མཁས་དབང་འབོད་དུ་བཅུག་ཏེ་མཁས་དབང་མིན་ཡང་མ་འོངས་པའི་མདུན་བཟོ་བཞིན་ཡོད་པའི་ཐོག་ལ་ད་ལྟའི་གནས་བབ་དེ་ལ་མདུན་ལམ་མུ་མཐུད་གནས་པའི་ཆེད་དུ། སྤྲེལ་ལད་ཧ་ཅང་འཁྲབ་མཁས་པ། མི་མང་ལ་མགོ་སྐོར་གཏོང་མཁས་པ། སྒེར་དོན་གྲུབ་མཁས་པ་ནི་དཔེ་རེད། གཏམ་བཤད་ཚང་མ་ཁོ་རང་གིས་བཏང་བཏང་དང་བྱས་བྱས་མ་ཏོག་བཤད་ཡ་མི་འདུག གཏམ་བཤད་ནི་སྔར་བཤད་ལ་བསྐྱར་ཟློས་ཡང་ཟློས་ཡང་ཟློས་སྒང་ལ་ཡང་ཟློས་ཡང་ཟློས་སྒང་ལ་ཡང་ཟློས་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་བོད་དོན་ཤེས་ཚད་ད་དུང་སྤྱིར་བཏང་བ་ཞིག་ལས། སྲིད་སྐྱོང་གི་མིང་དང་དོན་མཚུངས་པ་ཞིག་ཏུ་སླེབས་མེད་སྟབས། བོད་ཀྱི་དཀའ་རྙོག་གི་སྣེ་ཁྲིད་པའི་སྲིད་སྐྱོང་ཞིག་བྱེད་ཐུབ་ཀྱི་མེད་པ་ནི་ཚང་མས་བཤད་བཞིན་པ་དེ་རེད། ངས་བསམས་ན་སྲིད་སྐྱོང་དོལ་རྒྱལ་སྐོར་གསུང་བཤད་གནང་རྒྱུར་གཡོལ་བ་དང། གཟས་ནས་མ་གསུང་བ་མིན་པར། དོལ་རྒྱལ་གྱི་རྙོག་དྲ་འདིའི་སྐོར་རྩ་བ་ནས་མགོ་འཚོས་ཀྱི་ཡོད་པ་མ་རེད་འདོད། རྒྱུ་མཚན་ཁོང་གིས་དེ་སྔ་ཐེངས་མང་པོར་དོལ་རྒྱལ་བསྟེན་གསོལ་བཀག་འགོག་བྱེད་དགོས་དོན་བླ་སློབ་བར་གྱི་དམ་ཚིག་བསྲེས་ལྷད་ཡོང་གི་ཡོད་པས་རེད་ཟེར་བ་ལྟ་བུ་གསུངས་འདུག དོལ་རྒྱལ་གྱི་སྐོར་འདི་མཁྱེན་དགོས་ན་ཉུང་མཐར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཚད་ལྡན་ཞིག་མ་མཁྱེན་ན་ཤེས་ཐབས་མེད་པ་དང། ནང་ཆོས་སྐོར་ལའང་གོ་རྟོགས་ཅུང་ཙམ་དགོས་པ་རེད། འོན་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ད་དུང་བོད་ཡིག་འབྲི་ཀློག་གི་གནས་ཚད་ཀྱང་ཡག་པོ་མེད་དུས་ཁོང་ལ་ཕྱིའི་རྣམ་པར་རླུང་རྟ་རྒྱུགས་ནས་སྲིད་སྐྱོང་ཐོབ་ཀྱང། ནང་ལྟར་དུ་སྲིད་སྐྱོང་བྱ་རྒྱུའི་རྣམ་དཔྱོད་དང་བསོད་ནམས། དབང་ཐང་མ་འཛོམས་པ་རེད། དེའི་ཆ་ནས་གནད་དོན་འདི་རིགས་ཀྱི་སྲིད་སྐྱོང་མཆོག་གི་གནང་སྟངས་དེ་ཡར་རྒྱས་གཏོང་དགོས་ན། དཔལ་ལྡན་སྲིད་སྐྱོང་མཆོག་བརྗེ་བོ་བརྒྱབ་སྟེ་ཁོང་ལས་ཚད་དང་ལྡན་པ་ཞིག་ཡར་བསྐོ་དགོས་པ་དེ་རེད། དེ་མིན་ཐབས་ཤེས་གཞན་མི་འདུག་སྙམ། གལ་སྲིད། ཁོང་གིས་དོལ་རྒྱལ་སོགས་ཀྱི་སྐོར་སློབ་སྦྱོང་བྱས་ཐུགས་ཞིབ་གནང་ན་འགྲིག་གི་རེད་ཝ་གསུངས་ན། ཐུགས་ཞིབ་གནང། སློབ་སྦྱོང་གནང་སྟེ་ལོ་ག་ཚོད་འགོར་གྱི་རེད། ཁོང་ལ་ལོ་གཉིས་མ་གཏོགས་མེད་ཝ། དེའི་ཆ་ནས་སློབ་སྦྱོང་བྱེད་རྒྱུ་ཡིན་ན། སྲིད་ཁྲི་ནས་མར་ཕེབས་རོགས། ༸གོང་ས་མཆོག་རྒས་ནས་འགྲོ་བཞིན་ཡོད་པས། ལོ་འདི་དག་ནི་བོད་མི་རིགས་ཀྱི་རྩ་དོན་ལ་ཕྱོགས་གང་ནས་བལྟས་ཀྱང་གལ་ཆེན་ཡིན་སྟབས། ཚོད་ལྟ་བྱེད་པ་དང། སློབ་སྦྱོང་བྱེད་ཞོར་དུ་སྲིད་སྐྱོང་གནང་ན་གཏན་ནས་འགྲིག་གི་མེད་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རང་གི་མི་རིགས་ལ་ཤ་ཚ་ན་རང་གིས་དགའ་བཞིན་སྤྲོ་བཞིན་སྲིད་འགན་ནས་དགོངས་ཞུ་གནང་སྟེ་མི་དྲག་གྲས་ཤིག་ཡར་སླེབས་རྒྱུར་ལྷག་བསམ་འཁུར་བསྐྱེད་གནང་དགོས་པ་རེད་འདོད།། བཤད་སྟངས་ནོར་ཡོད་ན་དགོངས་དག དོན་དག་ལ་བོད་ཀྱི་ལྷ་སྲུང་དམར་ནག་གཉིས་དང་མཁས་དབང་སུ་ལ་དྲིས་ཀྱང་ཅུང་ཙམ་ཡང་ནོར་མེད་སྙམ་པས་སྤོབས་པ་བཅས།
དངོས་གནས་བྱས་ན་དོལ་རྒྱལ་སྐོར་གྱི་སྙོག་དྲ་དེ་དོལ་རྒྱལ་དང་དགའ་ལྡན་ཕོ་བྲང་བར་གྱི་སྙོག་དྲ་རེད་་ དེར་རྟེན་ད་ལྟའི་ང་ཚོའི་དམངས་གཙོའི་གཞུང་དང་བོད་མི་ཡོངས་ཀྱི་འོས་འདེམས་བྱས་པའི་སྲིད་སྐྱོངས་ཀྱིས་སྙོག་དྲ་དེ་མུ་མཐུད་པ་ནི་ཤིན་ཏུ་ནས་ནོར་བ་རེད་ དོལ་རྒྱལ་ལ་ཡིད་ཆེད་བྱེད་མཁན་བོད་པ་ཚོའི་ནང་ནས་མང་ཆེ་བ་རྒྱ་མིའི་གཞུང་དང་འབྲེལ་བ་རྩ་བ་ནས་མེད་ལ་གང་གི་ཆ་ནས་ང་ཚོ་བོད་པ་གཅིག་པ་རེད་ སྲིད་སྐྱོངས་ནི་བོད་པ་སྤྱི་པའི་མི་ཞིག་ཡིན་པས་སྙོག་དྲ་དེ་གསེལ་ཐབས་ཀྱི་ཆེད་དུ་ཁོང་ཚོའི་བདེ་འདུག་ཉན་དགོས་པ་ནི་དམངས་གཙོའི་ལུགས་དང་མཐུན་པ་ཞིག་རེད་ ལྷག་པར་དུ་བོད་པ་མང་ཆེ་བ་སྐུལ་སློངས་གནང་ནས་བོད་པ་ཉུང་ཤས་ཞིག་ལ་རྡུང་སྡེག་གཏང་ན་དོལ་ཚོགས་ཕར་ཞོག་བོད་པ་ཤེས་ལྡན་པ་ཚོའི་བློ་ལའང་འབབས་ཀྱི་མ་རེད།
པད་མ་ལགས། མི་ཤེས་ཤེས་མདོག་མ་གནང་ན་ཡག་གི་རེད། དགའ་ལྡན་ཕོ་བྲང་བླ་བྲང་དང་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གཉིས་གཏན་ནས་མི་འདྲ།
