བློ་བཟང་དོན་ལྡན།
ཤར་ཕྱོགས་ཁུག་རྟའི་དེབ་གསར༼སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽ཞེས་པ་དཔེར་འགྲེམས་མཛད་སྒོ་གྲུབ་མཚམས། གཞིས་བྱེས་བོད་མིའི་ཤེས་ཡོན་པའི་སྡེ་གཙོ་བོར་གྱུར་བའི། བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་བཅས་ག་ས་གང་དུ་འདིའི་སྐོར་གླེང་སློང་སྣ་ཚོགས་པ་ཞིག་ཡོང་བཞིན་པ་ཐོས་པས། དེབ་དེ་ལག་སོན་ཨེ་བྱུང་ལ་ཐབས་ཤེས་སྣ་མང་བརྒྱུད་མཐར་དེབ་གཅིག་མི་ཆེན་པོ་ཞིག་གི་ས་ནས་གཡར་རྒྱུ་བྱུང་། དེབ་འདི་ལ་དབྱེ་ཞིབ་བྱེད་རྒྱུའི་རྣམ་དཔྱོད་རང་ཉིད་ལ་མེད་པ་ངས་དེབ་འདིའི་དཀར་ཆག་ཞིབ་ཀློག་དང་གཞུང་དངོས་རགས་ལྟ་ཙམ་བྱས་རྗེས་གསལ་བོ་ཤེས།
དེའི་རྒྱུ་མཚན་ཆེན་པོ་གཅིག་ནི། ང་ནི་སྐྱབས་བཅོལ་བ་ཞིག་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ནང་གསང་གསུམ་གྱི་ལས་དོན་བྱེད་ཕྱོགས་མང་པོ་ཞིག་ལ་རྒྱུས་མངའ་ཁྱོན་ནས་མེད་པ་དེས་རེད། ཤར་ཕྱོགས་ཁུག་རྟའི་དེབ་འདིར་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་གླེང་སློང་མ་བྱས་པ་དང་། བྱེད་སྟངས་བྱེད་ལུགས་གསར་པ་དང་། ལྷག་པར་ཉེན་ཁ་འབྱུང་ངེས་པའི་ཕྱོགས་ནས་མ་གླེང་བ་ཕལ་ཆེར་མེད་པ་ལྟ་བུར་འདོད་པས། ངས་རང་ཉིད་ལ་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་ཅེས་པའི་དྲི་བ་འདིའང་ངམ་ངམ་ཤུགས་ཀྱིས་མི་གཏོང་ཐབས་མེད་ཆགས།
བསམ་ཚུལ་འདི་འདྲ་ཞིག་གིས་མནན་ནས་ཡོད་པའི་སྐབས་དེར། ངོ་དེབ་སྟེང་དུ་ཡང་ཤར་ཕྱོགས་ཁུག་རྟས་༼ལོ་གསུམ་དང་སྒོ་ང་གསུམ་ THERR YEAR IS THERR EGSS༽ཞེས་པའི་གོ་རྒྱུ་ཡོད་པའི་སྲིད་སྐྱོང་གི་པར་ཞིག་ཟུར་ཟའི་རྣམ་པར་བཟོས་འདུག་པ་མཐོང་། དོ་སྣང་ཀྱང་དེས་ཡུད་ཙམ་དྲངས། དེའི་རྒྱུ་མཚན་ནི། པར་དེར་བསམ་ཚུལ་སྤེལ་མཁན་ཧ་ཅང་མང་པོ་ཡོད་པས་ཡིན། ངས་བསྐྱར་དུ་ཁོང་གི་དེབ་དེ་ལག་ཏུ་བཟུང། ཁོང་ལ་སྲིད་སྐྱོང་མཆོག་ལ་༼ལོ་གསུམ། སྒོ་ང་གསུམ།༽ཟེར་རྒྱུའི་གདེང་སྤོབས་ཅི་ཞིག་ཡོད་དམ་བསམས་ནས་དེབ་དེར་བལྟས།
ཧང་སངས་པ་ཞིག་ལ་༢༠༡༡། ༨། ༦། ནས་བཟུང་ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཀྱིས་མདུན་བསུས་ཏེ། ང་ཁྱེད་ཀྱི་རྗེས་འདེད་གཏོང་མཁན་གྱི་ཉེན་རྟོག་པ་དེ་ཡིན་དགོངས་རོགས་ཞེས་དྲན་སྐུལ་དང་མཉམ། ལོ་ངོ་གསུམ་གྱི་ལས་དོན་ཡོངས་བསྒྲགས་དང་ཡོངས་གྲགས་མ་ཡིན་པ་མང་པོ། ཐ་ན་གུས་པས་གོའང་མ་མྱོང་བ་མང་པོ་ཞིག་དཔྱད་གླེང་རྐྱང་རྐྱང་བྱས་འདུག་པས། ངོ་དེབ་སྟེང་གི་པར་དེའི་བཟོ་བཀོད་ལ་བསམ་གཞིགས་ཞིབ་ཚགས་བྱེད་དགོས་བྱུང་།
ང་བོད་པ་ཞིག་ཡིན་ནའང་། ངའང་ཆབ་སྲིད་སྐྱབས་བཅོལ་པ་ཞིག་ཡིན་ནའང་། ངས་ཅིའི་ཕྱིར་རང་གཞུང་གི་གནང་སྒོ་ཁག་ལ་འདི་ལྟར་དོ་སྣང་མ་བྱས་པ་རེད་དམ། ད་དུང་རྒྱ་ནག་ཕྱོགས་དང། ༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ཁག་དང་ཁོང་གི་མ་འོངས་པའི་ཡང་སྲིད་སྐོར། དེ་བཞིན་རང་བཙན་ཁ་ལ་འཁྱེར་ནས་མཚན་སྨོད་ཀྱི་ལས་ལ་ཞུགས་མཁན་རེ་ཟུང་ཅི་ལྟར་ཕམ་སོང་བའི་བརྒྱུད་རིམ་བཅས། ཕྱི་དགྲ་བོ་རྒྱ་ནག་ལ་ལན་འདེབས་དང་། ནང་བཀྲ་མི་ཤིས་པའི་འགལ་རྐྱེན་རེ་རེའི་འབྱུང་ཁུངས་རྩད་གཅོད། མདུན་ལམ་འཁྲུན་གཅོད། དཀར་ནག་དབྱེ་འབྱེད་བཅས་བྱས་འདུག་པ་མཐོང་བས། ང་ནི་རང་དབང་མེད་པར་བསམ་གཞིགས་ཀྱི་ཀློང་དུ་ཚུད་ཅིང་། ངས་བོད་ནི་ཅི་ཞིག་ཡིན་པ་དང་། བོད་ཀྱི་ད་ལྟའི་གནས་བབ་གང་དུ་སླེབས་ཡོད་དམ་སོགས་ཀྱི་ཐད་ནས་རང་གིས་རང་ལ་དྲི་བ་སྣ་མང་གཏོང་འདོད་སྐྱེས་ཤིང་། རང་ཉིད་བོད་མི་སྐྱབས་བཅོལ་པ་བོད་དོན་ཤེས་ཚད་གཞན་དྲིང་མི་དགོས་པ་ཞིག་ཅི་ལྟར་བྱེད་རྒྱུའི་ཕྱོགས་ལ་བསམ་བློ་གཟབ་ནན་གཏོང་འདོད་སྐྱེས།
