རྔ་རྒོད།
སྤྱིར་བརྩེ་དུང་ཞེས་པ་དེ་རང་གཞན་གཉིས་ལ་བརྟེན་དགོས་ཡོད་པས་ཕན་ཚུན་གཉིས་ཀྱིས་འདིའི་སྐོར་དེ་མཁྱེན་ན་ཁེ་ཕན་ཤིན་ཏུ་ཡོད་པ་ཞིག་རེད་འདོད། དཔེར་ན། ཕ་རོལ་བོ་ཁྱོད་ལ་བརྩེ་དུང་ཡོད་མེད་གཙོ་བོ་ནི། ཁྱོད་ཀྱི་ཆེད་དུ་ཕ་རོལ་བོ་ལ་སྐྱིད་སྡུག་མཉམ་ཁུར་གྱི་བསམ་བློ་ཡང་དག་ཅིག་དུས་རྟག་པར་ཡོད་མེད་ཀྱིས་བལྟག་ན་ལེགས་སྙམ། དེའི་ཕྱིར། མདོར་བསྡུས་ན་བརྩེ་དུང་དེ་ལ་ནང་གསེས་བརྩེ་དུང་རིགས་གསུམ་དུ་དབྱེ་འོས་ཆོག་པར་འདོད་དོ།།
དང་བོ། རང་གི་ཕ་མ་ལས་ལྷག་པའི་བཀའ་དྲིན་ཅན་ཞིག་དང་བརྩེ་དུང་ཡོད་མཁན་ཞིག་གླིང་འདིར་མ་མཆིས་སོ།། རྒྱུ་མཚན། ཁྱོད་ཀྱི་ཆེད་དུ་རང་གིས་ཕ་མའི་མ་ཤེས་པའམ་མ་མཇོན་ན་མ་གཏོགས། བརྩེ་དུང་དེ་གཙང་མ་རེད། རྒྱུ་མཚན། དཔེར་ན་དེ་ལ། གཅིག་འགྱུར་ལྡོག་མེད་པ་དང་། གཉིས་མངོན་ལྐོག་མེད་པ་དང་། གསུམ་པ་བསླད་མ་ཞུགས་པའི་བརྩེ་དུང་གི་ཡོན་ཏན་གྱི་ཁྱད་ཆོས་གསུམ་དང་ལྡན་པས་སོ།།
གཉིས་པ། བཟའ་ཚང་བར་གྱི་བརྩེ་དུང་སྐོར་དེ་རེད། དེ་ནི་ཕ་མའི་བརྩེ་དུང་དང་བསྡུར་ན་ཅུང་འགྱུར་ལྡོག་སོགས་ཡོད་མོད། རང་གི་བཟའ་ཟླའི་ཆེད་དུ་རྟག་པར་སེམས་ཚབས་དང་དུངས་སེམས་མཉམ་སྐྱེད་གནང་མཁན་བགྲང་ལས་འདས་ཤིང་མངོན་སུམ་ཡིན་སྟབས། འདིར་ཚིག་རྙོག་སྤུངས་མི་དགོས་སོ།།
གསུམ་པ། གྲོགས་པོ་ཕན་ཚུན་དང་དགེ་སློབ་བར་གྱི་བརྩེ་བའི་སྐོར་དེ་རེད། འདི་ལ་གོང་གི་ཕ་མ་དང་བཟའ་ཟླའི་བརྩེ་དུང་གི་ཡོན་ཏན་ལྟ་བུ་ཞིག་མེད་མོད། གྲོགས་དང་དགེ་སློབ་བར་ནའང་ཚེ་གཅིག་བརྟན་གྲོགས་འདྲ་འབྱུང་སྲིད་དོ།།
ང་ཚོས་བསམ་བློ་གཏོང་ཕྱོགས་མ་འདྲ་བའི་དབང་གིས། དཔེར་ན། ནུབ་ཕྱོགས་ནས་བཟའ་ཚང་གི་བརྩེ་བ་གལ་ཆེན་དང་ཕ་མའི་བརྩེ་བ་གཉིས་པ་ལྟ་བུ་རེད། རང་རེའི་བོད་ལ་མཚོན་ན། དགེ་སློབ་དང་བླ་སློབ་ཀྱི་བརྩེ་བ་ནི་མཆོག་དང་ཕ་མའི་བརྩེ་བ་གཉིས་པ་ལྟ་བུ་བཤད་སྲོལ་མཆིས། འོན་ཀྱང་ང་ཚོས་མ་འོངས་པར་རང་གི་མི་འདོད་བཞིན་དུ་ནུབ་ཕྱོགས་ཀྱི་ལྟ་བ་དང་མཐུན་འགྲོ་རྒྱུར་གོར་མ་ཆགས། རྒྱུ་མཚན། ཆབ་དཔལ་རིག་གསུམ་གང་ཡིན་ན་རེད། ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་བསྟུན་ནས་འགྲོ་བཞིན་པ་འདིས་མཚོན་ནོ།།
