དྲན་དཀར་དཔལ་ཡོན།
གཡང་ས་ཕ་མ་གཉིས་པོའི་སྲུང་མ།།
གཡང་ཟོག་འབྲི་མོ་བཞོ་བའི་བདག་མོ།
སྦྲང་རྩམ་མར་ཕྱུར་གཡང་ཟས་སྟེར་མ།
རིགས་ཀྱི་ཆོ་ག་གཙང་མར་སྤེལ་མ།།
ལྭ་བའི་ལ་རྒྱ་ཕོ་ལས་མཆོག་མ།།
ཕ་མར་སྲིད་ཞུ་ཕོ་ལས་བཟང་མ།།
ཁྱིམ་ཀྱི་བདག་མོར་མིང་གྲགས་ཆེ་མ།།
བོད་རྒྱའི་རིགས་ཀྱི་བྲེ་ཡི་བདག་མོ།།
མག་པར་བོད་རིགས་རྫོགས་ཀྱང་སྒུག་མ།།
མ་སྒུག་ན་ཡང་བདེན་ཁ་ཐོབ་མ།།
འཐབ་ཇུས་ཡོད་ཀྱང་ཕོ་རོགས་མེད་མ།།
མི་ལུས་བོད་དུ་བླང་གོ་ཆོད་མ།།
ཕ་མར་སྲིད་ཞུར་ཤིན་ཏུ་དཔའ་མོར།།
བུ་ཕོ་ལྔ་ལས་མཆོག་ཏུ་གྱུར་མར།།
རྒྱ་གར་རྒྱལ་པོས་ཉེ་ཆར་བསྒྲགས་མ།།
མོ་དམན་ཞུས་ཀྱང་ནང་གི་ཨ་མ།།
བརྒྱད་པ་བཅུ་དྲུག་གིས་ནི་བསྟད་ཀྱང་།།
བདག་གི་ཡིད་ངོར་ཧ་ཅང་ཉུང་མ།།
བསྟོད་པ་མེད་ཀྱང་དབྱུག་པས་ཚིམ་མར།།
གནམ་གྱི་ཕྱེད་དུ་བཀུར་བཞིན་སྦྱར་རོ།།
འདི་སུའི་པར་རེད།
ངས་མཐོང་མྱོང་བ་འདྲ།
ཨོ་ཧོ་མ་རེད།
རེད་རེད། མོ་རེད་ཤག
གང་ལྟར་ཡང་། དེ་འདྲའི་མཛེས་པ་ལགས།