ངས་མཇུག་ཏུ་ཐེ་ཚོམ་གང་ཡང་མེད་པར་ཤར་ཕྱོགས་ཁུག་རྟ་ལགས་དང་ཁོང་གི་བརྩམས་ཆོས་༼སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽ཞེས་པ་ཡག་བྱུང། ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།།
༢༠༡༤། ༩། ༢༡། ཉིན་དགུང་མོར།
ཧ ཧ ངོ་མ་རྣམ་དཔྱོད་མེད་པའི་མིའུ་དག་གིས་ཐོ་ཅོ་མང་དྲགས་པར་མི་འདུག་གམ། ཤར་ཁུག་ནས་སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽དང་ཚུ་ཁྲིམ་འོ་ཟེར་ནས་བརྒལ་ལན་དེ་ཚོ་ཁྱི་རྔ་ལ་འདོག་ན་ལེགས་ས་རེད། གང་ཡིན་ན་སྒེར་འཁོན་ཞེ་ལ་མནག་ནས་བྲིས་པའི་སྐྱོན་དཀྲུགས་སློང་ལས་གཞན་གང་ཡང་མ་མཐོང་། མི་དེའི་ཚོས་གཤིས་ཀ་བརྗེན་པ་བཤམས་བཞག་གདའ། ཧ ཧ བློ་བཟང་སེངྒེ་བཟང་ངན་ཇི་ལྟར་རུང་བོད་མི་ས་ཡ་དྲག་གི་མགྲིན་ཚབས་དང་བདག་པོ་རེད། དེ་འདྲ་ཡང་ཡང་བཤད་ན་༧གོང་ས་མཆོག་གིས་མི་ལོ་དྲུག་ཅུ་ལ་སྒོང་ང་དྲུག་ཅུ་ཡོད་ན་བློ་སེང་ལ་སྒོང་ང་གསུམ་བཏགས་པ་ཡོན་ཏན་མ་ཤེས་པའི་གླེང་ཕྱོགས་ཙམ་རེད། དགྲ་དགའ་གཉེན་སྡུག་གི་གཏམ་རེད།
ཚིག་དྲིས་ན་མི་ཐོན་སྒུལ་ན་ཐོན་ཟེར་བ་ལྟར། ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་བོན་པོ་དང་སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་སོགས་ལ་དངོས་ཤུགས་གང་རུང་ནས་རང་ངོ་སྦང་སྐུང་གིས་གཤེ་གཤེ་བཏང་བཏང་མཐར། ད་ནི་ཤར་ཕྱོགས་ཁུག་རྟ་དང་འབྲེལ་ཏེ་༸མགོན་པོ་ཐམས་ཅད་མཁྱེན་པ་མཆོག་ལ་ཚིག་ངན་འཕེན་སྟངས་ལ་བལྟས་ན། མི་འདིའི་ངོ་བོ་དང་དམིགས་ཡུལ་གསལ་བོ་ཡིན་སྟབས། ཁོ་པས་མུ་མཐུད་ཅི་བྱེད་ཚང་མས་གཟིགས་རོགས། རང་མདོག་ཇེ་གསལ་མ་རེད་དམ།
་་་་་་་་་་ ངོ་དེབ་སྟེང་དུ་ཡང་ཤར་ཕྱོགས་ཁུག་རྟས་༼ལོ་གསུམ་དང་སྒོ་ང་གསུམ་ THERR YEAR IS THERR EGSS༽ཞེས་པའི་གོ་རྒྱུ་ཡོད་པའི་སྲིད་སྐྱོང་གི་པར་ཞིག་ཟུར་ཟའི་རྣམ་པར་བཟོས་འདུག་པ་མཐོང་། དོ་སྣང་ཀྱང་དེས་ཡུད་ཙམ་དྲངས། ་་་་་་་་་་ ཟེར།
་་་་་་་ དེ་འདྲ་ཡང་ཡང་བཤད་ན་༧གོང་ས་མཆོག་གིས་མི་ལོ་དྲུག་ཅུ་ལ་སྒོང་ང་དྲུག་ཅུ་ཡོད་ན་བློ་སེང་ལ་སྒོང་ང་གསུམ་བཏགས་པ་ཡོན་ཏན་མ་ཤེས་པའི་གླེང་ཕྱོགས་ཙམ་རེད། དགྲ་དགའ་གཉེན་སྡུག་གི་གཏམ་རེད། ་་་་་་ཟེར།
ཤར་ཁུག་རྒྱ་ནག་གི་རྒྱུག་ཁྱི་རེད་ཟེར་གི་འདུག་།ཚང་མས་གཟབ་གཟབ་བྱོས།ང་ཚོ་ནང་ལ་འགལ་བ་བཟོ་གི་ཡོད་པ་ཤེས་དགོས།དབེན་དབང་དགོས་ན་བཤད་དགོ
དཔར་འདི་ལ་དཔར་ལན་ཞིག་ཡོད།
ཐག་པ་ཞིག་གི་སྒང་ལ་དབུ་མ་བའི་ཚོགས་མི་ཞིག་དང་གཞོན་ནུ་ཚོགས་པའི་ཚོགས་མི་ཞིག་ལྟག་རྒྱབ་སྤྲད་ནས་ལག་ལ་བོད་དར་རེ་བཟུང་ཡོད་པའི་འོག་ལ། ཁུག་རྟའི་མགོ་མར་ལ་སྐོར་ནས་ལག་ལ་དགྱ་དར་དམར་པོ་ཞིག་བཟུང་ནས་པེ་ཅིན་མཁར་ལ་ལྷུང་གྲབ་ཡོད་པ་ཞིག། རི་མོ་བ་ཞིག་གིས་འབྲི་རོགས་གནང་། ཁུག་རྟའི་རང་གཟུགས་ཡང་དེ་འདྲ་ཞིག་མ་རེད་དམ། ཧ་ཧ་ཧ།
གང་འདྲ་ཞིག་གླེང་ནའང་གོང་ས་མཆོག་དང་བློ་སེང་རྣ
མ་གཉིས་ལ་ཟུར་ཟའི་རྣམ་པ་ཐོན་པ་ནི་ཧ་ཅང་གི་ཐབསསྡུག་ཞིག་མ་རེད་དམ?