མཇུག་གཏམ། རྒྱ་གར་བོད་ཁྱིམ་སློབ་མ་མང་བོས་རང་གི་ཕ་མ་བཀའ་དྲིན་མི་ཆེ་བའི་སྒྲུབ་བྱེད་དུ་རྗེ་བཙན་པད་མའི་བཀའ་དྲིན་བརྗོད་པ་དང་བོད་ནང་ནུབ་སློབ་ཁ་ཤས་ཀྱིས་ཡོད་ཚད་རང་གི་ཕ་མའི་སྐྱོན་ཏུ་བརྗོད་པའི་རང་གི་ངོ་ཤེས་དག་ལ་དཔེ་འདི་ལྟར་བཤད་དགོས་བྱུང་། ང་ཆུང་དུས་སུ་རང་གི་ཨ་མ་ལགས། ཟས་ཞིམ་པོ་དང་ཤ་ལ་ཐུགས་མི་དགྱེས་ཤིང་ལྷག་པར་ཟོས་ལྷག་དང་འཐུང་འཕྲོར་འགའ་མཁན་ཞིག་ལ་ངས་ངོས་འཛིན་གནང་མྱོང་མོད། གཞུག་ནས་བསམ་གཞིག་བྱས་མཐར་ངའི་ཆུང་དུས་ཀྱི་བསམ་བློ་དེ་ནི་ནོར་བ་ཡིན་པའི་ངེས་ཤེས་རྙེད་སོང་། གང་ལྟར་ཕ་མའི་བརྩེ་བ་ལ་ཕྱི་ནང་མེད།
ཅེས་རྔ་རྒོད་ཀྱིས་༢༠༡༤/༩/༥ དབྱིན་ཡུལ་ནས།
ཡུམ། མྱི་སྐྱིད་་ཟིག་མ་རེད་ན།
རྔ་རྒོད་ལགས། (དཔེར་ན། ཕ་རོལ་བོ་ཁྱོད་ལ་བརྩེ་དུང་ཡོད་མེད་གཙོ་བོ་ནི། ཁྱོད་ཀྱི་ཆེད་དུ་ཕ་རོལ་བོ་ལ་སྐྱིད་སྡུག་མཉམ་ཁུར་གྱི་བསམ་བློ་ཡང་དག་ཅིག་དུས་རྟག་པར་ཡོད་མེད་ཀྱིས་བལྟག་ན་ལེགས་སྙམ།) ཞེས་པ་འདིས་ཅི་ཞིག་བརྗོད་ཀྱི་ཡོད་དམ། ཚིག་དོན་ངོ་མ་ག་རེ་ཡིན་ནམ། སྐྱེ་བོ་སུ་ཞིག་གིས་གང་ཟག་དེར་བརྩེ་དུང་ཡོད་ན་དུས་རྟག་ཏུ་དེའི་སྐྱིད་སྡུག་མཉམ་ཁུར་གྱི་བསམ་བློ་ཡང་དག་ཞིག་དགོས་པ་ནི་མ་ངེས་པ་རེད།
དང་བོ། ཕ་མ་དང་་་་་་་
གཉིས་པ། བཟའ་ཚང་་་་་་
གསུམ་པ། གྲོགས་ཕན་ཚུན་་་་་ཞེས་པའི་བརྩེ་བ་གསུམ་པོར་བརྩེ་བ་དང་པོ། བརྩེ་བ་གཉིས་པ། བརྩེ་བ་གསུམ་པ། ཞེས་བརྩེ་བར་ཨང་རིམ་དང་གཉིས་ཀྱི་རྣམ་པ་ལྟ་བུ་ཞིག་གོ་ཡོང་གི་འདུག། དེ་ལྟར་ཡིན་ནམ།
རྔ་རྒོད་ལགས་ཀྱི་ཤོག་ངོས་གཅིག་ཙམ་ཡོད་པའི་འབྲི་རྩོམ་ལ་བལྟ་ན། གཤམ་གྱི་ཡིག་ནོར་འདི་དག་ནི་ ཉུང་ཉུང་གཏན་ནས་མིན། ཁ་བརྡ་དྲ་བ་ནི་བཙན་བྱོལ་ནང་གི་དྲ་རྒྱ་ཁྱབ་རྒྱ་ཆེ་ཤོས་ཤིག་ཡིན་པས་རྩོམ་པ་པོའི་ངོས་ནས་འདིར་རྩོམ་ཡིག་མ་དགོད་པའི་གོང་དུ། ཞིབ་གཤེར་ཐེངས་ཁ་ཤས་གཏོང་དགོས་སྙམ། འདི་ནི་ཀློག་པ་པོའི་འདུན་པ་རྒྱུན་གནས་ཐུབ་མིན་གྱི་གནད་ཀ་ཞིག་ཡིན། ཁ་དྲོ།
བོད་ཕྲུག་སོགས་ལ་འདིར་དགོངས་དག་ཞུ་དཔེར་ན་གོང་དུ་ཡིག་ནོར་ནི་བལྟག་མ་རེད་བརྟགས་རེད་། འགའ་མ་རེད་དགའ་རེད་སོགས་ཡིན། དེ་ནི་ཁ་བརྡ་ཚོང་གི་སྐྱོན་གཏན་ནས་མིན་དེ་ངས་ཤེས་བཞིན་ནོར་བ་ཞིག་ཡིན། དག་ཆའི་འགན་བཞེས་མཁན་ཡོད་ན་༼དྭང་བླང་ལག་དེབ་མ་རེད་༽དང་བླང་ལག་དེབ་རེད། ༽བཀའ་ཤག་འཁྱམས་མ་རེད། ༽ བཀའ་ཤག་ཁྱམས་རེད། འདི་ཚོའི་ཡིག་སྐྱོན་འགྲིག་ཡོང་ན་ཕྲན་ལྟ་བུ་ཅི་སྨོས་སོ།།