བདེ་པོ་འཚོ།
དེ་རིང་མུན་སེལ་སྒྲོན་མེ་མཆེད་པའི་ཉིན།།
དེ་རིང་ལོང་བར་མཐོང་ཤེས་སྟེར་བའི་ཉིན།།
དེ་རིང་ཤེས་བྱའི་ཡོན་ཏན་ཀུན་མངའ་བའི།།
ཀུན་རྟོག་དགེ་རྒན་ཉིན་མོར་བཀྲ་ཤིས་ཤོག །
དེ་རིང་ཉིད་ཀྱི་སྐལ་བཟང་ཉིན་མོ་རེད།།
དེ་རིང་ཕུན་སུམ་ཚོགས་པའི་དུས་བཟང་རེད།།
དེ་རིང་ཉིད་ཀྱིས་བསྐྱངས་བའི་སློབ་མ་ངས།།
དགེ་བའི་བཤེས་གཉེན་དམ་པར་འཚམས་འདྲི་ཞུ།།
དེ་རིང་དགེ་སློབ་མཛའ་བརྩེ་མཐུན་ཉིན་རེད།།
དེ་རིང་སློབ་མའི་སེམས་ཁ་གང་ཉིན་རེད།།
དེ་རིང་ཉིན་ནི་མི་ཚེའི་དྲན་ཤིང་ཞིག །
ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག །
དེ་རིང་རྩ་ཆེན་དགེ་ལས་ཉིན་མོ་འདི།།
བདག་ལ་མཚོན་ན་སྐྱེས་སྐར་ལས་ཀྱང་གལ།།
སྲུང་བརྩི་བྱེད་པའི་གོ་སྐབས་མ་ལྡན་ཡང་།།
སེམས་ཀྱི་མེ་ཏོག་ཁྱེད་ལ་སྙིང་ནས་ཕུལ།།
ཕྱི་ལོ་༢༠༡༤ཟླ་༩ ཚེས་༥ ཉིན་ཏེ་དགེ་རྒན་ཉིན་མོར་བཀའ་དྲིན་ཅན་གྱི་དགེ་ལས་རྣམས་ལྷག་ཏུ་དྲན་བཞིན་ཁོང་རྣམ་པར་ལེགས་སྐྱེས་ཆུང་ཆུང་ཞིག་གི་ཚབ་དུ་བྲིས། སློབ་ཟུར་བདེ་པོ་འཚོས་རྒྱ་གར་ལྷོ་ཕྱོགས་བྷང་ལོར་ནས།
དགེ་རྒན་ཟེར་ན་ཅི་རེད། དགེ་ཟེར་ན་ཅི་རེད། སློབ་གྲྭ་ན་དགེ་རྒན་ཟེར་ནི་ཞིག་ཡོད་པ་རེད་དམ། སློབ་གྲྭ་ན། དགེ་རྒན་ཟེར་བ་དེ་ཚོས་ཅི་སློབ་བཞིན་ཡོད་པ་རེད། ཁྱད་མཚར།
སྔོན་མ་ཤར་དུང་རི་དུས་དེབ་ཀྱི་སྟེང་གི་རྩོམ་ཡིག་ཅིག་ཏུ་དགེ་རྒན་ཟེར་བ་ནི་ལྷ་ཆོས་རིག་གནས་ཀྱི་ཤུགས་རྐྱེན་རེད། དེ་འགྲིག་གི་མི་འདུག འཚོ་རྒན་ཟེར་དགོས་ཀྱི་འདུག་ཅེས་བྲིས་འདུག གནམ་ལགས་ཀྱང་དེ་བཞིན་བསམ་པ་མིན་ནམ།
དགེ་རྒན་ལ་དགའ་བ་ནི་ཤེས་ཡོན་དགའ་བ་རེད། དེ་འགྲིག་འདུག