# 23 ཀརྨ་བློ་གསལ་་ལགས་ཀྱིས་མཆན་བཏབ་པ།:
September 8th, 2014 at 10:37 AM
དགེ་བཤེས་ལགས་ཀྱིས་ཤུགས་ལྡན་བསྟེན་མཁན་ཡིན་ན། དོན་གཅོད་ཁག་ནས་རྒྱབ་གཉེར་ལེན་པའི་སྔོན་འགྲོ་ནི་ཤུགས་ལྡན་བསྟེན་གྱི་མིན་ཟེར་དགོས་པ་དེ་རེད་ཟེར། དེ་ནི་བཀག་འགོག་མ་རེད་དམ།
་་་་
གོང་གི་མཆན་དེར་དགེ་བཤེས་ལགས་ནས་ལན་ཞིག་ཡོད་ན་ལེགས། དེ་མིན་ཚིག་དེ་ཕར་ཕྱོགས་ལ་དགོས་པའི་སྐད་ཆ་ཉེན་ཁ་ཅན་ཞིག་རེད།
ཁོང་ཚོས་དང་པོ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྫུན་མ་ཟེར། ཡང་དེ་ནས་རྒྱལ་བ་རིན་པོ་ཆེར་ཤུགས་ལྡན་བཀག་པའི་བཀའ་རྒྱ་དེ་གློད་ཟེར། དབྱིན་ཇིའི་ནང་ལ། False Dalai Lama, lift the ban ཟེར།
དགེ་བཤེས་ལགས་ཀྱིས་བདེན་དོན་རི་རབ་འདྲ་ཞིག་གསུངས་སོང་། ཐུགས་རྗེ་ཆེ་ཞུ།
དོལ་རྒྱལ་ཟེར་བ་དེ་བརྟེན་དང་མ་བརྟེན་རང་དབང་རེད། ཡིན་ཡང་དོལ་རྒྱལ་ཡེ་ཤེས་པའི་ལྷ་ཡིན་ཟེར་བ་དང། འབྱམ་དབྱངས་སྤྲུལ་པ་རེད་ཟེར་བ་དེ་ཚོ་ལམ་ལོག་པ་རེད་བསམ། གང་ཡིན་ཟེར་ན་གོང་ས་ལྔ་པའི་དུས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་ལྔ་པ་ཆེན་པོ་གཉིས་མི་མཐུན་པར་གྱུར་ནས། ལྔ་པའི་ཁ་ཕྱོགས་ཀྱི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་བཀྲོང་ནས་དེ་ཤི་འདྲེ་ལ་གྱུར་བ་རེད། ཤི་འདྲེ་དེ་འབྱམ་དབྱངས་སྤྲུལ་པ་ཡིན་ཟེར་ན་འབྱམ་དབྱངས་ཤི་འདྲེ་ལ་གྱུར་སོང་བ་རེད་དམ། སྐྱབ་ཡུལ་སྨོས་ནས་འཇིག་རྟེན་ལྷ་ལ་དད། གཞན་ལ་གནོད་བྱེད་ལོག་ལྟ་ཅན་དུ་འགྲོ། ཞེས་གསུང་ཡོད། དེ་ཡིན་དུས་ཤི་འདྲེ་ཞིག་གི་དོན་དུ་ཕྱི་རྒྱལ་ཁག་གི་ནང་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱས་ན། བོད་སྤྱི་པའི་ཆབ་སྲིད་ལ་ཉམས་རྒུད་འགྲོ་ངེས། དེ་འདྲ་བྱས་ནས་བོད་སྤྱི་པའི་དགྲ་བོ་ཆག་གི་རེད།
དོལ་རྒྱལ་བརྟེན་འདོད་ན་རྒྱལ་བ་ལ་འབྲེལ་མཚམས་འཇོག་ནས། བོད་སྤྱི་ལ་གནོད་པའི་ལས་སྤོང་ན་ལེགས། ང་རང་ངོས་ནས་བཤད་ན་དོལ་རྒྱལ་བརྟེན་གསོལ་བཀག་དགོས་རེད་ཟེར་ན་མུ་མཐུན་མེད། ཡིན་ཡང་དོལ་རྒྱལ་ཁ་ལ་ཁྱེར་ནས་བོད་སྤྱི་པའི་རྩ་དོན་ལ་གནོད་པའི་ལས་དཀའ་བྱས་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ཡུང་རོབ་སྤྱི་འཐུས་དབང་ཆེན་ལགས། བཀྲ་ཤིས་བདེ་ལེགས།
ཁྱོད་ཀྱིས་་་་ང་ཚོ་བོད་པ་ཚང་མ་སྤྱན་རས་གཟིགས་ཀྱི་༼གདུལ་ཞིང་༽ཡིན་ཟེར་གསུངས་ཀྱི་འདུག ངས་ཚོད་དཔག་བྱས་ན་སྤྱན་རས་གཟིགས་ཀྱི་གདུལ་བྱ་རེད་གསུངས་ཀྱི་ཡོད་པ་ཡིན་གྱི་རེད།
བོད་མི་ཚང་མ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་ཟེར་བའི་རྒྱུ་མཚན་ཅི་ཡོད་དམ། ཁུངས་དང་ལུང་། རྒྱུ་མཚན་ཡང་དག་ཞིག་གསུངས་རོགས་བྱོས། བོད་མི་རིགས་ཀྱི་ནང་དུ་ཁ་ཆེ་དང་ཡེ་ཤུ། བོན་པོ་སོགས་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད། འདི་དག་ཡང་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པར་ཐལ། བོད་པ་ཡིན་པའི་ཕྱིར། རྟགས་འཁོད། མ་ཁྱབ་ན་རྩ་བའི་དམ་བཅའ་ཚར།
བོད་པ་ཡིན་ན་ནང་པ་ཡིན་དགོས་པའི་ཟོལ་འདྲ་དང་། དེ་ནས་ཤཀྱའི་རྗེས་འབྲངས་པ་ཡིན་དགོས་པའི་ཟོལ་འདྲ། དེ་འདྲ་བའི་ཧམ་བཤད་དང་རྫུན་བཤད་རྐྱང་རྐྱང་མ་བྱེད་ན་བསམས་ཀྱི་འདུག རེ་བ་ཡིན། བོད་པའི་ཁ་ཆེ་བ་འདི་ཚོ་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་དགོས་ཀྱི་འདུག་ཅེས་སྔོན་མ་ནས་པོ་བཤད་མྱངས་ཡོད།
སྐབས་རེ་ལ་བོད་པའི་ཁ་ཆེ་བ་ཚོ་ཡང་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པའི་ཟོལ་འདྲ་པོ། སྐབས་རེ་ལ་དགེ་བའི་བཤེས་གཉེན་ཁྲི་བྱང་རིན་པོ་ཆེན་གྱི་རྗེས་འབྲངས་འབངས་མི་ཡོངས་རྫོགས་སྤྱན་རས་གཟིགས་ཀྱི་གདུལ་བྱ་མིན་པའི་ཟོལ་འདྲ་པོ། ག་བཤད་ཀྱི་ཡོད་དམ། བླ་རྒན་ཁྱོད་ཚོ་སྲིད་ཁྲི་སྟེང་དུ་བསླེབས་འོང་དུས་སྨྱོན་པ་ནང་བཞིན་ཆགས་འགྲོ་དགོས་པ་དང་ཡིན་གྱི་མ་རེད་བ།
ཨོ་རེད། ད་་དུང་ཁྱོད་ཚོའི་གྲལ་ལ་བཤད་སྟངས་འདི་འདྲ་ཞིག་འདུག བོད་རང་བཙན་འདོད་མཁན་བོད་མི་ཉུང་ཤོས་ཤིག་མ་གཏོགས་བརྒྱ་ཆ་༩༩ ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་བ། ཤུགས་ལྡན་བརྟེན་མཁན་བོད་མི་ཉུང་ཤོས་ཤིག་མ་གཏོགས་མེད་ཟེར་བའི་སྐད་ཆ་འདི་དག་དོན་ལ་གནས་པའི་སྐད་ཆ་ཞིག་མ་རེད།
བོད་རང་བཙན་འདོད་མཁན་དང་དབུ་མའི་ལམ་འདོད་གཉིས་ཀྱི་ནང་ནས་བོད་རང་བཙན་འདོད་མཁན་མང་བ་ཡོད། ཤུགས་ལྡན་བརྟེན་ཡང་ཉུང་ཉུང་ཞིག་རྩ་བ་ནས་རེད་མི་འདུག འཇར་མིན་ནང་དུ་བོད་དོན་ཆེད་དུ་ངོ་རྒོལ་སྐད་འབོད་བྱེད་དུས་ཤུགས་ལྡན་ཚོགས་པའི་ངོ་རྒོལ་བ་ནང་བཞིན་མི་མང་པོ་ཡོང་མཁན་མེད་པ། མིག་གིས་དངོས་སུ་མཐོང་གི་ཡོད་པ། ཧམ་བཤད་རང་རེད།
ཨོ་རེད་་་ད་དུང་་རྡོག་རྩ་ཆིག་སྒྲིལ་བཤད་བཞིན་འདུག གཞན་གྱི་དད་ཡུལ་ལ་་་རྒྱུ་སྨོན་ལམ་ལོག་པ།་ངོ་བོ་དམ་ཚིག་འབྱུང་པོ། བྱེད་ལས་་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་རེད་ཅེས་འབོད་ནས་མཐུན་སྒྲིལ་ཡོང་ཐབས་ཡོད་དམ།
ཁྱོད་ཚོའི་དད་ཡུལ་ལ་དེ་འདྲ་ལབ་ན་ག་འདྲ་ཡོད་ས་རེད་དམ། མཐུན་སྒྲིལ་ཡོང་ས་རེད་དམ་མ་རེད། རང་ལ་དཔེར་ལེན་ནས་བསམ་བློ་ཐོངས། རང་གི་ལུས་ལ་དཔེར་ལེན་ནས་གཞན་ལ་གནོད་པ་མ་བྱེད་ཅིག་་་་ཟེར་ལེ་མ་རེད་པེ་་་་ཆོས་པ་ཚོ།
ཀློ་དམག་སྒར་དུམ་བུ་ཁ་བྲལ་བཟོས། ནང་འཛིང་རྒྱག་བཅུག རྒན་འབའ་པ་ཡེ་ཤེས་ཕྱོགས་ཁ་ཟེར་བ་ཞིག་དང་གཞན་དག་ཕྱོགས་ཁ་གཉིས་སུ་ཕྱེས་ནས་ནུས་མེད་བཟོས།
མདོ་ཁམས་ཆུ་བཞི་་སྒང་དྲུག་རྒྱ་དམར་ནག་གཉིས་ཀྱི་ཕོག་ཟ་མཁན་རེད་ཟེར་ནས་དུམ་བུ་ཁ་བྲལ་བཟོས། ཆུ་གསར་རྙིང་གཉིས་བཟོས། ནུས་མེད་བཟོས།
གཞོན་ནུ་ཚོགས་པ་དུམ་བུ་ཁ་བྲལ་བཟོས། དེ་སང་ཁ་བྲལ་ནས་འགྲོ་བཞིན་པའི་སྒང་ཡིན།
དགེ་ལུགས་པའི་རྡོ་རྗེ་ཤུགས་ལྡན་འདྲེ་རེད་ཟེར་ནས་དུམ་བུ་ཁ་བྲལ་བཟོས། དགེ་ལུགས་པ་དུམ་བུ་གཉིས་ཆགས་བསྡད་ཡོད།
བཀའ་རྒྱུད་པའི་སྐུ་སྤྲུ་གཅིག་དངོས་དང་གཅིག་རྫུན་མ་རེད་ཟེར་ནས་དུམ་བུ་ཁ་བྲལ་བཟོས། ཕྱོགས་ཁ་གཉིས་ཀྱི་འཐབ་རྩོད་རྒྱུན་མ་ཆོད་པ་ལྷག་ཡོད།
བོད་མི་རིགས་ལ་བསམ་དཀར་བའི་བོད་མི་ཚོས་བསམ་བློ་ཐོངས། ག་རེ་བྱས་ནས་འདི་འདྲ་བའི་དུམ་བུ་ཁ་བྲལ་ཆགས་སོང་བ་རེད། སུ་ཡིས་བཟོས་པ་རེད། གང་གི་ཆེད་དུ་རེད། མར་ཉལ་ནས་བསམ་བློ་ཐོངས། ཡར་ལངས་ནས་བསམ་བློ་ཐོངས། ད་དུང་མ་ཤེས་ན་་རྒྱ་མཚོའི་འགྲན་དུ་བསྡད་ནས་བསམ་བློ་ཐོངས་དང་རིག་པ་གསལ་བ་ཡོད། དེ་ནས་ཤེས་པའི་རེ་བ་ཡོད།
ཅོ་རི་ཉི་མ་ལགས། ཤུགས་ལྡན་ནམ་གདོང་འདྲེའི་ན་ཚས་སྨྱོན་པ་ཆགས་ས་རེད། གཟབ་ཙམ
གནོངས།
ཚེ་རིང་ལགས། རྨོངས་དད་ཀྱི་ཞྭ་མོ་གཡུགས་ཚར་བའི་ཅོ་རི་ལ་ལྷ་འདྲེའི་ན་ཚ་ཕོག་ཐུབ་ཀྱིན་མ་རེད། སྔོན་འགོག་གྱི་ཁབ་བརྒྱབས་ཚར་བ་དང་གཅིག་པ་རེད། དེ་ལས་ཁྱོད་རང་ཆོས་ལུགས་ཀྱི་ན་ཚ་ཡོད་ཟོལ་འདུག་ག སྨན་པ་ཡག་པོ་ཞིལ་སྟོན་ཙམ་བྱོས་་་་་ལོ།་་་་ཧཧཧ
དམ་པ་དགེ་ཆོས་ཀྱིས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེས།
འདི་ཉིད་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་གི་བདེན་ཁ་རང་ལ་སྤྱིན་པ་འདི།
རིགས་མཐུན་ཚོགས་སུ་སྨྲས་ན་ཉམས་རེ་དགའ།
མི་མཐུན་ཚོགས་སུ་སྨྲས་ན་ཞེ་རེ་ཁྲོ།་་་་ཞེས་གསུངས་ཡོད།
ཅོ་རིས།
ལ་རེའི་སྒང་ན་མི་མཐུན་ཡུལ་ལྷ་རེ།
དེ་ཉིད་མཆོད་མཁན་མཁས་བླུན་སྟོང་ཕྲག་རེས།
འདི་ཡི་ཕན་ལ་འདི་ཡི་གྲོགས་མཛད་ཅེས།
རང་གི་མགོ་བོ་རང་གིས་སྐོར་བ་འདི།
བློ་མཐུན་ཚོགས་སུ་སྨྲས་ན་ཉམས་རེ་དགའ།
བློ་མི་མཐུན་ལ་སྨྲས་ན་ཁོང་ཁྲོའི་རྒྱུ།
ལྷ་དད་སྤྲུལ་དད་ཅན་གྱི་བོད་མི་ཚོས།
རང་རང་སོ་སོའི་རྣམ་རྟོག་ཞིང་ཁམས་སུ།
མི་འགྲུབ་ལས་དོན་ལྷ་ལ་བཀལ་བ་ལས།
མྱོང་བ་དངོས་གྲུབ་ཡོད་མཁན་སུ་ཞིག་ཡོད།་་་་ཧཧཧ
ཀླད་པ་ཆོས་ཀྱིས་བཟི་བའི་མི་རིགས་འདིས།
རང་ཉིད་ཆོས་བཟི་ཡིན་པར་མི་ཤེས་ཁུ།
དབང་རྩ་ཆང་གིས་བཟི་བའི་ཆང་རྐྱལ་ཚོས།
རང་ཉིད་ཆང་བཟི་ཡིན་པར་མི་ཤེས་ཁུ།།།
ཀླད་པ་ཆོས་ཀྱིས་བཟི་ན་མི་ཚེ་གཅིག
དབང་རྩ་ཆང་གིས་བཟི་ན་ཆུ་ཚོད་བཅུ།
ཆོས་བཟི་ཆང་བཟི་གཉིས་ཀྱི་སྨྱོ་ཡུན་གྱི།
ཁྱད་པ་ཕྱེས་ན་ཆོས་བཟི་སྨྱོན་ཡུན་རིང་།།།
ཆུ་ཚོད་བཅུ་ལ་སྨྱོན་བའི་ཆང་བཟི་དང་།
མི་ཚེ་གཅིག་ལ་སྨྱོན་བའི་ཆོས་བཟི་གཉིས།
སྨྱོན་པའི་སྨྱོ་ངོ་མ་ཤེས་འདྲ་འདྲ་ཡིན།
ཡུལ་ནང་ཕུང་ལ་སྦྱར་ཆོས་བཟི་ཡིན།།་་་་་ཧཧཧ
ཡུལ་ལུང་ཕུང་ལ་སྦྱར་མཁན་ཆོས་བཟི་ཡིན།།་་་་་ཧཧཧ་་་་ཞེས་བཅོས་རོགས
དེ་རིང་གི་ཅོ་རི་ཉི་མ་དེ་རིང་ཁྱོད་ཀྱི་ལས་འགུལ་ཡག་པོ་འཁྱོངས་མི་འདུག་གཱ རྩིས་འཕྲོད་ཀྱི་རེད་དམ།
ཨོ་ཧཧཧ་་་་དཔལ་དོན་ལགས། ང་ཅོ་རི་ཡང་ཁྱོད་རང་ནང་བཞིན་བྲན་གཡོག་ཞིག་རེད་བསམས་ཀྱི་འདུག་གམ། གཞན་གྱི་བཀའ་བཀོད་འོག་ལས་ཀ་བྱེད་དགོས་མཁན་ཁྱོད་རང་ལྟ་བུ་རྣམས་ཀྱིས་དང་པོར་སོ་སོའི་དབང་རང་འཐབ་རྩོད་བྱོས། རང་ཉིད་ཆོས་སྲིད་གཉིས་ཀྱི་བྲན་གཡོག་ནས་ཐར་ཚར་དུས་སྤྱིའི་པའི་རང་དབང་དང་དམངས་གཙོ་ཡི་ཆེད་དུ་འཐབ་རྩོད་བྱ་ཆོག་གི་རེད།
རང་ཉིད་སུག་བཞི་ས་ལ་བཙུགས་མཁན་གྱི་ཆོས་སྲིད་གཉིས་ཀྱི་བྲན་གཡོག་ཞིག་གིས་ང་ཅོ་རི་གཞན་གྱི་བཀའ་བཀོད་འོག་ཏུ་ཡོད་མདོག་མདོག་གི་སྐད་ཆ་བཤད་པ་འདི་ནི་གནད་ལུགས་དང་མཐུན་པ་ཞིག་ཅང་མ་རེད་དོ།་་་་ཧཧཧ
སུག་བཞི་ས་ལ་བཙུགས་མཁན་བོད་མི་ཚོས།
སུག་བཞིའི་མ་འདང་མགོ་ཡང་ས་ལ་བཙུགས།
མི་ལུས་ལེན་ཀྱང་ལྕེ་ཡང་ཁྱི་ལྟར་བརྐྱངས།
འདི་ཚོ་མཐོང་དུས་ཅོ་རིའི་སེམས་པ་སྐྱོ།
འགྲོ་བ་མི་ཡིས་རྐང་གཉིས་ས་ལ་བཙུགས།
ཁ་དང་མགོ་རྣ་བར་སྣང་དགུང་ལ་བཀྱགས།
དཔའ་དང་སྤོབས་པ་མཐོ་བའི་ནུབ་མིའི་གཤིས།
འདི་ཚོ་མཐོང་དུས་ཅོ་རིའི་ཡིད་སྨོན་ཤོར།
བདེ་སྐྱིད་སྙིང་དོན་རང་དབང་རྒྱུ་ལས་བྱུང་།
རང་དབང་གཙང་མ་དཔའ་དང་སྤོབས་ལས་བྱུང་།
དཔའ་དང་སྤོབས་པ་མེད་པའི་མི་རིགས་ལ།
བདེ་དང་སྐྱིད་པའི་ཉི་མ་ཤར་དོན་མེད།།
དེ་རིང་གི་ཅོ་རིའི་མཆན་དེས་གླ་ཕོག་ཅུང་ཟད་རེག་ཡོད་འགྲོ། ཧཧཧཧཧཧཧཧཧཧཧ མི་འདི་ཚོ་སྨྱོས་ནས་ཆི་བཤད་འདི་བཤད་མི་འདུག
གླ་ཕོག་ལེན་ནས་མཆན་བུ་འབྲི་དང་གླ་ཕོ་སྤྲད་ནས་མཆན་བུ་འབྲི་བཅུག་མཁན་དེ་ཚོ་ང་ཅང་ཡིན་ས་མེད། ཁྱོད་རང་ཚོས་བྱས་པའི་ལས་ཀ་དེ་དག་ངས་ཀྱང་བྱེད་ཀྱི་ཡོད་ས་རེད་བསམས་ན་ནོར་འཁྲུལ་རེད་དོ།་་་་་ཧཧཧཧ མྱི་འདི་ཚོ་ཡིན་ན།
དྲ་གྲོགས་དག །འདི་ནས་ཡུ་ཌོབ་ལ་བལྟས་དུས། ས་སྐྱ་གོང་མ། ཟམ་གདོང་རྣམས་ཀྱི་གསུང་མཇལ་སོང་། དེ་བཞིན་དོལ་རྒྱལ་ཕྱོགས་ཀྱི་བཤད་པ་འདུག བོད་ཀྱི་བླ་ཆེན་མང་ཆེ་བས་རང་ཉིད་དཀར་འདོན་གནང་གི་འདུག རྙིང་མའི་བླ་ཆེན་འགའ་ཞིག་དང་། ཀརྨ་པ་རྣམ་གཉིས་ཀྱིས་ཐུགས་ལྷོད་ལྷོད་བྱས་ནས་ང་ཚོ་ལ་འབྲེལ་བ་གཏན་ནས་མེད་ཟེར་བའི་རྣམ་པས་བཞུགས་ཤག གལ་ཏེ་གསུང་བཤད་ཅིག་གནང་ཡང་༧གོང་ས་མཆོག་གིས་འདི་ལྟར་གསུང་ཟེར་བ་ལས་རང་ལྟ་འདི་ཡིན་གྱི་གསལ་ཁ་མེད་པར་ཐུགས་སྒམ་པོ་གནང་ཟོལ་འདུག ད་ནི་བོད་ཀྱི་བླ་ཆེན་དང་མི་ཆེན་རྣམས་གོ་སྐབས་གང་ཐོབ་ཀྱིས་རྒྱ་ནག་ལ་འཚང་ཀ་རྒྱག་པའི་དུས་ལ་བབ་པ་མིན་ནམ། ༧གོང་མཆོག་དགུང་ལོ་མཐོ། བོད་པ་རྣམས་སྟོང་འུར་ཆེ། ལྷ་འདྲེའི་རྩོད་པ་འདི་སྙོག་དྲ་རེ་ཆེ། བོད་གཏན་ནས་ཆོས་མེད་དུ་གྱུར་དུས་རྩོད་པ་འདི་ཞུ་ཐུབ་བམ། དགོན་པ་མི་དགོས། རྟེན་གསུམ་མི་དགོས། གནའ་སྲོལ་མི་དགོས། བླ་མ་མི་དགོས། སྤྲུལ་སྐུ་མི་དགོས། ཆོས་ལུགས་མི་དགོས། མི་མངགི་འདོད་པ་མི་དགོས། སྤང་བྱ་མང་ལུགས་ལ་བལྟས་ན་དེའི་ལྡོག་པའི་བླང་བྱ་མང་ཚོད་རེད། མཐུན་སྒྲིལ་ཟེར་བ་ཐབས་ལམ་ཅི་ལ་བརྟེན་ནས་བྱེད། དགོས་མཁོ་ཞིག་མེད་དུས་འབད་པ་ཅིའི་པྱིར་བྱེད། ཉམས་ཆུང་ནི་བོད་མིན་པ་གཞན་ཡང་ཡོད། སྙིང་རྗེ་བས་ནི་མིན།རིགས་རུས་རྣམ་དག་ཤེས་མཁན་ནི་བོད་ལ་ཉུང་། ཕ་རྒན་གོང་ནས་མི་རབས་ལྔ་བརྩི་རྒྱུ་ཡོད་མཁན་དཀོན་པོ་རེད། སྐད་ཡིག་ཡག་པོ་ཤེས་མཁན་ནི་ཕྱིར་སྡོད་པའི་ནང་དུ་ཉུང་། བཀའ་བློན་ཁྲི་བ་བཞིན། ཅི་ཞིག་བྱེད། ཅི་ཞིག་རྩོད། མགོ་རྨོངས་སོང་། ཤེས་རབ་ཀྱི་བདག་ཉིད་རྣམས་ད་ཅི་བྱེད། རང་ཉིད་སྣང་བ་གུ་ཡངས་བྱས་ནས་སྡོད་པ་སླ་ཡང་། སྤྱི་ལ་ཕན་པའི་བྱ་བ་ཞིག་ཅི་ལྟར་བྱེད།
རེད་་་བོད་ཀྱི་མི་ཆེན་བླ་ཆེན་ཚོས་རྒྱ་གུན་ཁྲན་ཏང་གི་རྗེས་སུ་རྒྱུགས་ནས་རང་ཉིད་ཁོ་ནའི་ཁེ་ཕན་བསམ་བཞིན་ཡོད་པ་ཡང་གསལ་པོ་རེད། ཡིན་ཀྱང་བོད་རྒྱལ་ཁབ་འདི་བོད་མི་དམངས་ལ་བདག་པ་ལས་བླ་ཆེན་རེ་གཉིས་ལ་བདག་པ་ཞིག་མ་རེད། བོད་མི་དམངས་ཀྱི་ཐོབ་ཐོང་བདག་དབང་མ་རག་བར་དུ་བོད་མི་ཉམ་ཆུང་རྣམས་ལ་དཔལ་འབྱོར་གྱི་ཁེ་ཕན་དང་ཆོས་སྲིད་གཉིས་ཀྱི་ཐོག་ནས་རང་དབང་ཞིག་རག་མི་སྲིད།
མི་སེར་ཉམ་ཆུང་རྣམས་དམིགས་བྱ་གཙོ་བོ་དང་འདི་དག་གི་ཁེ་ཕན་གྱི་ཆེད་དུ་འཐབ་རྩོད་བྱེད་པ། ལས་ཀ་བྱེད་པ། རྡོག་རྩ་ཆིག་སྒྲིལ་བྱེད་པ། ངོ་རྒོལ་བྱེད་པ་སོགས་ནི་སྤྱི་འགྲོ་བ་མིའི་བཟང་སྤྱོད་དང་མཐུན་ཡོད་ལ་སྒེར་ཐེག་པ་ཆེན་པོའི་ཆོས་ལུགས་དང་མཐུན།
ང་ལ་ཆ་བཞག་ན་་་རང་ས་མ་མོའི་བྲང་ཁོག་འདྲ་བ་འདི་རང་མི་རྣམས་ལ་མ་བདག་པ་དང་། བོད་བཙན་པོའི་མི་རིགས་ལ་ཁྱི་ཞིག་གི་རིན་ཐང་མི་སྤྲད་པར་བརྙས་བཅོས་དང་དམར་གསོད། རྡུང་རྡེག་དང་བཙོན་བཅུག་སོགས་བྱས་དང་བྱེད་བཞིན་པའི་གནད་དོན་འདི་སེམས་སུ་བཟོད་དཀའ་བའི་སྡུག་བསྔལ་ཞིག་ལ་འགྱུར་སོང་བས་རང་ཉིད་སྣང་བ་གུ་ཡངས་བྱེད་ནས་སྡོད་མ་ཐུབ་པའི་གནས་སྟངས་མགོ་ཐོག་ཏུ་བབ།
རང་ཉིད་སྣང་བ་གུ་ཡངས་བྱེད་ནས་སྡོད་ཐུབ་ན་རང་ཉིད་སྐྱིད་པོ་ག་འདྲ། ཡིན་ཀྱང་སྐྱེས་ནས་ད་ལྟའི་བར་དུ་ང་བོད་མི་ཡིན། ང་བོད་ཀྱི་བུ་ཡིན། ང་བོད་ཀྱི་ཕོ་ཁྱོ་ཀ་ཞིག་ཡིན་ཟེར་ནས་མི་ཚེ་བསྐྱེལ་པ་རེད། རང་ཉིད་སྐྱིད་པོ་བྱུང་ན་བོད་མི་རིགས་ཀྱི་བདེ་སྡུག་ལ་རྩ་བ་ནས་བསམ་བློ་མ་བཏང་བ་སྡོད་པ་ཡིན་ན་་་་ལ་རྒྱ་མེད་མཁན། རྒྱུ་འབྲས་མེད་མཁན། མི་ལུས་ལེན་ཀྱང་དུད་འགྲོ་བཞིན་རེད་བསམས་ཀྱི་འདུག
ང་ཚོས་ངེས་པ་ཏུ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས། སྤོབས་པ་བྱེད་དགོས། སྙིང་སྟོབས་སྐྱེད་དགོས། རང་དབང་དང་འདྲ་མཉམ་གྱི་ཕྱོགས་སུ་གོམས་ཁ་འགྱུར་དགོས། བོད་ཆེན་པོའི་ཁེ་ཕན་དེ་ཉིད་རང་གི་ཕ་རྩ་བུ་རྒྱུད་ཀྱི་ཁེ་ཕན་ཡིན་པར་ཤེས་དགོས། འདིར་ཤེས་པའི་ཐོག་ནས་བོད་ཆེན་པོའི་དར་ཆ་འཕྱར་དགོས། བོད་ཆེན་པོའི་མི་རིགས་ཀྱི་ཐུན་མོང་གི་རྟེན་གཞི་འཚོལ་དགོས།
དྲི་མེད་ལྷག་བསམ་ལགས་ཀྱི་དགོངས་ཚུལ་དེར་མོས་མཐུན་ཆེན་པོ་ཡོད། སྐབས་དོན་སྲུང་མར་བསྙད་པའི་རྙོག་དྲ་དེ་ཕྱོགས་ཞེན་དང་དད་པ་ཙམ་གྱི་དབང་དུ་མི་འགྲོ་བར། གནས་ལུགས་དང་དགོས་པ་རྒྱུ་རྒྱུ་མཚན་ཡང་དག་ཅིག་གི་ལམ་དུ་ཕྱོགས་ནས་བདེན་པའི་གསལ་བཤད་རེ་གནང་རྒྱུ་ནི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོར་ཡང་ལས་འགན་ཡོད་བསྡད་ངེས་ཤིག་རེད།