ཤར་ཁུག་གིས་བྱ་བ་བཟང་པོ་ཞིག་བྱེད་པ་གོ་མ་མྱོང་། ཁོས་བྱ་བ་དམིགས་གསལ་གཅིག་བྱས་ཡོད་པ་ནི་སྐར་ལྔའི་དར་དམར་མགོ་ལ་འཕྱར་བ་དེ་རེད། སྲིད་སྐྱོང་ལ་ཟུར་ཟ་ཁོ་ནས་དུས་ཟླ་བ་འདི་ཡང་སྒེར་མཁོན་ཡིན་པ་ལས་སྤྱི་དོན་མིན་པ་ཤེས་དགོས།
ཤར་ཁུག་བཀའ་ཤག་ནས་ཕུད་ནས་བཟུང་། ཁ་ལག་ཡག་པོ་ཅིག་རག་བགྱིད་མེད་པ་འདྲ། ཤར་ཁུག་ཁོ་ལོ་གསུམ་གྱི་ཡུན་ལ་མཚན་ཅིག་ལ་ཡང་གཉིད་ཡག་པོ་ཅིག་ཁུག་ཐུབ་མ་སོང་སྙིང་གཅེས།
དུས་བབ་ལས།
་་་་་་དིང་རི་བ།
༢༠༡༤/༠༨/༢༡ ཉིན་འདོན་སྤེལ་བྱས། ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ཁྲིམས་གཏུག་བྱ་ འཆར་གྱི་སྐོར་ཁོང་གི་དེབ་དེའི་ནང་བཀོད་འདུག་ཟེར། ད་འོ་ན། མགྱོགས་པོར་གཏུག་བཤེར་བྱས་དང། གང་ཟག་ལ་མི་རྟོན་ཆོས་ལ་ཕལ་ཆེར་རྟོན་མདོག་ཁ་པོ་ཅིག་འདུག་ག ་་་་་་་་་
ཨ་ཕྱིས་བཤད་པ་དེ་ལར་ནས་རྒྱུ་མཚན་མེད་པ་མ་མངོན། གོང་ས་མཆོག་ནས་ལོ་རྒན་དྲུག་ཅུའི་ནང་ལ་གནང་མ་ཐུབ་པ་ཞིག་བློ་སེང་གི་ལོ་གསུམ་ནང་བྱེད་དགོས་ཡོད་ཟེར་བ་དེ་ཤར་ཁུག་གིས་བསྙོན་འཛུགས་ཆེ་ཤོས་དེ་རེད། ཡིནའང་དཔར་དེ་བལྟ་དུས་ཤར་ཁུག་གིས་བློ་སེང་གང་བཤད་དང་མ་བཤད་སྒོ་ང་གསུམ་དེ་གས་ཆག་མེད་པ་སྟོན་འདུག དེས་ཐོག་ནས་བློ་སེང་ལ་མངག་བརྗོད་བྱེད་པ་མཚོན། དེས་གང་མཚོན་ཟེར་ན་གོང་ས་མཆོག་ནས་གཏང་བའི་བྱ་སྒོང་དེ་བློ་སེང་གི་ལོ་གསུམ་ནང་ཆག་སྐྱོན་མེད་པར་ཉར་ཚགས་བྱས་ཡོད་པ་མཚོན་གི་ལ་བློ་སེང་གི་རྣམའགྱུར་དེ་ལས་སྒོ་ང་དེ་གཅིག་པུ་ལ་འདོད་བློ་མ་འཚིམ་པ་མཐོང་གི་འདུག
ད་དུང་ཡོད་ཤར་ཁུག་གིས་དེབ་དེ་ད་བར་ཀློག་མེད་ཀློག་འདོད་ཀྱང་མེད་ཁོ་རང་ལ་རང་ཉིད་ལས་ལྷག་པའི་རྣམ་དཔྱོད་མེད་པ་མཐོང་གི་ཡོད་ལ་རང་ཉིད་ལས་ཆེས་སྐྱོ་བའི་ཞབས་འདྲེན་པའང་དོན་དངོས་རེད། ཡིནའ་དཔར་དེ་ཁོ་རང་རང་ཉིད་ཀྱི་རྣམ་དཔྱོད་ཡིན་ན་ངས་ཁོ་ལ་བཤད་རྒྱུར་ཁྱོད་རྣམ་དཔྱོད་ལྷག་པར་ལྡན་པ་ཞིག་རེད་ཡིནའང་སོ་་སོའི་གཏམ་གོས་ཆེད་དཔྱད་བརྗོད་ཆ་རེ་ཆོར་རེ་དེ་ཚོ་གང་ཡིནམ། ངས་མཐོང་སྣང་ལ་ཁྱེད་རང་གི་དཔྱད་པ་དེ་དག་གོང་ས་མཆོག་དང་བློ་སེང་སུ་ལ་ཡིན་གསལ་ཆ་མི་འདུག ཡིནའང་་་་་་་་རྗེས་ལ་ཡོད་
གང་ལྟར་སྲིད་སྐྱོང་ལ་དྲན་སྐུལ་དང་ཚ་འདེད་འདྲ་གཏོང་མཁན་ཡོད་ཚེ་རང་སྣང་གང་ཤར་གྱིས་ལས་དོན་འདྲ་མིན་དང་སྐད་ཆ་འཆོལ་མེད་བཤད་པར་ཕན་ཐོགས་ཆེ།
སྤྱི་ཚོགས་ཟང་ཟིང་དུས་ལ་གླད་རྩ་མི་ཚང་བ་ཤར་ཕྱོགས་མིང་ཅན་འདིའི་རྗེས་འབྲང་དང་བཅས་བའི་བཤད་སྟངས་དང་ཁྲབ་སྟངས་ལ་ཟུར་ནས་ལྟས་ཚེ་གད་མོ་ཤོར་བ་ཞིག་མཐོང་གིས་དངོས་གནས་ཡིན།
ད་ཤར་ཁུག་མཚམས་བཞག་པའི་དུས་ལ་སླེབས་འདུག སྤྱི་ཚོགས་སུ་ཁྱོད་རང་ཙམ་མ་ཟད་ཟམ་གདོང་རིན་པོ་ཆེ་དང་། དགའ་ལྡན་ཕོ་བྲང་དང་བཅས་པ་ནག་པོ་བཟོའི་འདུག གང་ཡིན་ཞེ་ན་ཁྱོད་ནི་ཟམ་གདོང་རིན་པོ་ཆེས་གསོ་སྐྱོང་གནང་བའི་མི་ཞིག་དང་། དབུ་མ་ལམ་ལས་འགུལ་ཁང་གི་ལས་བྱེད་རེད། ད་ཚོད་ཟིན་ན་ལེགས་ཤོས་རེད། དེ་མིན་ན་དེ་སྔོན་ལོ་མང་རིང་གོང་ས་མཆོག་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་བོད་རྒྱ་དཀའ་རྙོག་སེལ་མི་ཐུབ་པ་ཞིག བློ་བཟང་སེང་གེས་ལོ་ཤས་སུ་དཀའ་རྙོག་སེལ་ཐུབ་པའི་རྒྱུ་མཚན་ཅི། གྲོས་མོལ་གནང་བའི་དབང་ཆ་ནི་རྒྱ་ནག་སྲིད་གཞུང་ལ་ཡོད་པ་ལས་བློ་སེང་ལ་གང་ལ་ཡོད། བློ་སེང་ལ་ཐག་བཅད་པའི་དབང་ཆ་ངོ་མ་ཡོད་མེད་ཀྱང་བཤད་ཚོད་དཀའ་བ་ཞིག་རེད། ཁོང་གི་ཕྱག་ལས་མང་པོ་ཞིག་མང་པོ་ཞིག་གཞན་གྱིས་གནོན་ཤུགས་སྤྲད་དེ་འགྲུབ་ཐབས་མེད་པ་ཡོངས་གྲགས་རེད།