ཁྱུང་ཆེན་ལགས་ བླ་བྲང་དེ་དང་གཞུང་དེ་ ད་ལྟའི་གཞུང་བཅས་ལ་བྱ་བ་དང་བྱེད་པ་པོ་ བྱ་བའི་ཡུལ་བཅས་ཁྱད་པར་གང་ཡོད་དམ་
བཀུར་འོས་དྲ་གྲོགས་པ་སངས་ལགས། སྙིང་བསྡུས་ཤིག་ལན་དུ་འབུལ་བ་ལ།
བླ་བྲང་དགའ་ལྡན་ཕོ་བྲང། ༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸རྒྱལ་བ་རིན་པོ་ཆེའི་བླ་བྲང་ཡིན། ༸གོང་ས་ལྔ་བ་ཆེན་པོ་ཡན་གྱི་བཞུགས་ཤག་ཡིན། དེའི་ཁྱབ་ཚད་བླ་བྲང་རང་གི་མངའ་གཞིས་རྣམས་ལས་ཟུར་དུ་མེད།
གཞུང་ས་དགའ་ལྡན་ཕོ་བྲང། ༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རྗེས་བླ་བྲང་གི་མིང་དེ་རང་འཇགས་བོད་གཞུང་གི་མཚན་དུ་བཏགས་པ་ལས་བྱུང། དེའི་ཁྱབ་ཚད་རང་རྣམ་དུ་ཀི་ལའི་གོས་བཟང་སོགས་སུ་གསལ་བ་ལྟར། ཆོས་སྲིད་གཉིས་ཐད་ནས་བོད་རྒྱལ་ཁབ་ཀྱི་གཞུང་ཆགས། དགའ་ལྡན་ཕོ་བྲང་གཞུང་གི་རྒྱལ་རབས་དུམ་བུ་དེ་༸གོང་ས་བཅུ་བཞི་པ་ཆེན་པོས་རྒྱལ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་མ་གནང་བའི་དུས་ཡུན་བར་ཡིན་ལ། བཙན་བྱོལ་ནང་བོད་རྒྱལ་ཁབ་ཀྱི་བྱུང་རབས་ནང་མ་གྲགས་པའི་ཆོལ་གསུམ་གཅིག་སྒྲིལ་གྱི་གཞུང་གི་སྒྲིག་འཛུགས་རྨད་བྱུང་དབུ་བརྙེས་པས། བཙན་བྱོལ་དུ་འབྱོར་བའི་གཞུང་ས་དགའ་ལྡན་ཕོ་བྲང་གཞུང་གི་འོག་ཆོལ་གསུམ་བོད་མིའི་འགན་མཉམ་འཁུར་གྱི་སྒྲིག་འཛུགས་བབ་བརླིང་བརྟན་གསུམ་ངང་ཆགས་པ་མ་ཟད། གཞུང་དེ་ཐོག་མ་ནས་ཡང་དག་པའི་མང་གཙོའི་ལམ་དུ་ཤར་བསྐྱོད་བྱས་ཡོད་པས། ཆོལ་གསུམ་གཞིས་བྱེས་བོད་མི་ཡོངས་ཀྱིས་རང་གི་བླ་ན་མེད་པའི་གཞུང་དང་བླ་ན་མེད་པའི་དབུ་ཁྲིད་དུ་ཁས་ལེན་པ་བཅས་ཡིན།
ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ནི། གཞུང་ས་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་རྒྱུན་མུ་མཐུད་མཁན་གྱི་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་ཀྱི་མགོ་ཁྲིད་དག་གིས་འགན་འཁུར་དགོས་པའི་གཞུང་དེ་ཡིན། རིམ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སོགས་ཀྱང་ཡུལ་མིའི་རྒྱལ་ཁབ་ཀྱི་རྣམ་པར་བསྒྱུར་བཅོས་གཏོང་བཞིན་པ་བཅས་ཀྱི་ཁྱད་པར་ཡོད་པ་བཅས་དེ་དོན་རྣམ་མངའ་ཞུ།།
ད་དུང་གསལ་བོ་མ་ཆགས་ན་རིམ་པར་ཞུས་ཆོག
ད་ལྟའི་དཔལ་ལྡན་བླ་བྲང་དགའ་ལྡན་ཕོ་བྲང་ཆེན་པོ་མཆོག་ནི། བོད་ཀྱི་རྒྱལ་སྲིད་ཀྱི་ཐུགས་འགན་མེད་པའི་༸གོང་ས་མཆོག་གི་བླ་བྲང་ཡིན་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཐམས་ཅད་མཁྱེན་གཟིགས༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་༸གོང་ས་སྐུ་ཕྲེང་རིམ་བྱོན་ཙམ་དུ་མ་ཟད། བོད་ཀྱི་བླ་སྤྲུལ་སྐྱེས་ཆེན་དམ་པ་ཡོངས་ཀྱི་མཛད་འཕྲིན་བརྒལ་སྟེ། འཇིགས་རྟེན་འདིའི་ཆོས་ལུགས་ཡོངས་སུ་རྫོགས་པའི་ལམ་སྟོན་གུས་བཀུར་ཞུ་ཡུལ་ཉག་ཅིག་ཏུ་བཀུར་བ་མ་ཟད། ཆོས་དང་འབྲེལ་མ་འབྲེལ་གྱི་བཟང་སྤྱོད་བསླབ་བྱས་འཇིག་རྟེན་ཞི་བདེའི་མཛད་འཕྲིན་བླ་ལྷག་ཏུ་བསྐྱངས་སྟབས། རིས་སུ་མ་ཆད་པའི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་རྩོད་མེད་ཞི་བདེའི་དབུ་ཁྲིད་དང་ཕུལ་བྱུང་དབུ་ཁྲིད་དུ་ཡང་ནས་བསྐྱར་དུ་འདེམས་ཐོན་བྱུང་བ་དེས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པས་ཀྱང་ཁོང་ཉིད་༸རྣམ་འདྲེན་སྟོན་པའི་རྒྱལ་ཚབ་ཏུ་རྩོད་མེད་དུ་དབང་བསྐུར་བ་སོགས་སྔ་ཕྱིར་གསོལ་བ་ཕུར་ཚུགས་སུ་བཏབས་པ་བཞིན། ཁོང་ནི་བོད་བརྒྱུད་ནང་བསྟན་དང་འཇིག་རྟེན་འདིའི་ནང་པ་ཡོངས་ཀྱི་རྒྱལ་བ་སྟོན་པའི་རྒྱལ་ཚབ་ཏུ་ངེས་པ་དོན་ལ་བཞུགས་ཡོད་པས། ཆོས་ཕྱོགས་ཀྱི་ཐུགས་འགན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཕུལ་ཡོད་ལ། བསྣམས་ཀྱང་ཡོད་པས། དགའ་ལྡན་ཕོ་བྲང་བླ་བྲང་གིས་དེའི་གནང་སྒོའི་ཞབས་ཞུ་ཁག་འཐུས་ཤོར་མེད་པ་གནང་རྒྱུ་དེ་རེད།