ངའི་སེམས་ཁུང་གི་བོད་མི་རིགས་འདི་མགོ་བོར་ཤིག་ཙ་རེ། རྐུབ་སྐྱག་པ་ཙ་རེ། ལུས་དྲི་ངན་ཐུལ་ལེ། ན་ཚ་བྱུང་ན་སྨན་རིན་མེད། རྒ་ན་རྒད་གསོ་མེད། ཉམ་ཐག་རྣམས་ལ་སྐྱོབ་གསོ། འཚོ་བའི་སྲུང་སྐྱོབ་ཡག་པོ་ཞིག་རྩ་བ་ནས་མེད། མི་རིགས་གཞན་དག་ཚོ་ཟླ་བའི་གོ་ལའི་ཐོག་ཏུ་འགྲོ་དུས་ངའི་སེམས་ཁུང་གི་བོད་མི་རིགས་ཀྱིས་རྐང་འཁོར་ཙམ་ཡང་བཟོ་མ་ཤེས། རྗེས་ལུས་ནང་གི་ཡང་ལུས་ཤོར། ད་དུང་་་བློ་བདེ་གུ་ཡངས་ཀྱི་མི་ཚེ་ཞིག་སྐྱེལ་ཐུབ་མཁན་ཞིག་ཡིན་ན་་་་དུད་འགྲོ་དང་གཅིག་པ་རེད་འདོད།
ཆོས་རྒྱུད་ཚང་མས་དགེ་ལུགས་པའི་སྐྱག་པ་ལ་ལག་པ་འཆང་དགོས་པའི་དོན་དག་ཅང་ཨེ་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡོངས་ཀྱིས་དོལ་རྒྱལ་ཚོགས་པའི་ཐོག་ཏུ་ངར་དགོས་པའི་གནད་དོན་ཅང་མེད་པ། དོལ་རྒྱལ་ཚོགས་པའི་བོད་རིགས་མི་དམངས་ང་ཚོ་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་རེད་བ། ཁྲུས་ན་མ་དག་པའི་བོད་དྲི་ཐུལ་ལེ་ཡོད་མཁན་རེད་བ།
ཅོ་རི་ལགས། ༡༽ཐུན་མོང་གི་རྟེན་གཞི་ངོས་འཛིན་ཇི་ལྟར་བྱ། ཆོས་ལུགས་མི་དགོས། མི་རིགས་མི་ཤེས། བཀུར་རྒྱུ་མེད། འདྲ་མཉམ་མི་ཡོང་། རང་བཙན་མི་དགོས། འགྲུབ་མི་ནུས་པའི་དམིགས་ཡུལ་ཞིག་ཤེས་ལྡན་སུ་ཞིག་གིས་རྩོད། ༢༽ཕ་ཡུལ་ངོས་འཛིན། ཡུལ་ཁམས་གང་ཡིན་ཡང་འཕོ་སྐྱེས་བཏེགས་ནས་ཡོང་བ་ཡིན་པས་ཕ་ཡུལ་ངོས་འཛིན་གང་ལ་བྱེད། སྐྱེ་ས། འཚོ་་ས། རང་གིས་ཉོས་པས་དབང་། ཕ་མེས་མི་རབས་ཁ་ཤས་སྡོད་པའི་ས་སོགས། ༣༽མི་རིགས་ངོས་འཛིན། མི་ཆེན་དང་སྐུ་དྲག་ཁྱིམས་རྒྱུད་ཆེན་པོ་འགའ་ཞིག་ལས་མི་རབས་ལོ་རྒྱུས་གླེང་མི་ཤེས་པས་མི་རིགས་ཀྱི་ངོས་འཛིན་ཅི་ལྟར་བྱ། ༤༽རིག་གཞུང་ནི་མི་སྒེར་བ་ཞིག་གི་ཆིག་ཐུབ་ཏུ་བཟོས་པ་མིན་པར་སྣ་ཚོགས་མི་རིགས་འདུས་པའི་རྣམ་དཔྱོད་ལས་བྱུང་། འགྲོ་བ་མིའི་སྤྱི་ཚོགས་ལ་མ་ཕན་ན་བསྲུང་པས་ཅི་བྱ། ༥༽ཅིའི་ཕྱིར་རྩོད། ཤ་མཁོན་ཆེད་ཡིན་ན་ཕུ་ནུའི་ནང་དུའང་ཡོད། བརྙས་བཅོས་ཆེད་ཡིན་ན་རང་རིགས་ཀྱིས་ཀྱང་བྱེད། འདྲ་མཉམ་འདོད་པ་ཡིན་ན་རང་དབང་ལུང་པ་ཞིག་ཏུ་བསྡད་པས་ཆོག ༦༽སྐྱིད་སྡུག་མཉམ་ཁུར། འགྲོ་བ་མིའི་རིགས་སུ་གྱུར་པ་ཐམས་ཅད་ལ་དགོས་པ་ལས་མི་རིགས་གཅིག་ཁོ་ནའི་བདག་དབང་མིན། ༧༽ཆིག་སྒྲིལ་གྱི་ཆ་རྐྱེན། གོང་གསལ་འདི་དག་ལ་ལན་་ཡག་པོ་མ་རྙེད་ངེས་་ཤེས་མ་སྐྱེས་བར་ཏུ་སྒེར་དོན་དོན་གཉེར་ལས་མ་འདས་པས། དེ་གནས་གང་དུ་སྒྲུབ་ཀྱང་རུང་། མི་སུ་ལ་ཕན་ཐོགས་ཀྱང་ཆོག་པ་མ་ཡིན་ནམ། བོད་ཀྱི་གཞོན་ནུ་། ལུང་རིགས་རྣམ་དཔྱོད་ལྡན་པ་ཡིན་ན་ནང་འགལ་མེད་པ་ཞིག་གསུང་གྲོགས་ཞུ། །
དགེ་བཤེས་ལགས་ཀྱིས་ཤུགས་ལྡན་བསྟེན་མཁན་ཡིན་ན། དོན་གཅོད་ཁག་ནས་རྒྱབ་གཉེར་ལེན་པའི་སྔོན་འགྲོ་ནི་ཤུགས་ལྡན་བསྟེན་གྱི་མིན་ཟེར་དགོས་པ་དེ་རེད་ཟེར། དེ་ནི་བཀག་འགོག་མ་རེད་དམ།
གོང་ས་ཆེན་པོ་བོད་མིའི་སྐྱབས་གནས་ཡིན།།
བཙན་བྱོལ་སྒྲིག་འཛུགས་བོད་མིའི་རྒྱབ་རྟེན་ཡིན།།
དོལ་རྒྱལ་བ་ནི་བོད་མིའི་དགྲ་བོ་ཡིན།།
འདི་ཚོ་ནམ་ཡང་ཤེས་དགོས་བོད་པ་ཚོ།།
ཁ་མཁས་འདྲ་ཆག་མགོ་སྐོར་གཏོང་མཁན་དང་།།
རྒྱ་དངུལ་ཟས་ནས་བོད་དོན་གླེང་མཁན་དང་།།
མཐུན་སྒྲིལ་ཁར་ཁྱེར་དོལ་ཚོགས་རྒྱབ་སྐྱོར་མཁན།།
འདི་ཚོ་གཡོ་ཆེན་ཝ་མོའི་བུ་རྒྱུད་ཡིན།།
ཕྱི་དགྲ་ཐུག་དུས་གར་སོང་ཆ་མེད་མཁན།།
ནང་ལ་ཐུག་དུས་སྟང་ངར་གཡག་ངར་མཁན།།
ངོ་ཚ་མེད་པའི་ངོ་སྤགས་མཐུག་པོ་ཅན།།
འདི་ཚོ་ཁྱི་ནག་ཡིན་པ་ཤེས་པར་གྱིས།།
དྲི་མེད་ལྷག་བསམ་ལགས།
༡་་་ཐུན་མོང་གི་རྟེན་གཞི་ངོས་འཛིན་ཇི་ལྟར་བྱ་ཅེས་པའིོ་དྲི་བ་འདི་གནད་འགག་ཆེན་པོ་ཞིག་རེད། རྗེས་སུ་ང་རང་ཚོས་རྒྱས་ཙམ་གླེང་གི་ཡིན།
༢་་་་ཆོས་ལུགས་མི་དགོས། མི་རིགས་མི་ཤེས། བཀུར་རྒྱུ་མེད། འདྲ་མཉམ་མི་ཡོང་། རང་བཙན་མི་དགོས། འགྲུབ་མི་ནུས་པའི་དམིགས་ཡུལ་ཞིག་ཤེས་ལྡན་སུ་ཞིག་གིས་རྩོད།ཅེས་དྲི་བ་དག་ནི་ང་ལ་དྲི་འོང་པའི་དྲི་ཞིག་ཀྱང་མ་རེད།
༣་་་་ཕ་ཡུལ་ངོས་འཛིན། ཡུལ་ཁམས་གང་ཡིན་ཡང་འཕོ་སྐྱེས་བཏེགས་ནས་ཡོང་བ་ཡིན་པས་ཕ་ཡུལ་ངོས་འཛིན་གང་ལ་བྱེད། སྐྱེ་ས། འཚོ་་ས། རང་གིས་ཉོས་པས་དབང་། ཕ་མེས་མི་རབས་ཁ་ཤས་སྡོད་པའི་ས་སོགས།ཅེས་པའི་དྲི་བ་འདི་ནི་་་ཧཧཧཧ་་་་ལན།
ནུབ་ཕྱོགས་པས་མ་ཡུལ་དང་མ་སྐད་ཟེར་གྱི་འདུག བོད་པས་ཕ་ཡུལ་དང་ཕ་སྐད་ཟེར་གྱི་འདུག གང་ཡིན་ཡང་ཕ་ཡུལ་གྱི་ངོས་འཛིན་སྟངས་བཤད་ཤོག་ཟེར་འོང་དུས་རྒྱུ་མཚན་ཡང་དག་ཡིན་པའི་རྟགས་ཤིག་བཀོད་ཁག་པོ་འདྲ་ཞིག་ཀྱང་འདུག
འགྲོ་བ་མིའི་ཐོག་མའི་བྱུང་ས་འབྱུང་ཁུངས་དེ་ཉིད་འགྲོ་བ་མིའི་ཕ་ཡུལ་ཡིན་ཟེར་ན་་་་འགྲོ་བ་མིའི་ཕ་ཡུལ་ངོ་མ་ཨ་ཧྥི་རི་ཀ་ཡིན་དགོས། ཚན་རིག་པས་འགྲོ་བ་མི་ཡོངས་རྫོགས་ཐོག་མར་ཨ་ཧྥ་རི་ཀ་ནས་བྱུང་བ་ཁས་ལེན། འགྲོ་བ་མིའི་རིགས་འདི་རི་དྭགས་འཁྱམས་འཁྱམས་ཀྱི་མཐའ་མ་ཁྱིམ་ཚང་ཟེར་བ་ཞིག་བཙུགས་ཐུབ་པ་བྱུང་། དེ་ནས་གོ་བརྡ་སྤྲོད་ཐུབ་པའི་ཁྱིམ་ཚང་གི་སྐད་བྱུང་། དེ་ནས་ཆབ་སྲིད་བྱུང་། དེ་ནས་རྒྱལ་པོ་དང་དཔོན་པོ་སོགས་བྱུང་། དེ་ནས་ཆོས་ལུགས་བྱུང་། དེ་ནས་ཡི་གེ་བྱུང་།
མདོ་ན་ཁྱིམ་གཞི་དེ་ཆགས་སའི་ས་ཆ་དེ་ལ་ཕ་ས་མ་ཡུལ་ཟེར། ཁྱིམ་སྐད་དེ་ལ་ཕ་སྐད་དང་མ་སྐད་ཟེར། དེ་ལྷག་གི་ཕ་ཡུལ་དང་མ་སྐད་་ངོས་འཛིན་གྱི་མེད་སྙམ།
དཔེར་ན། དེང་སང་བོད་མི་མང་པོ་ནུབ་ཕྱོགས་སུ་འཕོ་འགྱུར་བྱུང་ནས་ནུབ་ཕྱོགས་་རྒྱལ་ཁབ་ཁག་གི་མི་སེར་ཡིན་ཀྱང་བོད་མི་དེ་ཚོས་ཕ་ས་མ་ཡུལ་དང་ནུབ་སྐད་དེ་ཉིད་མ་སྐད་ཡིན་པར་སུ་ཀྱང་ངོས་ལེན་མི་བྱེད།
༤་་་་མི་རིགས་ངོས་འཛིན། མི་ཆེན་དང་སྐུ་དྲག་ཁྱིམས་རྒྱུད་ཆེན་པོ་འགའ་ཞིག་ལས་མི་རབས་ལོ་རྒྱུས་གླེང་མི་ཤེས་པས་མི་རིགས་ཀྱི་ངོས་འཛིན་ཅི་ལྟར་བྱ། ཅེས་པ་འདིའི་ལན།
མི་ཆེན་དང་རྒྱལ་པོའི་ཁྱིམ་རྒྱུད་རེ་འགའ་མ་གཏོགས་ལོ་རྒྱུས་ཡིག་ཐོག་ནས་མེད་པས་གླེང་ཤེས་པ་ཏོག་ཙམ་དཀའ་མོ་ཡིན་ཀྱང་ལོ་རྒྱུས་མེད་པ་མིན་པས་མི་རིགས་ངོས་འཛིན་མི་ཐུབ་དོན་ཅང་མི་འདུག བོད་བཙན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུད་ཡིག་ཐོག་ཏུ་ཡོད་པའི་རྒྱུ་མཚན་གྱིས་བོད་མི་རིགས་ངོས་འཛིན་ཐུབ་ཀྱི་ཡོད། བོད་བཙན་པོའི་རྒྱལ་རྒྱུད་ཀྱི་ལོ་རྒྱུས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་གསལ་བསྟན་བྱས་ཡོད། རྒྱལ་པོ་ཡོད་ན་འབངས་མི་ཡོད་དགོས་པའི་རྟེན་འབྱུང་གི་འབྲེལ་བ་འདིའི་ཐོག་ནས་གསལ་བཤད་བྱེད་ཀྱི་རེད།
༥་་་ཅིའི་ཕྱིར་རྩོད། ཤ་མཁོན་ཆེད་ཡིན་ན་ཕུ་ནུའི་ནང་དུའང་ཡོད། བརྙས་བཅོས་ཆེད་ཡིན་ན་རང་རིགས་ཀྱིས་ཀྱང་བྱེད། འདྲ་མཉམ་འདོད་པ་ཡིན་ན་རང་དབང་ལུང་པ་ཞིག་ཏུ་བསྡད་པས་ཆོག་་་་་་ཅེས་པའི་ལན།
ཅིའི་ཕྱིར་དུ་རྩོད་ཞེ་ན། ཐོབ་ཐང་དང་བདག་དབང་གི་ཆེད་དུ་རྩོད། དེ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མི་རིགས་ཡོད་བསྡད་པའི་ཐོབ་ཐང་དང་བདག་དབང་གི་ཆེད་དུ་རྩོད།
༦་་་་སྐྱིད་སྡུག་མཉམ་ཁུར། འགྲོ་བ་མིའི་རིགས་སུ་གྱུར་པ་ཐམས་ཅད་ལ་དགོས་པ་ལས་མི་རིགས་གཅིག་ཁོ་ནའི་བདག་དབང་མིན།ཞེས་པའི་ལན།
ཧཧཧ་་སྐྱིད་སྡུག་མཉམ་ཁུར་ཟེར་བ་འདིའི་གོམ་པ་དང་པོར་ནང་ནས་སྤོ་དགོས། དེ་ནས་རང་དང་རིགས་གཅིག་པའི་མི་རིགས་ཀྱི་ཐོག་ཏུ་སྤོ་དགོས། དེ་ནས་འགྲོ་བ་མིའི་རིགས་ཐམས་ཅད་ཀྱི་ཐོག་ཏུ་སྤོ་དགོས། ཐེག་པ་ཆེན་པོའི་སེམས་སྐྱེད་དུས་དང་པོར་རང་གི་ཨ་མའི་དྲིན་ཤེས། དེ་ནས་མ་གྱུར་སེམས་ཅད་ཐམས་ཅད་ཟེར་ནས་སེམས་སྐྱེད་དགོས། རང་གི་ཨ་མ་སྒོ་རྒྱབ་ཕུད་མཁན་གྱི་བྱང་ཆུབ་སེམས་དཔའ་མེད་ལ་་་་རང་གི་མི་རིགས་དང་སྐྱིད་སྡུག་མཉམ་ཁུར་མེད་མཁན་ཞིག་གིས་འགྲོ་བ་མི་ཐམས་ཅད་དང་སྐྱིད་སྡུག་མཉམ་ཁུར་ཡོང་མི་སྲིད།་་་་ཧཧཧཧ
དོལ་རྒྱལ་ དོལ་རྒྱལ་ དོལ་རྒྱལ་
དོལ་རྒྱལ་ཚོགས་པས་བོད་མིའི་ནང་ཁུལ་ལ་མི་གསོད་ཁྲག་སྦྱོར་བྱས་ནས་གཅར་རྡུང་ཚོད་མེད་བཏང་སོང་། འདི་གཅིག་ཡིན། དོལ་ཚོགས་ཀྱིས་བོད་ནང་གི་བོད་མི་ཚོས་རྒྱལ་བ་ཡིད་བཞིན་ནོར་བུར་ཉིན་མཚན་ལྟོས་མེད་ཀྱིས་རེ་སྒུག་ཞུ་བཞིན་ཁོང་སྐུ་ཚེ་བརྟན་པའི་སྨོན་འདུན་བྱེད་པའི་མངོན་འདོད་ལ་རྡོལ་རུལ་བཏང་ནས་གོང་ས་མཆོག་ལ་སྐྱོན་བརྗོད་ཀྱིས་མ་ཚད་ངོ་རྒོལ་བྱས་སོང་། འདི་གཉིས་ཡིན། དོལ་ཚོགས་ཀྱིས་བོད་ཡུལ་ཁྲག་གིས་བརྫིས་བའི་དུས་སུའང་རང་ཉིད་བོད་མི་ཞིག་ཡིན་པའི་འགན་འཁྲི་གཡུག་ནས་ཟུར་ནས་ལྟད་མོ་ལྟ་བཞིན་བསྡད་པའི་མ་ཚད་དེང་སང་ད་དུང་རྒྱ་དམར་གཞུང་གི་མངོན་འདོད་སྒྲུབ་ཀྱི་འདུག དཔེར་ན་གོང་ས་མཆོག་ཡུ་རོབ་ནང་ཕེབས་སྐབས་གོང་ས་མཆོག་ལ་སྲིད་འཛིན་གྱིས་མཇལ་འཕྲད་མི་གནང་བའི་འབོད་སྐུལ་ཞུས་པ་དེ་ལྟ་བུའི་དགྲ་དགའ་གཉེན་སྡུག་གི་ལས་བྱེད་པ་རེད། དེ་གསུམ་ཡིན། དོལ་ཚོགས་ཀྱིས་དེ་འདྲ་བྱས་མེད་ན་གཞན་རང་རང་ས་ནས་ཁུ་སུམ་ངང་ལྷ་འདྲེ་གང་བསྟེན་ཡང་བསྟེན། ཁོ་ཚོའང་བོད་མི་ཡིན་པའི་ངོ་ལ་བལྟས་ནས་ང་ཚོས་ཀྱང་ཁོ་ཚོའི་ཕྱོགས་སུ་ལངས་ནས་སྐད་ཆ་རེ་བཤད་ན་ལོས་ཆོག་མོད་དོལ་འདྲེ་ཚོགས་པའི་ཐལ་དྲགས་པའི་བྱ་སྤྱོད་འདི་ལ་གུ་ཡང་གཏོང་ཐབས་བྲལ་སོང་། ཁྱེད་ཅོ་རུས་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་བཟོ་འདོད་ན་སྔོན་ལ་ཁོ་ཚོར་ཁ་ཏ་བསླབ་བྱ་བྱས་ནས་སྔ་འགྱོད་ཕྱིས་འདོམས་བྱེད་ཆུག་དང་དེ་ནས་བཤད་ཆོག་གི་རེད། རྩ་བའི་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་མི་འདོད་མཁན་སུ་ཡོད་དམ། རང་གི་མི་རིགས་ལ་ཤ་མི་ཚ་མཁན་སུ་ཡོད་དམ། ཡིན་ནའང་དོན་དག་ཡོད་ཚད་ཤ་ཚ་ཞེན་ཁོག་ཙམ་གྱིས་ཐག་གཅོད་ག་ལ་ཐུབ། ང་ཚོའི་ངོས་ནས་བསམ་ཤེས་ཇི་ཙམ་བྱས་ཀྱང་ལག་པ་ཡ་གཅིག་རེད། ལག་པ་ཡ་གཅིག་གིས་རྡོག་པ་ག་ནས་ཡོང་།
# 23 ཀརྨ་བློ་གསལ་་ལགས་ཀྱིས་མཆན་བཏབ་པ།:
September 8th, 2014 at 10:37 AM
དགེ་བཤེས་ལགས་ཀྱིས་ཤུགས་ལྡན་བསྟེན་མཁན་ཡིན་ན། དོན་གཅོད་ཁག་ནས་རྒྱབ་གཉེར་ལེན་པའི་སྔོན་འགྲོ་ནི་ཤུགས་ལྡན་བསྟེན་གྱི་མིན་ཟེར་དགོས་པ་དེ་རེད་ཟེར། དེ་ནི་བཀག་འགོག་མ་རེད་དམ།
་་་་
གོང་གི་མཆན་དེར་དགེ་བཤེས་ལགས་ནས་ལན་ཞིག་ཡོད་ན་ལེགས། དེ་མིན་ཚིག་དེ་ཕར་ཕྱོགས་ལ་དགོས་པའི་སྐད་ཆ་ཉེན་ཁ་ཅན་ཞིག་རེད།
ཧཧཧཧ་་་ལོང་རྟོགས་ལགས། ་ང་ཚོ་ནི་ཁྱི་རེད། ཁྱི་ནག་རེད།་་་་ཁྱོད་ཚོ་ནི་སྟག་རེད། སེང་གེ་རེད། གླང་ཆེན་རེད། དེ་ལས་ཆེ་བ་དགོས་ན་དགྲས་ནེ་སོབ་རེད།་་་ཧཧཧ དུས་རྟག་ཏུ་ཁྱི་འབོད་འཐེན་བསྡད་ན་གླ་ཕོག་ག་ཚོད་སྤྲད་ཀྱི་འདུག་གམ།
ཁྱོད་ཚོའི་མིག་མདུན་དུ་བོད་མི་ཉམ་ཚོ་ཁྱི་ལྟ་བུ་མཐོང་གི་ཡོད་པ་ནི་བདེན་པ་རེད་འདོད། ཡིན་་ཀྱང་ཁྱོད་ཚོས་ག་རེ་མཐོང་མིན་ལ་ལྟོས་པ་བོད་མི་ཉམ་ཆུང་ཚོ་ཡང་མི་ཡིན་པ་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁས་ལེན་ཡོད། ང་ཚོ་ལ་མིའི་ལག་ཁྱེར་ཡོད། མིའི་ཐོབ་ཐང་སྤྲོད་དགོས། སྨྲ་བརྗོད་རང་དབང་དགོས།་་་ཧཧཧ
ད་རེས་སྤྱི་འཐུས་དབང་ཆེན་ལགས་ལ་བཅར་དྲི་བྱས་པའི་གནད་དོན་དེའི་ཐོག་ནས་ཅོ་རི་ལ་ཐུགས་ཕོག་ཆེན་པོ་ཕྱིན་པ་འདྲ། ཅོ་རི་ཁྱོད་རང་གིས་ནམ་ཀུན་ནས་གནས་ལུགས་མེད་པའི་གླིང་སྒྲུང་ནང་གི་སྐད་ཆ་རྫིག་པོ་དེ་ཚོ་དྲ་ཕོག་ཏུ་ཕབ་ནས་སྐད་ཆ་ཤོད་སྐབས་དངོས་གནས་ལྐུག་རྟགས་སྟོན་གྱི་འདུག་ཀ ད་གནད་དོན་དངོས་ལ་བབ་རྒྱུ་ཡིན། དང་པོ། ཁྱོད་ཀྱིས་བོད་མིའི་ཁྲོད་བོད་རང་བཙན་བརྩོད་མཁན་ཉུང་ཉུང་མིན་བཅས་ཁ་སྤོབས་ཆེན་པོས་བརྗོད་པ་དེར་ཁུངས་ལུང་ཅི་ཡོད། བཙན་བྱོལ་གཞུང་གིས་མ་མཐར་མང་མོས་འོས་བསྡུ་བྱས་ཏེ་རང་བཙན་ལས་དབུ་མར་རྒྱབ་སྐྱོར་བྱེད་མཁན་དེ་བརྒྱ་ཆ་དྲུག་ཅུ་ཡན་བརྒལ་བ་དེ་མང་གཙོའི་ཚད་ལྡན་གྱི་འགྲོ་ལུགས་བརྒྱུད་ནས་བྱུང་བའི་གྲུབ་དོན་གཅིག་རེད། ཁྱོད་རང་ལ་དབུ་མ་ལས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་བའི་སྒྲུབ་བྱེད་དང་། གནས་ལུགས་ཅི་ཡོད། འདིར་ཁྱེར་ཤོག གཉིས་པ། ཤུགས་རྟེན་ནམ་གདོན་འདྲེ་བསྟེན་མཁན་དེ་ཡང་ཉུང་ཉུང་མ་རེད་བཅས་བརྗོད་པར་རྒྱུ་མཚན་ཅི་ཡོད། འཇར་མེ་ནི་ཡང་ཡོད་པའི་༧་གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དེ་དག་ཚང་མ་ཤུགས་རྟེན་གྱི་རྗེས་འབྲང་བ་ཡང་དག་ཡིན་པའི་སྒྲུབ་བྱེད་ཅི་ཡོད། ཁོ་ཚཽ་ཤུགས་རྟེན་གི་རྗེས་འབྲང་བ་ཡིན་དང་རྒྱ་མིའི་དངུལ་དངོས་ཀྱི་རྗེས་འབྲང་གཉིས་ཅི་ཞིག་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ཁྱོད་ལ་ཅི་ཡོད། ད་དུང་ཡང་ཤེས་དགོས་པའི་གནད་དོན་གལ་ཆེ་ཤོས་ནི། ད་ལྟའི་འདྲེ་དེའི་རྩོད་སྙོག་དེ་དགེ་ལུགས་པ་གཅིག་པོའི་བརྩོད་སྙོག་གཏན་ནས་མིན་དེ་གསལ་པོ་ཤེས་པར་གྱི་ཤིག ད་ལྟ་འདྲེ་དེ་རྒྱུག་ཁྱི་དེ་ཚོའི་དངུལ་ལོར་བཟོ་བའི་འཕྲུལ་ཆས་ཆགས་ཟིན་པ་རེད། འཕྲུལ་ཆས་སྐོར་བ་རྒྱག་ཐེངས་རེར་བོད་མི་རིགས་ཀྱི་སེམས་ཁམས་དུམ་བུར་གཏོང་གི་ཡོད། ད་དུང་ཁྱོད་ལ་གནས་ལུགས་དང་རྒྱུ་མཚན་དྲང་རྒྱུ་ཡོད་ན་འདིར་ཤོག་ཤིག་ང་གཉིས་རྩོད་ཆཽག་གི་རེད།
ཨ་ར་དཀར་པོ་ལགས། ཐུགས་རྗེ་ཆེ། ཁྱོད་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱེད་ཀྱི་ཡིན་ཟེར་བ་ཙམ་གྱིས་ངས་ཁྱོད་ལ་ཐུགས་རྗེ་ཆེ་ལབ་ཀྱི་ཡིད།
ད་ཁྱོད་ཀྱིས་གཅིག་དང་གཉིས་་་་་་་གསུམ་ཟེར་ནས་བཤད་པ་རྣམས་ལ་ཏོག་ཙམ་ཞུ་ཆོག་པ་བྱོས།
༡་་་་དོལ་རྒྱལ་ཚོགས་པས་བོད་མིའི་ནང་ཁུལ་ལ་མི་གསོད་ཁྲག་སྦྱོར་བྱས་ནས་གཅར་རྡུང་ཚོད་མེད་བཏང་སོང་། འདི་གཅིག་ཡིན། ཞེས་པའི་ལན།
དོལ་རྒྱལ་ཚོགས་པས་མི་བསད་སོང་ཟེར་བའི་སྐད་ཆ་འདི་དག་ཁས་ལེན་གྱི་མིན། རྒྱ་ནག་གོང་མའི་ཕོ་བྲང་ནང་དུ་གཅེན་པོ་ཧན་ཐོ་ལ་མདའ་ཞིག་བརྒྱབས་པ་དེ་དམག་སྤྱི་ཆེན་མོའི་མི་ཡིས་བརྒྱབས་པ་རེད་དམ། ཞང་བློན་གྱི་མི་ཡིས་བརྒྱབས་པ་རེད། གོང་མའི་གཅེན་པོ་གོ་ཐུང་སྟན་གྱི་མི་ཡིས་བརྒྱབས་པ་ཡིན་སུ་ཡིས་ཤེས།
གལ་སྲིད་མི་གསོད་ཁྲག་སྦྱར་བྱེད་མཁན་དེ་ཉིད་ཀྱི་ཐོག་ཏུ་ཁྱོད་རང་ཁོང་ཁྲོ་ལངས་ཀྱི་ཡོད་ན་་་༧རྒྱལ་བ་སྐུ་ཕྲེང་ལྔ་པ་ཐོག་ཏུ་ལོངས། བོད་མི་སྟོང་ཕྲག་ནས་སྟོང་ཕྲག་བསད་མྱངས་ཡོད་རེད།
༢་་་དོལ་ཚོགས་ཀྱིས་བོད་ནང་གི་བོད་མི་ཚོས་རྒྱལ་བ་ཡིད་བཞིན་ནོར་བུར་ཉིན་མཚན་ལྟོས་མེད་ཀྱིས་རེ་སྒུག་ཞུ་བཞིན་ཁོང་སྐུ་ཚེ་བརྟན་པའི་སྨོན་འདུན་བྱེད་པའི་མངོན་འདོད་ལ་རྡོལ་རུལ་བཏང་ནས་གོང་ས་མཆོག་ལ་སྐྱོན་བརྗོད་ཀྱིས་མ་ཚད་ངོ་རྒོལ་བྱས་སོང་། འདི་གཉིས་ཡིན། ཞེས་པའི་ལན།
བོད་ནང་གི་བོད་མི་ཚང་མས་རེ་བ་དང་རེ་སྒུག་མ་རེད། ཉུང་ཤོས་ཤིག་གི་རེ་བ་དང་རེ་སྒུག་རེད།
༣་་་དོལ་ཚོགས་ཀྱིས་བོད་ཡུལ་ཁྲག་གིས་བརྫིས་བའི་དུས་སུའང་རང་ཉིད་བོད་མི་ཞིག་ཡིན་པའི་འགན་འཁྲི་གཡུག་ནས་ཟུར་ནས་ལྟད་མོ་ལྟ་བཞིན་བསྡད་པའི་མ་ཚད་དེང་སང་ད་དུང་རྒྱ་དམར་གཞུང་གི་མངོན་འདོད་སྒྲུབ་ཀྱི་འདུག དཔེར་ན་གོང་ས་མཆོག་ཡུ་རོབ་ནང་ཕེབས་སྐབས་གོང་ས་མཆོག་ལ་སྲིད་འཛིན་གྱིས་མཇལ་འཕྲད་མི་གནང་བའི་འབོད་སྐུལ་ཞུས་པ་དེ་ལྟ་བུའི་དགྲ་དགའ་གཉེན་སྡུག་གི་ལས་བྱེད་པ་རེད། དེ་གསུམ་ཡིན།ཞེས་པའི་ལན།
བོད་ཡུལ་ཁྲག་གིས་དཀྲུགས་དུས་དང་བོད་མི་རྒྱ་དམག་གིས་བསད་དུས་་་་ལྷ་ཤུགས་ལྡན་བརྟེན་མཁན་གྱི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་། མེ་རྒྱོབ་རྒྱག་མཁན་གོ་བ་བསྟན་པ་རྒྱལ་མཚན་སོགས་ཀྱིས་ཤི་སྲོག་གིས་འཐབ་རྩོད་བྱས་པ་རེད།་ལྡད་མོ་མཁན་མ་རེད།