རྣམས་པ་ཚོས་བགྲོ་གླེང་བཤད་འདོད་ན་བློ་བཟང་ཆོས་འབྱོར་དང་སྲིད་སྐྱོང་གཉིས་བར་ལ་བཤད་ན་མ་གཏོགས་༧ གོང་ས་མཆོག་འདིའི་བར་ལ་འཁྱེར་ཡོང་བ་དེ་དག་དག་ཅིག་བསྡོད་གྱི་མི་འདུག། དེ་ཚང་མའི་སེམས་ལ་གཉེར་རོག་གནང། བློ་བཟང་ཆོས་འབྱོར་གྱི་སྲིད་སྐྱོང་ལ་སྤྲད་པའི་སྒོང་ང་གསུམ་དེ་སྲིད་སྐྱོང་མཆོག་གི་རེད་དང་མ་རེད་དེས་སྒང་ལ་ཚང་མའི་བགྲོ་གླེང་བྱེད་ཐུབ་ན་ཡག་གི་རེད། དེ་མིན་༧གོང་ས་མཆོག་གི་མཚན་འདི་རིེར་འཁྱེར་མ་ཡོངས་རོགས།
པད་མ་འཕྲིན་ལས་ལགས་ཀྱི་བཀའ་མོལ་དེ་ཉམས་མྱོང་ཤེས་ལྡན་པའི་སྐད་ཆ་རེད། ཡིན་ནའང། བཙན་བྱོལ་ནང་དུ་འདིའི་གོམས་སྲོལ་ཐབས་རྡུག་ཅིག་ཡོད་པ་རེད། དེ་ནི་ཆོལ་ཁའི་ཞེན་ཁོག་ལ་ཐུག་ཡོང་དུས་སུ་ཡིན་ནའང་ལྟོས་མེད་བྱེད་པ་དེ་རེད། འདི་ལྟར་ལྟོས་མེད་བྱེད་རྒྱུར་ཁོ་པ་ཚོའི་ཤོག་ཁག་གི་མི་རབས་གསར་པ་ཚོར་བསླབ་ཡོད་པ་མ་ཟད། ཀླད་པ་དང་བསམ་བློའི་འདུ་ཤེས་གཉིས་ཀ་ཁ་དཀྱོགས་ལ་བསྒྱུར་ཚར་བ་རེད། སྐབས་དེར་མ་ལབ་ཅེས་བཤད་པ་ལས། ཁོ་པ་ཚོའི་ངན་གོམས་ངན་རངས་ངན་གཤིས་དེར་ལྟད་མོ་བལྟས་བསྡད་ན་ཡག་གི་རེད། དེ་གནད་འགག་ཅིག་གེ་མ་རེད་འདོད།
དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤར་ཕྱོགས་ཁུག་རྟ་སུ་ཡིན་ནའང་སྐྱོན་བརྗོད་བྱས་མི་ཆོག་རྩ་བ་ནས་ཡོད་པ་མ་རེད། སྐྱོན་བརྗོད་ལ་གཡོལ་བ་དང། སྐྱོན་བརྗོད་འགོག་ཐབས་ལ་ཐབས་ཤེས་ཐབས་རྡུག་བསྟེན་པ་ནི་དབུ་ཁྲིད་ཅིག་དང་རྩོམ་པ་པོ་ཞིག་གི་ཀུན་སྤྱོད་དུ་མི་རུང་བས། གཞན་ལ་ཉན། ནོར་བ་ཡོང་སྲང། ཕན་ཐོགས་པ་རྣམས་ལག་ཆར་བླངས་ན་ད་གཟོད་སྤྱི་མི་ཚད་ལྡན་ཞིག་ཆགས་ཀྱི་རེད།
སྲིད་སྐྱོང་ཕྱོགས་སྐྱོད།
འདོན་སྤེལ། ༢༠༡༤/༠༨/༢༢
ཟླ་འདིའི་ཚེས་ ༢༡ ནས་ཕྱི་ཟླ་ ༩ ཚེས་ ༡ བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལི་དང་འཇར་མན། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བཞུགས་སྒར་དྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱོགས་ཕེབས་གནང་སྟེ་ཉིན་གསུམ་རིང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཚེས་ ༢༧ ཉིན་འཇར་མན་གྱི་གྲོང་ཁྱེར་ཧན་བྷེག་ཏུ་ (Hamburg) ཕེབས་ཏེ་ས་གནས་གནད་ཡོད་མི་སྣར་མཇལ་འཕྲད་དང་། ༼བོད་རྒྱའི་དབར་གྱི་ཞི་མཐུན་གྱི་གཞི་རྩའི་ཤེས་རྟོགས༽ཞེས་པའི་ཚོགས་འདུར་མཉམ་ཞུགས་བཅས་གནང་རྒྱུ་ཡིན་འདུག
ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་ཨ་རིའི་གྲོང་ཁྱེར་བྷོ་སི་ཌོན་དུ་ཕེབས་ཏེ་ས་གནས་གནད་ཡོད་མི་སྣར་མཇལ་འཕྲད་གནང་རྒྱུ་དང་། ཚེས་ ༢༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌེ་སེར་ (Washington D.C) གནད་ཡོད་མི་སྣར་མཇལ་འཕྲད་དང་ས་གནས་ཀྱི་ལས་འཆར་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༩ ཚེས་ ༡ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་འདུག
དེ་བཞིན། ཟླ་འདིའི་ཚེས་ ༢༣ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་མཆོག་གིས་སྣེ་འཁྲིད་འོག སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་དང། སྤྱི་འཐུས་བསོད་ནམས་རྒྱལ་མཚན། སྤྱི་འཐུས་རྣམ་དག་གཙུག་ཕུད་བཅས་ལ་གྲུབ་པའི་ཚོགས་ཆུང་ཞིག་ཨོ་སི་ཊོ་ལི་ཡར་ཕེབས་ཏེ། བདུན་ཕྲག་གཅིག་རིང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིར་མཇལ་འཕྲད་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ས་སེ་ཌེ་ནེ་གཙོས་པའི་མངའ་སྡེ་ཁག་གསུམ་དུ་འཚམས་གཟིགས། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་ཐོག་མཉམ་ཞུགས་བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