རང་ཚུག་མེད་པའི་དྲ་འབུ་འདི་དག་གི་སྐད་ཆ་ལ་སྐྱག་དྲི་མ་གཏོགས་ཁ་རྒྱུ་མེད་པ་ཅི་ཡིན་ནམ། དོལ་རྒྱལ་སྟེན་གསོལ་བྱེད་མཁན་ཕ་ཝོང་ཁ་པ་རྗེས་འབྲང་དང་བཅས་པས་རྙིང་མ་དང་བཀའ་རྒྱུད་ཀྱི་ཆོས་ལ་དུག་ལྟར་ལྟས་ནས་ཐ་ན་དེ་དག་གི་དཔེ་ཆ་ཙམ་ཡང་ནང་ལ་བཞག་གི་མེད་པ་མ་ཟད། གུ་རུའི་སྐུ་བཅག་པ་དང་པད་མ་བཀའ་ཐང་མེ་ལ་སྲེགས་པ་སོགས་རིག་གསར་ཆུང་ཆུང་ཞིག་སླངས་མྱོང་བ་རེད། གོང་ས་སྐྱབས་མགོན་ཆེན་པོས་ཆོས་རྒྱུད་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཅིག་སྒྲིལ་དང་དམ་ཚིག་འོ་ཆུ་ཅིག་འདྲེས་ཡོང་ཆད་དོལ་རྒྱལ་དམ་བསྒྲགས་གནང་བ་རེད། འདི་སྤྱི་དོན་མ་རེད་སྒེར་དོན་རེད་ཟེར་མཁན་ཞིག་ཡོད་ན་ཁྱོད་ཚོ་སྨྱོན་པ་རེད་ལ། ལྷག་ཏུ་རྙིང་མ་དང་བཀའ་རྒྱུད་ཡིན་ཞེས་རྙོག་གྲ་འདི་ལས་གཡོལ་ཐབས་བྱེད་མཁན་དང་། དོལ་རྒྱལ་བ་ལ་ཤ་ཚ་བྱེད་མཁན་ཁྱོད་ཚོ་ནི་བཟང་ངན་དབྱེ་འབྱེད་མི་ཤེས་པའི་མི་གཟུགས་ཅན་གྱི་གླང་གོག་དག་དག་རེད་ཅེས་ཐག་བཅད་ནས་བཤད་ཆོག
དོལ་རྒྱལ་བསྟེན་གསོལ་བྱེད་མིན་ཐད་སོ་སོ་སྒེར་གྱི་འདོད་མོས་ལྟར་བྱས་ཆོག་གི་རེད། དེ་བཞིན་གང་ཟག་སྒེར་པ་སུ་ཞིག་གིས་དོལ་རྒྱལ་བསྟེན་མིན་ལ་དགག་བྱ་ཅི་ཡང་ཡོད་པ་མ་རེད།
ལར་དོལ་རྒྱལ་གྱི་དོན་རྐྱེན་ཁ་ལ་འཁྱེར་ནས་ནང་ཁུལ་ལ་དཀྲུགས་ཤིང་སློང་བཞིན་པ་དེ་དག་ནི་ཆེས་ཡ་མཚན་ཞིག་རེད། རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་ཐད་ལ་སྔ་ཕྱི་བར་གསུམ་དུ་དགོངས་འཆར་གསལ་བཤད་ག་ཚད་ཅིག་གནང་ཚཪ་ཟིན་ན་ཡང་། དེ་ལ་ཉན་འཇོག་བསམ་ཤེས་མེད་པའི་ཁར། ད་དུང་དེ་ལས་ལྡོག་སྟེ་ཁོང་དང་ཁོང་གི་བླ་བྲང་། དགེ་ལུགས་ཆོས་བརྒྱུད་བཅས་ལ་ཧ་ཅང་ཐལ་ཆེ་བའི་གཞི་མེད་སྐྱོན་བརྗོད་འབའ་ཞིག་བྱེད་ཀྱིན་པ་ལྟར་རེད།
གང་ལྟར་ཡང་སྲིད་སྐྱོང་གིས་དོལ་རྒྱལ་ཐད་ལ་གསལ་བཤད་གནང་བ་དེ་ཧ་ཅང་འོས་བབ་ཆེ་བ་ཞིག་རེད། དོན་དངོས་སུ་དོལ་རྒྱལ་གྱི་སྐོར་ནས་བོད་ཀྱི་ཆོས་བརྒྱུད་ཚང་མར་གཅིག་མཚུངས་ཀྱིས་འགན་དང་འབྲེལ་བ་ངེས་ཅན་དུ་ཡོད་པ་ཞིག་རེད། ལྷག་པར་དུ་སྟོན་པ་གཅིག་གི་བསྟན་པའི་གནད་གཟིགས་མཁན་གྱི་རིས་མེད་བླ་སྤྲུལ་དང་མཁན་དགེ་བཅས་པར་འགན་འཁྲི་ཡོད་པ་ཞིག་ཅིས་ཀྱང་རེད། དེ་ཡང་རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་སུ་གཞོགས་འདེགས་ཀྱི་ཚུལ་དུ་གནང་མ་ཐུབ་ཀྱང་། སངས་རྒྱས་ཀྱི་ལུང་རྟོགས་བསྟན་པའི་དག་ཐེར་ཞིག་ལ་དགོངས་ནས་དགོངས་འཆར་ལམ་སྟོན་རེ་གནང་དགོས་ཚོད་རེད།
ཁྲི་བྱང་རིན་པོ་ཆེའི་༼ལམ་རིམ་རྣམ་གྲོལ་ལག་བཅངས་༽ཀྱི་སྐྱབས་འགྲོའི་སྐབས་སུ་ཡང་། “འགའ་ཞིག་གིས་ཆོས་སྐྱོང་རྒྱལ་བཙན་སོགས་ཁ་ཚ་བར་བསམ་ནས་སངས་རྒྱས་ཀྱི་སྐུའི་གྲལ་གོང་དུ་འཇོག་པ་མང་དུ་མཐོང་། དེ་ནི་སྐྱབས་འགྲོ་རྣམ་དག་རྒྱུད་ལ་མེད་པའི་རྟགས་བསྟན་པ་རེད།” ཅེས་སོགས་བསྟན་པའི་གནད་ཅིག་ལ་གཟིགས་པའི་གསུང་མང་དུ་སྣང་།
མཆན་༢༠ སྐད་ཆ་དེ་བདེན་པ་རེད། ལར་ནས་ཆོས་ལུགས་ཀྱི་རྙོག་ཁྲ་ནང་བཀའ་སྤྱི་དང་། གཞོན་ནུ་བུད་མེད་སོགས་ཀྱིས་ཇུས་གཏོགས་མ་བྱེད་ན་ལེགས། ༧ གོང་ས་མཆོག་གིས་འདིའ་བསྐོར་ལ་ལན་དུ་མར་གསལ་པོ་གསུངས་ཟིན། ད་མ་ཉན་ན་ཅི་བྱེད།
སྐུ་ངོ་ཁྱུང་ཆེན་ལགས་ དགའ་ལྡན་ཕོ་བྲང་གི་སྐོར་ལ་འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ་ འོན་ཀྱང་ངར་དགོས་པའི་འགྲེལ་བཤད་ནི་དོལ་རྒྱལ་གྱི་སྙོག་དྲ་དེ་༧རྒྱ་བ་ལྔ་པ་ཆེན་པོའི་སྐབས་འབྲས་སྤུངས་་སུ་བླ་བྲང་གཉིས་ཀྱི་བར་ལ་བྱུང་བ་ཞིག་ཡིན་པས་ ད་ལྟའི་ང་ཚོའི་དམངས་གཙོའི་གཞུང་དེས་མུ་མཐུས་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ ད་ལྟའི་སྲིད་སྐྱོངས་དང་བཀའ་བློན་རྣམས་དིང་དུས་ཀྱི་སློབ་སྦྱོང་ཆ་ཚང་བྱས་ཟིན་པ་དང་ལས་འགན་ཤིན་ཏུ་རྗིད་པོ་ཡིན་པས་ལས་བྲེལ་ཡོད་བཞིན་དུ་༧གསུང་ཆོས་གནང་རིམ་བཞིན་ཞུ་བར་འགྲོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ སློབ་གྲྭ་ཁག་དང་ལས་བྱེད་པ་ན་གཞོན་ཚོར་དོལ་རྒྱལ་གྱི་སྐོར་ཆོས་སློབ་ཁྲིད་གནང་བ་དང གྲྭ་པ་དང་ཨ་ནི་ཚོར་དགོན་པའི་ནང་ལ་དབུ་མའི་ལམ་གྱི་སྲིད་དོན་སློབ་ཁྲིད་གནང་བ་སོགས་ ཞ་མོ་རྐང་པར་གྱོན་པ་དང ལྷམ་མགོ་ལ་གྱོན་པའི་དཔེ་ལྟར་བདེ་པོ་ཨ་ཡོད་ གང་གི་ཆེད་དུ་ཡིན་ནམ་ གང་གི་མུ་མཐུད་པ་ཡིན་ནམ་
དོལ་རྒྱལ་གྱི་རྙོག་གྲ་ནི་ཆོས་ལུགས་ཀྱི་རྙོག་གྲ་ཙམ་མ་རེད། འདི་ནི་སྲིད་དོན་གྱི་རྙོག་གྲ་ཞིག་ལ་འགྱུར་ཟིན་པ་རེད། རྒྱ་གཞུང་གིས་དོལ་ཚོག་ལ་བདག་པོ་རྒྱག་ནས་པད་ཤག་སྤྲད་བཞིན་པ་འདི་སྲིད་དོན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་གསལ་པོ་རེད། འདི་ཙམ་ཡང་མ་ཤེས་ན་ཁ་བཙུམས་ནས་སྡད་ན་ལོས་དགའ།