དེང་སང་གོ་བ་བསྟན་པ་རྒྱལ་མཚན་གྱི་བུ་ཕུན་ཚོགས་ཟེར་བ་དེ་བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དུ་བཏོན་ནས་གསོད་དགོས་མདོག་མདོག་དང་རྡུང་མདོག་མདོག་བྱེད་ཀྱི་ཡོད་རེད། འདི་ལ་དགྲ་དགའ་གཉེན་སྡུག་ཟེར།
༧རྒྱལ་བ་རིན་པོ་ཆེན་ལ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་སྲིད་འཛིན་ཚོས་མཇལ་འཕྲད་བྱེད་ན་བོད་ལ་ཕན་པ་དང་གནོད་པ་གཉིས་ཀ་ཡོད། ༧རྒྱལ་བ་རིན་པོ་ཆེན་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་ཕྱིན། དེའི་ཕྱིའི་ཨོ་བྷ་མའི་སྲིད་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་འཛམ་གླིང་ལ་བསྒྲགས། དེས་རྐྱེན་པས་རིང་ནས་བོད་རང་བཙན་ལ་ྱབ་སྐྱོར་བྱེད་མཁན་ཨེ་ལན་རྒྱལ་ཁབ་ཀྱིས་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མིན་ཞེས་བསྒྲགས། འདི་དག་མི་རིགས་ངོས་ནས་གྱོང་ཆེན་པོ་ཡིན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་རྡོག་རོལ་བཏང་བ་ཡིན། ༧རྒྱལ་བ་རིན་པོ་ཆེན་ནུབ་ཕྱོགས་པའི་དཔོན་རིགས་དང་མཇལ་འཕྲད་གནང་བ་དེ་བོད་དོན་ཡིན་པ་ལ་ངེས་ལེན་མེད། རྒྱ་དམག་གི་མངོན་འདོད་སྒྲུབ་མཁན་དོལ་ཚོགས་མིན། དབུ་མ་ཚང་ཡིན།
ཅོ་རི་ལགས། རྩ་བའི་ཁྱོད་ཀྱི་ལྷག་བསམ་ལ་རྨ་ཡོད་པར་མི་འདོད་ཀྱང་བསམ་བློ་གཏོང་ཕྱོགས་ལ་སྐྱོན་ཅིག་ཏན་ཏན་འདུག གོང་གི་རྒྱལ་བ་ལྔ་བ་དང་ཨ་འབྲུག་མགོན་བཀྲ་སོགས་གཡུག་ཞོག་འདས་པའི་ལོ་རྒྱུས་ཆགས་ཚར་རེད། གླེང་ནས་ཡོང་རྒྱུ་ཡོད་མ་རེད། རྒྱལ་བ་རིན་པོ་ཆེ་ཨོ་བྷ་མར་མཇལ་འཕྲད་གནང་བའི་རྐྱེན་གྱིས་ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ་ཆགས་པ་ཡིན་ན་གལ་སྲིད་མཇལ་འཕྲད་དེ་གནང་མེད་པ་ཡིན་ན་བོད་རང་བཙན་ལ་ཨ་རིས་རྒྱབ་སྐྱོར་བྱེད་ཀྱི་རེད་ཟེར་བ་ཡིན་ནམ། བསམ་བློའི་གོ་རྟོགས་འདི་ཙམ་ལས་མེད་ན་ངོ་མ་ཡིད་སྐྱོ་འང་ དགོངས་དག་ད་ང་ལ་དུས་ཚོད་མི་འདུག རྗེས་མ་མོལ
སྤྱིར་སྟངས་གུང་ཕྲན་ཏང་གི་བློ་མཐུན་ཅོ་རི་ལ་ངོ་ཚ་ནི་མེད་ཨུ་ཚུག་ནི་ཆེ་གནས་ལུག་དཔྱོད་པའི་བློ་མིག་ནི་མེད་པས་བཤད་མ་བཤད་ཅང་མི་འདུག་ལ། ཁོས་གང་བཤད་པ་དེ་དག་ནི་གཞི་རྩ་མེད་པའི་ཧམ་བཤད་ཡིན་པ་ཡང་ཚང་མས་ཤེས་གསལ་ཡིན་དུས་བཤད་དགོས་དོན་ཡང་ཆེར་མི་འདུག་མོད། འོན་ཀྱང་ངན་ལ་ཆད་པ་མེད་ན་ངན་པ་ཇེ་མང་རུ་འགྱུར་སྲིད་པས་ཚིག་ཁ་ཤས་བཤད་ན། དོལ་རྒྱལ་ཚོགས་པས་མི་གསད་ཡོད་པ་དེ་རྒྱ་གར་ཉེན་རྟོག་པས་དཔང་པོ་བྱས་ཡོད་པ་མ་ཟད་ལག་དམར་བའི་པར་དང་མིང་དགོན་པ་སོགས་རེ་རེ་བཞིན་དུ་གསལ་བསྒྲགས་བྱས་ཡོད་པས། ད་དུང་ཧམ་བཤད་བྱེད་ཕོད་པ་ནི་ལྕགས་གདོང་ཡིན་པས་མིན་ན་ཅི། གཉིས་བོད་ནང་གི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་གོང་ས་མཆོག་ལ་ཉིན་མཚན་དུས་དྲུག་ཏུ་སྒུག་ཡོད་པ་མ་ཟད་རང་ལུས་མེར་བསྲེགས་གནང་མཁན་ཡོངས་རྫོགས་ཀྱི་ཅིག་གྱུར་འབོད་ཚིག་ཅིག་ཡོད་པ་ནི་གོང་ས་མཆོག་བོད་ལ་ཕེབས་དགོས་ཞེས་པ་དེ་ཡིན་པས་ད་དུང་ཉུང་ཤོས་ཤིག་གི་རེ་སྒུག་རེད་ཟེར་ན་ཁྱོད་ཅོ་རི་ཉི་མ་ར་བཟི་བའམ་སྨྱོ་བ་གང་རུང་ཡིན་ངེས། ལྷ་ཤུགས་ལྡན་སྟེན་མཁན་ནི་ལི་ཐང་ཨ་ཐར་སོགས་རྒྱལ་བཙོང་བ་རྣམས་ཡིན་པ་ལས་ཨ་འབྲུག་སྦྱིན་བདག་གིས་ཤུགས་ལྡན་སྟེན་པའི་ལོ་རྒྱུས་མེད་ལ། གལ་སྲིད་ཡོད་པའི་དབང་དུ་བཏང་ན་ཡང་དེ་ནི་གོང་ས་མཆོག་གིས་དམ་བསྒྲགས་མ་གནང་བའི་སྔོན་ལ་ཡིན་པར་ངེས། དགྲ་དགའ་གཉེན་སྡུག་ཞེས་པ་ནི་དགྲ་ལ་མགོ་སྒུར་ནས་ཕུ་ནུ་ནང་རྡུང་བྱེད་པ་ལ་ཟེར་ཞིང་དེའི་གོ་དོན་མ་ཤེས་ན་དོལ་ཚོགས་བྱ་སྤྱོད་ལ་ལྟོས་དང་གསལ་པོ་ཆགས་ངེས། རྒྱལ་བ་རིན་པོ་ཆེས་ནུབ་ཕྱོགས་པའི་དབུ་ཁྲིད་མཇལ་འཕྲད་གནང་བ་དེས་བོད་ལ་ཕན་གནོད་ཅི་ཡོད་མི་ཚང་མ་ལ་ས་རིས་ཐང་གསལ་ཡིན་པས་ཁྱོད་རང་གིས་ལོག་བཤད་ཅི་ཙམ་བྱས་ཀྱང་དཀའ་ལས་ཁག་རོག་ལས་འདོད་དོན་གང་ཡང་སྒྲུབ་མི་ཐུབ་པ་ཤེས་པར་གྱིས།
གཡུ་ཐོག་ལགས། བཀྲ་ཤིས་བདེ་ལེགས། ཁྱོད་སུག་བཞི་ས་ལ་བཙུགས་མཁན་བྲན་གཡོག་ཞིག་གིས་ངོས་ནས་སྐད་ཆ་རྫིག་མདོག་ཁག་པོ་ཞེ་པོ་བཤད་འདུག་ག དེ་རིང་ཁྱི་འབོད་སྐྱག་འབོད་མཚམས་བཞག་པེ་་ཧཧཧ
༡་་་་ཁྱོད་ཀྱིས་་་་བཙན་བྱོལ་གཞུང་གིས་མ་མཐར་མང་མོས་འོས་བསྡུ་བྱས་ཏེ་རང་བཙན་ལས་དབུ་མར་རྒྱབ་སྐྱོར་བྱེད་མཁན་དེ་བརྒྱ་ཆ་དྲུག་ཅུ་ཡན་བརྒལ་བ་དེ་མང་གཙོའི་ཚད་ལྡན་གྱི་འགྲོ་ལུགས་བརྒྱུད་ནས་བྱུང་བའི་གྲུབ་དོན་གཅིག་རེད།ཅེས་བཤད་འདུག
དབུ་མའི་ལམ་འོས་བསྡུ་བྱས་ནས་རྒྱལ་ཁ་ཐོབ་སོང་བ་ཞིག་མིན། སྔོན་མ་འོས་བསྡུའི་སྐབས་སུ་རྡ་ལ་ཧུ་སི་གཞི་ཆགས་ཀྱིས་ང་ཚོས་ནི་དབུ་མའི་ལམ་ཟེར་ན་ཅི་ཡང་མི་ཤེས། ༧རྒྱལ་བ་རིན་པོ་ཆེན་ལ་རྒྱབ་སྐྱོར་ཡོད་ཟེར་ནས་འོས་བསྡུ་བྱས་མེད་པའང་བྱས་མ་བཅུག་པ་གང་རུང་གིས་ཐོག་ནས་འོས་བླུགས་མེད། གནོད་ཤུགས་ཆེན་པོ་ཡོད།
གྲོས་ཚོགས་ནང་དུ་ཡེ་ཤེས་དབྱིབས་དཔྱོད་བྱས་པ་རེད་མ་གཏོགས་སྤྱི་འཐུས་རྣམས་ལ་རང་དབང་གི་ཐོག་ནས་གདམ་ཀ་བྱས་པའི་ཐོབ་ཐང་མེད། གལ་སྲིད་སྤྱི་འཐུས་སུ་ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱས་ན་གོ་གནས་མ་ཤོར་ནའང་སྤྱི་ཚོགས་ནང་དུ་རིན་མཐོང་མེད་པ་ཞིག་ནི་བཟོ་ངེས་ཡིན།
དཔེར་ན། སྤྱི་འཐུས་ཀརྨ་ཆོས་འཕེལ་བཞིན། ༧རྒྱལ་བ་རིན་པོ་ཆེན་གྱིས་བཤའ་བཅོས་གཏོང་བྱུང་ན་མི་དེ་ཉིད་སྤྱི་ཚོགས་ནང་དུ་སྲོག་འགོ་ཐོན་ཙམ་བྱུང་ནའང་་་ལྷུང་ས་ཤིག་ལ་ལྷུང་ངེས་ཡིན།་དཔེར་ན་་་ལི་ཐང་ཨ་ཐར་བཞིན།
དབུ་མའི་ལམ་ལ་མི་དམངས་ཀྱིས་རྒྱབ་སྐྱོར་མེད་པའི་སྐྱོན་གྱིས་མི་ལོ་བཞི་བཅུ་ཕྱིན་ནའང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་དགོས་ཐུག་གི་ཡོད། དབུ་མའི་ལམ་ཟེར་བ་འདིར་ཤེས་མི་ཐུབ་པའི་ལྟ་བ་གཏིང་ཟབ་ཡོད་པ་ཞིག་མིན། བསམ་འཆར་ཡིག་ཆ་ནང་གི་དོན་ཚན་བདུན་ཙམ་ཡོད་པ་དེ་རེད། མི་རིག་པ་ཡག་པོ་ཞིག་གིས་ཀློག་ཐན་གཅིག་གི་ཤེས་འགྲོ།
རང་བཙན་ལ་རྒྱབ་སྐྱོར་མང་བ་ཡོད་པའི་རྒྱུ་མཚན་ཡང་དག་ཡོད། གཙོ་བོ་གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་ནང་དུ་རང་བཙན་པ་མང་བ་ཡོད། སྐུ་ལུས་མེ་སྲེག་གནང་མཁན་ཚོའི་ནང་ནས་བོད་རང་བཙན་ཁ་ཆེམས་ཡིག་ཐོག་དང་སྐད་འཛིན་ཐོག་ཏུ་བཞག་ཡོད་མཁན་ཡོད། དབུ་མའི་ལམ་ཟེར་ནས་ཁ་ཆེམས་བཞག་མཁན་ད་ལྟའི་བར་དུ་མི་གཅིག་ཀྱང་བྱུང་མྱངས་མེད་པ།
བཙན་བྱོལ་ནང་དུ་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་སོགས་ཡོད། ཚོགས་པ་འདི་གསུམ་པོའི་ཚོགས་མིའི་བཙན་བྱོལ་བོད་མིའི་བརྒྱ་ཆའི་ང་བཅུ་ཡན་ཟིན་གྱི་ཡོད། ད་དུང་བོད་མི་སྒེར་པ་མང་པོས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད། དབུ་མའི་ལམ་རྒྱབ་སྐྱོར་བྱེད་མཁན་སུ་དང་སུ་ཡོད་དམ། གཅིག་ཤོད་དང་།
གཉིས་པ། ཤུགས་ལྡན་བརྟེན་མཁན་ཉུང་ཉུང་ཡིན་མིན་་་དམངས་ཁྲོད་ཁ་བརྡའི་ནང་གི་ངོ་རྒོལ་བ་རྣམས་ལ་ལྟོས་དང་ཤེས་ཀྱི་རེད།་
སྲང་ལམ་གྱི་དཀྲོག་གཏམ་བསྒྲུགས་ནས་དྲ་བའི་ནང་སྤུངས་མཁན་ནི་རང་རེའི་ཤེས་ཡོན་པར་འཆེས་པའི་སྤུན་ཟླ་མི་ཉུང་བ་ཞིག་གི་གཞན་ཆ་གཙོ་བོ་དེ་རེད། དེའི་དབང་གིས་སྤྱི་ཚོགས་ནང་མི་མང་མགོ་རྨོངས་པ་དང་། གནས་ཚུལ་ཇི་བཞིན་མི་ཤེས་མཁན་རང་བཞིན་གྱི་ཡོང་གི་ཡོད། ཅོ་རི་ཁྱོད་རང་ཡང་སྲང་ལམ་གྱི་སྐད་ཆ་སྒྲུག་ནས་གཡམ་རྒྱུགས་བྱེད་མཁན་ཞིག་ཡིན་པ་སྔོན་མ་ནས་ཤེས་ཚར་སོང་། དེར་དམིགས་བསལ་གྱི་འགྲེལ་བརྗོད་ཅང་བྱེད་དགོས་དོན་མེད། སྐབས་དོན་བརྗོད་རྒྱུར། ཁྱོད་ཀྱིས་་་་དབུ་མའི་ལམ་འོས་བསྡུ་བྱས་ནས་རྒྱལ་ཁ་ཐོབ་སོང་བ་ཞིག་མིན། སྔོན་མ་འོས་བསྡུའི་སྐབས་སུ་རྡ་ལ་ཧུ་སི་གཞི་ཆགས་ཀྱིས་ང་ཚོས་ནི་དབུ་མའི་ལམ་ཟེར་ན་ཅི་ཡང་མི་ཤེས། ༧རྒྱལ་བ་རིན་པོ་ཆེན་ལ་རྒྱབ་སྐྱོར་ཡོད་ཟེར་ནས་འོས་བསྡུ་བྱས་མེད་པའང་བྱས་མ་བཅུག་པ་གང་རུང་གིས་ཐོག་ནས་འོས་བླུགས་མེད། གནོད་ཤུགས་ཆེན་པོ་ཡོད།་་བཅས་བརྗོད་པར་དཔང་རྟགས་ཡིག་ཆ་དང་། གནོན་ཤུགས་སྤྲོད་མཁན་སུ་རེད། དེར་མི་ཞིག་ཡོད་ཀྱི་རེད་མ་གཏོགས་འདྲེ་ཡིན་གྱི་མ་རེད། སྐད་ཆ་འདི་ཁྱོད་རང་གི་སྲང་ལམ་ནས་བསྒྲུགས་པའི་གད་སྙིགས་དང་པོ་དེ་རེད། དོན་དངོས་ནི། བོད་མི་བརྒྱ་ ༦༤་ ཡན་གྱིས་བསམ་ཤོག་ཕངས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཙམ་དུ་མ་ཟད་རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་གི་འགྱུར་འགྲོས་ལ་གཞིགས་ཏེ་འགྱུར་བ་གཏོང་རྒྱུར་ཡང་རྒྱབ་སྐྱོར་བྱས་པ་དེ་དོན་དངོས་རེད། དེ་སྲང་ལམ་གྱི་གད་སྙིགས་མ་རེད། ཨེ་གོ་ཐལ། གཉིས་པ། ཁྱོད་ཀྱིས་་་གྲོས་ཚོགས་ནང་དུ་ཡེ་ཤེས་དབྱིབས་དཔྱོད་བྱས་པ་རེད་མ་གཏོགས་སྤྱི་འཐུས་རྣམས་ལ་རང་དབང་གི་ཐོག་ནས་གདམ་ཀ་བྱས་པའི་ཐོབ་ཐང་མེད། གལ་སྲིད་སྤྱི་འཐུས་སུ་ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱས་ན་གོ་གནས་མ་ཤོར་ནའང་སྤྱི་ཚོགས་ནང་དུ་རིན་མཐོང་མེད་པ་ཞིག་ནི་བཟོ་ངེས་ཡིན།་བཅས་པ་ནི་སླར་ཡང་ཁྱོད་རང་ར་ཡིས་བཟི་བའི་སྐད་ཆ་ཡིན་ནམ་ཡང་ན་སྲང་ལམ་ནས་བསྒྲུགས་པའི་གད་སྙིགས་གཉིས་པ་དེ་རེད། སྤྱི་འཐུས་རྣམས་ཀྱི་དབང་སུ་ཡིག་འཕྲོགས་པ་རེད་དམ། ག་དུས་འཕྲོགས་པ་རེད། ཅིའི་ཕྱིར་འཕྲོགས་པ་རེད། དཔང་རྟགས་ཁྱེར་ཤོག འདིར་སྤུངས་དགོས་པ་དོན་དངོས་རེད་མ་གཏོགས་གད་སྙིགས་མ་རེད། གསུམ་པ། སྤྱི་འཐུས་ཀརྨ་ཆོས་འཕེལ་སྐོར་དེ་རེད། གནད་དོན་ཅི་འདྲ་ཞིག་ཡིན་ཀྱང་དྲང་པོར་བརྗོད་དགོས་པ་དེ་གཙོ་བོ་རེད། ཀརྨ་ཆོས་འཕེལ་གྱིས་སྐྱག་རྫུན་ཅི་ཤེས་ཁྱོད་རང་གིས་དྲ་བའི་ནང་ལྟོས་གསལ་པོ་ཤེས་ཀྱི་རེད། ངས་མཐོང་བའི་བོད་ནང་གི་འབོད་ཚིག་ཕལ་མོ་ཆེའི་ནང་་་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་་་ཟེར་ལས་རང་བཙན་ཁོ་ན་བརྗོད་པ་ཞིག་མཐོང་མ་སོང་། བཞིན་བ། ཁྱོད་ཀྱིས་་་་་ཤུགས་ལྡན་བརྟེན་མཁན་ཉུང་ཉུང་ཡིན་མིན་་་དམངས་ཁྲོད་ཁ་བརྡའི་ནང་གི་ངོ་རྒོལ་བ་རྣམས་ལ་ལྟོས་དང་ཤེས་ཀྱི་རེད།་་་བཅས་པ་ནི་ཁྱེད་རང་ཇི་ཙམ་ལྐུག་པ་དང་གཡམ་རྒྱུགས་ཅན་ཞིག་ཡིན་པ་གཞི་ནས་ར་སྤྲོད་བྱས་པ་རེད། ཁྱོེད་རང་གིས་དམངས་ཁྲོད་ཁ་བརྡའི་ཁྱི་རྒན་དེ་ཚོ་ཤུགས་རྟེན་འབྲས་འབྲང་བ་ཡང་དག་ཞིག་ལ་ཇི་ལྟར་སྒྲུབ་ཀྱི་ཡོད། མ་གཞི་ནས། མི་དེ་ཚོར་དེང་རབས་ཀྱི་ཤེས་ཡོན་ནི་མེད།་རྒྱ་འབྱོར་བ་ནི་མེད། ཁོ་ཚོར་དེ་ལྟ་བུའི་ལེ་མཚན་གཉེར་རྒྱུའི་རྒྱབ་སྐྱོར་དེ་གང་ནས་རག་པ་རེད། གཡམ་རྒྱུགས་དང་། ཨུ་ཚུགས། འུར་ཤོབ་སོགས་སྤངས་ནས་དོན་དངོས་སྤུངས་ཤོག ཨེ་གོ་ཐལ་ཅོ་རི་རི་རི།
ཅོ་རི་ཅོར་ལོ་སྨྱོན་པ་འདི་ཁྱི་སྨྱོན་དང་གཅིག་པ་རེད།
ལུང་རྟོགས་དང་གཡུ་ཐོག་གཉིས། ཁྱོད་གཉིས་ཀྱིས་ཧམ་བཤད་དང་རྫུན་བཤད། ལོག་བཤད་གསུམ་པག་ཟ་ཟ་བཟོ་བསྡད་ན་ཕན་ཐོགས་ག་རེ་འདུག་གམ། བོད་མི་སུ་གང་གི་ཁྱོད་གཉིས་ཀྱི་སྐད་ཆ་ལ་ཡིད་ཆེས་ཀྱི་མ་རེད། དེའི་ཐོག་ཏུ་ཁྱི་འབོད་དང་སྐྱག་འབོད་འཐེབ་སྟངས་འདིས་ཁྱོད་གཉིས་ལྟ་བུ་རྣམས་ལ་དྲང་བདེན་མེད་པ་གསལ་བསྟན་བྱས་པ་རེད།
སྲང་གི་སྐད་ཆ་ཅང་མ་རེད། ༢༠༠༢ ལོར་ཡུབ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཚོགས་ཐོག་ཏུ་བཤད་སོང་། སྐབས་དེ་དུས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་ལགས་ཀྱང་ཕེབས་འདུག དེ་དུས་ན་ད་ལན་ཌི་ནས་ཡིན་པའི་མགོ་སེར་བུད་མེད་བོད་ཆས་གྱོན་མཁན་ཞིག་གིས་བོད་མི་དམངས་ལ་ཤེས་ཚོད་མེད་ནས་དམངས་གཙོར་ལོངས་སྤྱོད་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་བཤད་སོང་།་་ཧཧཧ
དེ་འདྲ་མིན་ན་་་རྡ་ལ་ཧོ་སི་གཞི་ཆགས་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་འོས་གྲངས་ག་ཚོད་འདུག་གམ། བཤད་ཀྱི་ཡོད་པེ།
གཡུ་ཐོག་དང་ལུང་རྟོགས་ཁྱོད་གཉིས་རྒྱལ་བཙོང་བ་གསོན་པོ་ཞིག་ཡིན་པར་ངས་སྔ་ནས་ཤེས་ཀྱི་ཡོད། ཁྱོད་གཉིས་ཀྱི་ཧམ་བཤད་དང་ལོག་བཤད་ལ་ང་ཅོ་རི་ཧང་གས་སང་གི་མེད།་་་ཧཧཧ
ཅི་རི་ཁྱོད་རང་གིས་དྲན་གཡོག་གི་མཚན་ཉིད་དེ་ཡང་ཤེས་ཀྱི་མེད་པ་འདྲ། སུག་བཞི་ས་ལ་བཙུགས་མཁན་ཚང་མ་དྲན་གཡོག་ཨེ་རེད།་མ་གཞི་ནས་གང་འདྲ་ཞིག་ལ་དྲན་གཡོག་ཟེར་གྱི་རེད། གྲོགས་པོ་ཅང་མ་ཤེས་ན་ཤེས་མདོག་བྱེད་དགོས་མ་རེད།
ཅོ་རི། སླར་ཡང་ཉོན་ཨང་། ངས་རྫུན་བཤད་མིན་དེ་ཡིག་ཆའི་ཐོག་ནས་ར་སྤྲོད་བྱས་ཡོད། ངའི་སྐད་ཆ་དེ་དག་གནས་ལུགས་དང་དཔང་རྟགས་མེད་ན། ཁྱོད་རང་གི་བསྒྲུགས་པའི་གད་སྙིགས་དེ་དག་ལྟར་ཕྱག་དེར་ཁྲོད་གཡུགས་རྒྱུ་རེད། ཡིད་ཆེས་དང་མ་ཆེས་དེ་གཙོ་བོ་མ་རེད། གཙོ་བོ་དེ་བདེན་པ་ཡིན་མིན་དེ་རེད། བདེན་པ་མིན་པའི་གནད་དོན་ཞིག་ལ་ཅི་ཙམ་ཡིད་ཆེས་ཀྱང་། མཐར་གཡང་ལ་ལྷུང་འགྲོ་གི་རེད། གཡང་ལ་ལྷུང་འགྲོ་མཁན་དེ་དག་གི་ཁྲོད་ནས་གཅིག་ཁྱོད་རང་རེད། ད་ཁྱོད་རང་གིས་ཅུང་སྣེ་ཟིན་པའི་སྐད་ཆ་ཞིག་ཤོད་གྲབས་བྱེད་ཀྱི་འདུག་ཀྱང་། སླར་ཡང་སྲང་ལམ་ནས་བསྒྲུགས་ཤག ༢༠༠༢་ལོའི་ཡོ་རོབ་ཀྱི་ཚོགས་ཐོག་ཏུ་བཤད་པའི་སྐད་ཆ་ཡིན་ན། དཔང་འཕེར་ཡིག་ཆ་དང་ཚིག་ཐོ་ཡོད་ཀྱི་རེད། ནུབ་ཕྱོགས་པའི་ཁྲོད་དུ་སྐད་ཆ་ཤོད་སྐབས་དཔང་རྟགས་ཡིག་ཆ་དགོས་པ་རེད། དེ་དུས་སྐད་ཆ་ཤོད་མཁན་དེས་བཤད་པའི་སྐད་ཆ་རྣམས་ཡིག་ཐོག་ཏུ་ཡོད་ངེས་རེད། དེ་གཅིག་ཡིན། གཉིས་ཐད་ནས། ཚོགས་ཐོག་ཏུ་ཤོད་མཁན་གྱི་མི་དེའི་སྐད་ཆ་དེ་ཡང་དག་ཡིན་མིན་ཁྱོད་རང་གིས་ཇི་ལྟར་སྒྲུབས་ཐུབ་ཀྱི་ཡོད། གཏམ་བཤད་པ་དེར་དཔྱད་གཞིའི་ཡིག་ཆ་གཞན་ཨེ་ཡོད། ངས་བསམ་པར་སུད་སི་ས་ཆ་གཙང་མ་ཡིན་ཙང་། གད་སྙིགས་དེ་ཙམ་ཡོད་ཀྱི་མ་རེད་སྙམ་ཡོད། འོན་ཀྱང་། ཅོ་རིས་གད་སྙིགས་སྤུང་ལུགས་འདིར་བལྟས་ན། ལུང་པ་དེར་ཡང་གད་སྙིགས་མང་སེ་ཡོད་པ་འདྲ། ཨ་ཁ། མ་གཞི་གཅིག་བྱས་ན། ཅོ་རི་དེ་ཐབ་ཚང་གི་ཕོར་པ་འཁྲུ་མཁན་ཞིག་མིན་ན། གད་སྙིགས་བསྡུ་མཁན་ཞིག་ཡིན་པ་ཐག་གི་ཆོད་ཚར་ཤག དེ་མིན་མི་དེར་ཕན་ཐོགས་མེད་པའི་གད་སྙིགས་དེ་ལྟུ་ཞིག་གང་ནས་རག་གམ།
ཨོ་རེད་་་་ཨ་ར་དཀར་པོ་དཀར་རྐྱང་ལགས། ༧རྒྱལ་བ་ལྔ་པ་གཡུགས་ནས་ཤུགས་ལྡན་ཇི་ལྟར་བཤད་ཀྱི་ཡིན་ནམ། འགོ་ས་བཙུགས་དེ་ནས་མ་རེད་པེ། རྒྱུ་སྨོན་ལམ་ལོག་པ་རེད་ཟེར་བསྡད་པ་དེ་ག་ནས་བྱུང་ངམ།་ཧཧཧ ཐུགས་བསམ་ཡག་བཞེས་རོགས་བྱོས།
གཡུ་ཐོག་ལགས་ཀྱིས་སྐད་ཆ་དྲང་བདེན་ཡོད་པ་གཅིག་བཤད་བྱུང་ག ང་ཅོ་རི་ཟས་ཁང་ཐ་ལི་བཀྲུ་མཁན་རེད་ཟེར་བ་འདིར་བདེན། སྐད་ཆ་འདི་འདྲ་བཤད་དང་། ཕ་ཕྱོགས་མི་དེས་ཁས་ལེན་གྱི་རེད།
ངས་དུས་རྟག་ཏུ་ང་ཅོ་རི་བསོད་ནམས་ཅན་ཞིག་ཡིན་བསམས་ཀྱི་ཡོད། དྲང་བདེན་གྱི་ཐོག་ནས་ཟས་ཁང་ནང་དུ་ཐ་ལི་བཀྲུ་ནས་མི་ཚེ་བསྐྱལ་གྱི་བྱུང་བ་ནི་ཡག་པོ་རེད་བསམས་ཀྱི་ཡོད། མ་གཏོགས་བོད་མི་དམངས་ཀྱི་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་དང་རྒྱལ་བཙོང་བ་ཞིག་བྱས་ནས་མི་ཚེ་བསྐྱལ་དགོས་བྱུང་ཡོད་ན་་་ཕ་མེས་ཡངས་མེས་ཀྱི་ཞབས་འདྲེན། ཉམ་ཆུང་དམངས་ཀྱི་དགྲ་བོ། རྒྱུ་འབྲས་རྡོག་རོལ་བཏང་མཁན་གྱི་མི་ཆགས་སོང་བ་རེད། ཤི་ན་དམྱལ་དང་གསོན་ན་རྐུ་མ། ཆོས་འཇིག་རྟེན་གཉིས་ཀྱིས་ཁྲིམས་གཅོད་གཏོང་གི་རེད་དོ།་་་་་གཟབ་གཟབ་བྱོས་ཤོག་ཨ།