སྲིད་སྐྱོང་ཕྱོགས་བསྐྱོད། ཧ་ཧ། འདི་ནི་སྲིད་སྐྱོང་གིས་སོ་གསུམ་ལ་སྒོ་ང་གསུམ་བཟོ་སྟངས་ད་དུང་ཡང་མུ་འཐུད་རྒྱུ་རེད། ཕྱོགས་བསྐྱོད་རེ་བྱས། སྐྱིད་པོ་རེ་བཏང། ཚོགས་ཐོགས་ནས་ཁ་སྙན་པོ་རེ་བཤད། ཕྱིར་རྡ་སར་འཁོར་ན་གསར་འགོད་གསལ་བསྒྲགས་རེ་བྱས། ད་རེས་ཀྱི་ཕྱོགས་བསྐྱོད་ཡག་པ་བྱུང་སོང་། ལོ་ངོ་གསུམ་གྱི་ནང་ལ་སྲིད་སྐྱོང་སྐོར་གྱི་གསར་འགྱུར་ནི་ཕྱོགས་བསྐྱོད་རེད། བོད་རྒྱ་ཞི་མོལ་ཟུར་ཙམ་ཡང་གོ་རྒྱུ་མི་འདུག
བོད་རྒྱ་ཞི་མོལ་ཡོང་རྒྱུར་རེ་སྟོང་དེས་བོད་མིའི་ཐབ་ཕྱོགས་དང་ལངས་ཕྱོགས་ཕལ་ཆེ་སྟོང་ལ་ཉེར་སོང་། བོད་པས་རྒྱ་ལ་ཞི་མོལ་ཞི་མོལ། རྒྱ་མིས་བོད་ལ་རྩུབ་མོལ་རྩུབ་མོལ་བཅས་ལོ་རེ་ཟླ་རེ་ཉིན་རེར་འགྱུར་བཞིན་ཡོད་པས་སྲིད་སྐྱོང་གིས་རྒྱ་བོད་དབར་ཞི་མོལ་ལམ་རྩུབ་མོལ་གང་ཞིག་མཐུད་རྒྱུར་གཞན་དབང་དང་ལག་སྟོང་ཡིན་པར་ད་དུང་འགའ་ཡོད་སྣང་མ་བྱེད། བོད་རྒྱ་ཞི་མོལ་ཞི་མོལ་ཞི་མོལ་ཞི་མོལ་་་་་་་་་་་་་་་་་་་་་་མི་ལོ་བཅུ་ཕྲག་དྲུག་ལྷག་ཏུ་སྟོང་པ་ཉིད་དུ་ཕྱིན་སོང་།
སྤྱི་འཐུས་ཚོགས་གཙོ་ཕྱོགས་ཕེབས་གནང་ན། ཡང་དེར་ཡོད་པའི་བོད་མི་རྣམས་ལ་སྐྱབས་བཅོལ་མ་སྤྲད་རོགས་གསུང་ན་དཔེ་བསགས་རེད། ཁོང་གིས་གང་བྱུང་གནང་མི་ཡོང་ངམ་བསམ་སྟེ་སྐྲག་གི
དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྒོ་ང་གསུམ་ཐོབ་དགོས་དོན་གཙོ་བོ། ཕྱོགས་སྐྱོད་རྐྱང་རྐྱང་དུ་ཕེབས་པས་མ་རེད་དམ། ད་དུང་ཕྱོགས་སྐྱོད་མུ་མཐུད་ཀི་ཡོད་ན། ཕྱོགས་སྐྱོད་ལ་ཕེབས་པའི་འབྲས་བུ་བསྣམས་ནས་ཚུར་སྐྱོད་ག་དུས་གནང་གྲབས་ཡོད་ན། ཕྱོགས་གཞན་ཞིག་ནས་ཕྱོགས་སྐྱོད་ག་ཚོད་བྱས་ཀྱང་རྒྱལ་ཁབ་ཁག་གི་སྤྱི་འཐུས་ཚོ་དང་གཞུང་ཞབས་མཐོ་རིམ་མི་སྣ། དབུ་ཁྲིད་ཆབ་སྲིད་པ་ཚོས་ཚིག་སྙན་མོ་ཞིག་ལས་མི་གསུངས་བ་དང། གསུངས་མེད། གཞན་གསུངས་མི་སྲིད་པ་དེ་ཚང་མས་ཤེས་ཀྱི་ཡོད་ནའང། ཕྱི་རྒྱལ་ག་གེ་མོ་ཞིག་ཏུ་ཕེབས་ཚུལ་རྟག་ཏུ་གནང་དགོས་པ་འདིས་བཙན་བྱོལ་ནང་གི་གཞིས་ཆགས་མི་མང་ཚོར་དགྲ་བཅོམ་པ་བྱེད་ཐུབ་ན་མ་གཏོགས། བོད་ནང་གི་བོད་མི་རྣམས་ལྷག་པར་ཏུ་གསར་འབྱོར་ཚོར་ལས་སླ་བོ་མགོ་སྐོར་གཏོང་མི་ཐུབ་པ་དེ་གསལ་བོ་རེད། དེང་སང་ཨ་རི་མ་ཟད། ཕོ་བྲང་དཀར་པོར་ཕྱིན་ནས་ཨའོ་བྷ་མ་ཐུག་པ་ཡིན་ནའང། ཚང་མས་གཟིགས་ས་དེ་གྲུབ་འབྲས་རེད་ལ། གྲུབ་འབྲས་ལ་ཅི་ལྟར་གཟིགས་ཚུལ་ཡང་ཆ་ཚང་ཤེས་ཀྱི་ཡོད་པ་རེད། ངས་བསམས་ན། དཔལ་ལྡན་སྲིད་སྐྱོང་སོགས་རྒྱ་གར་སོགས་ཕྱི་ལོག་ནས་སྐྱེ་བའི་བོད་མི་ཁག་ཅིག་གིས་ཕྱི་རྒྱལ་ཁག་ནི་ཤམ་བྷ་ལ་དང། དེ་དང་དེའི་ཆབ་སྲིད་ཕྱག་ལས་གནང་སྟངས། སྤྱི་ཚོགས་སོགས་ཀྱང་ལྷ་ཡུལ་ལྟ་བུར་ངོས་འཛིན་བྱས་དྲགས་ནས། ཚུར་རྒྱ་ནག་དང་རྒྱ་ནག་མི་མང། དེ་བཞིན། བོད་ནང་དང་བོད་གཞིས་ལུས་མི་མང་གི་ཐུགས་འདུན་སོགས་ཆ་ཙམ་ལས་རྟོགས་ཐུབ་ཀྱི་མེད་སྟབས། ལོ་གསུམ་རིང་ཕྱོགས་སྐྱོད་ཁོ་ན་གནང་བའི་རྫིག་ཉམས་བསྟན་པ་མ་གཏོགས། བོད་མི་རང་གི་ལུས་སེམས་དྲོ་བའི་མཛད་རྗེས་ཕྲ་མོ་ཙམ་ཕར་ཟད། ཐ་ན། གཏམ་བཤད་སེམས་ལ་འཛིན་རྒྱུ་ཞིག་ཀྱང་གནང་མ་ཐུབ་པ་འདི་ཧ་ལས་པའི་སེམས་སྐྱོ་བོ་རེད་ལ། སྲིད་འགན་རྩིས་སྤྲོད་ཟིན་མཚམས། སྲིད་སྐྱོང་ཚད་ལྡན་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་མ་སླེབས་པ་ནི་བོད་མི་རིགས་ཀྱི་རྩ་དོན་གྱི་གྱོང་གུད་བསབ་ཏུ་མེད་པ་དེ་རེད་འདོད།
