བོད་མིའི་མི་ཚེ། Posted on 2008-10-03 By lungrik 4 Comments on བོད་མིའི་མི་ཚེ། ཚེ་ཆོས་སྒྲོན། སྐད་འབོད་རྒྱབ་ག་ལོས་འགྲོ། ཞལ་འདོན་སྐྱོར་ག་ལོས་འགྲོ། འབུལ་བ་ཞལ་འདེབས་ལོས་ཕུལ། བོད་ཀྱི་རང་བཙན་ཆེད་དུ། རང་སྲོག་གློད་ཀྱང་ཅི་འགྱོད། སྙན་ངག
སྐད་འབོད་རྒྱག་མཁན་ཕོ་གསར་མོ་གསར་སོང་།། མ་ཎི་འདོན་གི་སྤོ་ལགས་མོ་ལགས་སོང་།། འབུལ་བ་ཞལ་འདེབས་ཐད་ལ་ད་ལ་ནི།། ཚོང་བ་ཕྱུགས་པོའི་ཐོག་ལ་བླ་མ་ཡོད།།
ངོ་མ་བཤད་ན་ང་ཚོས་བོད་རང་བཙན་སྐད་འབོད་དང་ཞལ་འདོན་ད་དུང་འབུལ་བ་ཕུལ་ནས་ལོན་པ་ཞིག་ཨེ་རེད། ང་ཚོ་འདི་ལྟ་བུ་ལ་མགོ་སྐོར་ནས་བསྡད་པ་སུ་ལན་པ་རེད་དམ། ངས་སྐད་འབོད་བྱས་ནོ་མ་འགྲིག་ཅིག་ཟེར་གི་མེད། འདི་དག་ནི་གཙོ་བོ་ཁྱབ་བསྒྲགས་ཀྱི་ཆེད་དུ་རེད།
ཞལ་འདོན་ཞལ་ནས་འདོན་ནས། ། ཞལ་འདེབས་ཞལ་ནས་འབུལ་ན། ། བོད་ཀྱི་རང་དབང་རང་བཙན། ། རང་དབང་ཡུལ་ནས་རྙེད་ཡོང་། །
ལས་ངན་གྱི་བོད་མི་འདི་ཚོ་ད་ཅི་བྱེད། ཞལ་འདེབས་ཀྱིས་ཕན་ཐོགས་རྒྱུ་མིན་པ་འདྲ། ཞལ་འདོན་མང་ཟིག་སྐྱོར་ན་ལས་ངན་པའི་སྡིག་སྒྲིབ་དག་པར་ཕན་འདྲ་ཐོགས་གི་ཡོད་ན་མེད་ན། ད་སྒོར་བུད་ནས་སྐད་རྒྱབ་ན་ཆོ་མི་འདུག རྒྱ་མིའི་ལག་འོག་ནས་ཤི་རྒྱུ་དང་གཅར་རྡུང་མྱོང་བ་ལས་མི་འདུག ངས་བལྟས་ན། ལྷ་བླ་མར་ལུང་བསྟན་འདྲ་ཞུས་དེ་འདྲ་བྱས་ན། ད་རུང་སྒྲུབ་དགོས་པའི་རིམ་གྲོ་མང་པོ་ཞིག་ཡོད་པ་འདྲ། ང་ཚོས་དྲ་གྲོགས་ཚོས་ཀྱང་། མི་རེ་ནས་མ་ཎི་འབུམ་རེ། སྒྲོལ་མ་འབུམ་རེ། ༧སློབ་དཔོན་རིན་པོ་ཆེའི་གཟུངས་སྔགས་འབུམ་རེ། སྐྱབས་འགྲོ་ཁྲི་རེ། བརྐྱང་ཕྱག་ཁྲི་རེ་བཅས་སྒྲུབ་ཐུབ་ན་དེ་ནས་ཕལ་ཆེར་གྲུབ་འབྲས་རེ་ཐོབ་མི་ཡོང་ངམ།
སྐད་འབོད་རྒྱག་མཁན་ཕོ་གསར་མོ་གསར་སོང་།།
མ་ཎི་འདོན་གི་སྤོ་ལགས་མོ་ལགས་སོང་།།
འབུལ་བ་ཞལ་འདེབས་ཐད་ལ་ད་ལ་ནི།།
ཚོང་བ་ཕྱུགས་པོའི་ཐོག་ལ་བླ་མ་ཡོད།།
ངོ་མ་བཤད་ན་ང་ཚོས་བོད་རང་བཙན་སྐད་འབོད་དང་ཞལ་འདོན་ད་དུང་འབུལ་བ་ཕུལ་ནས་ལོན་པ་ཞིག་ཨེ་རེད། ང་ཚོ་འདི་ལྟ་བུ་ལ་མགོ་སྐོར་ནས་བསྡད་པ་སུ་ལན་པ་རེད་དམ། ངས་སྐད་འབོད་བྱས་ནོ་མ་འགྲིག་ཅིག་ཟེར་གི་མེད། འདི་དག་ནི་གཙོ་བོ་ཁྱབ་བསྒྲགས་ཀྱི་ཆེད་དུ་རེད།
ཞལ་འདོན་ཞལ་ནས་འདོན་ནས། །
ཞལ་འདེབས་ཞལ་ནས་འབུལ་ན། །
བོད་ཀྱི་རང་དབང་རང་བཙན། །
རང་དབང་ཡུལ་ནས་རྙེད་ཡོང་། །