མི་ཉག་སྐལ་བཟང་།
ཀ་བ་མེད་པའི་ཁང་ཆེན་གྲུ་ཞིའི་ནང།།
ཁ་དོག་མེད་པའི་འཚོ་བ་སྐྱུར་མོ་ཞིག།
ག་ས་ག་ལ་དོལ་རྒྱལ་ཚོགས་མི་ཚོས།།
ང་ཡི་རྣ་བར་ཀུ་ཅོ་ལྷག་ཏུ་སྒྲོག།
ཅ་ཅོ་མང་བའི་ཡོ་རོབ་ལུང་པའི་མདོར།།
ཆ་ལུགས་ངན་པའི་དོལ་རྒྱལ་བསྟེན་མཁན་མང་།།
ཇ་ཁང་ཆང་ཁང་མང་བའི་རི་གྲོང་འདིར།།
ཉ་དང་ཉུང་མ་བསྲེས་མཁན་ཇེ་མང་རེད།།
ཏ་ལའི་བླ་མའི་བཀའ་གསུངས་མི་བསྒྲུབ་པར།།
ཐ་མར་མི་ལ་གདོན་གྱིས་དབང་བསྒྱུར་ཏེ།།
ད་ལྟའི་དུས་འདིར་དོལ་རྒྱལ་རྗེས་འབྲངས་ཚོས།།
ན་བཟའ་གྱོན་ནི་ཞབས་འདྲེན་ཞུ་མཁན་མང་།།
པ་ཕའི་རྐང་རྗེས་ལག་གིས་སུབ་བཞིན་པའི།།
ཕ་ཆོས་བུ་ཆོས་གཞུང་ལུགས་མ་ཤེས་ཀྱང་།།
བ་རེ་བོ་རེར་དགའ་བའི་བོད་རིགས་འགའ།།
མ་ཤེས་རྨོངས་པའི་དོལ་རྒྱལ་རྗེས་སུ་འབྲངས།།
ཙ་གེ་ཙིག་གེ་ལས་ཀྱིས་མགོ་རྨོངས་པའི།།
ཚ་གི་ཚི་གིར་དོལ་རྒྱལ་བསྟེན་མཁན་ཚོ།།
ཛ་དྲག་ཅན་གྱི་ད་ལྟའི་དུས་ཚོད་འདིར།།
ཝ་ལྤགས་སྟག་ལྤགས་གོས་སུ་མ་གྱོན་རོགས།།
ཞ་སྙུག་དམར་པོས་བྲིས་པའི་ཡིག་ཆུང་འདི།།
ཟ་ཧོར་རྒྱལ་པོས་སྤྲིངས་པའི་བཀའ་རྒྱ་མིན།།
འ་ཆད་འུ་ལ་ཐུག་པའི་བུ་ཞིག་གིས།།
ཡ་ང་མེད་པའི་དོ་རྒྱལ་ཚོགས་པར་ཕུལ།།
ར་ཅོ་མེད་ཀྱང་ར་དང་ལུག་འདྲ་བའི།།
ལ་རྒྱ་དམ་ཚིག་མེད་པའི་སྐྱེ་བོ་དག།
ཤ་དང་ཁྲག་ལ་དགའ་བའི་སྤྱང་ཀི་བཞིན།།
ས་སྟེང་འདི་ན་རྒྱ་མིའི་ལག་གཡོག་ཡིན།།
ཧ་ཅང་བྲེལ་བ་ཚ་པོས་བྲིས་ཡོད་ཀྱང་།།
ཨ་ཁུ་སྟོན་པའི་གཏམ་རྒྱུད་བྲིས་པ་མིན།།
ཧ་ཤང་རྒྱ་ལ་དགའ་མཁན་བོད་མི་ཚོ།།
ཨ་ཅོག་ཀྲོང་ཀྲོང་བྱ་སྟེ་ཀློག་རོགས་གནང་།།
ཏྰ་ལའི་བླ་མའི་བཀའ་དང་རྒྱབ་འགལ་བྱས། །
ཐ་ཤལ་བསྟན་ནས་བོད་རིགས་ཁུངས་ནས་བུད། །
ད་ལྟའི་དུས་ཀྱི་དོལ་རྒྱལ་རྗེས་འབྲངས་ཚོ། །
ནྰ་ད་བཞིན་དུ་འཇའ་ལྟར་ཡལ་བར་ཤོག །
དོལ་ཚོགས་མ་རེད། དམར་པོ་འོག་གི་ལག་གཡོག་རེད།
༧གོང་ས་མཆོག་ནས་དོལ་རྒྱལ་གྱིས་སྐུ་ཚེར་གནོད་ཀྱིའདུག་གསུང་པར་ང་རང་ཡིད་ཆེད་མེད་ལ་ དོལ་ཚོགས་ཀྱི་བྱེད་གཏང་ལ་དེ་བས་རྒྱབ་སྐྱོར་མེད།
དྲ་གྲོགས་པད་མ་ལགས། བོད་བརྒྱུད་ནང་བསྟན་དང་ལྷག་དོན་གསང་བ་སྔགས་ཀྱི་ལུགས་ལ་བླ་སློབ་དམ་ཚིག་གལ་ཆེ་ཤོས་ཡིན་པ་གསུངས་ཡོད། དམ་ཚོག་མི་གཙང་བའི་སློབ་མ་ལ་བླ་མས་་ཆོས་གསུང་སྲོལ་དེ་བས་མེད་པ་མ་ཟད། གལ་ཏེ་ཆོས་གསུངས་ཀྱང་དམ་ཚིག་ཉམས་པའི་སློབ་མ་དང་བླ་མ་གཉིས་ལ་གནོད་སྐྱོན་ལས་ཕན་ཐོགས་མེད་པ་འི་ཐོག་དེས་རྐྱེན་པས་བླ་མའི་སྐུ་ཚེ་ལ་རང་བཞིན་གྱི་གནོད་ཀྱི་ཡོད་པ་གསུངས་ཡོད། གནད་འགག་དེར་བརྟེན་ནས་༸ གོང་ས་མཆོག་གིས་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཚོས་༸ གོང་ས་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་བར་མ་ཡོང་ཞེས་གསུངས་ཡོད་པ་དེ་ནི་ཕྱོགས་གཉིས་ཀའི་ཆེད་དང་ལྷག་དོན་དོལ་རྒྱལ་རྗེས་འབྲངས་པ་ཚོར་ལས་ངན་ཐོག་ལ་ལས་ངན་འཕར་མ་མ་གསོག་པའི་ཆེད་དུ་དང་ ཆོས་ཕྱོགས་ཀྱི་འགྲོ་སྟངས་ཐོག་ནས་གསལ་་བཤད་གནང་བ་ཞིག་ཡིན་པ་གསལ་པོ་མཁྱེན་དགོས།
ངས་ངོས་ཁ་བརྡ་དྲྭ་ཚིགས་ལ་མཆན་གདབ་པར་རེ་བ་ཧ་ཅང་ཆེ་ཞིང་། ང་རང་ནམ་རྒྱུན་ཁ་བརྡའི་ཀློག་པ་པོ་ཞིག་ཀྱང་ཡིན་པས་ཆོག་མཆན་གནང་བར་མཁྱེན།