སྲིད་སྐྱོང་གིས་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་ཚང་མས་ལྟས་ནས་སྡད་ཡོད་པ་རེད། ཁྱེད་ཚོ་དྲ་འབུ་ཁ་ཤས་ཀྱིས་འདིར་སྲིད་སྐྱོང་ལ་ཁ་གཏོང་ནས་མར་གཡུག་དགོས་བསམ་པ་ནི་ཉིན་མོའི་རྨི་ལམ་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་ལ་ལ་དྭགས་ནས་བརྟན་བཞུགས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་ཐུགས་མཉེས་པོ་མ་གནང་བའི་གནས་ཚུལ་ཡིག་འཁྱར་ཞིག་འདུག་པ་དཔྱད་གཞིར་གཤམ་དུ་བཀོད་ཡོད།
༼༼ སྲིད་སྐྱོང་ལོ་གསུམ་གནང་པས།།
ཕྱོགས་སྐྱོད་ལོ་གསུམ་བྱས་སོང།།
ཕར་ལ་ཆིབས་བསྒྱུར་རྫིག་ཀྱང།།
ཚུར་ལ་ལག་སྟོང་ཕེབས་ཀི།
ཆབ་སྲིད་མི་སྣར་མཇལ་གི།
གྲོས་ཚོགས་འཐུས་མིར་ཐུག་གི།
གྲོས་ཆོད་འགའ་རེ་བཞག་ཀྱང།།
དོན་ལ་ཕན་པ་མི་འདུག།
ཕེབས་ཀྱི་ཡིན་ཞེས་གསུངས་གི།
ལྷིང་འཇགས་བྱུང་ཡོད་གསུངས་ཀྱང།།
འབྲེལ་མོལ་རི་བོང་རྭ་རེད།།
དབུ་མར་འགྲེལ་ལོག་བརྒྱབ་བྱུང།།
གློ་བུར་ཐོག་རྒྱག་ཅིག་ལ།།
བཀའ་དྲིན་རྗེས་དྲན་ཟེར་ཡང།།
ལས་མེད་རྗེས་དྲན་ཞུས་པ།།
ས་རིས་ཐང་གསལ་རེད་འདུག།
རྗེས་དྲན་གློ་བུར་བཏགས་པས།།
འགྲོ་གྲོན་རྗེས་ལ་ཞུས་ཡོད།།
ཚོགས་ཆུང་འཕྲལ་དུ་བཙུགས་པ།།
རྗེས་དྲན་ཞུ་སྟངས་རེད་དམ།།
བཀའ་དྲིན་རྗེས་དྲན་ཞུ་ན།།
རྗེས་དྲན་རྣམ་གྲངས་སྒྲིག་དང།།
བརྟན་བཞུགས་བསྟར་འབུལ་ཙམ་གྱིས།།
བཀའ་དྲིན་རྗེས་དྲན་ཨེ་ཡོང།།
ཁ་ཡག་ཁ་ནས་བཤད་ཀྱང།།
ཁོག་པ་སྟོང་བ་མཐོང་གི།
ལ་དྭགས་བརྟན་བཞུགས་སྐབས་སུ།།
གནས་ཆུང་ཆོས་སྐྱོང་ཁྲོས་སོང།། ༼༡༽
༼༡༽ལ་དྭགས་ནས་བརྟན་བཞུགས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་བླ་ཆེན་ཚོ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྒྱལ་བའི་བཞུགས་ཁྲིའི་མདུན་གདན་ཞུ་གནང་བའི་ཁྲོད། སྲིད་སྐྱོང་མཆོག་ཡོད་ཀྱང། རེ་རེར་གནས་ཆུང་སྐུ་ཕེབས་ཀྱིས་ཁ་བཏགས་འབུལ་སྐབས། སྲིད་སྐྱོང་བར་ནས་བཞག་སྟེ་དེའི་རྗེས་མར་ཁ་བཏགས་ཕུལ་སོང། སྐབས་དེར་གནས་ཆུང་གི་ཞབས་ཞུ་བས་གནས་ཆུང་ལ་ཨུ་ཚུགས་འདྲ་ཞིག་བྱས་སྐབས་མཐར་ཁ་བཏགས་ཤིག་སྲིད་སྐྱོང་ལ་གནང་སོང། གང་ལྟར། དེའི་སྐོར་བརྙན་འཕྲིན་ལ་ལྟ་ས་འདུག་པས་ཚང་མས་དཔྱད་རོགས། གནས་ཆུང་ཆོས་སྐྱོང་སྲིད་སྐྱོང་སྟེང་སྐུ་ཁྲོས་ཡོད་པ་མཐོང་སོང།། ༽༽
ཨ་ཁཁ། དྲིན་བྱས་དྲིན་དུ་མ་གོ་བའི་དུད་འགྲོ་ཞིག
གནས་ཆུང་ཆོས་རྒྱལ་ཆེན་པོ་དངོས་ཡིན་དང་མིན་དོག་གཞི་རེད། སྐུ་བསྟེན་ཡག་པོ་མེད་ན་འདྲ་མིན་བྱེད་སྲིད་པ་རེད་་་་གནས་ཆུང་དངོས་ཡིན་ན་ཕྱི་ཚར་རེད་
དཔལ་ལྡན་སྲིད་སྐྱོང་མཆོག་ལ་ལ་དྭགས་ནས་བརྟན་བཞུགས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་ཐུགས་མཉེས་པོ་མ་གནང་བའི་གནས་ཚུལ་ཡིག་འཁྱར་ཞིག་འདུག་པ་དཔྱད་གཞིར་གཤམ་དུ་བཀོད་ཡོད།
༼༼ སྲིད་སྐྱོང་ལོ་གསུམ་གནང་པས།།
ཕྱོགས་སྐྱོད་ལོ་གསུམ་བྱས་སོང།།
ཕར་ལ་ཆིབས་བསྒྱུར་རྫིག་ཀྱང།།
ཚུར་ལ་ལག་སྟོང་ཕེབས་ཀི།
ཆབ་སྲིད་མི་སྣར་མཇལ་གི།
གྲོས་ཚོགས་འཐུས་མིར་ཐུག་གི།
གྲོས་ཆོད་འགའ་རེ་བཞག་ཀྱང།།
དོན་ལ་ཕན་པ་མི་འདུག།
ཕེབས་ཀྱི་ཡིན་ཞེས་གསུངས་གི།
ལྷིང་འཇགས་བྱུང་ཡོད་གསུངས་ཀྱང།།
འབྲེལ་མོལ་རི་བོང་རྭ་རེད།།
དབུ་མར་འགྲེལ་ལོག་བརྒྱབ་བྱུང།།
གློ་བུར་ཐོག་རྒྱག་ཅིག་ལ།།