ལོང་རྟོག་ལགས། ཕ་བོང་ཁ་པའི་རྗེས་འབྲང་དང་བཅས་པས་གུ་རུའི་སྐུ་ཆུར་གཡུགས་པ་དང་པདྨ་བཀའ་ཐང་མེར་སྲེགས་པ་ཅེས་པའི་གཏམ་རྒྱུད་དེ་ནི་འོབ་ཚོད་ཙམ་ལས་མི་མིང་དང་ལོ་དུས་ས་གནས་གང་ཞིག་བྱུང་ཡོད་མེད་ཀྱིས་ཁུངས་སྐྱེ་ཚད་ལྡན་སུ་ལ་ཡང་བཤད་རྒྱུ་མེད་པས་དེ་ནི་ཆོས་ལུགས་དམག་འཐབ་ཀྱིས་བྱ་སྤྱོད་སྤེལ་བ་ཙམ་རེད། ལག་སྲིད་ཕ་བོང་ཁ་པས་སྐུ་གསུང་ཐུགས་རྟེན་མེར་སྲིགས་ཆུར་གཡུགས་པའི་ཆོས་སྤོང་གི་ལས་ངན་བསག་པས་དེ་ལུགས་པའི་བླ་རྫུན་ཞིག་ཡིན་ཚེ་དེང་སྐབས་དགེ་ལུགས་པའི་བྱང་ཆུབ་ལམ་གྱི་རིམ་པའི་བཤད་རྒྱུན་དང་ཁྲིད་རྒྱུན་ཡོངས་རྫོགས་རྩ་བ་རུས་ཚ་ནི་རེད། དེས་ན་དེང་སྐབས་ལམ་རིམ་གྱི་མཆོད་འཁྲིད་ཚད་ལྡན་ཞིག་དང་དེའི་ཉམས་རྟོགས་རྒྱུད་ལ་སྐྱེས་པའི་དགེ་ལུགས་པ་ཞིག་མེད་པར་ཐག་གིས་ཆོད་པས་དེའི་ཆོས་རྒྱུན་རྩ་ཆད་དུ་སོང་བ་རེད།།
རྒྱལ་རོང་ལགས། གུ་རུའི་སྐུ་འདྲ་་ཆུར་བསྐྱུར་བ་གཏན་གཏན་བྱུང་ཡོད་འདུག དེ་ཡང་ཁམས་ཁུལ་ཆབ་མདོ་གཡས་གཡོན་དུ་བྱུང་འདུག ང་ལ་དེ་འདྲ་བཤད་མཁན་བཀའ་བརྒྱུད་གྲྭ་རྒན་ནང་ཆེན་ནས་ཡིན་པ་ཁོང་གིས་གསུངས་བྱུང་། ད་དུང་ཁོང་གི་ཕ་བོང་ཁ་བ་ནང་ཆེན་ཁུལ་དུ་ཕེབས་རྒྱུ་བཀག་པ་རེད་ཟེར། ད་དུང་དེའིབསྐོར་ལ་དཔྱད་རྩོད་ཡག་པོ་བཏང་དགོས་འདུག ད་དུང་བཙན་བྱོལ་དུ་ཨོ་རི་ས་གཞིས་ཆགས་སུ་ཟོང་རིན་པོ་ཆེས་བཛ་གྷུ་རུ་བཏོན་ན་ཕན་ཡོན་མེད་རབས་དང་ཞི་ཁྲོའི་ལྷ་མེད་རབས་གསུངས་འདུག
ད་ཡང་ཆོས་ལུགས་ཀྱི་དམག་འཁྲུག་ཤོར་འདུག ང་ཆོས་ལུགས་ཀྱི་དམག་ལ་དགའ་པོ་ཡོད། ལྟད་མོ་ཆེན་པོ་འདུག འདིར་ངའི་ཞལ་འདེབས་ཆུང་ཆུང་ཞིག་འབུལ་རྒྱུ་ཡིན་པས། ནུབ་ཕྱོགས་གངས་ཕྲུག་དང་། རྒྱལ་རོང་། ལུང་རྟོགས། པ་སངས་། ཁྱུང་ཆེན། པད་མ་སོགས་ལ་ཡིན་ད།
ངས་བལྟས་ན། ཆོས་ལུགས་ཀྱི་དམག་འཁྲུག་དེ། མིས་རྒྱག་མི་དགོས་པ་བྱས་ནས། ལྷས་རྒྱབ་ན་ལེགས་པ་འདུག བྱས་ཙང་ཆོས་ལུགས་གཅིག་ཡག་པ་དང་གཅིག་ཤོས་ཞན་པ་མི་བཤད་པར། ཁུ་སིམ་མེར་རང་རང་དགོན་པར་བསྡད་ནས་མཐུ་དང་དྲག་ལས་བསྒྲུབས་ནས་རང་གི་ཆོས་ལུགས་ཁ་གཏད་དེ་མེད་པ་བཟོ་ཐུབ་ན་དཔའ་བོ་རེད། དེ་མིན་ན། གྲི་དང་མེ་མདའ་གདུང་ཁྱེར་ནས། ཁ་ཆེ་ཚོ་ལྟར་རང་ས་སྲུང་ཐུབ་པ། གཞན་ས་བཅོམས་ནས་ཚང་མ་རང་གི་ཆོས་ལུགས་ལ་སྒྱུར་ཐུབ་པ་བྱ་དགོས། དེ་མིན་འདི་ལ་ཁྱི་སྨྱོན་པ་ནང་བཞིན་མཐོང་ཚད་ལ་རྨུག་ནས་བསྡད་ན་ཕན་པ་མིན་འདུག
ཤུགས་ལྡན་པ་ཚོས་འཇོན་པོ་ཡོད་ན་ཤུགས་ལྡན་གྱི་དྲག་ལས་བཀོལ་ནས་ཤུགས་ལྡན་ལ་ངོ་རྒོལ་བྱེད་མཁན་ཚོ་ཚར་གཅོད་དགོས། སྐད་བརྒྱབ་ནས་མི་ཕན། དེ་ལྟར་བྱུང་ན་མི་ཚང་མ་ཁྱེད་ཚོའི་རྗེས་ལ་ཡོང་གི་རེད། དེ་བཞིན་ཤུགས་ལྡན་ངོ་རྒོལ་བ་ཚོ་ཡང་། སྲིད་ཇུས་དང་ཁྱབ་བསྒྲགས་བྱས་ནས་ཤུགས་ལྡན་བཀག་ཐབས་མི་བྱ་བར། དྲག་ལས་ཀྱིས་ཤུགས་ལྡན་དང་ཤུགས་ལྡན་གྱི་རྗེས་བྲང་རྣམས་ཚར་གཅོད་དགོས།
དེ་མིན་རྙིང་མ་ཚོས་རྙིང་མའི་སྲུང་མ་བཀོལ་ནས་རྙིང་མའི་དགྲ་རྣམས་ཚར་གཅོད་ཐབས་གྱིས། དགེ་ལུགས་པ་རྙིང་མར་མི་དགའ་མཁན་ཚོས་དགེ་ལུགས་ཀྱི་སྲུང་མ་བཀོལ་ནས་རྙིང་མ་རྣམས་བཅོམས། འདི་ལ་ཁ་བརྡའི་ནང་ཡོང་ནས་རྩོད་པ་བརྒྱབ་བསྡད་ན་སུ་ལ་ཕན།
ཁྱོད་ཚོར་ཆིག་སྒྲིལ་གྱིས་ཟེར་ན་མི་ཉན། འཆམ་པོ་གྱིས་ཟེར་ན་མི་ཕན། ད་གསོད་རེས་ཐོངས་ཟེར་བས་དེ་ཁ་ལ་ཉན་རོགས།
རེད་རེད་ སྔོན་ལ་དཔའ་ལྡན་ལྷ་མོ་དང་གནས་ཆུང་ ཚེ་རེང་བཅོ་ལྔ་གསུམ་ལ་ནུས་པ་དངོས་གནས་ཡོད་ན་དོན་ནས་བསྟན་འགྲ་རྒྱ་མིར་མཐུ་རྒྱོབ་དང་ ཡང་ཤུགས་ལྡན་ལ་ནུས་པ་ཡོད་ན་ཤུགས་ལྡན་ལ་ངོ་རྒོལ་བྱེད་མཁན་ཚོར་རྒྱ་མིའི་རོགས་རམ་ལ་བརྟེན་མ་དགོས་པར་མཐུ་ཞིག་རྒྱོབ་དང་ དེ་འདྲ་བྱེད་མ་ཐུབ་ན་ཁྱོད་ཚོས་བོད་མི་ཡོངས་ལ་མགོ་སྐོར་གཏང་གོ་ཡོད་པ་ཞིག་རེད་
