བོད་ཀྱི་དུས་བབ་ནས་དྲངས།
ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ་འདི་ཡིན་ཟེར།
༢༠༠༨ལོའི་བོད་ནང་གི་ཞི་རྒོལ་སྐབས་རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་དམར་གསོད་བཏང་བའི་ཕུང་བོར་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་དཔྱད་འགན་འཛིན་ལིས་ཝིན་ཀྲུན་དང་ཁྲིམས་ལུགས་སྨན་པ་ཝང་ཀྲི་ཞའེ་གཉིས་ཀྱིས་ཞིབ་འཇུག་བྱས་པའི་ནང་ཁུལ་གྱི་གསང་བའི་ཡིག་ཆ་རག་ཡོད་ཟེར།
དེ་རིང་སྔ་དྲོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། ཞིབ་འཕྲོས་འབྲེལ་ཐག་འདིར་གཟིགས།http://www.tibettimes.net/news.php?showfooter=1&id=9212
ང་ལ་རེ་བ་ཞིག་ཞུ་ཡག་ཡོད། གནས་ཚུལ་གལ་ཆེན་པོ་འདི་མང་ཚོགས་ཀྱིས་གདོང་དེབ་དང་སྐར་འཕྲིན་སོགས་ཀྱི་ནང་དུ་གང་བྱུང་བརྒྱུད་འགོད་བེད་སྤྱོད་མ་གནང་ན་ཡག། དངོས་གནས་བྱས་ན་འདི་འགྲོ་བ་མིའི་ཐོབ་ཐང་ཚང་གིས་གསར་འགོད་གསལ་བསྒྲགས་བྱས་ན་འགྲིག་གི་ཡོད་མ་རེད། བོད་གཞུང་བཀའ་ཤག་དང་དྲིལ་བསྒྲགས་ལས་ཁུངས་གང་རུང་ཞིག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གཏུག་བཤེར་ཁྱབ་བསྒྲགས་གནང་དགོས་རེད། འདི་ནི་ང་རང་གི་རེ་བ་ཡིན། དཔར་བསྐྲུན་དགོས་ན་དྲ་ཐོག་འགོད་ཟིན་ན་མི་ཆོག་པ་བཞིན་རེད།
ཡིག་ཆ་དེ་ཁྱབ་བསྒྲགས་བྱས་ན་གང་ལ་གནོད་གསལ་པོ་གསུང་རོགས།
ཡིག་ཆ་འདི་རྫུན་མ་རེད། ཐེལ་དང་ཐམ་ཀ་སོགས་གང་ཡང་མི་འདུག རྒྱ་ནག་གི་ཡིག་ཆ་གང་ཞིག་ཡིན་ནའང་མ་མཐར་ཡང་མཛུབ་ཐེལ་དེ་ཧ་ཅང་གལ་ཆེན་པོར་བརྩི་བའི་ལམ་ལུགས་ཡོད་རེད། དེ་འདྲ་གང་ཡང་མི་འདུག དེ་ནས་རྒྱ་ནག་གི་ཡིག་ཆ་དག་གི་སྟེང་ལ་ས་ཡིག་དེ་ཙམ་མང་པོ་མེད་ནའང་ཐམ་ག་དམར་པོ་དང་། འབྲི་ཤོག་གི་སྟེང་འོག་སོགས་སུ་ལས་རྟགས་ལས་ཤོག་སོགས་གསལ་བོ་ཡོད་རེད། དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མི་འདུག གཅིག་བྱས་ན་འདིའི་ནང་རྒྱ་ནག་གི་གཡོ་ཐབས་ཤིག་ཡོད་ཀྱང་སྲིད་པ་རེད། གང་ལྟར་ང་རང་གིས་ནི་ཡིག་ཆ་འདི་ལ་ཡིད་ཆེས་ཐུབ་མ་སོང་།