བཀའ་དྲིན་རྗེས་དྲན་ཟེར་ཡང།།
ལས་མེད་རྗེས་དྲན་ཞུས་པ།།
ས་རིས་ཐང་གསལ་རེད་འདུག།
རྗེས་དྲན་གློ་བུར་བཏགས་པས།།
འགྲོ་གྲོན་རྗེས་ལ་ཞུས་ཡོད།།
ཚོགས་ཆུང་འཕྲལ་དུ་བཙུགས་པ།།
རྗེས་དྲན་ཞུ་སྟངས་རེད་དམ།།
བཀའ་དྲིན་རྗེས་དྲན་ཞུ་ན།།
རྗེས་དྲན་རྣམ་གྲངས་སྒྲིག་དང།།
བརྟན་བཞུགས་བསྟར་འབུལ་ཙམ་གྱིས།།
བཀའ་དྲིན་རྗེས་དྲན་ཨེ་ཡོང།།
ཁ་ཡག་ཁ་ནས་བཤད་ཀྱང།།
ཁོག་པ་སྟོང་བ་མཐོང་གི།
ལ་དྭགས་བརྟན་བཞུགས་སྐབས་སུ།།
གནས་ཆུང་ཆོས་སྐྱོང་ཁྲོས་སོང།། ༼༡༽
༼༡༽ལ་དྭགས་ནས་བརྟན་བཞུགས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་བླ་ཆེན་ཚོ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྒྱལ་བའི་བཞུགས་ཁྲིའི་མདུན་གདན་ཞུ་གནང་བའི་ཁྲོད། སྲིད་སྐྱོང་མཆོག་ཡོད་ཀྱང། རེ་རེར་གནས་ཆུང་སྐུ་ཕེབས་ཀྱིས་ཁ་བཏགས་འབུལ་སྐབས། སྲིད་སྐྱོང་བར་ནས་བཞག་སྟེ་དེའི་རྗེས་མར་ཁ་བཏགས་ཕུལ་སོང། སྐབས་དེར་གནས་ཆུང་གི་ཞབས་ཞུ་བས་གནས་ཆུང་ལ་ཨུ་ཚུགས་འདྲ་ཞིག་བྱས་སྐབས་མཐར་ཁ་བཏགས་ཤིག་སྲིད་སྐྱོང་ལ་གནང་སོང། གང་ལྟར། དེའི་སྐོར་བརྙན་འཕྲིན་ལ་ལྟ་ས་འདུག་པས་ཚང་མས་དཔྱད་རོགས། གནས་ཆུང་ཆོས་སྐྱོང་སྲིད་སྐྱོང་སྟེང་སྐུ་ཁྲོས་ཡོད་པ་མཐོང་སོང།། ༽༽
འདི་དངོས་འབྲེལ་བདེན་པ་རེད་དམ། བདེན་པ་ཡིན་ན་སྲིད་སྐྱོང་ཕབ་དགོས་པའི་དུས་སླེབས་འདུག
ཆོས་སྐྱོང་རིགས་ལ་ང་རང་ཡིད་ཆེ་གཏན་ནས་མེད། ཤུགས་ལྡན་གྱི་རྙོག་སྒྲ་ལ་ང་ཉོག་སོང་། མི་མང་མགོ་སྐོར་བཏང་བྱེད་རང་རེད། དངོས་པོ་མིས་མ་འཇོན་པ་ཞིག དངོས་མེད་ལྷ་འདྲེ་ཧཧཧཧཧ།
གནས་ཆུང་བླ་གཟུགས་གྲྭ་གཟུགས་ཚོས་ཆང་དམ་བུ་གང་འཁྱེར་ནས་ལྷ་གསོལ་འདྲེ་གསོལ་བྱ་བཞིན་པ་ལྟར། སྲིད་སྐྱོང་གིས་ལྷ་གསོལ་འདྲེ་གསོལ་གནང་མ་ཤེས་ཙང་གནས་ཆུང་དྲག་ཏུ་འཁྲོས་པ་ཡིན་རྒྱུ་རེད། དེ་མིན་རྒྱུ་མཚན་གཏན་ནས་མི་འདུག། བོད་མི་རིགས་འདི་རྩ་དོན་གཟུགས་འདས་ལྷ་འདྲེ་ལ་ཡིད་བརྟེན་བཅོལ་བའི་ལམ་ལུགས་འདི་ག་དུས་མཇུག་སྒྲིལ་གྱི་རེད། ག་དུས་རྨོངས་གཉིད་ལས་བསད་པའི་དུས་ཤིག་ཤར་གྱི་རེད།
མི་མང་གིས་བླ་མ་ལ་བློ་གཏད། བླ་མས་ལྷ་ལ་ཐུགས་གཏད། ལྷས་ནད་པ་ཅན་ཀླད་པ་ཐང་པོ་མེད་པར་བློ་གཏད། ནད་པ་ཁོང་གིས་སྨྱོ་གཏམ་ལུང་པ་གང་བཤད། ཧཧཧཧ་ད་ནི་མཐའ་མར་དུད་འགྲོ་ནེ་ཙོ་ལ་མོ་བརྒྱག་པའི་དུས་སུ།
དེང་སང་ཡང་ཁ་བརྡའི་ནང་ལ་རྒྱུག་ཁྱི་ཁག་ཅིག་འཛུལ་ཡོད་བཟོ་འདུག ཚང་མས་གཟབ་གཟབ་གྱིས། བོད་པ་ཚང་གི་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་ནི་ཟམ་གདོང་བླ་མ་དང་སྲིད་སྐྱོང་གཉིས་རེད། འདི་གཉིས་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་འདི་ཚོ་ནི་བཀྲ་མ་ཤིས་པ་ཞིག་ཡིན་པ་ཐག་ཆོད་རེད། གནས་ཆུང་ན་འཐུ་ནུས་ཤིག་ཡོད་ན་མི་འདི་རིགས་ཐར་པར་གཏོང་མི་ཉན།
གནས་ཆུང་སྐུབརྟེན་གྱི་གསོལ་ཕོག་དང་འབྲེེལ་བ་ཡོད་ངེས། གནས་ཆུང་ཟེར་བའི་ལྷ་དང་སྐུ་བརྟེན་ཟེར་བའི་མི་གཉིས་དོན་དངོས་ཐོག་གྲ་གཟུགས་མཁའ་འགྲོ་བྱེ་བས་འཁོར་ཡོད་པ་ཁོ་རང་རེད། དེ་དག་ལ་དོན་དངོས་ཅང་ཡོད་མ་རེད།
ཟམ་གདོང་བླ་མ་དང་སྲིད་སྐྱོང་གཉིས་ལ་གཞི་མེད་སྐྱོད་བརྗོད་བྱེད་མཁན་ཚོས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་སོ་སོའི་བསམ་ཚུལ་བཤད་པ་ལ་གཞི་མེད་སྐྱོན་བརྗོད་འེ་ཡིན། སྲིད་སྐྱོང་གིས་གང་བཤད་པ་ལ་ལགས་སོ་ཟེར་དགོས་བ་ཡིན་ནམ། ལོང་རྟོགས་ལགས།