གངས་ཕྲུག་ལགས། ཁྱེད་ཀྱིས་གསུངས་པའི་སྐད་ཆ་དེའི་རིགས་ནི་ཁུང་ལུང་མེད་པས་ཆོས་ལུགས་པའི་ཁ་དམག་གི་གྲལ་ཞིག་རེད། ཡར་ནང་ཞིག་ལ་འགུ་རུའི་སྐུ་གཏོར་སོང་། མར་ནང་ཞིག་ན་འགུ་རུའི་གསུངས་གཡུགས་སོང་ཟེར་བ་ཙམ་ལས་ས་ཆ་དང་དགོན་པ། ཡང་ན་མི་སྒེར་གང་ཞིག་གི་ས་ནས་གཏོར་གཡུགས་བྱས་པའི་གསལ་ཁ་ཞིག་ད་ལྟ་བར་དུ་མེད་སོང་བ་རེད། རེད་རེད། བཀའ་རྒྱུད་པ་མི་གཅིག་ཅིག་དང་རྙིང་མ་པ་མི་གཉིས་ཉིས་ཀྱི་བཤད་ཀྱི་འདུག་ཟེར་བ་ནི་ཆོས་ལུགས་ཀྱི་ཁ་དམག་ཨ་ན་མ་ན་དེ་དག་རེད། ད་དུང་ཨོ་རི་ས་གཞི་ཆགས་སུ་ཟོང་རིན་པོ་ཆེས་བཛ་གྷུ་རུ་གཏོན་ན་ཕན་ཡོན་མེད་ཚུལ་བཤད་པ་དེར་ཡང་ཁུངས་ལྡན་གྱི་སྐད་ཆ་ཞིག་མ་རེད། ཨོ་རི་ས་གནས་གང་དང་མི་སུ་ལ་དུས་ནམ་ཞིག་བཤད་པ་རེད། གལ་སྲིད་ཟོང་གིས་དེ་ལྟར་གསུངས་བ་ཡིན་ན་ཁོང་གི་རྩ་བའི་བླ་མ་ཕ་བོང་ཁ་པའི་གསུང་དང་ལྡོག་ཕྱོགས་སུ་སྤྱོད་པའི་བླ་རྒན་ཞིག་དང་ཁོང་གི་དངོས་སློབ་ཟམ་གདོངས་བླ་མ་ལ་ཡང་ཞུ་དག་མང་ཙམ་དགོས་རྒྱུ་རེད། ཁོང་རྣམ་ཚོར་དམ་སྡོམས་དང་ཆོས་རྒྱུད་གཙང་མ་ཞིག་ཡོད་རྒྱུ་ཁག་པོ་རེད། ཕ་བོང་ཁ་པས་རྗེ་རིན་པོ་ཆེ་ནི་གུ་རུའི་རྣམ་སྤྲུལ་ཡིན་ཚུལ་དང་ཡིད་དམ་རྟ་མགྲིན་ཡང་གསང་ཉམས་ལེན་གྱི་གཙོ་གཉེར་བྱས་པའི་ཁོང་གི་གསུང་འབུམ་ནང་དུ་གསལ་པོ་གསུངས་འདུག་པས་དེར་སྐུ་འདེབས་ཇི་ལྟར་བྱས་སྲིད། གང་ལྟར་ཕ་བོང་ཁ་པ་བླ་མ་ཚད་ལྡན་ཞིག་མིན་ན་དེང་སྐབས་དགེ་ལུགས་པར་ཆོས་རྒྱུད་རྣམ་དག་ཡོད་པའི་བླ་སློབ་གཅིག་ཀྱང་མེད་པ་གསལ་གསལ་དག་དག་རེད།
བསམ་ཤེས་དང་པདྨ་ལགས། ཁྱེད་རྣམ་ཚོས་གསུངས་པའི་སྐད་ཆར་ང་ཡང་མོས་མཐུན་ཡོད། ལྷ་སྲུང་ཡུལ་ལྷ་གཞི་བདག་སོགས་ལྷ་འདྲེ་དག་གི་དབར་འགལ་ཟླ་ཡོད་ན་དེ་དག་རང་རང་གིས་མཐུ་དང་ནུས་པ། སྟོབས་དང་རྫུལ་འཕྲུལ་བཅས་ཀྱིས་མི་མཐུན་་པ་རྣམས་ཚར་གཅོད་ཚུར་འདུད་སོགས་གཟུགས་མེད་རང་གི་སྤྱོད་ཚུལ་དེ་དགོས་པ་དང་མི་དང་མིའི་བར་ལྟ་སྤྱོད་མཐུན་མིན་ལ་གཟུགས་ཅན་མི་དང་མིའི་མངོན་གྱུར་དུ་ཡོད་པའི་བྱ་སྤྱོད་ཀྱི་སྒྲུབ་དགོས་པ་ལས་ལྷ་འདྲེའི་བྱེད་དགོས་རྒྱུ་དེ་མིར་སྐུལ། མིའི་སྒྲུབ་དགོས་རྒྱུ་དེ་དག་ལྷ་འདྲེར་སྐུལ་ནས་སྡོད་པས་ང་ཚོའི་མི་རིགས་ཀྱི་ཁ་ཐབ་དང་གནས་བབ་འདི་འདྲ་ཞིག་ལ་སླེབས་སོང་བ་རེད། དེས་ན་ལྷ་འདྲེ་མ་མཐུན་ན་ལྷ་འདྲེ་ཁོ་རང་ཚོས་ནང་ཁུལ་རྩོད་རྒྱུ་དང་། མི་རྣམས་བར་མ་མཐུན་ན་མི་དང་མིའི་བར་རྩོད་རྒྱུ་དང་མཐུན་རྒྱུ་དེ་རེད། གཞན་དུ་ན། མིས་མི་འཇོན་ལྷར་འགྱེད། ལྷས་མི་འཇོན་སྐྱ་རྫུན་བཤད་རྒྱུ་ལས་མེད་དོ།།
དོལ་རྒྱལ་རྩམ་མ་ཟད་གནས་ཆུང་ལ་སོགས་པ་སྲུང་མ་རེད་ཟེར་བ་ཚང་མ་དངོས་སུ་མེད་པར་བླ་མ་དཔོན་པོ་རྣམས་ཀྱི་ཆབ་སྲིད་ཀྱི་དགོས་ཁོའི་ཆེད་དུ་བཟོས་པ་ཞིག་རེད་ དེར་བོད་པ་ཚོས་ལོ་རྒྱ་ཕྲག་མང་པོ་ཡིད་ཆེད་བྱས་ཡོད་ཀྱང་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་བསམ་ཡོད་རྣམས་ཀྱི་དེ་མེད་པ་དངོས་སུ་ཤེས་ འོན་ཀྱང་བོད་མི་ཁག་གཅིག་གིས་ད་དུང་སྲུང་མ་དེ་བརྟེན་ན་ཕན་ཐོག་ཡོད་པར་ཡིད་ཆེད་བྱས་པ་དང་ ཁག་གཅིག་གིས་སྲུང་མ་དེ་བརྟེན་ན་གནོད་ཀྱི་ཡོད་པར་ཡིད་ཆེད་བྱས་ནས་བོད་པ་ནང་ཁུལ་ལ་འཁྲུགས་བརྩོད་རྒྱབ་པ་ནི་མི་རབས་རྗེས་མ་རྣམས་ལ་ངོ་ཚ་དགོས་པ་ཞིག་རེད་
རྒྱལ་རོང་ལགས། གུ་རུས་སྐུ་བཅག་པ་སོགས་དངོས་ཡོད་གནས་ཚུལ་རེད། དེ་ལྟར་བྱེད་མཁན་ནི་ཕ་ཝོང་ཁ་པའི་དངོས་སློབ་ལྕང་མ་རྟོག་ལྡན་ཞེས་པ་དེ་རེད་ལ། ས་གནས་ནི་ཁམས་བྲག་གཡབ་དང་སྨར་ཁམས་ལ་རེད།
པད་མ་ལགས། དོལ་རྒྱལ་གྱི་རྩོད་རྙོག་ནི་སྲུང་མ་ཞིག་སྟེན་མ་སྟེན་ཙམ་ཞིག་མ་རེད། འདི་ནི་སྲིད་དོན་དང་འབྲེལ་བའི་རྙོག་གྲ་ཆེན་པོ་ཞིག་རེད།
ལུང་རྟོགས་ལགས། ཁམས་བྲག་ཡབ་དང་རྨ་ཁམས་དགོན་པ་དང་ལྷ་ཁང་། ཡང་ན་ཁྱིམས་ཚང་སུ་ཞིག་གི་ནང་དུ་གུ་རུའི་སྐུ་གཏོར་བ་རེད། ཕ་བོང་ཁ་པའི་དངོས་སློབ་ལྕང་མ་རྟོག་ལྡན་་ཞེས་པའི་མིང་ཅན་དེ་བྲག་ཡབ་སྟོབས་ལྡན་རིན་པོ་ཆེ་ཞུ་བ་ཁོང་རེད་དམ། གལ་སྲིད་དེ་ཡིན་ན་བྲག་ཡབ་སྟོབས་ལྡན་རིན་པོ་ཆེ་སྐུ་གོང་མའམ་སྐུ་ཐོག་འདི་གཉིས་གང་རུང་ཞིག་ལས་འགྲོ་ས་མེད་པས་བྲག་ཡབ་སྟོབས་ལྡན་རིན་པོ་ཆེ་ནི་རྒྱ་གར་ལྷོ་ཕྱོགས་སུ་འབྲས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་མཛད་ནས་ཞལ་དངོས་སུ་བཞུགས་ཡོད་པས་གུ་རུའི་སྐུ་གཏོར་ཚུལ་སྐོར་དེ་ངེས་པར་དུ་ཁོང་དང་འབྲེལ་བ་བྱེད་ནས་གསལ་པོ་བཟོ་དགོས། དངོས་བྱུང་མིན་པའི་འཆལ་གཏམ་རིགས་ཡིན་ན་སོ་སོའི་ཁ་ལ་སོ་སོས་བདག་པོ་རྒྱག་མ་གཏོག་དོལ་རྒྱལ་གྱི་དཀའ་ཉོག་དེར་མེ་ཐོག་ཤིང་སྤུངས་ལས་འོས་མེད་པས་ད་ལྟའི་ལྷ་འདྲེ་སྐོར་གྱི་སྙོག་གླེང་ཕལ་མ་འདི་དག་བྱུང་བ་རེད། དོལ་རྒྱལ་གྱི་དཀའ་ཉོག་དེ་ལྷ་སྲུང་དང་ཆོས་ལུགས་རྐྱང་པའི་རྩོད་རྙོག་ཞིག་མིན་པ་ཆབ་སྲིད་ཀྱི་ངོ་བོར་སྒྱུར་བ་ནི་དོལ་རྒོལ་དང་དོལ་ཚོགས་ཕྱོགས་གཉིས་ཀས་བཟོས་པ་རེད།