ཅོ་རི་ལགས། ཁྱོད་རང་གིས་ཕོར་པ་འཁྲུ་བའི་དམིགས་ཡུལ་དེ་ཕོར་པ་གཙང་མ་བཟོ་རྒྱུ་ཡིན་གྱི་རེད་མ་གཏོགས་ཕོར་པའི་ནང་གད་སྙིགས་བསྡུ་རྒྱུ་ཡིན་གྱི་མ་རེད་བསམ་ཡོད། ཕོར་པའི་ནང་གད་སྙིགས་བླུགས་ན། ཁྱོད་རང་ལ་དཀའ་ངལ་འཕྲད་ཀྱི་རེད་ཏ། དེ་བཞིན་དུ་དྲ་ཐོག་ཏུའང་གད་སྙིགས་སྤུངས་ན། ཁྱོད་རང་གི་མི་མང་མགོ་བོ་རྨོངས་སུ་འཇུག་གི་རེད། ཁྱོད་རང་གིས་ཕོར་པ་བཀྲུས་ནས་འཚོ་བ་སྐྱེལ་བ་ནི་རྒྱལ་བཙོང་བ་ལས་གཟི་བརྗིད་ཆེ་བ་བྱེད་ཀྱི་འདུག དེར་དགའ་བསུ་ཡོད། འོན་ཀྱང་། ཁྱོད་རང་གིས་རྒྱལ་བཙོང་བར་ཞབས་འདེགས་བྱེད་པ་ནི་རྩ་བ་ནས་ནོར་སོང་བ་རེད། ཞབས་འདེགས་བྱེད་ལུགས་དེ་ཡང་གད་སྙིགས་སྤུངས་ནས་བྱེད་ཀྱི་འདུག་ཀ དེ་ནོར་བ་རེད། རྒྱལ་བཙོང་བ་ཟེར་ན། རང་ཉིད་ཀྱི་རྒྱལ་ཁབ་བཙོང་ནས་དེར་ཁེ་ཕན་ལེན་མཁན་ཞིག་ལ་གོ་དགོས་ཀྱི་རེད། དེ་མིན་ཚོང་གི་ངོ་བར་འགྲོ་གི་མ་རེད། དེ་ཡིན་དུས། དེ་སྔོན་ཐེ་བན་ཕོག་ཟན་དང་། ད་ལྟ་དོལ་ཚོགས་རྒྱའི་རྒྱུགས་ཁྱི་རྣམས་རྒྱལ་བཙོང་བ་རེད། ཁོ་ཚོས་རང་ཉིད་ཀྱི་རྒྱལ་ཁབ་བཙོངས་ནས་དེ་ལས་རག་པའི་ཁེ་ཕོག་དེར་འཚོ་བ་བརྟེན་གྱི་ཡོད། འོན་ཀྱང་། ཁྱོད་རང་གིས་མི་དེ་རིགས་ལ་རྒྱབ་སྐྱོར་ཡོད་འཁུལ་གྱིས་གད་སྙིགས་སྤུང་ཡོང་གི་འདུག དེ་ཤེས་པར་བྱོས་ཤིག
ཁྱོད་ཚོའི་གྲལ། རྒྱལ་བ་རིན་ཆེན་གྱི་རྒྱབ་རྩ་ཡིན་མདོག་མདོག་བྱས་ནས་བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་སྟག་མོ་ངར་ངར། དོན་དངོས་པོའི་ཐོག་ཏུ་རྒྱལ་བ་རིན་པོ་ཆེན་གྱི་དངུལ་ལྐོག་ཟ་བྱེད་མཁན། ཨ་ཁུ་ལ་མི་དགའ། ཤ་སྐལ་ལ་དགའ་མཁན། ཁྱོད་ཚོའི་གྲལ་ཤེས་ཀྱི་ཡོད་དོ། ངོ་གདོང་སྟོན་ཤོག་ཨ།
ཅོ་རི་ལགས། ངས་བདེན་དོན་ལ་རྒྱབ་སྐྱོར་དང་། དགའ་ཞེན་བྱེད་ཀྱི་ཡོད་མ་གཏོགས་བདེན་པ་མིན་པ་ཞིག་ལ་བདེན་རྒྱབ་བྱེད་ཀྱི་མེད།
བོད་ལ་བན་དེ་འདི་དར་ནས་བཟུང་ནང་འཁྲུག་གི་རྒྱུན་མ་ཆད། བོད་ཀྱི་ཆབ་སྲིད་ནི་སྣུམ་ཟད་ཀྱི་མར་མེ་བཞིན་ཇེ་སྡུག་ནས་ངེ་སྡུག་རེད། ནང་འཁྲུག་ནི་ཞོག་པའི་ཉི་གཞོན་ལྟར་ཇེ་ངར་ནས་ཇེ་ངར་རེད། དང་པོ་བོན་པོ་དང་རྙིང་མ་འཁྲུག་ནས་བོད་ཀྱི་རྒྱལ་པོ་དང། མི་ཆེན་བླ་ཆེན་མང་དག་ཞིག་ནང་གསོད་གཏོང། མཐར་བོད་སེར་བུར་འཐོར། དེ་རྗེས་ས་སྐྱ་དང་བཀའ་རྒྱུད་འཁྲུག་ནས་ས་འབྲི་སེར་དམག་གཡོས། དེ་རྗེས་བཀའ་རྒྱུད་དགེ་ལུགས་བོན་པོ་སོགས་ནང་འཁྲུག་ཆེ་མོ་ལོངས་ནས་མི་ཤི་མི་བསད་གཏོང། དེ་རྗེས་བཀའ་དགེ་རྙིང་གསུམ་ནང་འཁྲུག་ལོངས་ནས་ཞ་བསྒྱུར་དགོན་གཏོར་ལྷ་བཤིག་མི་གསོད་བྱས། དེ་རྗེས་དགེ་ལྡན་ནང་འཁྲུག་ཆེ་འདི་རེད། ངས་ལྟས་ན་རྒྱ་གར་གྱི་གྲིབ་དེ་བོད་ལ་ཕོག་ནས་བཟུང། བོད་ལ་ལྟས་ངན་ཐོག་མ་དེ་དུས་ཤར་འདུག།
ཁ་བའི་ཡུལ་གྱར་བས་བཤད་པའི་སྐད་ཆ་འདིར་བོད་ཡོངས་ཀྱིས་ཤེས་ཐུབ་པའི་སྨོན་ལམ་ཡོད། བོད་ཕུང་སྦྱར་མཁན་སུ་ཡིན་མགྱོགས་པོ་ཤེས་པའི་རེ་བ་ཡོད། བོད་མི་ཚོ་་་བསམ་བློ་ཐོངས།
ཁ་བའི་ཡུལ་གྱར་བ་ལགས། འདས་པའི་ལོ་རྒྱུས་ཀྱི་བྱུང་བ་མང་པོ་ཞིག་དབང་ཆའི་བརྩོད་སྙོག་ཁྲོད་ནས་བྱུང་བ་རེད། རྐྱེན་སློང་མཁན་དེ་ཆོས་ལུགས་ཀྱི་མིང་ནས་ཡོང་བ་རེད། ཁྱེད་རང་གི་རྒྱུག་པ་ལེབ་རྡུང་གནང་ན་ཅུང་འགྲིག་གམ། མ་གཞི་ནས། རྒྱ་གར་གྱི་གྲིབ་ག་རེ་རེད་དམ། ཡོངས་གྲགས་སུ་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གནས་ཡུལ་གྱི་ཡུལ་གྲུ་ཞིག་རེད། དེ་མིག་དཔེ་བལྟ་ས་ཞིག་རེད་མ་གཏོགས་གྲིབ་ཤིག་ཏུ་ཇི་ལྟར་གྲུབ་པ་རེད་དམ།
ནང་པ་ཆོས་ཡང་དག་བྱེད་མཁན་དང་གཙང་མ་ཉམས་སུ་ལེན་མཁན་ཞིག་ཡིན་ན་འདི་རིགས་ལ་རྩོད་དགོས་དོན་མི་འདུག།སྲུང་མ་དང་ཡུལ་ལྷ་འདི་རིགས་ནུས་གང་ཡང་པ་མེད་པ་གསལ་པོ་རེད་། གང་ཡིན་ཟེར་ན་ རྒྱ་དམག་བོད་འཛུལ་ཡོང་དུས་རྣམ་གྱུར་ཙམ་ཡང་སྟོན་མ་ཕོད་པ་གྲོས་སོང་བ་རེད་།ད་ལྟ་འཛམ་གླིང་ནང་ལ་ནང་ཆོས་དགའ་མཁན་དང་ནང་ཆོས་སློབ་སྦྱོང་གནོང་མཁན་རྣམས་ཡུལ་དང་ཡང་སྲུང་མ་རྣམས་ལ་ཡིད་འཕྲོག་མ་རེད་་་དངོས་དོན་རྟོགས་གནོང་རོགས་ཞུ་
ཅོ་རི་བློ་མཐུན། ཁྱོད་ཀྱིས་གཡུ་ཐོག་རྒྱལ་པོ་ངེད་གཉིས་ཀྱིས་ཧམ་བཤད་དང་རྫུན་བཤད་ལོག་བཤད་བྱས་སོང་ཟེར། ཁྱོད་རང་ལ་མིག་གཉིས་ཡོད་ན་ལྟོས་ན་དྲ་ཐོག་འདིར་ཁྱོད ལ་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་འདུག མི་ཚང་མ་གནས་ལུག་མི་ཤེས་མཁན་གྱི་ལྐུག་པ་དང་དྲང་བདེན་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་འཁྱོག་པོ་རྐྱང་རྐྱང་མ་རེད་ད། ཧམ་བཤད་དང་རྫུན་བཤད་ལོག་བཤད་སུས་བྱེད་ཀྱི་ཡོད་མེད་འདིས་གསལ་པོ་སྟན་མི་འདུག་གམ། ད་དུང་ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཀྱི་རེད་བསམ་གྱི་འདུག་གམ། ཤ་ཚ། སོ་སོའི་གཞུང་དང་དབུ་ཁྲིད་ལ་གིས་བཀུར་དང་རྒྱབ་སྐྱོར་བྱེད་མཁན་དང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་དེ་རྒྱལ་བཙོང་བ་དང་། དགྲ་བོ་ལ་ངོ་རྒ་པད་ལད་འཁྲབ་ནས་དགྲ་བོའི་རྒྱུག་ཁྱི་དོལ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་དེ་རྒྱལ་བཅེས་པ་ཡིན་ན། ད་ངོ་མ་གནམ་གོ་ལོག་གི་ཉི་ཟླ་ནུབ་ནས་ཤར། ས་གོ་ལོག་གི་རྩི་ཤིང་བྲག་ལ་སྐྱེས་པ་མིན་ན་ཅི། གང་ལྟར་ཁྱོད་ཅོ་རི་ལ་གནས་ལུག་བཤད་པའི་སྨྲ་ལྕེ་དང་བདེན་པ་བཤད་པའི་སྤོབས་པ་མི་འདུག་པས་དྲ་ཐོག་འདིར་འུར་རྒྱབ་ནས་མི་ཚང་མ་སུན་པོ་བཟོས་སྡད་པ་ལས། ཟ་ཁང་གོ་སྡེར་མ་ཡག་པོ་སྐྲུས་ནས་ལྟོ་གོས་གཉིས་རང་མགོ་ཐོན་ཙམ་ཞིག་ཨེ་ཡོང་ལྟས་ན་ཏག་ཏག་རེད།
ཅི་རི་དང་ཁ་བའི་ཡུལ་གྱར་སོགས་ནི་དམར་ཤོག་མའོའི་ལྟ་བ་ཅན་ཡིན་དུས་ཆོས་ལུག་ཚང་མ་གྲིབ་ལ་བརྩི་ཡི་ཡོད་པ་རེད། ཁོ་ཚོའི་སྐད་ཆ་ལ་སྐྱག་དྲི་མ་གཏོགས་ཅང་མེད་པས་མི་ཚང་མའ་སྣ་བཀབ་ནས་སྡད་ན་འགྲིག་པ་རེད། མང་པོ་བཤད་དགོས་དོན་ཅང་མེད་པ་རེད།
རྐུ་ངོ་ལུང་རྟོགས་ལགས། སྔ་དྲོ་བདེ་ལེགས། ཁྱོད་ལ་བདེན་བཤད་པའི་སྤོབས་ཡོད་ན་དགའ་པོ་བྱུང་། ངས་ཁྱོད་ལ་དྲི་གཅིག་གཅིག་པོ་གཏོང་གི་ཡིན། ལན་དྲང་པོ་ཡིན་ད།
ཤུགས་ལྡན་གྱི་བྱེད་ལས་བསྟན་དང་འགྲོ་བ་འཚེ་བ་བྱེད་མཁན་ཟེར་ནས་༧རྒྱལ་བ་རིན་པོ་ཆེན་གྱིས་གསུངས་བསྡད་པ་དེ་དངོས་གནས་རེད་དམ་རྫུན་བཤད་ཀྱི་ཡོད་རེད། དངོས་གནས་ཡིན་ན་ཤུགས་ལྡན་གྱིས་སུ་དང་སུ་བསད་པ་རེད་དམ།
ཡིན་ད། དྲང་བདེན་བཤད་པའི་སྤོབས་པ་ཡོད་ན།
ང་ཅོ་རི་་་མའོ་ཡི་ལྟ་བ་ཡོད་མཁན་དང་དམར་ཕྱོགས་གུན་ཁྲན་རིང་ལུགས་པ་ཡིན་ན་སྔ་ནས་ཐ་ལི་བཀྲུ་མ་བཅུག་པར་ཁྱོད་ཚོས་བུ་ཚབ་དང་སྐུ་ཚབ་གང་རུང་བསྐོས་ཡོད་ཀྱི་རེད་དོ།་་་་ཧཧཧ
རྨོ་ཨ་ཕྱི་ལགས་་་བཀྲ་ཤིས་བདེ་ལེགས།
ལུང་རྟོགས་ལགས་་་ང་ཚོའི་སྐད་ཆ་དེ་དག་དྲང་བདེན་ཡིན་དུས་སྣ་བཀག་ནས་ཕན་གི་མ་རེད། ཡི་གེ་མིག་གིས་མཐོང་འགྲོ་དུས་དྲང་བདེན་སེམས་ལ་ཤར་འགྲོ་གི་རེད། ཁྱོད་ཚོ་སྒེར་གཅོད་པ་ཚོས་མི་དམངས་ཀྱི་ཁ་མིག་སྣ་གསུམ་བཀག་གྱི་མིན་པ་བཟོས་ནའང་་ཕན་ཐོགས་ཀྱི་མ་རེད། བོད་ཀྱི་འབངས་མི་ཉིན་རེ་ནས་ཉིན་རེར་རྟོགས་སད་པ་མང་རེ་འགྲོ་གི་ཡོད། རྟོགས་སད་པ་ཇི་ཙམ་མང་རེ་སོང་ན་སྒེར་གཅོད་པས་དབང་སྒྱུར་བྱེད་སའི་ཁོར་ཡུག་ཉུང་རེ་འགྲོ་རེད་དོ།་་་་་ཧཧཧ
རྐུ་ངོ་ལུང་རྟོགས་ལགས། ཁྱོད་ཀྱིས་་ཤ་ཚ། སོ་སོའི་གཞུང་དང་དབུ་ཁྲིད་ལ་གིས་བཀུར་དང་རྒྱབ་སྐྱོར་བྱེད་མཁན་དང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་དེ་རྒྱལ་བཙོང་བ་དང་།ཞེས་བཤད་འདུག
སོ་སོའི་གཞུང་དམར་གསོད་གཏོང་མཁན་ཞིག་གིས་ངོས་ནས་གཞུང་ཞེས་པའི་ཚིག་འདི་འབྲི་ནུས་པ་ཡང་ངོ་ཚ་མེད་པའི་རྟགས་རེད། ཁྱོད་ཚོས་གྲལ་ལ་སོ་སོའི་གཞུང་ཟེར་ནས་བཤད་པའི་ཐོབ་ཐང་མེད། བཙན་བྱོལ་བོད་གཞུང་དམར་གསོད་གཏོང་མཁན་གྱི་ཤན་པ་ལག་དམར་བ་ཡིན་པ།
དེང་སང་གི་མིའི་ཁ་ལ་ཉན་རྒྱུ་མེད།
བོད་པ་ཚང་སྐྱོ་རབས་དང་སྡུག་རབས་སོགས། ཐ་ན་རྒན་གསོ་ཉར་ས་ཙམ་ཡང་མེད་ཟེར་ནས་ཤ་ཚ་མདོག་བྱེད། དོན་དུ་དེ་འདྲ་ཟེར་མཁན་སོ་སོ་བོད་རྒྱལ་ཁབ་ལ་ཁྲལ་དངུལ་སྒོ་རྡོག་བརྒྱ་ཙམ་ཡང་མི་སྤྲད་མཁན་ཡིན།
ཡང་བོད་མིས་མི་འཇོན་རབས་བཤད་ནས་སེམས་ཤུགས་ཡོད་མདོག་སྟོན། དོན་དུ་སོ་སོ་ཡང་ཚལ་སླངས་ལག་པར་བཟུང་ནས་མི་ཚེ་ལ་འདོད་པ་ཚིམས་མཁན་ཡིན།
ཁ་གསོན་པོ། ལུས་ཤི་བོ་ཟེར་ན་འདི་ཚོ་རེད། དོལ་ཁྱི་འདི་ཚོས་དོལ་ནད་་ཡོང་། ཚང་མས་གཟབ་གཟབ་བྱོས།
བཙན་བྱོལ་མི་དམངས་ཀྱི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་དགོས་ཅེས་མིང་ཚིག་དམར་གསོད་བཏང་མཁན་གྱི་ཤན་པ་ལག་དམར་ཚོའི་ལག་གཡོག་འདི་དག་གིས་ཀྱང་བོད་རྒྱལ་ཁབ་ཟེར་འབྲི་གི་འདུག་་་ག ངོ་ཚ་མེད་པ་རང་རེད།
བོད་རྒྱལ་ཁབ་ཀྱི་མིང་ཚིག་དམར་གསོད་བཏང་མཁན་ཚོའི་ལག་གཡོག་ཁྱོད་ཚོ་ལ་ཁྲལ་སའི་བོད་རྒྱལ་ཁབ་ཤིག་ཡོད་ན་སྟོན་དང་ངས་ཀྱང་ཁྲལ་སྤྲོད་ངེས་ཡིན། ཁྱོད་ཚོས་བཙན་བྱོས་བོད་གཞུང་ག་དུས་སླར་གསོ་བྱེད་པ་ཡིན་ན་དེ་དུས་ཁྲལ་སྤྲོད་ཀྱི་ཡིན། རྒྱ་དམར་པོའི་འོག་འགྲོ་གི་ཡིན་ཟེར་མཁན་གྱི་སྒྲིག་འཛུགས་ཤིག་ལ་ཁྲལ་སྤྲོད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད་དོ།
གནད་དོན་འདི་བོད་མི་ཡོངས་ཀྱིས་ཤེས་དགོས་ལ། བོད་རྒྱལ་ཁབ་ལ་དགའ་བའི་བོད་མི་ཡོངས་ཀྱིས་ལག་ལེན་སྟར་དགོས།།
བཙན་བྱོལ་མི་དམངས་ཀྱི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་དགོས་ཅེས་པའི་མིང་ཚིག་དེ་དག་དམར་གསོད་བཏང་མཁན་གྱི་ཤན་པ་ལག་དམར་ཚོའི་ལག་གཡོག་འདི་དག་གིས་ཀྱང་བོད་རྒྱལ་ཁབ་ཟེར་འབྲི་གི་འདུག་་་ག ངོ་ཚ་མེད་པ་རང་རེད།
བོད་རྒྱལ་ཁབ་ཀྱི་མིང་ཚིག་དམར་གསོད་བཏང་མཁན་ཚོའི་ལག་གཡོག་ཁྱོད་ཚོ་ལ་ཁྲལ་སའི་བོད་རྒྱལ་ཁབ་ཤིག་ཡོད་ན་སྟོན་དང་ངས་ཀྱང་ཁྲལ་སྤྲོད་ངེས་ཡིན། ཁྱོད་ཚོས་བཙན་བྱོས་བོད་གཞུང་ག་དུས་སླར་གསོ་བྱེད་པ་ཡིན་ན་དེ་དུས་ཁྲལ་སྤྲོད་ཀྱི་ཡིན། རྒྱ་དམར་པོའི་འོག་འགྲོ་གི་ཡིན་ཟེར་མཁན་གྱི་སྒྲིག་འཛུགས་ཤིག་ལ་ཁྲལ་སྤྲོད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད་དོ།
གནད་དོན་འདི་བོད་མི་ཡོངས་ཀྱིས་ཤེས་དགོས་ལ་བོད་རྒྱལ་ཁབ་ལ་དགའ་བའི་བོད་མི་ཡོངས་ཀྱིས་ལག་ལེན་སྟར་དགོས།། རྒྱལ་བཙོང་བ་ཁྱོད་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཞིག་ཆགས་ཡིན་ནོ།
ད་དུང་་་རྒྱལ་བཙོང་བ་ཁྱོད་ཚོ་ལ་དམངས་གཙོ་ཡང་མི་དགོས་པ། དབུ་མའི་ལམ་གྱི་བསྒྲུབ་བྱ་གྲུབ་སོང་་ན་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་སྒོ་རྒྱག་ནས་དམར་ཕྱོགས་པའི་འོག་ཏུ་འགྲོ་མཁན་ཡིན་པ་་་་་
སྒེར་གཅོད་པ་ཚོས་ཉོན་ཨ།
སྤྱིའི་ཆ་ནས་དང་བླང་བཅའ་ཁྲལ་བཙན་བྱོལ་མི་འབོར་ནང་དུ་བརྒྱ་ཆའི་སུམ་བཅུ་བཞི་བཅུ་ཙམ་གྱིས་མ་གཏོགས་དེང་སང་སྤྲད་མེད་པ་རེད། བཙན་བྱོལ་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཡོད་པའི་དབང་དུ་བཏང་ན་བཙན་བྱོལ་སྒྲིག་འཛུགས་ཚོགས་པའི་ཚོགས་མི་ཡིན་པ་ལས་མིན་པ་མང་གི་རེད།
ཅིའི་ཕྱིར་་་བོད་མི་འདི་དག་གིས་དང་བླང་བཅའ་ཁྲལ་མ་སྤྲད་པ་རེད་དམ་ཞེ་ན། རྒྱུ་མཚན་མང་པོ་ཡོད་རེད། གཙོ་བོ་དབུ་མའི་ལམ་འགོ་བཙུགས་ནས་བོད་མི་རྒྱལ་གཅེས་པ་མང་པོ་ཕྱི་འཐེན་རྒྱག་སོང་བ་རེད། དེ་ནས་༢༠༠༨་ལོར་བོད་གཞུང་དམངས་རྒྱལ་ཡོངས་ཛ་དྲག་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ཞིག་ལ་སྒྱུར་གྱི་དམངས་མོས་གྲོས་ཆོད་བཞག་པ་རེད། དེ་ནས་་་༢༠༡༡་་ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་ལས་སྒྲིག་འཛུགས་ཤིག་ལ་མི་སྒྱུར་བ་དམངས་མོས་གྲོས་ཆོད་བཞག་པ་རེད།
ཡིན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་སྒེར་གཅོད་པ་ཚོས་དམངས་མོས་གྲོས་ཆོད་ལ་བརྩིས་མེད་རྡོག་རོལ་བཏང་ནས་བཙན་བྱོལ་བོད་གཞུང་གི་མིང་ཚིག་མེད་པ་བཟོས་ནས་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་པ་རེད། མ་ཟད་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་དགོས་ཅེས་པའི་ཚིག་འདི་ཡང་ནག་བསུབ་བྱས་པ་རེད།
དེས་རྒྱུ་མཚན་གྱིས་བོད་མི་མང་པོ་ལ་ཐུགས་ཕོག་བྱུང་བ་རེད། དང་བླང་བཅའ་ཁྲལ་སྤྲད་མཚམས་བཞག་ནས་མི་སྤྲོད་མཁན་མང་རེ་ཕྱིན་པ་རེད། འདི་ནི་གྱེན་ལངས་ཀྱི་འགོ་བཙུགས་པ་ཞིག་ཀྱང་རེད། ང་ཚོ་མུ་མཐུད་ནས་བཙན་བྱོལ་བོད་གཞུང་སླར་གསོ་དང་བོད་རང་བཙན་གྱི་ལམ་ཕྱོགས་ཐོག་ཏུ་འགྲོ་ངེས་ཡིན།
འདི་ནི་བོད་མི་དམངས་ཤི་གསོན་གཉིས་ཀྱི་སེམས་ཁུང་གི་ཕུགས་བསམ་ཡིན་ལ་མདོན་འདོད་ཡིན། གནད་དོན་འདིའི་ཐོག་ཏུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡོང་ངེས་ཡིན། གལ་སྲིད་དབུ་མའི་ལམ་ཕྱིར་སྡུད་མ་བྱེད་པ་དང་བཙན་བྱོལ་བོད་གཞུང་སླར་གསོ་མ་བྱེད་ན་ཕྱོགས་ཁ་གཉིས་ཀྱི་བར་དུ་ཁྱོད་ཤི་ང་གསོན་ཡོང་ངེས་རེད་དོ། ཆུ་མ་ཡོང་གོང་ནས་ར་དང་མེ་མ་འབར་སྔོན་དུ་ཆུ་ཟེར་བ་ལྟར་གྲལ་སྒྲིག་དགོས་པ་རེད། འཐབ་རྩོད་འདི་ནི་ལྷ་འདྲེ་རྩོད་རྙོག་ལྟ་བུ་ཞིག་མིན། རྒྱལ་ཁབ་ཤིག་རྩ་མེད་གཏོང་དང་མི་གཏོང་གི་སྐད་ཆ་རེད།
མི་བདེན་བསམས་ན་སྒེར་གཅོད་པ་ཚོས་གཟིགས་དང་་་རྗེས་སུ་ག་ལུས་ཤེས་འོང་གི་རེད་དོ།
ཅོ་རི་བློ་མཐུན་ལགས། ཤུགས་ལྡན་གྱིས་སུ་གསད་འདུག་ཁྱོད་ཚོའི་ཕ་རྒན་ཛེ་སྨད་ཀྱི་ཕ་རྒོད་བླ་མའི་ཞལ་ལུང་ནང་ལ་ལྟོས་དང་གསལ་གསལ་ཐིང་ཐིང་བཀོད་ཡོད་པ་རེད། བསྟན་འགྲོ་ལ་གནོད་ཅིང་འཚེ་བ་བྱེད་མཁན་ཡིན་པའི་ཁུང་སྐྱེལ་ཁོ་རང་གིས་བྱས་ཡོད་པ་རེད། དེ་ཅིག་ཡིན། གཉིས་ནས་ཁྱོད་ཚོའི་སྐད་ཆ་དྲང་བདེན་ཡིན་ཟེར་ན་དྲང་བདེན་མིན་པའི་སྐད་ཆ་ཞིག་འཇིག་རྟེན་འདིས་སྟེང་ན་རྙེད་དུ་མེད། ཁྱོད་ཚོས་མི་མང་གི་ཁ་མིག་སྣ་གསུམ་ལོག་བཤད་ཀྱིས་བསྒྱུར་བསམ་ཡང་དེང་སང་བོད་མི་མང་རྣམ་བླུན་པོ་ཆུ་སྣ་གར་ཁྲིད་མིན་པས་ཁྱོད་ཚོའི་བསམ་བློ་དེ་སྟོང་བསམ་རེད། དེ་བཞིན་རྟོག་པ་སད་པ་ཞེས་པ་དེ་སྔར་མ་གཏོག་པའི་གནས་ལུག་ཡང་དག་པ་ཞིག་རྟོག་པ་ལ་ཟེར་བ་ལས་ལོག་པའི་ལམ་ལ་འགྲོ་བ་ཞིག་ལ་རྟོག་པ་སད་པའི་ཐ་སྙད་མི་འཇུག གསུམ་ནས་སོ་སོའི་གཞུང་སུས་དམར་གསད་བཏང་སོང་རྡ་རམ་ས་ལར་སོང་དང་བོད་གཞུང་སྔར་ལྟར་གནས་ཡོད་པ་རེད་ལ་ལས་ཀ་ཡང་སྔར་ལྟར་བྱེད་བཞིན་པ་རེད། ཐ་སྙད་བསྒྱུར་བ་ཙམ་གྱིས་དམར་གསད་བཏང་བ་རེད་ཟེར་ན་དེ་ནི་དོན་ལ་མི་རྟོན་པ་ཚིག་ཙམ་རྟོན་པས་རྟོན་བཞིའི་འཇུག་སྡོག་ནོར་སོང་བ་རེད། གཞན་ཡང་ཁྱོད་ཅོ་རིས་དངས་བླང་བཅའ་དངུལ་ཡང་འབུལ་གྱི་མེད་པ་གསལ་པོ་སྟན་འདུག་པས་ད་དུང་རྒྱལ་གཅེས་པ་ཡིན་མདོག་བྱེད་པ་ནི་ངོ་ཚ་བའི་གནས་རེད། དབུ་མའི་ལམ་ལ་ཕྱིན་པ་དང་བོད་གཞུང་གི་ཐ་སྙད་བསྒྱུར་བའི་དབང་གིས་དངས་བླང་བཅའ་དངུལ་འབུལ་རྒྱུ་ཕྱིར་འཐེན་བྱས་པ་ཡིན་ཟེར་མཁན་ཁྱོད་ཅོ་རི་མ་གཏོགས་མི་ཅིག་ཀྱང་དེ་སྔོན་བྱུང་མེད་པས། ཁྱོད་རང་གིས་གོང་དུ་བཤད་པ་འདི་དག་ཀྱང་སྐྱག་རྫུན་དང་ཧམ་བཤད་ཡིན་པ་ས་རིས་ཐང་གསལ་རེད། ད་དུང་བོད་གཞུང་དམངས་གཉིས་ཁ་བྲལ་དུམ་བུར་གཏོང་འདོད་ཀྱི་བསམ་ངན་བཅང་ཡོད་པ་ཡང་ཁྱོད་ཀྱི་སྐད་ཆ་ནས་གསལ་པོ་སྟན་འདུག་པས་ཁྱོད་རང་མི་གང་འདྲ་ཞིག་ཡིན་མིན་དོག་པ་མི་བྱེད་རང་བྱེད་རེད་དོ།