གལ་སྲིད་ཡིག་ཆ་འདི་བདེན་པ་ཡིན་ཚེ་རྡ་སའི་འགྲོ་བ་མིའི་ཐོབ་ཐང་ལྟ་བུའི་སུ་གང་གིས་ཀྱང་ངོས་ལེན་མེད་པ་དང་ཧ་མི་གོ་བའི་ལས་ཁུངས་ཐབ་ཆག་ཅིག་གིས་འདི་ལྟར་ཁྱབ་བསྒྲགས་བྱས་པ་དེ་ནོར་འཁྲུལ་ཆེན་པོ་རེད། བོད་གཞུང་དང་། ཡང་ན་རྒྱལ་སྤྱིའི་ཚོགས་སྡེ་ཆེན་པོ་ཞིག་ལ་ཕུལ་དགོས་རེད།
ཡིག་ཆ་གལ་ཆེན་པ་འདི་འཛམ་གླིང་ཡོངས་ལ་ཁྱབ་སྒྲགས་དང། ཁྱི་རྒན་བྱམས་པ་ཕུན་ཚོགས་སོགས་རྒྱ་འདྲེ་དམར་པོའི་སྐུབ་གཡོག་རིགས་་དང། རང་རིགས་བོད་རིགས་ཀྱི་གཤེད་དམར། འཛམ་གླིང་ལ་བོད་ལ་ངོ་རྒོལ་ཆེན་མོའི་སྐབས་མཚོན་ཆ་བེད་སྐྱོད་གཏང་མེད་ཅེས་སྐྱག་རྫུན་རི་ལས་མཐོ་བ་བཤད་མཁན། འདི་ཚོ་ང་ཚོས་ཤི་དུར་ཁུང་ནས་ཀྱང་བརྗེད་ཐབས་མེད་དོ།
རོ་བརྟག་གི་དཔྱད་ཡིག་ཙམ་ལ་གསང་བའི་ཡིག་ཆར་སྒྲོགས་པ་འདི་དངོས་གནས་གད་མོ་ཤོར་དགོས་བའི་གནས་རེད། རྒྱ་ནག་ཉེས་ཁྲིམས་གཏུག་བཤེར་གྱི་དོན་ཚན་ལྟར་ན་ཡིག་ཆ་འདི་རིགས་གྱོད་འབྲེལ་མི་སྣ་སུ་དང་སུ་ཡིས་དབང་ཆོག་པའི་ཡིག་ཆ་ཡིན་པས་ཡ་མཚན་དོན་མེད། སྨན་ཁང་དང་ཉེན་རྟོགས་ཁང་གི་ཁྲིམས་དཔྱད་སྨན་པས་རོ་ལ་བརྟག་དཔྱད་བཏང་བའི་ཡིག་ཆ་ཐམས་ཅད་ཤི་རྨས་ཀྱི་མངོན་སུམ་ཚད་མའི་རྒྱུ་རྐྱེན་དུ་བེད་སྤྱོད་དགོས་པ་མ་གཏོགས་རྗེས་དཔག་ཚད་མའི་ཆབ་སྲིད་རྒྱུ་རྐྱེན་སོགས་ལ་བདེན་དཔང་བྱེད་སྤྱད་བྱས་ན་ཆེད་མཁས་པས་འཕྱ་བར་བྱེད་དོ།
ད་ེདུས་ལྷ་སའི་བོད་དཔོན་བྱམས་པ་འཕྲིན་ལས་ཀྱིས། རྒྱ་ནག་རྒྱལ་ས་པེ་ཅིང་དུ་། ལས་བྱེད་ང་ཚོས་ ༢༠༠༨ ལོར་མཚོན་བྱ་བེད་སྤྱོད་བྱས་མེད་བཤད་པ་དེའི་རྫུན་རྐུབ་ལྕགས་ཡིན་ན་ཡང་རྡོལ་ཟེར་བ་དེ་རེད་དོ།།
ཡིག་ཆ་འདི་གསང་བའི་ཡིག་ཆ་དེ་འདྲ་གང་ཡང་མ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚང་གིས་ཞབས་འདྲེན་མ་ཞུ་རོགས། ཡིག་ཆ་འདི་སུ་ལའང་རེག་ཐུབ་པ་ཞིག་རེད། ལྷག་དོན་དུ་འདིའི་ནང་གི་གནས་ཚུལ་ཁ་ཤས་རྫུན་མ་རེད། ཡིག་ཆ་འདིའི་འབྱུང་ཁུངས་ལ་རྟགས་དཔྱད་ཡག་པོ་གཏོང་དགོས་ཀྱི་འདུག གསང་བ་ཡིན་མདོག་གིས་༢༠༠༨ལོར་ལྷ་ས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ག་རེ་རྫུན་སྒྲོག་བྱས་པ་དེ་ག་རང་ཁུངས་ལྡན་དུ་བསྒྲུབས་འདུག བོད་པའི་བོད་པར་མགོ་བསྐོར་མ་གཏོང་རོགས།
ཡིག་ཆ་འདི་ཚོ་གལ་ཆེན་པོ་རེད། རྒྱལ་སྤྱིའི་རྒྱུད་ལམ་ཁག་ལ་མ་གོ་མ་ཐོས་མེད་པ་ཞིག་བཟོ་དགོས།
ཡི་གེ་འདི་རྣམས་ཨིན་ཡིག་ལ་བསྒྱུར་གནང་རོགས་ཞུ།