ཤར་ཁུག་ལགས་ཀྱིས་ད་ལྟ་བར་དུ་སྲིད་སྐྱོང་བློ་སེང་གི་ཉེན་རྟོག་པ་ལྟར་ལས་དོན་ལ་དབྱེ་ཞིབ་དང་ནོར་འཁྲུལ་ལ་མཛུམ་སྟོན་གནང་པ་མ་ཟད། ལྷག་པར་དུ་དོ་སྣང་ཅན་མང་པོ་ཞིག་ལ་གནད་དོན་མང་པོ་ཞིག་གི་ཐོག་ལ་བློ་སྒོ་གསར་པ་ཕྱེ་བར་ཕན་ཐོགས་བྱུ་ཡོད་པ་གོར་མ་ཆགས།
དེས་རྐྱེན་པས་སྲིད་སྐྱོང་གིས་རང་འཁྲིའི་ལན་འགན་ལལྷོད་གཡེང་མི་གཏོང་བ་དང་བློ་རིགས་སྒྲིམ་ཏེ་ལས་དོན་ལ་ནུས་ཤུགས་འདོན་རྒྱུར་སྐུལ་ལྕགས་ཆེན་པོ་ཐེབས་སུ་བཅུག་བཞིན་པ་ནི་དེ་བས་བརྗོད་ག་ལ་དགོས།
གུས་པའི་རྨོངས་འཆར་ལ། ཤར་ཁུག་གི་བྱ་སྤྱོད་དེ་དག་ནི་མདུན་དུ་སྲིད་སྐྱོང་ལ་སྐྱོན་བརྗོད་ཤ་སྟག་ཏུ་མངོན་ཡང་། ཞིབ་ཏུ་བསམ་ན་དོན་དུ་སྲིད་སྐྱོང་བློ་སེང་གི་ལས་དོན་ལ་ལམ་སྟོན་དང་རམས་འདེགས་སུ་གྱུར་ཡོད།
ལྷག་པར་དུ་༸ གོང་སྐྱབས་མགོན་ཆེན་པོ་མཆོག་ནས། ང་ཚོར་དགེ་མཚན་ཡོད་ན། དེ་ཕྱི་ནས་བསྟོད་བསྔགས་བྱེད་ཀྱི་རེད། སྐྱོན་ཡོད་ན་ནང་ཁུལ་མཛུབ་མོ་འཛུགས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཡང་ཡང་བཀའ་ཕེབས་དང་ཕེབས་བཞིན་པ་དང་། བོད་ཀྱི་གཏམ་དཔེར་ཡང་། ཤ་ཚའི་ཁ་ནས་གཏམ་ངན། ཞེས་པ་ལྟར། བསམ་ཤེས་ན། ཤར་ཁུག་གིས་བློ་སེང་གི་ལས་དོན་ལ་རྟོག་ཞིབ་སྐྱོན་འདོན་གནང་དང་གནང་བཞིན་པ་དེ་དག་གིས་སྤྱི་དོན་ལ་ཕན་ཐོགས་དང་དགེ་མཚན་ཡོད་པ་ཞིག་རེད། དེ་ནི་ཤར་ཁུག་གི་མངོན་གསལ་མེད་པའི་བྱས་རྗེས་ཆེན་པོ་ཞིག་རེད་སྙམ།།
བསམ་ཤེས་ཟེར་མཁན་དེ་སུ་རེད། ཁྱོད་ང་ཚོར་མཐོང་ཆུང་བྱས་པ་དེ་ལས་སླ་པོར་འཇོག་ཐབས་བྲལ།
བསམ་ཤེས་དང་དྲི་མེད་ལྷག་བསམ་ཟེར་བ་མི་གཅིག་རེད།
༧སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་རང་གི་གསུང་འབུམ་པོད་ཆ་པ་ནང་།
མདོ་སྔགས་སྐོར་དྲི་ལན་གསུང་སྒྲོས་སྣ་ཚོགས་གཅིག་ཏུ་བསྒྲིགས་པ་ཞེས་བྱ་བ་ལས།
བར་ཁམས་སོགས་ཤོད་གཡག་འདའ་དང་མཁར་དམར་གྲོང་ཚོ་གཉིས་ཀྱི་ཞི་ཁྲོ་པའི་སྔགས་འཆང་རྙིང་མ་བ་རྣམས་ནས་ནན་གྱིས་ཞུས་ངོར་སྩལ་བ། དད་ལྡན་དག་ལ་ཆེད་དུ་གདམས་པ། རྒྱལ་བ་སྲས་བཅས་སོགས་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་དཔང་པོར་བཞག བཀའ་བསྟན་ཚད་མ་རྒྱལ་བ་རང་ཉིད་དང་རྒྱ་གར་པཎ་གྲུབ་རྣམས་ཀྱི་གསུང་རབ་གཞིར་གཟུང་། ཁོ་བོས་གཡོ་སྒྱུས་ཅུང་ཟད་ཀྱང་མ་བསླད་པར་ལྷག་བསམ་བཟང་པོས་དྲང་གཏམ་དམར་རྗེན་དུ་སྨྲ་ན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་རྒྱ་གར་གྱི་པཎ་གྲུབ་ཚད་ལྡན། ངོ་བོ་ཇོ་རྗེ་དང་འཇམ་མགོན་ཙོང་ཁ་པ་རྣམ་གསུམ་དབྱེར་མེད། ཁོ་བོ་ཡང་དད་གུས་དྲག་པོ་ཁ་ཞེ་མེད་པ་སྙིང་གི་མཐིལ་དུ་ཡོད། བརྟུལ་ཞུགས་རྡོ་རྗེའི་གར་གྱིས་སྣང་སྲིད་ཀུན།།བདེ་ཆེན་དྲ་བར་འཆིང་མཛད་གྲུབ་པའི་རྗེ།།གངས་ཅན་མགོན་པོ་པདྨ་སམྦྷ་བར།།ཟག་མེད་མཆོད་པའི་སྤྲིན་ཕུང་བཀྱེ་བ་དང།།ཆབས་གཅིག་བཟོད་མེད་གདུང་བས་གསོལ་འདེབས་ན།།ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།།བསམ་དོན་འབད་མེད་ལྷུན་གྱིས་འགྲུབ་པ་ཡི།།བྱིན་བརྒྱ་མྱུར་དུ་འབེབས་པར་མཛོད་ཅིག་ཀྱེ། ཞེས་སོགས་གསུང་ཡོད།།
རྒྱལ་རོང་ལགས། ལྕང་མ་རྟོག་ལྡན་ཞེས་པ་དེས་དེ་ལྟར་བྱས་པ་ནི་ས་གནས་དེའི་མི་རྒན་ཚོའི་ཁ་ལ་རླུང་ལྟར་གྲགས་སྡད་པའི་གནས་ཚུལ་ཞིག་རེད། འདི་བདེན་པ་ཡིན་མིན་ལ་ཐེ་ཚོམ་མིམདགོས་པ་ཞིག་རེད། འོན་ཀྱང་ངས་ནི་དེའི་སྟེངས་ལ་ཞིབ་འཇུག་བྱེད་མ་མྱོང་བས་དགོན་པ་དང་ཁྱིམ་ཚང་སོགས་རེ་རེ་བཞིན་དུ་བཤད་རྒྱུ་མེད། ཤུགས་ལྡན་གྱི་རྙོག་གྲ་འདི་སྲིད་དོན་ལ་འགྱུར་དོན་ནི་དོལ་རྒྱལ་བ་ཚོས་རྒྱ་གཞུང་ལ་མགོ་སྒུར་ནས་རང་གཞུང་དང་གོང་ས་མཆོག་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་བྱུང་བ་རེད། ཁྱེད་དོལ་རྒྱལ་བ་ཞིག་ཡིན་ན་ཁ་གསལ་པོས་ཁོང་ཚོའི་ཕྱོགས་ལ་འགྲོ་བཞག་ན་ཡག་པོ་རེད། དེ་མིན་མགོ་གཉིས་མ་འཁྲབ་སྡད་ན་ཆོ་མེད་པ་རེད།
༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་སློབ་དཔོན་རིན་པོ་ཆེ་མཆོག་དང་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་དད་གུས་ཇི་ལྟར་མཛད་ཚུལ།།
༧ཛེ་སྨད་རིན་པོ་ཆེའི་གསུང་འབུམ་ཞུ་འཕྲིན་ཆབ་ཤོག་ལས།
༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་སློབ་དཔོན་རིན་པོ་ཆེ་མཆོག་དང་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ། དད་གུས་ཇི་ལྟར་མཛད་ཚུལ་རྗེ་ཉིད་ཀྱི་རང་རྣམ་དུ་གསལ་བ་ལ་མཇལ་ན་ཤེས་ཐུབ་པར་སྣང་ཞིང་། དེར་མ་གསལ་བ་ཡང་༧སྐྱབས་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཏྲེ་ཧོར་བེ་རི་དགེ་རྟག་རིན་པོ་ཆེ་བརྒྱུད་སྡེ་དགེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཚེ་དང་མཛད་པའི་སྐོར་ཐུགས་དམ་ལུང་ཞུ་སྔ་རྗེས་འབུམ་གནང་མཛད་པའི། བཀའ་ལན་ཁག་གཅིག་ལ། སྐུ་འཚོའི་དཀྱིལ་འཁོར་རྔ་ཡབ་གླིང་པས་འཚོ།།པདྨ་ཀ་ར་རིང་ནས་གཤིས་ལ་མཛའ།།ཐུགས་ལ་རྒྱལ་བའི་མྱུག་གུའི་ས་བོན་འདེབས།།ཞེས་དང་། ཡང་ཐུགས་དམ་ཁག་གཅིག་ལ་བཀའ་ལན་དུ། ཡིད་བཞིན་འཁོར་ལོའི་གུར་དུ་བཞུག །པདྨ་ཀ་ར་ཐུགས་དང་བསྲེ།།བླ་མ་བརྟན་པའི་འཁོར་ལོ་ལ།།ཚོགས་དང་མར་མེ་གྲངས་མེད་ཕུལ།།བསྐུལ་བ་པོ་མེད་པར་ཞབས་བརྟན་གསོལ་འདེབས་ཚིག་དོན་ཕུན་སུམ་ཚོགས་པ་འབུལ་གནང་མཛད་འདུག་པ་ལྟར། སྐྱབས་རྗེ་རྡོ་རྗེ་འཆང་པདྨ་སམ་བྷ་བ་དང་ཐུན་མོང་མ་ཡིན་པའི་གསང་བ་ཟབ་མོའི་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། འདི་ལ་ད་དུང་ལུང་རིགས་ཚད་མའི་རྒྱབ་རྟེན་མང་དུ་ཡོད་ཅིང་། རྒྱུན་པར་རྗེ་ཉིད་ཀྱི་རྟེན་སྒམ་དུའང་། གུ་རུ་རིན་པོ་ཆེའི་ཚེ་རྫས་གཡའ་མ་ལུང་གི་གཏེར་མ། གུ་རུ་རིན་པོ་ཆེའི་གཟབ་བེར་གཏེར་མ། མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་མ་བཀའ་བརྒྱད་ཤོག་སེར། གུ་རུ་ཆོས་དབང་གི་ཞབས་ཆགས། གུ་རུ་ཆོས་དབང་གི་གཏེར་མ་བཀའ་བརྒྱད་ཤོག་སེར། གྲུབ་ཐོབ་ཐང་སྟོང་སླེ་བེར། ཨར་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ན་གཟའ་ལ་སོགས་པ་གསང་སྔགས་རྙིང་མའི་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་དུ་མའི་ན་གཟའ་དང་དབུ་སྐྲ་ཆེས་མང་པོ་དད་རྟེན་དུ་ཐུགས་རྩིས་ཤིན་ཏུ་ཆེན་པོས་བདག་ཅེས་མཆོད་ཡུལ་དུ་གནང་མུས་ཡིན་པ་བཅས་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་ཕྱོགས་རིས་དང་བྲལ་དད་གུས་མཛད་ཅིང་། (ཞེས་སོགས་གསུངས་ཡོད།།)
ཨ་ཕྱི་ཆོས་སྒྲོན་ལགས། ཁྱོད་ལ་གདུང་སེམས་གཅིག་སྒྲིལ་ཡོད། བོད་པའི་དཔེ་ལ་གྲོང་པའི་བ་ཤི་བར་ཞག་གསུམ་མྱ་ངན་ཟེར་བ་ལྟར་བཀའ་བརྒྱུད་བསྟན་པའི་ཆེད་དུ་སྙིང་རྗེའི་ཀུན་སློང་ཀུན་ནས་བླངས་ཏེ་མགོན་པོའི་གཏོར་མ་དེ་ཞ་དམར་ལ་འབེན་དགོས་བྱུང་བ་རེད།
དེ་ལྟར་མཛད་པ་དེ་བསྟན་སྲིད་དོན་ཡིན་པས་ཁྱེད་ལྟ་བུ་ཞ་དམར་ལ་དད་སེམས་འགྱུར་མེད་ཡིན་པ་རྣམས་ཕ་བཅོམས་པའི་བུ་བཞིན་གནས་སྐབས་མྱང་ངམ་ཐང་ལ་བདག་མེད་ལ་ལུས་རུང་། གང་མགྱོགས་རྒྱལ་དབང་ཀརྨ་པའི་ཐུགས་རྗེའི་ཉི་མ་འཆར་འོང་བས་སེམས་སྡུག་མ་བྱེད།
ཉེ་འཆར་རྒྱ་གར་གཞུང་གིས་མཐའ་ཡས་རྡོ་རྗེ་འབྲུག་ལ་སྤོ་ཐུབ་ན་ཕུགས་ལ་བཟང་བའི་གྲོས་མགོ་བཏོན་ཟིན། མགྱོགས་མྱུར་འབྲས་ལྗོངས་ནས་གཏམ་བཟང་ཞིག་འོང་།
ང་ཚོའི་སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟངས་ལ་བསྟོད་བསྔགས་ལས་སྐྱོན་བརྗོད་ཞུ་མི་ཆོག་པ་ག་ལ་ཡིན། སྐྱོན་བརྗོད་ཞུ་སྐབས་ཁུངས་འཕེར་ཐུབ་པ་དང་རྒྱུ་མཚན་ལྡན་པའི་ཐོག་ནས་གནང་ན་སྤྱི་སྒེར་གཉིས་ལ་ཕན་པ་ལས། དགྲ་དགའ་གཉེན་སྡུག་འགྲོ་མི་སྲིད་པ་ཡིན། དྲ་གྲོགས་དང་ཀློག་པོ་སྤྱི་ནས་ཀྱང་སོ་སོའི་ཀླད་པ་དཀྲུག་ནས་བསམ་བློ་གཏོང་ནས་རྒྱབ་སྐྱོར་ཞུ་དགོས་ལས་ལོང་བ་ཁྲིད་པ་ལྟ་བུ་མ་ཡིན་པར་བྱ་དགོས་མཐོང་།
ལུང་རྟོག་ལགས། གྲོང་འདབ་ཕ་རྒན་མ་རྒན་འགས་གསལ་ལ་མ་གསལ་གྱིས་རྫུན་གཏམ་དེས་གནས་ལུགས་དང་རྒྱུ་མཚན་འགྲོ་ནི་མ་རེད། འདོད་ཕྱོགས࿒ཀྱིས་ཁུངས་མེད་དང་དཀྲོག་གཏམ་མང་སོང་བས་ད་ཟོད་དོལ་རྒྱལ་གྱི་གླེང་སྙོག་འདི་ཆེ་ནས་ཆེ་རུ་འགྱུར་བཞིན་པ་འདི་ལ་མནོ་བསམ་གཏོང་ནས་སྐད་ཆ་བཤད་ན་ཕན་ཐོག་ཆེ་བ་ལས། ཞེན་ཁོག་རྐྱང་པས་མི་རིགས་ཀྱི་ལ་རྒྱ་དཀའ་རྒྱུ་རེད།།
བསམ་ཤེས་ཀྱིས་བཤད་པ་དེ་རང་རེད། ཆོས་ལུགས་ཟེར་བ་དེ་དམག་འཁྲུག་གི་གཞི་མ་རེད། ལྷག་པར་དུ་བོད་ཀྱི་བྱུང་རབས་ནང་ཆེས་བྱས་ཉེས་ཅན་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཡིད་མི་ཆེས་ན་འདས་པའི་བྱུང་རབས་ལོ་རྒྱུས་རྣམས་ཞིབ་བཤེར་གྱིས་བྱས་ཉེས་རྣམས་ག་ལེར་ཐང་ལ་བུད་ཆོག།