ཅོ་རི་ལགས།
ཕྲན་ཆབ་སྲིད་བགྲོ་གླེང་དུ་འགྲོ་མ་མྱོང་ལ། སྲིད་དོན་དུ་ཞུགས་མ་མྱོང་། འོན་ཀྱང་ཁྲིམས་ལུགས་ལ་སྦྱང་བ་ཅུང་ཟད་ཡོད་ཅིང་། སྤྱི་ཚོགས་ལ་རྒྱང་ལྟ་བྱེད་མཁན་ཞིག་གི་ངོས་ནས་དྲི་བ་འདི་བཏོན་པ་ཡིན། དམིགས་ཡུལ་མ་ཤེས་པར་གཡང་མཆོང་བྱེད་འདོད་གཏན་ནས་མེད། ཤེས་ན་དོན་ཆེ་ཆུང་ལ་གཞིག་པས་སྲོག་ལ་ཐུག་ནའང་བྱ་བ་བྱེད་དགོས་པ་རེད། །
༡་་་ཐུན་མོང་གི་རྟེན་གཞི་ངོས་འཛིན་ལ་རྗེས་སུ་ལན་སྒུག་ཆོག དེ་མ་ཤེས་བར་རྩོད་པ་དམིགས་ཡུལ་མེད་པའི་མདའ་འཕེན་རེད།
༢་་་་མི་དགོས་པ་མང་པོའི་ནང་གི། བླ་མ་རྣམས་སྒེར་གཅོད་པ་ཡིན། ནང་ཆོས་དཀྲུགས་ཤིང་ཡིན་གསུང་མཁན་དང་། དོལ་རྒྱལ་ཆོས་ལུགས་ཡིན་པས་སྒེར་གཅོད་པས་འགོག་མི་དགོས་ཟེར་མཁན་ཁྱོད་ལགས་པས་འདྲི་བ་འདི་ཁྱོད་ལ་འཚམ།
༣་་་་ཕ་ཡུལ་ངོས་འཛིན་ལ། ༼མ་སྐད་དེ་ལ་ཕ་སྐད་དང་མ་སྐད་ཟེར། དེ་ལྷག་གི་ཕ་ཡུལ་དང་མ་སྐད་་ངོས་འཛིན་གྱི་མེད་སྙམ།༽དེས་ན་བོད་ཀྱི་ཁ་ཆེའི་རིགས་དང་རྒྱ་རིགས་བོད་སྐད་ཤེས་མཁན་ཚོ་བོད་དུ་འགྱུར་བ་དང་། གནས་གཞན་དུ་སྐྱེས་པའི་ཕ་མ་བོད་རིགས་གཙང་མ་ཡིན་ཀྱང་བོད་སྐད་མི་ཤེས་མཁན་ཚོ་བོད་མིན་པར་འགྱུར། རང་རེའི་བཀའ་བློན་ཁྲི་བའང་བོད་མིན་པར་འགྱུར་རམ།
༤་་་་མི་རིགས་ངོས་འཛིན། ༼བོད་བཙན་པོའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུད་ཡིག་ཐོག་ཏུ་ཡོད་པའི་རྒྱུ་མཚན་གྱིས་བོད་མི་རིགས་ངོས་འཛིན་ཐུབ་ཀྱི་ཡོད། བོད་བཙན་པོའི་རྒྱལ་རྒྱུད་ཀྱི་ལོ་རྒྱུས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་གསལ་བསྟན་བྱས་ཡོད། རྒྱལ་པོ་ཡོད་ན་འབངས་མི་ཡོད་དགོས་པའི་རྟེན་འབྱུང་གི་འབྲེལ་བ་འདིའི་ཐོག་ནས་གསལ་བཤད་བྱེད་ཀྱི་རེད།༽ཞེས་པར་བོད་སིལ་བུར་འཐོར་བ་དང་ལྷན་དུ་འབངས་ཀྱང་འཐོར་བ་དང་། རྒྱལ་པོའི་འབངས་བོད་རིགས་ཡིན་མི་དགོས་པ་དང་། བཙན་པོའི་གདུང་རྒྱུད་རེ་གཉིས་ལས་མེད་པས་ཅི་བྱ།
༥་་་་་ཅིའི་ཕྱིར་དུ་རྩོད་ཞེ་ན། ༼ཐོབ་ཐང་དང་བདག་དབང་གི་ཆེད་དུ་རྩོད། དེ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མི་རིགས་ཡོད་བསྡད་པའི་ཐོབ་ཐང་དང་བདག་དབང་གི་ཆེད་དུ་རྩོད།༽ཐོབ་ཐང་ནི་གཏན་ཏུ་འགྱུར་བ་མེད་པ་ཞིག་མིན་ལ། བདག་དབང་ནི་ས་གནས་གང་ན་ཡོད་པའི་ཁྲིམས་མཐུན་གྱི་གནས་བབ་ཁོ་ན་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བརྒྱུད་རིམ་གལ་ཆེ་བས་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་འདྲེན་ཐ་མ་འདི་ནི་རྩོད་པའི་ཐོབ་ཐང་ཡོད་མཁན་གཅིག་པུ་རེད། གཞན་རིགས་རྒྱུད་གསལ་བོ་མི་ཤེས་མཁན་ཞིག་གིས་ཕ་སྐད་ཙམ་གྱིས་སྒོ་ནས་རྩོད་པ་གནས་ལུགས་ཆེར་མེད་སྙམ
༦་་་་སྐྱིད་སྡུག་མཉམ་ཁུར། ༼ཧཧཧ་་སྐྱིད་སྡུག་མཉམ་ཁུར་ཟེར་བ་འདིའི་གོམ་པ་དང་པོར་ནང་ནས་སྤོ་དགོས། དེ་ནས་རང་དང་རིགས་གཅིག་པའི་མི་རིགས་ཀྱི་ཐོག་ཏུ་སྤོ་དགོས།༽དང་པོ་རང་རྱ་གར་ཨ་རི་གང་རུང་ལ་སླེབས། དེ་མ་ཐག་ཕ་མ་ཉེ་འབྲེལ་རྣམ་རང་དབང་ཡོད་ས་ཞིག་ལ་སྐྱེལ་ཐབས་བྱས། དེ་ནས་ཉེ་འབྲེལ་སོགས་གསུང་རྒྱུ་ཡིན་ནམ།
ཅོ་རི། ཁྱོད་རང་གིས་སླར་ཡང་ཕན་ཐོགས་མེད་པའི་ཟ་ཁང་གི་གད་སྙིགས་དེ་དག་འདིར་སྤུངས་བྱུང་ང་། དེ་ཡང་ཁྱེད་རང་གི་གད་སྙིགས་དང་པོ་ནི་་་་སྤྱིའི་ཆ་ནས་དང་བླང་བཅའ་ཁྲལ་བཙན་བྱོལ་མི་འབོར་ནང་དུ་བརྒྱ་ཆའི་སུམ་བཅུ་བཞི་བཅུ་ཙམ་གྱིས་མ་གཏོགས་དེང་སང་སྤྲད་མེད་པ་རེད། བཙན་བྱོལ་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཡོད་པའི་དབང་དུ་བཏང་ན་བཙན་བྱོལ་སྒྲིག་འཛུགས་ཚོགས་པའི་ཚོགས་མི་ཡིན་པ་ལས་མིན་པ་མང་གི་རེད།་་བཅས་པ་དེ་རེད། ཁྱོད་རང་གིས་གད་སྙིགས་དེ་གང་ནས་བསྒྲུགས་པ་ཡིན་ནམ། དཔྱ་དངུལ་བསྡུ་མཁན་དེ་དཔལ་འབྱོར་ལས་ཁུངས་རེད། འོན་ཀྱང་། དཔལ་འབྱོར་ལས་ཁུང་གིས་ཉིས་སྟོང་བཅུ་གཉིས་མ་གཏོགས་བཅུ་གསུམ་དང་བཅུ་བཞིའི་བཅའ་དངུལ་འབུལ་མཁན་ཁ་གྲངས་ག་ཚོད་ཡོད་མིན་ད་ལྟ་གསལ་ཁ་ཆགས་མེད་པ་ཉེ་ཆར་རང་དཔལ་འབྱོར་བཀའ་བློན་གྱིས་VOA གྱི་ལས་རིམ་ནང་གསལ་པོར་གསུངས་སོང་། ད་དུང་ཁོང་གིས་༢༠༡༢་ལོའི་བཅའ་དངུལ་འབུལ་མཁན་གྱི་ཁ་གྲངས་ནི་འབུམ་གཅིག་དང་ཁྲི་མེད་ལྔ་སྟོང་ཡིན་ལུགས་ཀྱང་གསལ་པོར་གསུངས་སོང་། དེ་བྱེད་དུས་ཧ་ལམ་བཙན་བྱོལ་བོད་མིའི་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་བཅའ་དངུལ་འབུལ་གྱི་ཡོད།་ཁྱོད་རང་གིས་བརྒྱ་ཆ་སུམ་བཅུ་སོ་བཞི་དེ་ལོ་དུས་ག་དུས་ཀྱི་ཁ་གྲངས་ཡིན་པ་དང་ཁ་གྲངས་སྙན་ཐོ་དེ་སུས་བཏོན་པ་རེད། འདིར་ལྟོས་དང་ངས་བཤད་པའི་སྐད་ཆར་ར་འཕྲོད་ཀྱི་རེད། http://www.voatibetan.com/media/video/kunleng-discussion/2437270.html?z=2642&zp=1 ཅོ་རི། ཁྱོད་རང་གིས་ཅི་ཙམ་ཁ་སྤོབས་ཆེན་པོ་བཤད་ཀྱང་གནས་ལུགས་མེད་པའི་སྐད་ཆ་བཤད་ན་གད་སྙིགས་ནང་དུ་གཡུགས་ཀྱི་རེད་མ་གཏོགས་དེར་བདེན་ཁ་སྤྲོད་མཁན་སུ་གཅིག་རག་གི་མ་རེད། མ་གཞི་ནས། མ་གཞི་ནས་གནས་ཚུལ་ཕྱེད་ཙམ་ལས་མ་རྟོགས་ཀྱང་འུར་རྒྱག་རྒྱུ་དེ་ཁམས་པའི་གཤིས་ཀ་རེད།
དྲི་མེད་ལྷག་བསམ་ལགས། ཐུགས་ལྷད་ཙམ་བྱོས་དང་། ཁྱོད་སྤྲུལ་གོག་ཞིག་གི་སྐྱེ་བ་ལེན་བསྡད་ཡོད་པར་ངས་ཤེས་ཀྱི་ཡོད། སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་བ་འདིའི་སྙིང་ནས་ཁོག་ལ་བཅུག་ནས་རྩོད་རྒྱག་མཁན་ཡིན་ན་ཡར་ཕྱོགས་མར་ཕྱོགས་ནས་སྐོར་དགོས་མ་རེད། ཁ་ཐུག་ལབ་ཤོག་དང་་་་ཁ་གསལ་ན་གོ་བདེ་ཡི་རེད།
ནང་ཆོས་དཀྲུགས་ཤིང་རེད་ཟེར་མཁན་ང་རེད་ཨེ། ཁྱོད་ཀྱིས་མདའ་མོ་འཕེན་འདོད་མིན་པར་གཞུ་མོ་བཅག་བརྩིས་རེད་འདུག་་ག ནང་ཆོས་དཀྲུགས་ཤིང་རེད་ཟེར་ནས་ག་པ་བྲིས་འདུག་གམ། གཅིག་སྟོན་རོགས་བྱོས།་་་ཧཧ
རིགས་རུས་ཐོག་ནས་ཁྱབ་ལོག་སྒྲུབ་བརྩིས་མ་བྱེད་ཅིག དེང་སང་འཛམ་གླིང་ཐོག་ཏུ་རྒྱལ་ཁབ་དེའི་མི་སེར་ཡིན་མིན་སྐད་ཡིག་དང་རིགས་རུས་མ་རེད། རྒྱལ་ཁབ་དེའི་མི་སེར་ལག་ཁྱེར་ཡོད་མེད་རེད། བོད་ལ་རྒྱལ་ཁབ་མེད་པའི་ཅི་བྱ། ཐ་ན་བཙན་བྱོལ་བོད་གཞུང་ཡང་སྒོ་རྒྱག་ཟིན་པའི་ཅི་བྱ།
ཐོབ་ཐང་ཟེར་བ་འདི་ལ་འགྱུར་བ་མེད་པ་ཞིག་མིན་སྟེ། མི་རྟག་པ་ཡིན་པའི་ཕྱིར། ཁྲིམས་ལུགས་ལ་འགྱུར་བ་མེད་པ་ཞིག་མིན་སྟེ། དམངས་གཙོའི་རྒྱལ་ཁབ་ཀྱི་དབང་ཆ་དམངས་ལ་ཡོད་པའི་ཕྱིར། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཕྱིར།
ཨོ་ཡ་་་དོན་དངོས་པོའི་ཐོག་ནས་བགྲོ་གླེང་བྱེད་འདོད་ཡིན་ན་ནི་མུ་མཐུད་ཆོག་གི་རེད། སྤྲུལ་གོག་ལམ་ལུགས་ལ་དགག་པའི་སྙིང་ནད་ཆགས་སོང་བས་རྩོད་ཀྱི་ཡོད་ན་ནི་དོན་ལྡན་གྱི་བགྲོ་གླིང་ཁག་པོ་རེད།
༧རྒྱལ་བ་རིན་པོ་ཆེན་ལ་མཚན་སྨད་ཞུས་སོང་ཟེར་ནས་ཁྱོད་ཚོ་ཧང་སང་སང་ཧན་འཐོར་འཐོར་བྱས། བོད་གཞུང་གི་མཚན་བྱང་མེད་བཟོས་ནའང་སྐྱོན་མེད་པ་དེ་འདྲ་ག་རེད་དམ། གཅིག་ལ་མཚན་སྨད་ཞུས་ན་མི་འགྲིག་པ་དང་གཅིག་གི་མཚན་བསྒྱུར་བཞག་ན་འགྲིག་པ་དེ་འདྲ་ག་རེ་རེད་དམ། རྐུ་ངོ་་་ལུང་རྟོགས་ལགས།
༼ཁྱོད་ཤི་ང་གསོན།༽རེད་རེད། སྤྱི་ཚོགས་དཀྲུག་འདོད་ཡོད་རིགས་ལས་དེ་འདྲ་ལ་ཞུགས་སྲིད་པ་རེད། གྲི་ངན་ལག་པར་སྡང་། མྱི་ངན་ཕ་མར་སྡང་། དེ་འདྲ་ཡོང་སྲིད་ན་ཡང་། མི་དཔའ་མེད་ཞིག་གི་དཔའ་བཤད་ལ་སྐྲག་ནས་འདུག་དགོས་དོན་ཞིག་མི་འདུག་གི་ཨ། ཚོགས་པ་ག་རེ་འཛུག་ན་ཡང་། དང་པོ་ཚོགས་དངུལ་ནས་མགོ་འཛུག་དགོས་བ་རེད། ཚོགས་དངུལ་སྤྲོད་མི་དགོས་ནིའི་ཚོགས་པ་ཞིག་དང་ཚོགས་དངུལ་མི་སྤྲད་ནིའི་གྱེན་ལངས་བ་ཚོས་བོད་རང་བཙན་ཞིག་མ་དགོས་སྐྱག་པ་ལ་ལོན་རྒྱུ་མ་རེད་ཡ། དགད་མོ་རྐུབ་ནས་ཤོར་སོང་།
སུའུ་སུ་རྒྱབ་ལ་ཁུར་ནས་རང་བཙན་ལན་གི་ཡིན་ན་དགྲ་པོ་དགྱ་དམར་ཚང་གི་སྒོ་ཁར་སོང་དང་། ང་ཚོས་ཁྱོད་ལ་མཆོང་ཡ་དང་ལྡང་ཡ་ག་འདྲ་ཞིག་ཡོད་མེད་བལྟས་ཆོག། ཡིན་གཅིག་རྡ་ས་རྒྱབ་ལ་ཁུར་ནས་དགྲོ་དགོས་དོན་དེ་འདྲ་ཅི་ལ་ཡིན། ཕྱི་འཇམ་ནང་རྩུབ་གྲོད་པའི་སྤུ་ཁྱེད་ཚོ་ཡིན་ན། ནམ་ཡིན་ན་ཡང་། རུལ་མ་ཅིག་གིས་ནར་ནར་ལ་ཡོད། ཁ་ཕོ་འཐེན་ནས་ཅི་བྱེད། དུས་ཚོད་རན་པས་མ་ཚད་འཕྱི་དྲག་པ་རེད། དགྲ་བོ་བཀུམ་དུ་སོང་དང་། དོལ་ཁྱི་བྱས་བས་མ་ཚད་དཀྲུག་ཁྱི་བྱེད་ཡ་ཡིན་ན་ཡང་ཐོན་ཤོག། ཕྱི་ཡུལ་ནས་གཡོག་ལས་བཞག་ནས་རྡ་ས་ལ་ནང་དམེ་བྱེད་དུ་ཐོན་ཤོག།
ཅོ་རི་འདི་ཚོས་ལ་མ་ཚོས། སྨིན་ལ་མ་སྨིན་དེ་འདྲ་རེད། དེའི་དབང་གིས་གནས་ལུགས་མེད་པའི་སྐད་ཆ་རྫིག་པོ་རྐྱང་རྐྱང་བཤད་ནས་སྡོད་ཀྱི་རེད། དོན་དངོས་ཐོག་ཁོས་བོད་དོན་ཆེད་ཉིན་གཅིག་ཀྱང་ལས་ཀ་བྱས་མིན་དེ་ཐེ་ཚོམ་གྱི་གནས་རེད། ལྐུག་པ་ཨུ་ཚུགས་ཆེ། ཇག་པ་ཧམ་པ་ཆེ་ཟེར་བ་ལྟར་རང་རེད་འདུག
ཅོ་་རི་ལགས། ངས་ཁྱོད་བསམ་བློ་གཏོང་ཐུབ་མཁན་ཞིག་གི་ཚོད་དུ་བཞག་ནས་གུས་པ་དང་བཅས་པའི་སྒོ་ནས་དྲི་བ་ཞིག་བཀོད་པ་ལ། ལན་ཅི་བཞིན་པ་འདེབས་མ་ནུས་པར་ཤི་རོ་དུར་འདོན་གྱི་བསམ་བློ་ཞིག་བྱུང་བ་རང་ཉིད་ལ་ཚད་ཤིང་བསླང་བ་ལས་གཞན་དུ་ཅི། ཁྱོད་ཀྱིས་རང་དཔེ་གཞན་འགེབས་ཀྱིས་ཚིག་ངན་དང་བཅས་པའི་ཕྲན་ལ་སྤྲུལ་ཀོག་གི་ཞྭ་མོ་ཞིག་ཀྱང་གསོལ་བར་ཨ་ལ་ལ་ཧོ། ད་དུང་རང་བདེན་གྱི་བྲག་རི་མཛུབ་སྐོས་འདོད་ན་ཁྱོད་རང་གིས་གྲུབ་མཐར་མཛོད། འཁོན་འཛིན་ཞིག་གིས་སྒོ་ནས་བགྲོ་གླེང་བྱས་དུས་ཕྱོགས་གཅིག་ལ་འཁྱོག་འགྲོ་བ་ཆོས་ཉིད་རེད། དུག་གསུམ་གྱི་རྩོད་པ་ལ་ཞུགས་པའི་མོས་པ་མེད་པས་དགོངས་དག་ཞུ། །ཉིད་ཀྱི་སྙིང་ནད་ཞི་བར་ཕན་ན་ཕྲན་ལ་དམོད་མོ་འབུམ་ཕྲག་ཐོངས་དང་མི་སྨྲའི་བརྟུལ་ཞུགས་ཀྱིས་གཏོང་ལེན་དམིགས་པ་སྐྱོང་ཁུལ་བྱེད་དོ། ཁྱིམ་མཚེས་ཀྱིས།
ཉེ་འཆར་གསར་འགྱུར་ནང་ལ། གོང་ས་མཆོག་གིས་ཡང་སྲིད་དགོས་པ་མེད། ད་རེབ་ཀྱི་ཏ་ལའི་བླ་མ་སྐུ་ཕྲེང་༡༤འདི་ཡག་ཐོག་ཡག་བརྩེགས་ལ་མཚམས་བཞག་ན་ལེགས་ཚུལ་གསུངས་འདུག
ཁོང་གིས་སྔོན་མ་དགའ་ལྡན་ཕོ་བྲང་ཡང་འདི་ལྟར་བོད་གཞུང་ནས་ཐེན་གནང་མཛད་སོང་ལ། ད་རེབ་དང་སྔོན་མའི་གསར་འགྱུར་གཞན་ལ་བཀའ་སློབ་གནང་བ་ལ་བསམ་ན། རིམ་བཞིན་སྐུ་ཕྲེང་གི་རྒྱུད་པ་དེ་བསྡུ་རྩིས་ཡོད་པར་སྣང་།
གང་ལྟར། སྤྲུལ་སྐུ་ཚོལ་བའི་ལུགས་སྲོལ་འདི་ད་ཆའི་དུས་ཚོད་དང་འཚམ་པོ་མིན་པ་ག་ལེར་གསལ་པོ་ཆགས་བཞིན་འདུག སྔོན་མ་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་ཀྱང་སྐུ་ཉིད་ཀྱི་སྤྲུལ་སྐུ་ཕེབས་རྒྱུ་མིན་པའི་བཀའ་སློབ་འདི་འདྲ་གནང་ཡོད་གསུངས་པ་གོ།
དེ་བཞིན་བོད་ལ་དུང་དཀར་རིན་པོ་ཆེ་ནས་སྤྲུལ་སྐུ་མེད། འཚོལ་མ་དགོས་གསུངས་པ་གོ། ད་དུང་ཨ་ལགས་གཟན་དཀར་རིན་པོ་ཆེས་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་མཚམ་བཞག་ནས། བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱི་དགེ་འདུན་ལ་རྩིས་སྤྲོད་བྱེད་ཐུབ་ན་ལེགས་རབ་གསུང་བཤད་གནང་ཡོད་ཟེར།
ཨོ་ཡ་་་་ད་དེ་རིང་འདིར་་གླེང་མཚམས་བཞག་གི་ཡིན། གནམ་ཟེར་བའི་འཇིགས་སྐུལ་དྲག་སྤྱོད་པ་ཁོ་བསླེབས་བྱུང་། ཁ་ཚིག་མཐོ་རེ་ཤོར་སོང་ན་་སྐེ་གཅོད་ཀྱི་རེད། ཁ་ཆེ་དྲག་སྤྱོད་པ་ཚོས་སྐེ་གཅོད་པ་ལྟར་གཅོད་ཀྱི་ཡིན་ཟེར་ནས་ངར་བསྡད་ཀྱི་ཡོད་རེད། ཡིན་ཀྱང་་་་ང་ཅོ་རི་ཉལ་སའི་ནང་དུ་མ་ཤི་བར་ཤོག ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་ལག་ཏུ་ཤི་བར་ཤོག་ཅེས་ཤཀྱའི་རྒྱལ་པོའི་མདུན་དུ་སྨོན་ལམ་རྒྱག་གི་ཡིན། རྒྱལ་བཙོང་བ་ཚོ་བཞུགས་གདན་འཇག
ཅོ་རི་བློ་མཐུན། ཤུགས་ལྡན་གྱི་མི་གསད་པ་ཙམ་མ་ཟད་ཀོང་དེ་མོ་སྤྲུལ་སྐུ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་རྐྱང་རྐྱང་དེ་ཡང་རི་བོ་དགེ་ལུག་པ་རྐྱང་རྐྱང་ཧསད་ཡོད་རབ་ཕ་རྒོད་བླ་མའི་ཞལ་ལུང་ནང་ལ་གསལ་ཡོད། ཁྱོད་རང་ལོང་བ་མིན་ན་ཡག་པོ་ཞིག་ལྟོས་དང་ཤེས་བཞིན་མཐོང་བཞིན་དུ་ཧམ་བཤད་རི་འདྲ་ཞིག་བྱེད་ནས་ད་དུང་གཞན་ལ་ཧམ་བཤད་བྱེད་ཀྱི་འདུག་ཟེར་ན་ངོ་མི་ཚའམ། བཙན་བྱོལ་གཞུང་གྲ་མ་ཉམ་གྲུ་མ་ཞིག་པར་སྔར་ལྟར་རྡ་ས་ལ་གནས་ཡོད་པ་རེད་ལ་མཚན་བྱང་འགྱུར་བ་གཏོང་དོན་ཡང་གཞུང་འདི་ཡུན་གནས་ཆེད་དུ་རེད། རྒྱལ་ཁབ་ཅིག་ནང་ལ་སྲིད་གཞུང་གཉིས་མཉམ་དུ་གནས་ཐབས་མེད་པ་རྣམ་དཔྱོད་ཅུང་ཟད་ཡོད་མཁན་གྱི་མི་ཞིག་ཡིན་ན་མི་ཤེས་མི་སྲིད་པ་རེད། གནས་ལུག་འདི་ཙམ་ཡང་མི་ཤེས་ན་འུར་འདྲོག་བྱས་ཀྱང་རི་བོང་ཅལ་འདྲོག་ལས་ཅི་ཡང་མེད།
དོལ་རྒོལ་ནང་དམེ་མཁན་ཚོ། འདིར་ཡག་པོ་གཟིགས་ཤིག། ཁྱེད་ཚོས་དོལ་རྒྱལ་སྐོར་མཎི་འདོན་པ་བཞིན་གོང་ས་ལྔ་པས་གཅིག་ཅིག་གཅིག་དང་། རྒྱལ་བ་རིན་པོ་ཆེས་གཉིས་ཉིས་གཉིས་ཞེས་བཤད་སྡོད་པ་ཙམ་ལས་གནས་ལུགས་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་དོལ་ཚོགས་དང་འཛམ་གླིང་མི་དམངས་ལ་འགྲེལ་བཤད་ཐུབ་ཀྱི་མི་འདུག། འབྲས་སྤུང་བླ་བྲང་གོང་འོག་གཉིས་ཀྱི་སྙོག་དྲ་དེས་གོང་ས་ལྔ་པ་དང་ཁོང་གི་སྐུ་ཕྲེང་རིམ་རྒྱུད་ཀྱི་དགའ་ལྡན་ཕོ་བྲང་པས་བཤད་པ་ནི་དོལ་ཚོགས་ལ་རྒྱུ་མཚན་དུ་མི་འགྲོ་བ་འདི་ཤེས་པ་གྱིས་ཤིག། ད་ཁྱེད་ཚོར་དཔྱོད་པའི་སེམས་དང་སྨྲ་བའི་ལྕེ་ཞིག་ཡོད་ན་ཨ་ཟློས་ཡང་ཟློས་ཀྱིས་ཁ་འདོན་དེས་མི་ཕན། དོལ་ཚོགས་པ་དེ་ཚོས་ག་རེ་བཤད་ཀྱི་འདུག། དོལ་རྒོལ་བ་ཚོས་ག་རེ་བཤད་སྡོད་ཀྱི་འདུག། འཛམ་གླིང་མི་དམངས་ཀྱི་མདུན་སར་དུས་རབ་དང་མཐུན་པའི་གླེང་ཡོང་གི་འདུག་པས་ད་ཁྱེད་ཚོ་འཆུག་མི་ཉེན། གཤམ་དུ་དྲ་ཐག་ལ་གཟིགས།
http://youtu.be/XyMbSQwcOMM
རྒྱལ་རོང་ལགས།
དོལ་རྒྱལ་ངོ་རྒོལ་བ་ཚོར་རྒྱུ་མཚན་མིན་འདུག རྒྱུ་མཚན་མེད་སྟབས། ཧམ་པ་ཤོད་ཀྱི་འདུག ཁོང་ཚོའི་སྐད་ཆ་མགོ་མཇུག་ཚང་མ་འགལ་འདུ་ཤ་སྟག་རེད། དཔེ་གཅིག་འཇོག་ན།
ཁོང་ཚོས་དང་པོ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྫུན་མ་ཟེར། ཡང་དེ་ནས་རྒྱལ་བ་རིན་པོ་ཆེར་ཤུགས་ལྡན་བཀག་པའི་བཀའ་རྒྱ་དེ་གློད་ཟེར། དབྱིན་ཇིའི་ནང་ལ། False Dalai Lama, lift the ban ཟེར།
ཁོང་ཚོས་རྒྱལ་བ་རིན་པོ་ཆེ་འདི་པ་སྐུ་ཕྲེང་ངོ་མར་ངོས་འཛིན་བྱེད་ཀྱི་མེད་ན། ཅིའི་ཕྱིར་ཁོང་གི་བཀའ་རྒྱ་ལ་སེམས་འཁུར་བྱེད་དགོས་སམ། འགལ་འདུ་ཞིག་མིན་འདུག་གམ།
དེ་བཞིན་ཁོང་ཚོ་ཁུ་སིམ་མེར་ཤུགས་ལྡན་སྲོལ་ནས་བསྡད་ན། སུས་སྒོ་ཁར་རྙོག་ཁྲ་བཟོ་བཞིན་འདུག ད་ཆ་ཤར་དགའ་ལྡན་ཟེར་བ་འདི་ཤུགས་ལྡན་པ་ཚོ་ཟུར་ལ་ཁུ་སིམ་མེར་བཞག་ནས། རྙོག་ཁྲ་ཤོད་མཁན་མིན་འདུག ད་ཅིའི་ཕྱིར་ཚུར་རྙོག་ཁྲ་བཟོ་བར་བྱེད།
བོད་ཀྱི་ཆོས་རྒྱུད་ནང་ནས། ཀམ་ཚང་བཀའ་བརྒྱུད་པ་དང་།་དགེ་ལུགས་པ་གཉིས་དམ་སེལ་ཞུག་ཚར་བ་རེད།