སྲིད་སྐྱོང་གིས་མ་འགྲིག་པ་ཞིག་བྱས་ཡོད་སྐྱོན་བརྗོད་བྱེད་ཆོག་པ་ནི་དམངས་གཙོའི་ཁེ་དབང་རེད། དེ་མིན་སོ་སོའི་དབུ་ཁྲིད་ལ་གུས་བཀུར་དང་རྒྱབ་སྐྱོར་བྱེད་དགོས་པ་ལས། སྐྱོན་ཆུང་ཆུང་རེ་སྒྲུག་ནས་སྐྱོན་བརྗོད་ཆེན་པོ་རེ་བྱས་སྡད་ན་སྐྱོན་གཏན་ནས་མེད་མཁན་གྱི་མི་སུ་ཡོད། བྱེད་སྟངས་འདི་ནི་རང་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཡིན་པས་དམངས་གཙོ་ལོངས་སུ་སྤྱོད་པ་མ་ཡིན་པར་དམངས་གཙོ་དང་རྒྱབ་འགལ་རེད། དྲང་པོ་བཤད་ན་བོད་པ་ཚོས་དམངས་གཙོ་ཁ་ནས་བཤད་ཤེས་པ་ལས་དམངས་གཙོའི་འགན་ཁྲི་ཁུར་ཤེས་ཀྱི་མི་འདུག ཤེ་ཡོན་མེད་པའི་སྤྱི་ཚོགས་ནང་ལ་དམངས་གཙོ་མི་ལེགས་པའི་སྐད་ཆ་དེ་ཡང་འདི་འདྲ་ལ་རྟེན་ནས་བྱུང་བ་རེད།
རྡོ་རྗེ་སྐྱོབ་པ་ལགས། གནས་ཆུང་ཆོས་རྒྱལ་ཆེན་པོས་སྲིད་སྐྱོང་མཆོག་ལ་ཁ་བཏགས་མ་འབུལ་པའི་བརྙན་འཕྲིན་གང་དུ་འདུག་གམ། ཡོད་ན་གང་དུ་ཡོད་མེད་གསལ་པོ་ཞིག་བཤད་རོགས། དེ་མིན་ཁུངས་མེད་སྐད་ཆ་བཤད་མ་ཡོངས།
ང་ཡང་བལྟ་འདོད་ཡོད།
མྱི་ཞིག་རིན་ཐང་ལ་ལྟ་སྐབས་། ཁ་ནས་གང་བཤད་ལ་ལྟ་ཡི་མ་ཡིན་པར་། ལག་ནས་གང་ལས་ལ་ལྟ་དགོས་བས་། ཁུག་དུས་ཁ་ལས་ལག་ནས་གང་ཡང་མི་འཇོན་། ད་དུང་ཁོའི་ནང་ཁུལ་མི་མཐུན་པའི་སྣ་འདྲེན་རེད་།
ཤར་ཁུག་ལགས་ཀྱིས་ད་ལྟ་བར་དུ་སྲིད་སྐྱོང་བློ་སེང་གི་སློབ་སྟོན་པ་ལྟར་ལས་དོན་ལ་དབྱེ་ཞིབ་དང་ནོར་འཁྲུལ་ལ་མཛུམ་སྟོན་གནང་པ་མ་ཟད། ལྷག་པར་དུ་དོ་སྣང་ཅན་མང་པོ་ཞིག་ལ་གནད་དོན་མང་པོ་ཞིག་གི་ཐོག་ལ་བློ་སྒོ་གསར་པ་ཕྱེ་བར་ཕན་ཐོགས་བྱུ་ཡོད་པ་གོར་མ་ཆགས།
དེས་རྐྱེན་པས་སྲིད་སྐྱོང་གིས་རང་འཁྲིའི་ལན་འགན་ལལྷོད་གཡེང་མི་གཏོང་བ་དང་བློ་རིགས་སྒྲིམ་ཏེ་ལས་དོན་ལ་ནུས་ཤུགས་འདོན་རྒྱུར་སྐུལ་ལྕགས་ཆེན་པོ་ཐེབས་སུ་བཅུག་བཞིན་པ་ནི་དེ་བས་བརྗོད་ག་ལ་དགོས།
གུས་པའི་རྨོངས་འཆར་ལ། ཤར་ཁུག་གི་བྱ་སྤྱོད་དེ་དག་ནི་མདུན་དུ་སྲིད་སྐྱོང་ལ་སྐྱོན་བརྗོད་ཤ་སྟག་ཏུ་མངོན་ཡང་། ཞིབ་ཏུ་བསམ་ན་དོན་དུ་སྲིད་སྐྱོང་བློ་སེང་གི་ལས་དོན་ལ་ལམ་སྟོན་དང་རམས་འདེགས་སུ་གྱུར་ཡོད།
ལྷག་པར་དུ་༸ གོང་སྐྱབས་མགོན་ཆེན་པོ་མཆོག་ནས། ང་ཚོར་དགེ་མཚན་ཡོད་ན། དེ་ཕྱི་ནས་བསྟོད་བསྔགས་བྱེད་ཀྱི་རེད། སྐྱོན་ཡོད་ན་ནང་ཁུལ་མཛུབ་མོ་འཛུགས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཡང་ཡང་བཀའ་ཕེབས་དང་ཕེབས་བཞིན་པ་དང་། བོད་ཀྱི་གཏམ་དཔེར་ཡང་། ཤ་ཚའི་ཁ་ནས་གཏམ་ངན། ཞེས་པ་ལྟར། བསམ་ཤེས་ན། ཤར་ཁུག་གིས་བློ་སེང་གི་ལས་དོན་ལ་རྟོག་ཞིབ་སྐྱོན་འདོན་གནང་དང་གནང་བཞིན་པ་དེ་དག་གིས་སྤྱི་དོན་ལ་ཕན་ཐོགས་དང་དགེ་མཚན་ཡོད་པ་ཞིག་རེད། དེ་ནི་ཤར་ཁུག་གི་མངོན་གསལ་མེད་པའི་བྱས་རྗེས་ཆེན་པོ་ཞིག་རེད་སྙམ།།
བློ་སེང་དང་། ཤར་ཁུག་གཉིས། བྱ་རོག་དང་འུག་པ་འདྲ་བོ་རེད།
སྐྱོན་བརྗོད་ལ་ཡང་སྐྱོན་བརྗོད་བྱེད་སྟངས་ཡོད་པ་རེད། ཤར་ཁུག་གིས་སྐྱོན་བརྗོད་ནི་སྨ་འབེབ་རང་བཞིན་གྱི་གཞི་མེད་སྐྱོན་བརྗོད་ལས་ཕན་ཐོག་ཡོད་པའི་སྐྱོན་བརྗོད་བྱེད་སྟངས་ཤིག་མ་རེད།
མི་སྒེར་དཀྱུས་མ་ཁག་གིས་སོ་སོའི་བསམ་ཚུལ་བརྗོད་རྒྱུ་ནི་མེད་དུ་མི་རུང་བའི་མང་གཙོའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ང་ཚོས་ངེས་པར་དུ་མི་དམངས་དཀྱུས་མ་དག་གི་རིགས་མི་འདྲ་བའི་བསམ་ཚུལ་སྣ་མང་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་འོས། བོད་མི་ཡོངས་རྫོགས་བསམ་ཚུལ་གཅིག་དང་། ལྟ་བ་གཅིག ལངས་ཕྱོགས་གཅིག་ཏུ་འགྱུར་མི་སྲིད་ལ། འགྱུར་དགོས་དོན་ཡང་མེད།