རྒྱལ་རོང་ལགས། ཁྱོད་ལ་ལོ་དང་ཟླ་བ་དུས་ཚོད་ཚང་མ་གསལ་ལེར་མེད་ན་སྐད་ཆ་དེ་ཚོ་རྫུན་མ་ཡིན་པ་ག་འདྲེ་སེ་བཤད་ཐུབ། དེ་འདྲ་ཡིན་ན་ཁྱེད་རང་གི་ཟླ་བ་སྔོན་མ་སྐྱག་པ་དང་གཅིན་པ་བཏང་ཡིན་དང་མིན། བཏང་བ་ཡིན་ན་ས་གནས་དང་ཐེངས་ག་ཚོད་བཏང་བ་ཡིན། དེ་ཚོ་ཚང་མ་ཉིན་མ་དང་ཆུ་ཚོད་་ཚང་མ་བཤད་རྒྱུ་ཡོད་དང་མེད། བཤད་རྒྱུ་མེད་པ་བརྒྱ་ཆ་རེད། དེ་ཙམ་རྒྱུ་མཚན་གྱིས་ཟླ་བ་སྔོན་སྐྱག་བཅིན་མ་བཏང་བ་སྒྲུབ་མི་ཐུབ།
ནུབ་ཕྱོགས་གངས་ཕྲུག་ལགས། ང་ཚོ་རྒྱལ་རོང་དང་ཁྱེད་གཉིས་ཀྱིས་སྐྱག་བཤད་ཀློག་པའི་དུས་ཚོད་མེད།
རྒྱལ་རོང་ལགས། ལོ་རྒྱུས་ཕལ་མོ་ཆེ་ནི་ཕ་རྒན་མ་རྒན་ཚོའི་ངག་རྒྱུན་ལས་བྱུང་བ་རེད། དེ་ཚོ་ཚང་མ་རྫུན་གཏམ་ཡིན་ན་རྫུན་གཏམ་མ་ཡིན་པའི་ལོ་རྒྱུས་ཤིག་རྙེད་དུ་མེད། མ་གཞི་ནས་ཁོང་ཚོའི་ངག་རྒྱུན་དེ་རྫུན་གཏམ་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ། འདོད་ཕྱོགས་ཀྱི་ཁུང་མེད་དང་དཀྲོག་གཏམ་བཟོ་མཁན་ནི་དོལ་རྒྱལ་བ་ཚོ་རེད། ཁོ་ཚོས་རྟག་པར་གོང་ས་མཆོག་གིས་ཆོས་དད་རང་དབང་འཕྲོག་སོང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་སོང་ཞེས་ཁུང་མེད་དཀྲོག་གཏམ་བཟོ་དང་བཟོ་བཞིན་པ་རེད། ཞེན་ཁོག་རང་གིས་བྱས་ནས་མི་ལ་ཞེན་ཁོག་བྱེད་ཀྱི་འདུག་ཟེར་ན་ངོ་མི་ཚའམ།
ལུང་རྟོག་ལགས། ངས་གསལ་པོ་ཤེས་སོང་ཁྱེད་དང་ཁྱེད་འདྲ་བ་དེ་ཚོ་གྲོང་གསེབ་པའི་རྒས་རྒན་རྣམས་ཀྱི་ངག་རྒྱུན་ལ་གཞི་བཅོལ་ནས་ཚད་འཛིན་བྱེད་ཀྱིན་པ་དག། གནས་ལུགས་དང་བདེན་དོན་འཚོལ་མཁན་མི་ཞིག་བུ་ཁྱེད་ཚོ་ཨ་ཤི་རེ། ཀུན་སློང་ལ་སྐྱོན་ཅན་ཞུ་མི་ཐུབ་ཀྱང་བྱེད་བབ་ལ་གཏོད་སོ་མི་འདུགོ།། བོད་ཚོགས་གཏོར་བར་མཆོག་གཅིག་ཡིན་ན་མཆོག། ད་མི་བཤད་བདེ་མོ།
རྒྱལ་རོང་ལགས། ལེགས་བཤད་བྱིས་པའི་ངག་ལས་ཀྱང་། །མཁས་པ་དག་གིས་ལེན་པར་བྱེད།། ཞེས་པ་དེ་ཁྱེད་ཀྱིས་གོ་མ་མྱོང་བ་འདྲ། རྒན་རྒོན་གྱི་སྐད་ཆ་ཡིན་ན་གནས་ལུགས་མེད་པས་ག་ལ་ཁྱབ། གནས་ལུགས་ཞེཟ་པ་དེ་ཡུལ་གྱི་གནས་ཚུལ་དང་མཐུན་མི་མཐུན་ལ་ལྟ་དགོས་པ་ལས། བཤད་མཁན་ཁ་བདེ་མིན་དང་ཡོན་ཏན་ཡོད་མེད་ལ་ལྟ་རྒྱུ་ཞིག་མ་རེད་དོ།
ལོང་རྟོག་ལགས། ཧཧཧཧཧཧཧཧཧ། ལེགས་བཤད་བྱིས་པའི་ངག་ལས་ཀྱང་། མཁས་པ་དག་གིས་ལེན༌པ་བྱེད། ཚིག་རྐང་གཉིས་ཙམ་ཡང་ལད་ཟློས་མ་ཐུབ་ཐལ། རྒོད་རྒྱུ་བྱུང་། ཁྱེད་ཀྱི་དཔྱད་གླེང་ཕལ་ཆེ་དེ་ལྟར་རེད། མགོ་མ་མཐོང་གོང་ནས་ཀླད་པ་མཐོང་མཁན་དེ་ཁྱེདརེད་འདུག།
རྒྱལ་རོང་ལགས། གང་ལྟར་དོན་དག་ནི་དེ་ག་རང་རེད། ཚིག་རེ་གཉིས་ནོར་ཡོད་ན་ཐང་། འོན་ཀྱང་དེ་ནི་གད་མོ་ཤོར་དགོས་པ་ཞིག་ཅང་མ་རེད། མཁས་དབང་ཡིན་ཟེར་མཁན་ཚོས་ཀྱང་གསུང་བཤད་དང་ལུང་འདྲེན་གནང་སྐབས་ཚིག་རེ་གཉིས་ནོར་གྱི་ཡོད་པ་མང་པོ་མཐོང་མྱོང་། མགོ་མ་མཐོང་གོང་ནས་ཀླད་པ་མཐོང་མཁན་དེ་ང་ཡིན་དུ་ཆུག མགོ་མ་ཚོས་གོང་ནས་ལྕེ་ལ་སྙབས་མཁན་དེ་ཁྱེད་རེད་འདུག་ག ཧཧཧ
ལོང་རྟོག་ལགས། བྱ་བ་གང་ཞིག་དང་བརྗོད་གཞི་ཅི་ཞིག་ལ་གླེང་སྐབས་འོ་ཚད་ཙམ་གྱིས་མཐའ་མི་ཆོད། ད་དུང་མི་གཞན་གྱིས་ངན་བྱས་ངོ་བསོ་འམ་མ་དག་རྒྱུན་འབྱམས་རིགས་ལ་དག་སྣང་གནང་མི་ཉེན། ལྷག་པར་དུ་རྩོད་གླེང་སྐབས་སུ་དོ་དོ་དོན་དོན་གྱིས་དོན་དངོས་གླེང་རྒྱུར་གལ་ཆེ་རེད། མ་ཤེས་སར་ཤེས་ཁུལ་དང་མི་འཇོན་སར་འཇོན་ཁུལ་དགོས་དོན་མེད།
རྒྱལ་འགོང་ལགས། དོན་དངོས་ཞེས་པ་དེ་ཁྱེད་ཀྱིས་གང་འདོད་པ་དེ་མ་རེད། དོན་དངོས་ནི་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ལ་ཟེར་བ་རེད། དྲང་པོ་བཤད་ན་དེང་སང་དྲ་ཐོག་གི་མི་ཕལ་མོ་ཆེ་ནི་མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་བྱེད་མཁན་ལས་ཤེས་ནས་བཤད་མཁན་དཀོན་པོ་རེད། གང་ལྟར་ཁ་སུ་བདེ་ཙམ་རེད།
ལོང་གཏམ་ལགས། ཁྱེད་ཀྱི་འདོད་པའི་དོན་དངོས་ནི་མ་ཤེས་པར་ཤེས་མདོག་དང་མ་འཇོན་པར་འཇོན་མདོག་སོགས་ཁ་སུ་བདེ་དེར་ངས་དུས་ནམ་ཡང་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད། ངས་ཁྱེད་ལ་དགག་བཞག་འདི་དག་ཡང་འདིའི་ཆ་ཤས་ཞིག་ཡིན། འོ་ཚད་དང་རང་འདོད་ཙམ་གྱིས་བླ་ཆེན་དང་མི་ཆེན་སུ་ལ་ངོ་སྟོད་ཀྱིས་ཉམ་ཆུང་མི་ལ་སྣང་ཆུང་རིག་ལ་ངས་ནམ་ཡང་དགག་ངེས་ཡིནོ།།