ལུངས་རྟོགས་དང་ཡུག་ཐོག་རྒྱལ་པོ་གཉིས། ཆོས་ལུགས་ཟེར་བ་དེ་ག་རེའི་ཆད་ཡིན་ཟེར་གྱི་ཡོད་རེད། ང་དང་ཅི་རི་གཉིས་མའོ་རིང་ལུགས་རེད་ལབ་ན་ཆོག་མ་རེད་ལབ་ན་ཆོག། ཡིན་ཡང་ཁ་ནས་ཆོས་ལུགས་ནི་བྱམས་སྙིང་རྗེའི་ངོ་བོ་ཡིན་ལབ་ནས། བྱ་བ་ཚང་མ་མི་གསོད་དགྲ་འཐབ་རྫོག་རྒྱུ་མེད་པ་བྱས་ན་དེ་ཡག་པོ་རེད་བས། རྒྱ་གར་ནས་པདྨ་སབྷ་བ་བོད་ལ་སླེབ་དུས་བྱམ་སྙིང་རྗེ་མཐུན་བསྒྲིལ་བཤད་ཡ་ཕར་ཞོག། ཐོག་མ་ཉིད་ནས་ཁ་ངན་ནང་ནས་ཚིག་ངན་ཞིག་གི་རྒྱལ་བློན་བར་ང་ཤི་ཁྱོད་གསོན་གྱི་ནང་འཁྲུག་ཆེ་མོའི་མགོ་འཛུག་བྱས་པ་རེད། དེ་རྒྱ་ཁྱབ་དུ་སོང་ནས་ད་ལྟ་བོད་ཤི་མ་གསོན་དུ་གནས་ཡོད་ན་ཡང། ཆོས་ལུགསཀྱི་ནང་འཁྲུག་ཁོ་ན་རེད། དེའི་མ་ཚད་བོད་ཀྱི་ཕུ་ཐག་རིང་བའི་ལོ་རྒྱུས་དེ། བོད་ཁོག་རྒྱ་དཀར་ཞུགས་ནས་དཀྱིལ་ནས་བཅད།
ཐ་མ་འདི་འདི་རང་བཙན་ཡིན་མིན་བློ་དེ་རྒྱ་གར་བ་ལ་དྲིས། མ་རེད་ཟེར་ནས་མཚན་རྟག་བཀོད་དེ་འཛམ་གླིང་ཡོངས་ལ་བསྒྲག། དེ་རྗེས་བོད་ཀྱི་ལྷོ་རྒྱུད་རྒྱང་གྲགས་༡༠༠༠་ཁ་ལྷག་ཧམ་བཟུང་བྱས། དེ་ཚོ་རྒྱ་གར་བ་ཚོའི་ནད་གྲིབ་བོད་ལ་ཕོག་པ་མ་ཡིན་གྱི་ཞིག་རེད།
ལུངས་རྟོགས་ལགས་ཀྱི་ངས་ཆོས་ལུགས་ཚང་མ་གྲིབ་ལ་བརྩི་ཡི་རེད་ལབ་འདུག། དེ་རྟག་ན་ཁྱེད་ཧམ་བཤད་དང་རྫུན་བཟོ་ཁོ་ན་ལས་དྲང་བདེན་མེད་པ་ཤེས་ཐུབ། ངས་འཇིག་རྟེན་ཐོག་གནོད་སྐྱོན་མེད་པའི་བྱ་བ་གང་ཡིན་ཡང་ཚང་མ་ཡག་པོ་རེད་ཟེར་གྱི་ཡོད། ཆོས་ལུགས་པ་དང་ཆོས་ལུགས་སོགས་ཁ་ནས་བསྙན་པོ་ཡོད་མེད་ལ་མི་ལྟ། དོན་ལ་ཕེན་བདེ་བསྐྲུན་ཐུབ་མིན་ལ་ལྟ་ཡི་ཡོད། ངས་བསམ་ན་ཆོས་ལུགས་དང་ཆོས་ལུགས་པ་ཚང་མ་རྒྱལ་ཁབ་གང་ལ་གནས་ཡོད་ན་དེར་དན་མུག་མཚོན་གསུམ་ཞི་བར་བྱ་བའི་ཁ་ཁོག་མེད་པའི་ཀུན་སྤྱོད་ཞིག་ཡོད་ན། དེ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་ནད་མུག་མཚོན་གསུམ་རྒྱུན་ཆད་མེད་པར་བཟོ་མཁན་དག་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཞུ་ཡ་ཡིན།
ལུང་རྟོགས་མ་རེད། ལོང་རྟོག་རེད། ཁོ་པའི་མིག་ཡ་གཅིག་གིས་མ་གཏོག་མཐོང་གི་མ་རེད། ལོང་བའི་མ་མཐོང་པའམ་མ་རྟོག་པས་རང་འདོད་རྐྱང་རྐྱང་བཤད་ནས་དྲ་ཐོག་འཁྱམས་པོ་ཞིག་རེད། སྤྱིར་རང་གི་བླ་མ་དང་རང་གི་དཔོན་པོར་ཆེ་མཐང་དགོས་པར་བསམ་གཞིག་ལོས་ཐུབ། འོན་ཀྱང་ཚད་ལས་རྒལ་བའི་རང་འདོད་རྐྱང་པའི་བྱ་སྤྱོད་དེས་བླ་དཔོན་སོགས་ཀྱི་མཛད་རྗེས་ལ་ཕན་ལས་གནོད་པ་ཆེ་བ་ཡོང་གི་ཡོད་པར་དངོས་མཐོང་ཚད་གྲུབ་རེད། ནང་པ་ཡིན་པས་འགྲོ་བ་མི་ཚང་མ་རང་གི་མ་བཞིན་ལྟ་མ་ཐུབ་ཀྱང་མ་ཐ་ན་ཡང་འགྲོ་བ་མི་སྤྱི་མཚུངས་ལྟ་དགའ་ཕྱོགས་དང་སྡུག་ཕྱོགས་སོགས་རང་ཉིད་དང་གཅིག་མཚུངས་ཡིན་པ་ཞིག་སེམས་ལ་འཁོར་དགོས་ཀྱི་རེད། མི་ཞིག་ཡིན࿒པས་འགྲོ་བ་མི་སོ་སོའི་ལྟ་ཕྱོགས་དང་འདོད་ཕྱོགས་སོགས་མི་འདྲ་བར་གུས་ཞབས་མ་ཐུབ་ཀྱང་དེར་བསམ་གཞིག་ཐུབ་པ་དགོས་རྒྱུ་ནི་དེང་རབ་ཉེར་གཅིག་་པའི་མིའི་བཟང་སྤྱོད་རེད། ལོང་རྟོག་རིགས་ནི་རང་ཕྱོགས་དང་མ་མཐུན་པའི་སྤུན་ཟླར་དགྲ་བོ་རྒྱ་དམར་ལས་སྡུག་ཙམ་གྱིས་ལྟ་ཚུལ་འཛིན་ནས་དེ་དག་ལ་ཁ་ངན་ཚིག་ངན་གྱིས་སྤྱོད་པ་ཡོང་རྫོགས་ཕྱིར་སྟོན་ཡོང་གི་རེད།
ཏི་སི་བདེན། ད་བཀའ་དགེ་གཉིས་ལ་དམ་སྲེད་བྱུང་སྟབས། ང་ཚོ་བོན་པོ་ཚོར་སྐྱབས་བཅོལ་ནས། བོན་གྱི་དམར་མཆོད་འབུལ་རྒྱུའི་ལག་ལེན་དེ་མགོ་ཚུགས་རྒྱུ་ཡིན། ཁྱོད་ལ་གདམ་ངག་འདྲ་ཡོད་ན་འདི་རུ་སྤུངས།
ལུང་རྟོག་ལ་ཞུ་རྒྱུ་འགའ་ཡོད།
ཆོས་ལུགསཟེར་བ་དེས་ཞི་བདེ་དང་། སྙིང་རྗེ་སོགས་འགྲོ་བ་མིའི་རིགས་ལ་དར་སྤེལ་གཏོང་གི་ཡོད་པ་དངོས་ཡོད་རེད། ཆོས་ལུགས་འདྲ་མིན་དབང་གི་མི་གསོད་ཁྲག་སྦྱོར་ཡོང་གི་ཡོད། དེའི་རྒྱུ་རྐྱེན་དེ་ཆོས་ལུགས་ཐུག་མེད་པར་གཙོ་བོ་ཆོས་བྱེད་མི་སྣར་ཐུག་ཡོད། ཆོས་ལུགས་ཀྱི་དད་པ་དེ་སྟོབས་ཤུགས་ཆེན་པོ་རེད། དེའི་དབང་གིས་སྐྱེ་བོ་མི་ཉུང་བ་ཞིག་གིས་ཆོས་ལུགས་སྤྱད་དེ་རང་དོན་སྒྲུབ་མཁན་ཉུང་ཉུང་གཏན་ནས་མ་རེད། དེ་ཙམ་མ་ཟད་ཆོས་ལུགས་སྤྱད་དེ་རྒྱོ་རྒྱག་མཁན་ཡང་མང་པོ་རེད། དེ་ཚོ་ཚང་མ་སྡུག་རྩུབ་དང་ཁྲམ་པའི་བྱ་སྤྱོད་རེད། ཆོས་ལུགས་མ་རེད། སྐྱེ་བོ་ཚོས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེ་ཤོས་དེ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བེད་སྤྱོད་བྱེད་ཀྱི་རེད། དེ་ནི་གཞན་གང་ཡང་མིན་པར་ཆོས་ལུགས་རེད། དེའི་དབང་གིས་རྩོད་སྙོག་དེ་བྱུང་བ་རེད།
དམར་མཆོད་འབུལ་མཁན་ངོ་མ་དེ་གཟའ་རཱ་ཧུ་ལ་གསོལ་མཆོད་བྱེད་མཁན་དེ་ཚོ་ཡིན་གྱི་རེད། ལྟས་ངན་བོད་པ་ཚང་ལ་མི་ཡོད་དགུ་ཡོད། །
འོ་ཡ། ཡག་པོ་རེད་ཡ།
གཡུ་ཐོག་རྒྱལ་པོ་ལགས་ཀྱི་དེ་འདྲ་གསུང་ན་ཡག་པོ་འདུག། ཆོས་ལུགས་པ་དེ་ཚོ་རང་རང་ས་ལ་མ་བསྡད་པར་ཡུལ་གཞན་ལ་བཙན་འཛུལ་ཁོ་ན་བྱས་སྐྱེན། ད་མཐར་འདི་ལ་ཐུག་སོང་བ་རེད། ཁ་ནས་ཆོས་བཤད་ཁོག་ནས་སྡིག་ཁོ་ན་བསམ་ནས་རང་གཞན་གཉིས་མེད་བཟོ་ཡི་འདུག། ཆོས་ལུགས་སྤྱོད་མཁན་དག་རང་གཞན་གཉིས་ཕན་གི་ལམ་ནས་འགྲོ་དགོས། དེ་ལས་ཟློག་དེ་གཟེ་མ་ར་མགོ་ནང་བཞིན་བྱས་བསྡད་ཚེ་མཐར་འདི་ལ་ཐུག་སོང་བ་རེད།
སྔོན་དགེ་ལུགས་དང་བཀའ་རྒྱུད་བར་དམག་འཐབ། དགེ་ལུགས་པས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གཅིག་ནས་གྲྭ་པ་བདུན་སྟོང་གི་སྐེ་བཅད། རྙིང་མ་ལ་བརྒྱབ་ནས་རྡོ་བྲག་སྨིན་གླིང་ཐམས་ཅད་གཏོར། རྡོ་རྗེ་འཛིན་པ་བཅུ་གསུམགྱི་སྐེ་ལྷ་སའི་ཆུ་འགྲམ་དུ་བཅད། ཇོ་ནང་ལ་བརྒྱབ་ནས་བརྟག་བརྟན་ཕུན་ཚོགས་གླིང་དགེ་ལུགས་ལ་བསྒྱུར་ནས་གྲ་པ་མང་པོ་དམར་གསོད་གཏོང། རྙིང་མས་བོན་པོ་ལ་བརྒྱབ་ནས་མི་མ་ཤི་གསོན་པོ་དུར་སྦས་དང་པ་སྤྱི་ཀྲོམ་དཀར་པོའི་མགོ་བཅད། ཡ་ད་དེ་ཚོ་དམར་མཆོད་རང་མ་རེད་བས་ཨ། ཡང་ན་དམར་མཆོད་ལས་སྡུག་པའི་བྱ་ངན་རེད།
དབུ་མའི་ལམ་དེ་ཐབས་བཟང་མ་ཡིན་ན།།
དེ་ལས་གཞན་པའི་ཐབས་དེ་གང་ཞིག་གམ།།
དབུས་ཀྱི་སྒྲིག་འཛུགས་མེད་དང་ཡོད་པ་ལས།།
ཡོད་ན་བཟང་ངོ་གཞུང་གཞན་གང་ཞིག་ཡོད།།
ཡོད་ན་བསྟན་པའི་དུས་ཡིན་དེ་མེད་ན།།
ཞལ་རས་བཞུགས་པ་ལན་གྱི་བཟང་ཤོས་ལགས།།
རང་བཙན་ཞེས་པ་ལབ་རྒྱུ་འབྲི་རྒྱུ་སླ།།
རང་བཙན་སྒྲུབ་པའི་འགན་དེ་སུས་འཁྱེར་ཤོད།།
ཐོབ་ཐང་རྩོད་སླ་ལས་འགན་འཁྱེར་དཀའ་བ།།
ད་དུང་དབྱེ་ཞིབ་མ་མཁས་བཏང་སྙོམས་དགའ།།
དེ་མིན་རྒྱབ་ལྗོངས་གཞན་ཡོད་གྱི་ནར་འཁྱམས།།
སྐྱབས་རྗེ་ཕ་བོང་ཁ་བདེན་བདེན་གྱུར་ན།།
༧ལྔ་པ་ཆེན་པོ་བཅུ་གསུམ་ཆེན་པོ་མཆོག །
ཁྲི་ཆེན་ལྕང་རྐྱ་ཕུར་ལྕོག་ཐིའུ་བཀན་དང་།།
ཡོངས་འཛིན་རྣམ་པ་མི་བདེན་ལུང་རིགས་དབེན།།
དོལ་རྒྱལ་དོལ་འདྲེ་ཟེར་བར་མི་བཟོད་ལ།།
༧རྒྱལ་བར་མཚན་སྨད་ཞུ་བཟོད་ཨ་ཙ་མ།།
ཟླ་མེད་དྲིན་ཆེན་དྲིན་དུ་མ་གཟོ་ཡང་།།
བཏང་སྙོམས་ཆེན་པོའི་ཉམས་ལེན་དུས་བབ་སྙམ།།
དེ་ཡང་ཇི་སྐད་དུ། ༧རྒྱལ་བའི་ཡོངས་འཛིན་རྣམ་པ་ཟུང་གིས།
༧གངས་ཅན་མགོན་པོ་༧བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་།།
བཞེད་དོན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།།
ཞེས་ཐུགས་སྨོན་མཛད་པ་བཞིན་དེ་དེ་བཞིན་དུ་གྲུབ་པར་ཤོག །།
འོ་རེད་རེད། རྒྱལ་བ་ལྔ་པས་ཆོས་ལུགས་རིས་མེད་རླབས་ཆེན་བྱས་ཚུལ་དང་མཛད་བཟང་དེ་རྒྱུན་སྐྱོང་ཆེད་གོང་ས་མཆོག་གིས་རྙིང་མའི་ཆོས་རྒྱུད་ལ་དོ་སྣང་གིས་ཆོས་ལུགས་རིས་མེད་གནང་ཚུལ་སྐོར་གསུངས། རྒྱལ་བ་ལྔ་པས་ཇོ་ནང་གི་མ་དགོན་རྟག་གཏན་ཕུན་ཚོགས་གླིང་དེ་དགེ་ལུགས་དགའ་ལྡན་ཕུན་ཚོགས་གླིང་ལ་སྒྱུར། དབུས་གཙང་ཕྱོགས་སུ་ཇོ་ནང་པའི་དགོན་པ་གཏོར་བ་དང་ཡང་ན་དགེ་ལུགས་ལ་སྒྱུར། ཇོ་ནང་པའི་ཆོས་དཔེར་ཡོང་རྫོགས་མེར་སྲེགས་ཆུར་སྐྱུར་གྱིས་ཇོ་ནང་པའི་ཆོས་སྡེ་ཞིག་དབུས་གཙང་ཁུལ་དུ་ལྷག་མེད་དུ་བཟོས་པ་རེད། དེ་དག་ཆོས་ལུགས་རིས་མེད་ཀྱི་མཛད་པ་རེད་དམ། སོག་པོར་ངོ་སྟོད་ནས་བོད་རིགས་སྤུན་ཟླ་བཀའ་རྒྱུད་པ་སོགས་ལ་དམག་གིས་མི་བསོད་ཁྲག་གི་འཁོར་ལོ་སྐོར་བ་རེད། དེ་དག་ཆོས་ལུགས་རིས་མེད་དང་འགྲོ་བར་བྱམས་སྐྱོང་གི་སྤྱོད་པ་ཡིན་ནམ། གོང་ས་ལྔ་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ལ་རལ་པ་མེད་པའི་དམག་སྤྱི་དང་། སྡོམ་པ་མེད་པའི་མཁན་པོ་མཛད་སྡོད་པ་རེད། ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་གྱིས་མཛད་པ་རླབས་ཆེན་བྱས་ཚུལ་བཤད་བཞིན་པ་རེད། ལར་ནི་རྙིང་མ་པའི་ཆོས་བྱེད་ན་ཆོས་ལུགས་རིས་མེད་འགྱུར་དོན་ཅི་ཡིན་ནམ། བོད་ལ་རྙིང་ཆོས་སྲོལ་མཛད་པ་པོ་སློབ་དཔོན་རིན་པོ་ཆེས་བོད་པའི་ཆོས་ལུགས་རིས་སུ་བཅོད་ནས་བོད་ལ་ནང་ཆོས་སྤེལ་བ་རེད། ཆོས་ལུགས་ཆགས་སྡང་གིས་བོན་སྡེ་གཏོར་བ་དང་བོན་ཆོས་རྐུས་པ་རེད། སངས་རྒྱས་ཆོས་ལུགས་ནང་ལ་ལྷ་གསོལ་དང་འདྲེ་གསོལ་གྱིས་བླ་མའི་ཆོས་ལུགས་དེ་བོད་ལ་སྲོལ་མཛད་པ་རེད། བོད་ལ་བླ་མའི་སྒེར་ཆོས་རིང་ལུགས་དེ་ཁོང་གིས་རྒྱུད་ནས་བྱུང་རེད།
ཁ་བའི་ཡུལ་གྱར་བ་ཡི་སྐད་ཆ་དེ་ཡང་ཆོས་ལུགས་སྐོར་ཤོད་བཞིན་དུ་ཐར་བབ་ས་དེ་དགེ་ལུགས་པ་ཡིན་པ་འདྲ། ད་བྱེད་དུས་ཁྱེད་རང་གི་ལང་ཕྱོགས་དང་ལྟ་བ་གཉིས་ཀར་ལྷད་བཞུགས་ཚར་ཤག ཆོས་ལུགས་ལ་བལྟ་སྐབས་དགེ་ལུགས་པ་དང་རྙིང་མ་ཙམ་མ་ཟད་ཁ་ཆེ་དང་ཡེ་ཤུ་སོགས་ཀྱི་དབྱེ་བ་མེད་པར་བལྟ་དགོས་ཀྱི་རེད། དེ་ནས་དེ་དག་གི་དགེ་སྐྱོན་རིམ་པས་གླེང་ན་རྒྱུ་མཚན་ལྡན་པ་ཞིག་དང་གནས་ལུགས་ཡོད་པ་ཞིག་རེད། དེ་མིན་མགོ་བོའི་སྟེང་གི་སྐྲ་ཉག་མ་གཅིག་སྐོགས་ནས་རླུང་ལ་འཕྱར་ན་འཕྱར་མཁན་དེ་སྨྱོན་པ་རེད་མ་གཏོགས་སྐྲ་ཡི་སྐྱོན་མ་རེད་ཏ།
འོ་ད་འདི་ལ་སྤུངས་འདུག དམྱལ་བ་ལ་འགྲོ་འདོད་ན། སངས་རྒྱས་དམར་མཁྱུད་ཀྱི་མན་ངག་ཤ་སྟག་འདིར་འདུག ཐུགས་རྗེ་ཆེ།
སངས་རྒྱས་ཆོས་ལ་སྐྱོན་མིན་འདུག གཙོ་བོ་ཆོས་བྱེད་མཁན་སེམས་མ་གདུལ་བ་དེ་ཚོས་ཆོས་ཁ་ལ་ཁྱེར་ནས་བདུད་ཀྱི་ཞབས་ཕྱི་རྒྱུག་པ་དེས་འགྲིགས་ཀྱི་མིན་འདུག
ས་དགེ་བཀའ་རྙིང་ཚང་མའི་ནང་ལ་སངས་རྒྱས་ཐབས་ཀྱི་ལག་ལེན་ཡག་པོ་ཤ་སྟག་གསུངས་འདུག གཙོ་བོ་སངས་རྒྱས་པའི་མི་ཐེབས་ཆག་འདི་ཚོས་ཡར་དཀྲུག་མར་དཀྲུག་ཤ་སྟག་བྱས་ནས་བསྟན་པ་ལ་མིང་ངན་སྤྲད་པ་ཤ་སྟག་རེད།
བོན་པོ་ལ་མཚོན་ན། ཐ་སྙད་མི་འདྲ་བ་མ་གཏོགས་རྫོགས་ཆེན་དང་རྙིང་རྗེ་སྒོམས་སྟངས་དེ་ཚོ་གཅིག་པ་རེད་འདུག
དཔེར་ན། འདིར་ཡོང་མཁན་གྱི་བོན་པོའི་དྲ་འབུ་དེ་ཚོ་དང་རྙིང་མའི་དྲ་འབུ་དེ་ཚོས། བོན་དང་རྙིང་མའི་རྫོགས་ཆེན་གྱི་ཁྱད་པར་ཤོད་སྟངས། ཁྱད་པར་མིན་འདུག
འོན་ཀྱང་། དོན་རྒྱལ་འདི་ཅུང་འཛོར་པོ་འདུག དོལ་རྒྱལ་འདི་ལ་དབང་ཆ་སྤྲད་ན། ཚང་མ་ཏག་ཏག་བཟོ་མཁན་ཞིག་རེད་འདུག
གཡུ་ཐོག་རྒྱལ་པོ་ལགས། ངས་བཤད་འདོད་པ་དག་བོད་འདི་འཆི་ལམ་ལ་འདེད་མཁན་གྱི་སྐྱེན་རྩ་དག་ཡིན།
གཞན་ཡེ་ཤུ་བ་དང་ཁ་ཆེ་བས་བོད་ལ་གནོད་ཚབ་ཆེ་བའི་ལས་གང་ཡང་བྱ་མེད་། དེ་དག་ལ་ཇུས་མེད་ཇུ་ཏོག་
བྱེད་འདོད་མེད། ཡོད་ན་ཁྱེད་རང་གི་བྱོས། སྔོན་ཁ་ཆེ་བ་དང་བན་དེ་བ་གཉིས་རྒྱ་གར་ནང་དམར་འཛིང་དེ་
དག་རྒྱ་གར་བའི་དོན་དག་ཞིག་རེད། དེ་བོད་ནང་ལ་ཚུལ་ཁུར་ཡོང་དགོས་དོན་མེད། མ་གཞི་ད་ལྟའི་ཚིག་དེ་
ཁྱོད་ལ་ཆེ་པོ་ཕོག་ཡོད་བཟོ་འདུག། དེ་གནད་ལ་ཕོག་ན་ཟུག་གཟེར་ཆེ་ཟེར་བ་ལྟར་རེད་ཁག་མེད། རང་སྐྱོན་
རི་རབ་ཙམ་དེ་སྦས། གཞན་སྐྱོན་ཉུང་འབྲུ་ཙམ་དེ་སྟོན་མ་འདུག་ཕྱིན་ཆད་བཟོ་བཅོས་གཏོང་དགོས་རེད་ལོ།
བོད་མི་རིགས་གཉིད་ལས་སད་པར་ཤོག
གཉིད་རྨོངས་དད་འོག་ནས་སད་པར་ཤོག
བོད་མི་རིགས་ཕུང་ལ་སྦྱར་མཁན་དེ།
སུ་ཡིན་མིན་མགྱོགས་པོ་ཤེས་པར་ཤོག
ཁ་སྙིང་རྗེ་བཤད་མཁན་ཤན་པ་དེ།
སུ་ཡིན་མིན་མགྱོགས་པོ་ཤེས་པར་ཤོག
སྤྱི་སངས་རྒྱས་བསྟན་པའི་དགྲ་བོ་དེ།
སུ་ཡིན་མིན་མགྱོགས་པོ་ཤེས་པར་ཤོག
དམངས་ཉམ་ཆུང་གཉའ་ནས་གནོན་མཁན་དེ།
སུ་ཡིན་མིན་མགྱོགས་པོ་ཤེས་པར་ཤོག
བོད་མི་དམངས་མགོ་སྐོར་བཏང་མཁན་དེ།
སུ་ཡིན་མིན་མགྱོགས་པོ་ཤེས་པར་ཤོག
བོད་ཁ་བ་ཅན་གྱི་རྟོག་སད་ཚོའི།
དཔའ་སྤོབས་དགུང་དང་མཉམ་པར་ཤོག
བོད་ཁ་བ་ཅན་གྱི་གཞོན་ནུ་ཚོའི།
བློ་རིག་པ་གློག་ལྟར་གསལ་པར་ཤོག
བོད་མི་རིགས་རང་མགོ་ཐོན་པར་ཤོག
ས་རང་ཡུལ་རང་བདག་ཡོང་པར་ཤོག
མྱི་ཉམ་རང་དབང་འཐོབ་པར་ཤོག
མི་ཀུན་ལ་བདེ་སྐྱིད་ཡོང་པར་ཤོག
ཇོ་ནང་གི་བསྟན་པ་དཔལ་ལྡན་དུས་འཁོར་བདག་པོར་བཞེས། གཞན་སྟོང་གི་བཞེད་ཚུལ་དེ་ཡང་དག་པའི་ལྟ་བ་ཞིག་ཨེ་རེད་སྙམ། གལ་ཏེ་དེ་ལྟར་གནང་ཚེ། སྟོང་གཟུགས་དེ་བཞག་ནས་བུམ་པ་ཀ་བས་སྟོང་པ་ལས་བུམ་པ་རང་བཞིན་གྱིས་སྟོང་པ་རྟོགས་ན་ཇི་འདྲ་དགའ་སྙམ་མོ།།
ལྷག་པར་དེང་དུས་རིས་མེད་དང་མཐུན་སྒྲིལ་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་ངེས་པར་མཁོ་བ་ཞིག་ཡིན་པས། ལྔ་པ་ཆེན་པོས་དེ་ལྟར་གནང་ཡོད་པ་ནི། རླབས་ཆེན་རྨད་དུ་བྱུང་བའི་ཕྱག་རྗེས་ཡིན་སྙམ་མོ།།
སྐུ་ཕྲེང་དང་པོ་མཆོག་གིས། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས།།སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །གསུངས་པ་ཕྱག་ལེན་དུ་མཛད་པ་མ་ཡིན་ནམ།
ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཀན་སུའུ་ཐེ་བོ་ནས་བོན་གྱི་རིག་གནས་སྐོར་བརྙན་ཕབ་བྱས་འདུག
[ཟླ་ཚེས། 2014-09-10 18:47:21][རྩོམ་པ་པོ། བདེ་སྐྱིད་ཀྱིས་བསྒྱུར།][རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ][ཀློག་གྲངས། 73]
ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མུ་འབྲེལ་བརྙན་འཕྲིན་ཆེན་མོ《རྒྱལ་ནོར་ཡིག་ཚགས》ཞེས་པའི་ལེ་ཚན་གྱི་བརྙན་ཕབ་ཚན་ཆུང་ཐེ་བོ་རུ་བསྐྱོད་ནས། དུས་ཡུན་རིང་བོར་ཉར་ཚགས་བྱ་རྒྱུའི་ཐེ་བོའི་བོན་ཆོས་རིག་གནས་དང་འབྲེལ་བའི་ཆེད་དམིགས་དངོས་བྲིས་བརྙན་འཕྲིན་ཞིག་བརྙན་ཕབ་བྱས་པ་རེད།
ད་ལོའི་ཟླ༦པར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་འཆར་འགོད་དང་པར་བསྐྲུན་གནང་བའི《ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ནས་ཐོན་པའི་དམངས་ཁྲོད་ཀྱི་བོད་ཡིག་གི་གནའ་བོའི་བོན་གྱི་ཡིག་ཆ་གཅེས་བཏུས》(དེབ༦༠)ཞེས་པ་དེ་རྒྱལ་ཁབ་ཀྱི་གཙོ་འཛིན་རྒྱལ་ཕྱིར་འཚམས་འདྲིར་ཕེབས་སྐབས་ཀྱི་ལེགས་སྐྱེས་སུ་བདམས་ནས། དབྱིན་ཇིའི་ནེའུ་ཅིན་སློབ་གྲྭ་ཆེན་མོའི་པའོ་ཏི་ལིང་དཔེ་མཛོད་ཁང་ལ་མཚམས་སྐྱེས་སུ་ཕུལ་བ་དང་། འདི་ནི་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གི་གཅེས་སྒྲིག་དཔེ་ཚོགས་རྒྱལ་ཁབ་ཀྱི་མཚམས་སྐྱེས་ནོར་བུར་བདམས་ནས་ཕྱི་རྒྱལ་གྱི་ཞིབ་འཇུག་ལས་ཁུངས་ལ་ཕུལ་བའི་ཐོག་མ་ཡིན་ཞིང་། 《ཡིག་ཆ་གཅེས་བཏུས》འདི་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་གནད་ཆེའི་དཔེ་སྐྲུན་འཆར་འགོད་ཀྱི་ལས་གཞི་ཞིག་ཡིན་ལ། དཔེ་ཚོགས་འདི་རྩོམ་སྒྲིག་བྱེད་པ་ལ་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་སོགས་ཀྱི་ས་ཆ་རེ་རེ་བཞིན་ཞིབ་ཉུལ་བྱས་ནས་ཞིབ་ཚགས་ཀྱིས་འཚོལ་བཤེར་བྱས་པ་བརྒྱུད། བོད་ཀྱི་གནའ་ནས་ད་བར་དུ་ཉར་འཇོག་དང་རྒྱུད་འཛིན་ཅི་ཐུབ་བྱས་ཡོད་པའི་བོན་གྱི་ཡིག་ཆ་སྟེ་བོད་རིགས་དམངས་ཁྲོད་ཀྱི་བོན་ཀྱི་ཡིག་ཆ༨༠ལྷག་ལག་སོན་བྱུང་ནས། སྡོམ་པས་བམ་པོ༡༥༠༠ལྷག་ཡོད་ཅིང་། དེབ༦༠ཡི་རྣམ་པ་རུ་བགོས་ནས་དཔར་སྐྲུན་བྱས་འདུག་ལ། དཔེ་ཚོགས་འདིར་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་སོགས་བོད་ཀྱི་ས་ཆ་སོ་སོའི་དམངས་ཁྲོད་ནས་མི་རབས་དུ་མར་བརྒྱུད་དེ་ཉར་ཚགས་བྱས་པའི་བོན་གྱི་དཔེ་རྙིང་རྐྱང་རྐྱང་འཚོལ་སྡུད་བྱས་ཡོད་པ་དང་། བརྗོད་བྱའི་ཐད་དུ་བོན་ཀྱི་ཁ་དོན་དགེ་སྦྱོར་དང་ཆོས་དཔེ། ལོ་རྒྱུས་ཀྱི་འགྱུར་བ། བོན་གྱི་བླ་མའི་རྣམ་ཐར། བོན་གྱི་གསོ་བ་རིག་པ། བོད་ཀྱི་གནའ་བོའི་རྩིས་དང་མོ་ཡིག ནད་བཅོས་བགེགས་སེལ། གཉེན་དང་འདས་མཆོད། དུས་ཆེན་སོགས་བོད་ཀྱི་རིག་གནས་དང་འབྲེལ་བའི་ཡིག་ཆ་ཕལ་ཆེར་མ་འདུས་པ་མེད་ལ། ཧ་ལམ་བོད་ཀྱི་གནའ་བོའི་བོན་ཆོས་རིག་གནས་དང་འབྲེལ་བའི་ཕྱོགས་སོ་སོའི་ནང་དོན་ཁ་ཚང་ཚུད་ཡོད་ཅེས་བཤད་ཀྱང་ཆོག་པ་རེད། ད་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཡིག་ཆ་འདི་དག བོད་ཀྱི་གནའ་བོའི་དུས་ཀྱི་བོན་ལ་དད་མོས་བྱེད་པ་དང་སྤྱི་ཚོགས་འཚོ་བ་བརྗོད་བྱ་ཡིན་པའི་ཡིག་ཆའི་བང་མཛོད་ཅིག་ཏུ་ངེས་ཤིང་། བོད་ཀྱི་གནའ་བོའི་སྐད་དང་ཡི་གེ ཆོས་ལུགས་དད་མོས། དམངས་སྲོལ་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་པ་རེད། ཡིག་ཆ་གཅེས་བཏུས་འདིའི་འཚོལ་སྡུད་ཀྱི་བྱ་བ་ལོ་བཅུའི་རིང་སྤེལ་བ་དང་། ནང་དོན་གྱི་ཁེབས་ཚད་ཀྱི་ངོས་ནས་རང་རེའི་བོད་ཀྱི་བོན་ཆོས་ཀྱི་ཡིག་ཆའི་ཤེས་བྱ་སྣ་འཛོམས་ཀྱི་དཔེ་ཆ་ཞིག་ཡིན་པ་རེད།
ཐེ་བོ་ནི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་པ་དང་། དེ་ལས་ཀྱང་ཀན་སུའུ་ཞིང་ཆེན་གྱི་བན་བོན་གྱི་ཆོས་ལུགས་མི་འདྲ་བར་དད་མོས་བྱེད་ཀྱིན་ཡོད་པའི་ས་ཁུལ་གཅིག་པུའང་ཡིན། ཐེངས་འདིར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེན་ཚན་འདི་ཐེ་བོར་ཕྱིན་ནས་བརྙན་ཕབ་བྱེད་སྐབས། ཐེ་བོའི་གྲོང་བརྡལ་གཉིས་ཀྱི་བོན་གྱི་དགོན་པ་དང་སྡེ་བ་གཉིས་ལ་སོང་ནས་བརྙན་ཕབ་བྱས་ཤིང་། བོན་ཀྱི་ཆོས་ལུགས་འདི་ཐེ་བོའི་ཡུལ་ལ་ཐོག་མར་དར་བ་དང་། དེ་ནས་འཕེལ་རྒྱས་དང་རྒྱུད་འཛིན་སྲུང་སྐྱོབ་བྱས་པའི་སྐོར་ནས་ཞིབ་ཅིང་ཕྲ་བར་བརྙན་ཕབ་བྱས་འདུག དཔེ་ཚོགས་འདི་རྩོམ་སྒྲིག་གྱི་བྱ་བའི་ཐོག་མཐའ་བར་གསུམ་ལ་ཞུགས་ཡོད་པའི་རྩོམ་སྒྲིག་པ་ཕ་ཡུལ་ཐེ་བོ་ཡིན་པའི་ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ངག་དབང་དང་ས་གནས་ཀྱི་ཆེད་མཁས་དབྱང་ཝིན་ཚའེ་སོགས་ཀྱིས་བཅར་འདྲི་དང་ལེན་བྱས་ཡོད་པ་དང་། བརྙན་ཕབ་ཚན་ཆུང་གིས་ནན་ནན་ཏན་ཏན་གྱིས་ཡུལ་ལྗོངས་རེ་རེ་བཞིན་བརྙན་ཕབ་ཀྱི་འཆར་གཞི་ལྟར་སྒྲུབ་ནས། དོན་དངོས་ཡིན་པའི་ངེས་པ་དོན་གྱི་ཞིབ་ཆ་མང་དུ་བླངས་ནས་མཇུག་མཐའི་རྩོམ་སྒྲིག་ལ་གྲ་སྒྲིག་ལེགས་པ་བྱས་འདུག་པ་མ་ཟད། ལྷ་གཉན་གྱི་མཐུ་ལྟར་ངོ་མཚར་སྟོང་གིས་ཕྱུག་པའི་བོན་གྱི་རིག་གནས་ལས་གཞན། ཐེ་བོའི་གདོལ་མའི་རི་གྲོང་གི་རི་ལུང་གི་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཀྱང《རྒྱལ་ནོར་ཡིག་ཚགས》ཞེས་པའི་བརྙན་འཕྲིན་འདི་ལས་མིག་གི་ལྟད་མོ་རུ་མཐོང་ཐུབ་པས། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་ངེས་ཡིན།
༼ གསལ་བཤད། ༽ཀྲུང་གོའི་བོད་ལྗོངས་དྲ་བ་ལས་ཅི་བཞིན་དུ་རིན་སྤུངས་པས་བཤུས་པའོ། །
མ་ཕྱིའི་དྲ་གནས། http://tb.tibet.cn/2010wyys/xw/201409/t20140910_2019415.htm
བསྡོམས་པས་དཔྱད་མཆན་0ཡོད།དཔྱད་མཆན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
ཁ་བའི་ཡུལ་གྱར་ལགས། ཆོས་ལུགས་ཁ་ལ་ཁྱེར་ནས་ལས་ངན་བྱས་ན་དེ་ནི་ཆོས་པའི་སྐྱོན་ཡིན་པ་ལས་ཆོས་ལུགས་ཀྱི་སྐྱོན་མ་རེད། བོད་ལ་མཚོན་ན་འདས་པའི་དུས་སུ་ཆོས་རྒྱུད་བར་ལ་འགལ་ཟླ་བྱུང་མྱོང་བ་རེད་དེ། དེ་ནི་ཆོས་པས་ཆོས་ཚུལ་བཞིན་མ་སྒྲུབ་པར་ཆོས་ཁ་ལ་ཁྱེར་ནས་ཆབ་སྲིད་འཁྲབ་པའི་སྐྱོན་རེད། དེ་ཤེས་པར་གྱིས། ཁྱེད་རང་གིས་སློབ་དཔོན་པདྨ་འབྱུང་གནས་ལ་སྡང་ཟུག་བྱེད་སྟངས་ལ་ལྟས་ན་ཁྱེད་ལ་ཡང་དམ་སྲི་དོལ་རྒྱལ་གྱི་གྲིབ་ཅིག་ཕོག་ཡོད་བཟོ་འདུག། གཉིས་ནས་ཁྱེད་རང་གིས་བོད་རྒྱུད་ནང་ཆོས་ཆོས་གྲིབ་ལ་བརྩི་དོན་དེ་ཆོས་ལ་རྟེན་ནས་ནང་འཁྲུག་རྒྱག་པ་དེ་རྒྱུ་མཚན་དུ་བསྒྲངས་འདུག དེ་ལྟར་ན་ཡེ་ཤུ་དང་ཁ་ཆེ་སོགས་སོགས་འཛམ་གླིང་སྟེང་གི་ཆོས་ལུགས་སུ་འདྲ་ཞིག་ཡིན་ཡང་འདའ་པའི་ལོ་རྒྱུས་ནང་ཆོས་ལ་རྟེན་པའི་དམག་འཁྲུག་རྒྱག་མ་མྱོང་བ་ཅིག་ཀྱང་མེས་པས་ཆོས་ལུགས་ཚང་མ་གྲིབ་ལ་མ་བརྩིས རང་བརྩིས་རེད་མི་འདུག་གམ།
རྒྱལ་རོང་ལགས། ཚད་ལས་བརྒལ་བའི་རང་འདོད་རྐྱང་པའི་སྐད་ཆ་བཤད་མཁན་དང་བྱ་སྤྱོད་སྤེལ་མཁན་ནི་དོལ་རྒྱལ་ཚོ་རེད། ང་དང་ང་འདྲ་བའི་བོད་མི་ཚོས་དོལ་རྒྱལ་བའི་ལྟ་ཕྱོགས་དང་འདོད་ཕྱོགས་མ་འདྲ་བ་ལ་གུས་ཞབས་མ་ཞུས་པ་ཅི་ཡང་མེད། དོལ་རྒྱལ་བས་བོད་གངས་ཅན་པའི་གནས་སྟངས་ཉག་ཕྲ་འདི་ལ་བསམ་བློ་ཅུང་ཟད་ཙམ་ཡང་མེད་པར་དམ་སྲི་ཞིག་གི་ཆེས་དུ་ཕུ་ནུ་ནང་གསད་བྱས། ད་དུང་བླ་མར་སྐུར་བ་བཏབ་རང་རིགས་ལ་འཇིག་སྐུལ་བྱས་པ་སོགས་མ་བྱས་པའི་སྣ་མེད། འོན་ཀྱང་ཉེ་ཆར་བར་དུ་ཁོ་ཚོ་ལ་གང་ཡང་བཤད་མེད། འདི་ནི་ཅིག་ནས་ཁོང་ཚོ་ཡང་འགྲོ་བ་མི་ཞིག་ཡིན་པ་དང་། གཉིས་ནས་རིགས་ཅིག་སྤུན་ཟླ་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་བཟོད་སྒོམ་བྱས་པ་ཡིན། ཡིན་ན་ཁོ་ཚོས་ད་དུང་བསམ་ཤེས་ཅུང་ཟད་ཙམ་ཡང་མེད་པར་མངོན་གསལ་དོད་པོས། དགྲ་བོ་རྒྱལ་དམར་དང་ལག་སྦྲེལ་གྱིས་བོད་གངས་ཅན་པའི་མགོན་སྐྱབས་བླ་ན་མ་མཆིས་པ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས་ངོ་རྒོལ་སྐད་འབོད་དང་། དམངས་ཁྲོད་ཁ་བརྡ་ཞེས་པའི་དྲ་རྒྱ་རྒྱུད་ནས་གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་པ་སོགས་བྱ་ངན་སྣ་དགུ་བྱས་སོང་བས། ད་ནི་མགོ་གསེར་སྐའི་བཅག་ན་བྱིན་བརླབས་མེད། ཡིད་ཕ་མས་བཅད་ན་དགའ་རྒྱུ་མེད་པའི་དཔེ་ལྟར་གྱུར་སོང་བས་ནམ་ཡང་དོལ་ཚོགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན།
ལུང་རྟོགས་ཅན། བོད་མི་དཀྱུས་མ་རྣམས་ལྐུགས་པའི་གྲས་སུ་མ་འཇོག་པ་གནང་རོགས། གལ་སྲིད་དོལ་རྒྱལ་ཚོགས་པའི་ཁོང་གི་སྐུ་སྲོག་ལ་གནོད་པ་སྐྱེལ་ས྄་རེད་ཅེས་ཨ་རིས་ལབ་སོང་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་མེད་ན། དེ་རིང་གི་ཚད་འདིར་ལྷུང་གི་མ་རེད།
ད་དུང་དོལ་རྒྱལ་འགོག་སྟངས་འདིའང་དབུ་མའི་ལམ་ཕམ་ཁར་འཕྲད་ཐེངས་རེ་རེར་བྱུང་གི་ཡོད་པས། བོད་མི་ནང་ཁུལ་གྱི་བསམ་ཚུལ་མ་མཐུན་པ་འགོག་ཐབས་ཀྱི་ཆབ་སྲིད་ལྐོག་ཇུས་ཤིག་རེད།
དགྲ་བོ་རྒྱ་དམར་ཡིན་པ་བདེན་ན། དགྲ་འོག་ཏུ་འགྲོ་གི་ཡིན་ཞེས་ཡོངས་གྲགས་སུ་ལབ་མཁན་སུ་རེད་དམ།
ཀར་བློ་ཅན། དོལ་རྒྱལ་ཚོགས་པས་གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་བཟོ་ཆོག་ས་ལ་ཁོང་གིས་ཉེན་ཁ་འདུག་ཅེས་བསྒྲགས་མི་ཆོག་པའི་རྒྱུ་མཚནཅི་རེད། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་ཕྱོགས་ཅིག་ཁོ་ན་ལས་མི་མཐོང་བའི་མི་ཁྱོད་ཚོ་ནི་ནམ་ཡང་འདི་འདྲ་ཡིན། གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་བྱུང་ན་དེ་ནི་ཁྱོད་ཚོ་ལྟ་བུ་རྒྱ་དམར་དང་དོལ་ཚོགས་ཀྱི་རྒྱབ་སྐྱོར་བ་རེ་ཟུང་ཕུད། བོད་གངས་ཅན་པ་སྤྱིའི་བཟོད་དཀའ་བའི་གྱོང་རྒུད་རེད་མ་གཏོགས་མི་ཅིག་གི་སྲོག་ཤོར་བའི་གྱོང་རྒུད་ཙམ་ཞིག་གཏན་ནས་མ་རེད། དབུ་མའི་ལམ་ནི་དེང་སང་རྒྱལ་སྤྱིའི་ནང་འགྲོ་རྒྱུག་ཆེ་ཤོས་དང་རྒྱབ་སྐྱོར་མང་ཤོས་ཀྱི་སྲིད་ཇུས་ཤིག་ཡིན་པས་ཕམ་ཁ་འཕྲད་མྱོང་མེད་ལ། ཕམ་ཁ་འཕྲད་པའི་དབང་དུ་བཏང་ཡང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལྟ་བུའི་ས་སྟེང་ན་དཀོན་པའི་སྐྱེས་ཆེན་དམ་པ་ཞིག་གིས་ཆབ་སྲིད་ངན་པ་འདི་འདྲ་ཞིག་མི་འཁྲབ་པ་ཀླད་པ་ཐང་ཐང་ཡོད་མཁན་ཚང་ལ་ཡིད་ཆེས་ཡོད་པ་རེད། རྒྱ་དམར་གྱི་འོག་ཏུ་འགྲོ་གི་ཡིན་གསུང་པ་འདི་ཡང་ཐབས་ཤེས་མེད་པའི་ཐབས་ཤེས་ཤིག་ཡིན་པ་ལས་རང་བཙན་ཐོབ་ཐུབ་པའི་གདེང་ཚོད་ཡོད་བཞིན་དུ་རྒྱ་དམར་གྱི་འོག་ལ་སྡད་ཀྱི་ཡིན་ཟེར་གྱི་མེད་པ་རེད། ཁྱོད་ཚོ་རང་བཙན་ཁ་ལ་ཁྱེར་ནས་རྟག་པར་གོང་ས་མཆོག་དང་དབུ་མའི་ལམ་སྐྱོན་བརྗོད་བྱེད་མཁན་ཚོས་རང་བཙན་ཐོབ་ཐུབ་པའི་ཐབས་ལམ་ཞིག་སྟོན་ཤོག་དང་གོང་ས་མཆོག་དང་བཙན་བྱོལ་གཞུང་ལམ་འགག་དེ་ལ་འགྲོ་བ་ངས་ཐག་བཅད་ནས་བཤད་ཐུབ།
རང་བཙན་ལེན་ཐུབ་པའི་ཐབས་ཤེས་མེད་ན་ང་ཚོས་སྐད་ཆ་འདི་འདྲ་བཤད་ཀིན་མ་རེད་བ། ཆོས་ལུགས་ཀྱིས་བཟི་བའི་མི་ནི་མིན། མཚན་སྙན་གྲགས་ཀྱིས་སྨྱོན་སོང་བའི་མི་ནི་མིན། ཉམ་ཆུང་མི་དམངས་སེམས་ལ་མི་བཞག་མཁན་ནི་མིན། ཁྱོད་ཚོའི་ཀླད་པའི་ནང་དུ་བསམ་བློ་འཁོར་ཡ་མེད་པ་ཙམ་དང་ཐབས་ཇུས་མ་རྙེད་པ་ཙམ་གྱིས་མེད་པ་རེད་མ་བསམས་ཤིག
ད་དུང་བཙན་བྱོལ་གཞུང་ཟེར་ནས་བྲིས་འདུག རྒྱལ་བཙོང་བ་ཁྱོད་ལ་གཞུང་ཅེས་འབྲི་བའི་ཐོབ་ཐང་མེད།
གོང་ས་མཆོག་དང་བཙན་བྱོལ་གཞུང་ལམ་འགག་དེ་ལ་འགྲོ་བ་ངས་ཐག་བཅད་ནས་བཤད་ཐུབ།ཅེས་ཁྱོད་ཀྱིས་བཤད་འདུག་་ཧཧཧ
ཡིན་ན་འགྲིག་གི་རེད། ཐེངས་དང་པོར་་་དོལ་རྒྱལ་ཚོགས་པའི་བོད་མི་དམངས་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། དེ་བྱེད་ཀྱི་ཡིན་ནམ། གོམ་པ་དང་པོ་ཆིག་སྒྲིལ་གྱི་ཐོག་ཏུ་སྤོ་དགོས།
རང་བཙན་ལེན་ཐུབས་པའི་ཐབས་ཤེས་ཡོད་ན་སྟོན་ཤོག་དང་འཕྱི་སོང་མ་གཏོགས་སྔ་མ་སོང་། ང་ཚོ་ཆོས་མེད་དམར་པོ་ནི་མིན། རྒྱུ་འབྲས་མེད་པའི་ནང་རུལ་བ་ནི་མིན། ངོ་ཚ་མེད་པའི་ཁྱི་རྒན་ནི་མིན། ཐབས་ཤེས་བཟང་པོ་ཞིག་འདུག་ང་ཚོས་ཁེས་ལེན་རྐྱང་ཡིན། ང་ལྟ་བུའི་ཚིག་ཅིག་བཤད་ན་ཡང་སོ་སོའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་གཞུང་ཞེས་འབྲི་བའི་ཐོབ་ཐང་མེད་ན། ཁྱོད་ལྟ་བུ་ཚིག་ཅིག་བཤད་ཀྱང་རང་གཞུང་ལ་རྒོལ་མཁན་ཞིག་ཐོབ་ཐང་དེ་བས་ཀྱང་མེད།
དོལ་རྒྱལ་ཚོགས་པས་དོལ་རྒྱལ་དང་རྒྱ་དམར་གཉིས་བཞག་ནས་སྔ་འགྱོད་འཕྱི་སྡོམ་བྱས་སོང་ན་རྡོག་རྩ་ཅིག་སྒྲིལ་བྱེད་དང་བྱེད་ཁྱོད་ཅོ་རིས་མགོ་ཁྲིད་ནས་ཤོག་དང་ངས་ལག་ཁ་དར་བཟུང་ནས་ཕེབས་བསུ་ཞུ་ཆོག ཧཧཧ
ལོང་རྟོག་ལགས། དོལ་རྒོལ་བ་ཚོས་དོལ་ཚོགས་ལ་བཟོད་སྒོམས་བྱས་རབས་བཤད་པ་ནི་སྐྱག་རྫུན་སྐྱག་ནག་རེད། དོལ་ཚོགས་པ་དག་བོད་མིའི་སྤྱི་ཚོགས་སུ་ཕར་ཟད་ཐ་ན་མིའི་གྲལ་ནས་ཕུད་རྒྱུ་ཡིས་ཐབས་བརྒྱ་ཇུས་སྟོང་སྤྱོད་སྡོད་པ་དེ་ཚོ་རེད་དམ། ཧཧཧཧཧཧ། འཕགས་པ་སྤྱན་རེས་གཟིགས་སྐུ་དངོས་ལ་འདྲེ་ངན་ཞིག་དང་དོལ་ཚོགས་མི་ངན་འགས་སྐུ་སྲོག་ལ་ཉེན་ཁ་བཟོ་དོགས་བཤད་པ་ནི་སྤྱན་རེས་གཟིགས་ལ་སྨོད་པ་ལས་དོལ་ཚོགས་ལ་སྨད་པར་ཞིག་ག་ལ་འགྱུར། ཡང་ན་སྤྱན་རེས་གཟིགས་སྐུ་དངོས་ཡིན་ཚུལ་བཤད་པ་དེ་སྒྱུར་བཅོས་གཏོང་དགོས་ཀྱི་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་མང་ཤོས་དང་འགྲོ་རྒྱུགས་ཆེ་ཤོས་ཨེ། དེང་སྐབས་དབུ་ལམ་པ་རྒྱལ་སྤྱི་གང་སར་ཕེབས་ལམ་ཉུང་ནས་ཉུང་དུ་འགྲོ་ཡི་ཡོད་པ་དེ་ཚོ་ཡིན་ནམ། དབུ་ལམ་པ་ཚོས་མི་ལོ་བཅུ་ཕྲག་གི་སྔོན་ནས་དོལ་ཚོགས་ལ་རྒོལ་ནས་རྒྱ་དམར་གུང་ཁྲན་སར་ལོག་རྒྱུ་དང་རྒྱ་དངུལ་དམར་པོ་ཟ་རྒྱུར་འབོད་སྡོད་པ་རེད། གལ་སྲིད་དོལ་ཚོགས་ཀྱིས་རྒྱ་དངུལ་ཟོས་པ་ཡིན་ན་དེ་མ་འགྲིག་རྒྱུ་ཅི་ཡོད། དེ་ཁྱེད་རང་ཚོས་རེ་བའི་ལམ་སྟོན་མ་རེད་དམ།
ཅོ་རི་ཉི་མ་ཤི་མེད་པོ་འདིས་ག་ས་གང་ན་མི་ལ་མཐོང་ཆུང་དམའ་སྨོད་རྐྱང་རྐྱང་རེད། མི་་ལ་ཕོག་ཐུག་གཏོང་ཐུབ་ཐུབ་བྱེད་ཀྱིན་འདུག མི་འདི་ལ་དམིགས་ཡུལ་ངན་པ་ཡོད་ཁོ་ཐག་རེད། མི་འདིས་རིགས་རང་དགར་བཞག་ན་དགའ། ཁྱི་ཁ་མ་རྩེད་དྲ་གྲོགས་ཚོ།
ཧཧ རྒྱལ་འགོང་ལགས་ནི་རྒྱལ་འགོང་ངོ་མ་རེད་འདུག དོལ་ཚོགས་བོད་པའི་སྤྱི་ཚོགས་དང་མི་གྲལ་ནས་སུས་ཀྱང་ཕུད་མེད་ཁོ་རང་ཚོ་དོན་སོང་བ་རེད། ཁོ་ཚོས་བོད་མི་རིགས་ལས་རྒྱ་མི་རིགས་གདམ་པ་རེད་ལ། རྩ་བའི་བླ་མ་ལས་རྒྱལ་འགོང་གདམ་པ་རེད། བཙན་བྱོལ་གཞུང་ལས་རྒྱ་གཞུང་གདམ་པ་རེད་ལ། ཕུ་ནུའི་ལ་རྒྱ་ལས་རྒྱ་དངུལ་དམར་པོ་གདམ་པ་རེད། ཁོ་ཚོ་འདི་ལྟར་བོད་གྲལ་ནས་ཐོན་སོང་བ་རེད་ལ་མི་གྲལ་ནས་ཀྱང་ཐོན་སོང་བ་རེད། རྒྱལ་བ་བསྟན་འཛིན་རྒྱ་ངེས་པ་དོན་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཡང་། ཐུན་མོང་སྣང་ངོར་མི་ཡི་གཟུགས་སུ་བྱོན་པ་ཞིག་ཡིན་དུས་མི་ལུག་ལྟར་དུ་འགྲོ་དགོས་པ་རང་བཞིན་རེད། ཁྱོད་ཚོས་སྒོ་ཀུན་ནས་ཁོང་ལ་རྒོལ་སྟངས་འདིས་སྟེང་ནས་ཀྱང་ཁྱོད་ཚོས་འདྲ་ཆག་ཆག་ཅི་ཙམ་བཤད་ཀྱང་ཁྱོད་ཚོ་ནི་བཀྲ་མ་ཤིས་པ་ཞིག་ཡིན་པ་གསལ་པོ་སྟན་འདུག དོལ་ཚོགས་ནི་རྒྱ་མིའི་རྒྱུག་ཁྱི་ཡིན་དུས་དོལ་ཚོགས་ལ་རྒོལ་ནས་རྒྱ་དངུལ་མི་རག་པ་ནི་སུས་ཀྱང་ཤེས་ཀྱི་རེད་ལ། གོང་འཆོག་དང་བཙན་བྱཔལ་གཞུང་ནི་རྒྱ་མིའི་དགྲ་བོ་ཡིན་པས་དེ་ཚོ་ལ་རྒོལ་ན་རྒྱ་དངུལ་རག་པ་ཡང་སུས་ཀྱང་ཤེས་ཀྱི་རེད། རྒྱ་དངུལ་ཟ་མཁན་སུ་ཡིན་མིན་ཡང་འདིས་ཤན་འབྱེད་གསལ་པོ་བྱས་ཡོད། དབུ་ལམ་ལ་རྒྱབ་སྐྱོར་ཇོ་ཙམ་ཡོད་མེད་ནི་མི་ཚང་མས་མཐོང་གསལ་ཡིན་དུས་འདིར་ལོག་བཤད་བྱས་ཀྱང་འབྲས་མེད་ཡིན་པ་ཤེས་པར་གྱིས་ཤིག།
ལུང་རྟོགས་ལགས། དོལ་ཚོགས་ཀྱིས་དོལ་རྒྱལ་བཞག རྒྱ་དམར་ནག་གཉིས་ཀ་བཞག་ན་་་ཁྱོད་ཚོས་ངོས་ནས་གནས་ཆུང་བཞག རྒྱ་གུང་ཁྲན་བཞག་ཐུབ་ས་རེད་པེ། དམར་པོའི་རྩ་ཁྲིམས་འོག་ཏུ་འགྲོ་གི་མིན་ལབ་ཐུབ་ས་རེད་པེ། ཐུབ་ན་དོལ་ཚོགས་ལ་སྐད་ཆ་བཤད་མཁན་ང་འགྲོ་ཆོག ངས་བལྟས་ན་དོལ་ཚོགས་་མྱི་སྐད་མི་གོ་མཁན་དེ་འདྲ་རེད་མི་འདུག
ཧཧཧཧ ད་ཡིན་འདུག གདུག་འདྲེ་གསོལ་བ་དེ་ཆོས་དད་རེད་ཟེར་བ་ཡིན་ནམ། ཆོས་ཀྱི་གོ་རྟོག་དེ་ཙམ་ལས་མེད་ན་ཁྱོད་ཅོ་རིས་ལོ་ཤས་རིང་གདན་སའི་ནང་ལ་ཊི་མོག་ཟོས་པ་དེ་ཚོ་འཕྲོ་བརླག་མ་རེད་དམ། ཨ་རི་དང་ཡུ་རོབ་དེ་ཚོ་ཆོས་དང་ཆོས མིན་འབྱེད་མི་ཤེས་པའི་ལྐུགས་པ་དེ་འདྲ་ཡིན་རྒྱུ་མ་རེད་ད།
ནུབ་ཕྱོགས་པའི་ཁྲིམས་ལུགས་ནང་དུ་མུ་སྟེགས་པ་ལ་དད་པ་དེ་ཡང་ཆོས་དད་རང་དབང་ཁུངས་བརྩི་ཡི་རེད། ཁྱོད་ཚོས་ངོས་ནས་འདྲེ་ཡིན་ན་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་འདྲེ་ཡིན་པའི་མ་ཁྱབ།་་་ཧཧཧ རྡོ་ཡི་མཇེ་ལ་དད་པ་བྱས་པ་དེ་ཡང་ཆོས་དད་རང་དབང་གྱི་ཁུངས་སུ་ཚུད་ཀྱི་ཡོད་པ་རེད། འདྲེ་ཟེར་བ་འདི་ཡང་ཡོང་ཁུངས་ཆོས་ལུགས་ཡིན་པ་རེད། མ་གཏོགས་ཚན་རིག་དང་ཆབ་སྲིད་ནས་བྱུང་བ་ཤིག་མ་རེད། ་་ཧཧཧ
ཅོ་རི་ལགས། དོལ་རྒྱལ་གདུག་འདྲེ་དང་གནས་ཆུང་ཆོས་སྐྱོང་གཉིས་གནས་བབ་ཅིག་ལ་བཞག་དགོས་ཟེར་ན་དེ་ནི་གསེར་དང་རག་གཉིས་རིན་ཐང་ཅིག་པ་བྱེད་དགོས་ཟེེ་བ་དང་ཅིག་མཚུངས་རེད། དེ་འདྲའི་བསྟན་བཤིག་ཚ་བ་ལ། ཧཧཧ ཁྱོད་རང་གིས་བོད་རང་བཙན་ལེན་ཐུབ་པའི་ཁས་ལེན་གྱིས་དང་ངས་རྒྱ་དམར་གྱི་འོག་ལ་མི་འགྲོ་བའི་ཁེས་ལེན་བརྒྱ་ཆ་བརྒྱ་བྱེད་ཆོག ངས་ལྟས་དོལ་ཚོགས་ཀྱིས་མི་སྐད་གོ་ན་ཡང་རྒྱ་སྐད་ལས་བོད་སྐད་གོ་མཁན་དེ་རེད་མི་འདུག
ད་བྱས་ན་ནུབ་ཕྱོགས་པ་དེ་ཚོ་ཁྲིམས་ལུགས་ལག་བསྟར་མི་བྱེད་མཁན་ཞིག་ཡིན་ས་རེད། ཁོ་ཚོས་གོང་ས་མཆོག་གིས་ཆོས་དད་རང་དབང་བཀག་སོང་ཞེས་བཀག་འགོག་བྱེད་རྒྱུའི་ཚབ་ལ། ཁོང་གང་དུ་ཕེབས་ཀྱང་མགོ་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་འོག་མི་མང་དཀྱུས་མའི་བར་གྱིས་ཚང་ཁ་ཤིག་ཤིག་གིས་ཁོང་ལ་འཇལ་འཕྲད་དང་། ཁོང་ལ་སོ་སོའི་མི་སེར་གྱི་ཐོབ་ཐང་ཞིག་ཕུལ་རྒྱུ་རག་ན་ཡང་གཟི་བརྗིད་ལ་བརྩི་བཞིན་འདུག
མི་བདེན་བསམས་ན་མུ་མཐུད་ནས་དོལ་ཚོགས་དང་ཁྱོད་ཤི་ང་གསོད་ཀྱི་འཐབ་རྩོད་བྱོས་དང་། དེ་ནས་ཤེས་འོང་གི་རེད། ངས་བསམ་ཚུལ་བྱས་ན་ཡག་ཤོས་མཐུན་ལམ་ཡོང་ཐབས་བྱ་ན་ཡག་པོ་འདུག བོད་མི་རིགས་ལ་དེས་ཕན་གི་འདུག ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀ་ལ་དེས་ཕན།་དེས་སྐྱིད།
དོལ་ཚོགས་ཟེར་ནས་མཐོང་ཆུང་དང་ཁྱད་གསོད་མུ་མཐུད་ནས་བྱེད་སྡོད་ན་ཡག་བ་ཞིག་མི་ཡོང་ཐག་ཆོད་རེད། དོལ་རྒྱལ་ཚོགས་པའི་རྡོ་རྗེ་སྤུན་གྲོགས་རྣམས་དཀའ་ངལ་དང་བརྙས་བཅོས་འོག་ཏུ་ཆིག་སྒྲིལ་ཆགས་སོང་བའི་མི་ཤ་དག་རེད་འདུག
ངས་ཁྱོད་ལ་ཚོ་སྐུ་རིང་ཟེར་ནས་ཞུ་བ་ཕུལ་ཆོག བོད་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་ཐུབ་ན་ངས་ལན་གཅིག་ཁྱོད་ཚོ་མདུན་དུ་པུས་མོ་བཙུགས་ཆོག ཁ་མ་ཡིན་དོན་ཡིན།་སེམས་བསམ་པའི་ནང་གི་སྐད་ཆ་ཡིན། སྐུ་ཚེ་རིང་།
ངས་ཁྱོད་་ཚོ་ལ་སྐུ་ཚེ་རིང་ཟེར་ནས་ཞུ་བ་ཕུལ་ཆོག བོད་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་ཐུབ་ན་ངས་ལན་གཅིག་ཁྱོད་ཚོའི་མདུན་དུ་པུས་མོ་བཙུགས་ཆོག ཁ་མ་ཡིན་དོན་ཡིན།་སེམས་བསམ་པའི་ནང་གི་སྐད་ཆ་ཡིན། སྐུ་ཚེ་རིང་། ཐུགས་བསམ་བཞེས་རོགས་བྱོས།།། བཞུགས་གདན་འཇག
ཅོ་རི་ཁྱོད་ལ་ལྟ་བ་འདི་ཡིན་ཟེར་བ་ཞིག་ཀྱང་སྟོན་ཡས་མིན་འདུག་ན་བོད་དོན་ག་འདྲ་སེ་འཐབ་རྩོད་གང་འདྲ་བྱས་ནས་རྩོད་དམ་འདི་གཅིག་དང་ བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལ་ལོག་འཇལ་དང་གཞན་གྱིས་རྒྱུག་ཁྱི་བྱེད་གང་ཐུབ་བྱས་ན་བོད་རིགས་ནང་ཁུལ་མཐུན་སྒྲིལ་གང་འདྲ་སེ་བྱེད་ཀྱི་ཡིན་པས་
བོད་དོན་འཐབ་རྩོད་གང་འདྲ་སེ་བྱས་ནས་རྩོད་དམ་ཞེས་བཅོས་རོགས་གནང་
བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ།
རིང་ནས་སྙིང་དུ་བརྣག་བའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཞེས་པའི་གདུལ་བྱ་ཡིན།
བོད་དམངས་སྙིང་དུ་བརྣག་བའི་འདོད་པའི་དོན།
ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།
དམངས་གཙོ་ཕོ་བྲང་ཏ་ལའི་དགའ་སྟོན་ལ།
སྤྱོད་པའི་སྐལ་བཟང་མྱུར་དུ་སྩོལ་དུ་གསོལ།ཞེས་པ་དམངས་ཀྱི་རེ་འདུན་ཡིན།།།
༡༩༥༩ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་གཙོར་བོད་འབངས་ཆིག་འབུམ་ལྷག་རྒྱ་བལ་འབྲུག་གསུམ་གྱི་ལུང་པའི་ནང་དུ་སྐྱབས་བཅོལ་ལ་བསླེབས་པ་རེད།འཛམ་གླིང་རྒྱལ་སྤྱི་དང་ལྷག་པ་ཏུ་ཨ་རི་རྒྱ་གར་སོགས་ཀྱིས་བོད་ཀྱི་རྒྱལ་ཁུངས་སུ་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པར་མིག་གིས་མཐོང་ཡོད་ལ་བོད་ཡུལ་བཙན་ཕྲོགས་བྱས་པར་ཤེས་ཡོད། མ་ཟད་བོད་ཀྱི་ས་ཤོར་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་ལ་ཨ་མེ་རི་ཀས་གོ་ལག་ཆ་ཡི་རྒྱབ་སྐྱོར་གནང་མྱངས་ཡོད་ལ་གོ་ལག་དེ་དག་བེད་སྤྱོད་ནས་རྒྱ་དམག་གི་ལག་འོག་ནས་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་འབངས་མི་ཆིག་འབུལ་དང་བཅས་སྐྱབས་བཅོལ་དུ་བསླེབས་ཐུབ་པ་བྱུང་བ་རེད།༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བོད་འབངས་ཆིག་འབུལ་ལྷག་ཕྱི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ཤོར་སོང་བས་རྒྱུ་མཚན་གྱིས་བོད་རང་བཙན་མེད་པར་བཟོ་མ་ཐུབ་པ་རེད།
༡༩༥༩་ལོར་རྒྱ་དཔོན་ཀྲུང་དན་གྱིས་ལྷ་ས་དམག་གིས་བཟུང་ཚར་ནས་མའོ་ཀྲུང་ཞིའི་ལ་བོད་ཟ་ཚར་ཟེར་བའི་སྙན་གསོལ་ཞུས་པ་རེད།སྐབས་དེར་དུས་མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ག་པ་ཡོད་དམ་ཞེས་དྲིས་པ་རེད།དམག་དཔོན་ཀྲུང་དན་གྱིས་ཏ་ལའི་བླ་མ་རྒྱ་གར་ལ་བྲོས་ཤོར་སོང་ཞེས་ལན་བཏབ་པ་རེད།མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ཤོར་ཚར་ན་བོད་ཟ་ཐུབ་མེད་པ་རེད་ཞེས་གསུངས་ཡོད།རང་བཙན་ཆ་ཚང་ཤོར་མེད་པའི་རྒྱུ་མཚན་ཆེན་པོ་གཅིག་རེད།
༡༩༥༩་ལོར་༧གོང་ས་མཆོག་བོད་ཀྱི་ཡབ་མེས་དམ་པ་གཙོ་བོ་གྱུར་པའི་བོད་གཞུང་དགའ་ཕོ་བྲང་བོད་འབངས་ཆིག་འབུལ་དང་བཅས་པ་ཕྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བསླེབས་པར་འཛམ་གླིང་རྒྱལ་སྤྱི་དང་ཨ་རི་རྒྱ་གར་སོགས་ཀྱི་སྲིད་གཞུང་ཁག་ཏུ་དེབ་སྐྱེལ་ཡོད་མེད་ལ་མ་ལྟོས་པ་དོན་དངོས་པོའི་ཐོག་ནས་༧གོང་ས་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ངོས་ལེན་བྱས་ཡོད།
མ་ཟད་དེང་སང་གི་གནས་སྟངས་སུ་བལྟས་ནའང་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོས་བོད་ཀྱི་དབུ་ཁྲིད་དེར་དབུ་ཁྲིད་ཤིག་དང་བཙན་བྱོལ་གཞུང་འདི་བོད་མི་རིགས་སྲིད་གཞུང་ཞིག་ཡིན་པར་བོད་ཀྱི་རྒྱལ་དར་འདི་རྒྱལ་དར་ཞིག་ཡིན་པར་སེམས་ཀྱིས་ངོས་ལེན་གནང་གི་ཡོད།བཙན་བྱོལ་བོད་གཞུང་གི་ཡིག་ཆ་རྣམས་ཀྱང་ཕྱིའི་རྒྱལ་ཁབ་ཁག་གིས་ངོས་ལེན་གནང་གི་ཡོད།གནད་དོན་འདིའི་ཐོག་ནས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
རྡ་ས་རི་བོའི་སྟེང་གི་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་དང་བོད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ངོ་བོ་རང་བཙན་གྱི་ཐོག་ཏུ་གནས་ཡོད།ཕྱོགས་གང་ལ་བསམ་ཀྱང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ།བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་མ་འོང་རྩ་ཁྲིམས།བོད་རྒྱ་ཆེན་མི་དམངས་ཀྱི་ཤ་རུས་ཁྲག་གསུམ་དང་ལུས་སེམས་སུ་འཐིམ་ནས་ཡོད་པ་ནི་བོད་རྒྱལ་ཁབ་དང་བོད་རང་བཙན་ཡིན།གནད་ལུགས་འདི་དག་གིས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
ལྷག་པ་ཏུ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཁག་གིས་མཐོང་ཆེན་པོ་ཡོད་པ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་ལས་མཐོང་ཆེ་བ་མེད་ནའང་ཆུང་བ་རྩ་ནས་མེད།ནུབ་ཕྱོགས་ཡུང་རོ་གླིང་དུ་རྒྱལ་ཁབ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་རང་གི་སྲིད་གཞུང་ཁང་སོགས་ཀྱི་ཐོག་ཏུ་འཛུགས་ཡོད་ལ་བོད་རང་བཙན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད།ཡུང་རོ་ནང་གི་སྟོབས་ཆེ་ཤོས་ཧྥི་ངན་སི་དང་འཇར་མི་ནིས་སོགས་རེད།རྒྱལ་ཁབ་འདི་དག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད།མ་ཟད་༢༠༠༨ལོར་ཡུང་རོལ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་ལ་རང་བཙན་ཐོག་ཏུ་ཕེབས་དང་ང་ཚོས་རྒྱབ་སྐྱོར་བྱེད་ཆོག་ཞེས་ཞུས་སོང་།འདི་དག་གིས་རྣམ་པ་འགྱུར་བའི་རང་བཙན་ཡོད་པར་མཚོན་གྱི་ཡོད།།
ཨ་རིའི་གྲོས་ཚོགས་ཀྱིས་ངོས་ནས་ཉིན་ཆ་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་གསུངས་པ་འདིས་བོད་རང་བཙན་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་ལ་དོན་དངོས་པོའི་ཐོག་གི་རང་བཙན་ལ་རྒྱབ་སྐྱོར་གནང་སྟངས་ཤིག་ངོས་འཛིན་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེས་མཛད་སྒོའི་གཏམ་བཤད་ནང་བོད་ཀྱི་རང་དབང་བསྐྱར་གསོ་བྱེད་ནས་༧གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་དང་།སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས།བོད་ཡུལ་གྱི་ས་ཕོན་ཆེན་པོ་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཁྱེར་ཡོང་བའི་སྐབས་སུ་བོད་ཀྱི་སའི་ཐིག་ཏུ་རྒྱལ་དར་འཛུགས་པ་དང་།བོད་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཐོག གཞིས་བྱེས་བོད་མི་ཚང་མ་ཉིན་གཅིག་བོད་ལ་མཇལ་འཛོམས་ཐུབ་པའི་ཉིན་མོ་ཞིག་འཆར་རྒྱུ་དེ་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་འབད་བརྩོན་བྱ་ཡུལ་དེ་ཡིན་ཞེས་གསུངས་ཡོད།བོད་རང་དབང་བསྐྱར་གསོ་ཟེར་དུས་རང་བཙན་མ་གཏོགས་སྔར་ནས་ཡོད་བསྡད་པ་ཞིག་ད་ལྟའི་ཆ་བསྐྱར་གསོ་བྱ་རྒྱུ་ཞིག་མེད།གསུངས་སྟངས་འདི་དག་གིས་སྲིད་འཛིན་བློ་བཟང་སེང་གེའི་སེམས་ཁམས་བོད་རང་བཙན་དང་འདྲེས་ནས་ཡོད་པར་གསལ་བསྟན་བྱེད་ཡོད།འདི་ཡང་ཕྱེད་རང་བཙན་ཡོད་པའི་མཚོན་རྟགས་ཤིག་ཡིན།
༧གོང་ས་མཆོག་གིས་སྲིད་འཛིན་བློ་བཟང་སེང་གེའི་མཛད་སྒོའི་ཐོག་ཏུ་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་ཐོག་ཏུ་ནག་བསུབས་བཏང་མ་ཐུབ་ཙམ་བྱུང་ཡོད་ཞེས་གསུངས་ཡོད།འཛམ་གླིང་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ལྷག་པ་ཡོད་པ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་ཀྱི་ཕ་མེས་དམ་པ་ཚོའི་བྱས་རྗེས་ཡིན་པར་ཤེས་དགོས།གནས་ཚུལ་འདི་དག་གི་ཐོག་ཏུ་བོད་མི་སེམས་ལྡན་ཞིག་ཡིན་ན་བཀའ་དྲིན་ལ་བསམ་གཞིགས་བྱེད་དུས་མིག་ཆུ་སེམས་སུ་ལྷུང་ཡོང་བ་ཆོས་ཉིད་ཤིག་ལོས་ཡིན། བཀའ་སློབ་འདིས་ནག་བསུབས་མ་ཐུབ་པར་ཕྱེད་རང་བཙན་ལྷག་ཡོད་པར་བསྟན་གྱི་ཡོད།
མ་འོང་བོད་རང་བཙན་ལེན་སྟངས།
བཙན་བྱོལ་ནང་གི་རྩོམ་པ་པོའི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་སྡོམ་ཚིག་འདི་འདྲ་ཞིག་གནང་ཡོད།་་བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ།དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག
ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད།ཞེས་གསུངས་ཡོད།སྡོམ་ཚིག་འདི་ནི་ཁོང་མི་གཅིག་གི་བསམ་ཚུལ་ཙམ་མིན་པར་བོད་མི་ཤེས་ཡོན་ཅན་མང་ཆེ་བས་བསམ་ཚུལ་ཞིག་རེད།
འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་ཐོག་ནས་ང་རང་ཚོས་ངོས་ནས་རང་བཙན་དང་རང་སྐྱོང་གང་བཤད་ཀྱང་གུང་ཁྲན་ཏང་གིས་དཔོན་རིགས་ཚོས་ངོས་ནས་ངོས་ལེན་བྱས་མེད་ལ་མ་འོང་པ་ཡང་ངོས་ལེན་བྱེད་ཀྱི་མ་རེད།ད་་་ང་ཚོ་ལ་ཐབས་ཤེས་གཅིག་ཡོད་པ་ནི་གུང་ཁྲན་ཏང་ཤི་སྒུག་བྱེད་ཀྱི་འདིར་རེད།གུང་ཁྲན་ཏང་ཚེ་ཐུང་རེར་གཏོང་རྒྱུ་དེར་རེད།ང་ཚོས་གུང་ཁྲན་ཏང་ཤི་སྒུག་བྱེད་པའི་དུས་ཡུན་ནང་རང་ཉིད་ཤི་མི་འགྲོ་བ་གནང་དགོས་པ་ནི་གནད་འགག་ཆེ་ཤོས་རེད།རང་ཉིད་དང་མཉམ་དུ་རང་གི་སྐད་ཡིག་གཙོ་བོ་གྱུར་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་རྣམས་སུ་བདག་པོ་རྒྱབ་ཐུབ་དགོས། སྐད་ཡིག་དང་རིག་གཞུང་བདག་པོ་རྒྱབ་སྟངས་༢༠༠༩ལོར་བྲིས་པའི་ཐ་སྙད་གསར་པའི་སྐོར་གྱི་རྩོམ་ཡིག་ནང་དུ་གསལ་བསྟན་བྱས་ཡོད་ལ་མ་འོང་བཀའ་སྤྱི་གཉིས་སུ་སྙན་ཞུ་ཕུལ་བརྩིས་ཀྱང་ཡོད་པས་འདིར་གསལ་བཤད་དགོས་པར་མ་མཐོང་།
རང་བཙན་རྩོད་དུས་སུ་དང་པོར་རྩོད་ས་ངོས་འཛིན་ལ་དབྱེ་ན་གཉིས་ཡོད།གུང་ཁྲན་ཏང་དང་འཛམ་གླིང་རྒྱལ་སྤྱི་གཉིས་རེད།དང་པོར་གུང་ཁྲན་ཏང་གི་མཉམ་དུ་བོད་རང་བཙན་བཤད་ས་མེད།བོད་རང་བཙན་བཤད་ན་གུང་ཁྲན་ཏང་གིས་ང་ཚོ་གསོད་ཀྱི་རེད།གནད་དོན་གཅིག་རེད།གཉིས་ནས་གུང་ཁྲན་ཏང་འདིས་རྒྱ་ནག་མི་དམངས་ཀྱི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདག་པོ་ཡང་མིན་པས་སྐད་ཆ་བཤད་ཀྱང་ཕན་ཐོགས་མེད།རྗེས་སུ་རྒྱ་ནག་ནང་དུ་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་དང་དབུ་ཁྲིད་སླེབས་དུས་སུ་བདག་པོའི་མཉམ་དུ་རང་བཙན་དང་རང་སྐྱོང་གང་བཤད་ནའང་དོན་དངོས་དང་མཐུན་པ་རེད། གྲུབ་འབྲས་ཤིག་ཀྱང་ཡོང་ངེས་རེད།
རྒྱལ་སྤྱིའི་ནང་དུ་བོད་རང་བཙན་རྩོད་སྟངས།
འཛམ་གླིང་འདིའི་ཐོག་ཏུ་མི་སྡེ་ཡི་སྤྱི་ཚོགས་ཤིག་དང་ཡུལ་ལུང་ཞིག་ལ་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོད་མེད་དང་རང་བཙན་ཡོད་མེད་གཞིར་འཛིན་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་བསྐྱེལ་ཡོད་མེད་རེད།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་རྒྱལ་ཁབ་༡༩༢ཡོད།རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་འཛུལ་ཞུགས་བྱེད་པར་ཚོགས་ཁུངས་ཀྱི་རྒྱལ་ཁབ་དེ་དག་གིས་ངོས་ལེན་གནང་དགོས།གུང་ཁྲན་ཏང་གིས་ངོས་ལེན་གནང་གི་མ་རེད་ཏེ་ཁོ་རྒྱལ་ཁབ་གཅིག་གཅིག་པོ་རེད།དམངས་གཙོའི་སྤྱི་ཚོགས་ནང་དུ་གཅིག་གི་ཤུགས་ཙམ་མ་གཏོགས་མེད། གུང་ཁྲན་ཏང་ལ་རེ་བ་མི་རྒྱབ་ཁོ་ཕར་ཞོག
ད་་་རྒྱལ་སྤྱིའི་་ཚོགས་ཁུངས་ཡིན་པའི་རྒྱལ་ཁབ་༡༩༡་གིས་ངོས་ནས་བོད་རང་བཙན་ལ་ངོས་ལེན་ཡོང་ཐབས་བྱེད་དགོས།རྒྱལ་ཁབ་དེ་དག་གི་ནང་ནས་རྒྱལ་ཁབ་༣༧ཙམ་གྱི་ནང་དུ་བཙན་བྱོལ་བོད་མི་གནས་བསྡད་བྱས་ཀྱི་ཡོད།བཙན་བྱོལ་བོད་གཞུང་གི་ཚོགས་ཁུངས་ཡིན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཡོད།རང་རང་གིས་རང་ཉིད་ཀྱི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་དེ་དག་གིས་བཙན་བྱོལ་གཞུང་འདིར་སྐྱབས་བཅོལ་གཞུང་ཞིག་དང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཤིག་ཡིན་པར་ངོས་ལེན་ཡོང་ཐབས་ཁྲིམས་གཏུག་བྱེད་དགོས།
བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་མིའི་སྐྱབས་ཡུལ་གྱི་རྒྱལ་ཁབ་ཁག་གི་ཁྲིམས་ཁང་་ནང་དུ་ཁ་མཆུ་རྒྱབ་དགོས་ལ་རྒྱལ་ཁབ་རེ་རེས་ངོས་ནས་བཙན་བྱོལ་བོད་གཞུང་འདིར་སྐྱབས་བཅོལ་གཞུང་ཡིན་པ་དང་བོད་རང་བཙན་ཡིན་པར་རྒྱལ་སྤྱིས་ངོས་ལེན་ཡོང་ཐབས་ཀྱི་རྒྱབ་སྐྱོར་འཚོལ་དགོས།འཛམ་གླིང་ཐོག་གི་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱེད་ས་དང་དྲང་བདེན་བཤད་ས་ཡོད།ང་ཚོས་རྒྱབ་སྐྱོར་ཐོབ་ངེས་ཡིན་པས་ཡིད་ཆེས་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་གསུངས་ཡོད་པ་རྣམས་བེད་སྤྱོད་ཀྱིས་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱ་ཆོགལྷག་པ་ཏུ་༧གོང་ས་མཆོག་གི་གཟི་བརྗིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་རེད།འདིར་བེད་སྤྱོད་བྱེད་ཆོགབོད་ཀྱི་ཁོར་གཡུ་ཡི་ནུས་པ་བེད་སྤྱོད་བྱེད་ཆོག ད་དུང་ཁ་མཆུ་མ་ཐོབ་ན་ཞི་བའི་ངོ་རྒོལ་གྱི་ཐོག་ནས་སྲོག་བེད་སྤྱོད་གཏོང་ཆོག བོད་མི་མང་པོས་བོད་ཀྱི་རྩ་དོན་ཐོག་ཏུ་ཤི་དགོས་པ་བྱུང་ན་གྲལ་སྒྲིག་ཡོད་ཞེས་བཙན་བྱོལ་བོད་གཞུང་ལ་དེབ་བསྐྱེལ་བྱས་ཡོད། འདི་དག་ནི་ཁྲིམས་གཏུག་གི་ནུས་པ་ཐོན་པའི་ཆ་རྐྱེན་ཡིན།
ཁྲིམས་གཏུག་ཐུབ་པའི་ཁྲིམས་རྩོད་པ།
ང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སུ་མཁས་པའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་བསླེབས་ཡོད་པ་ནི་ཁྲིམས་རྩོད་ཐུབ་པའི་ཁྱད་ཆོས་གལ་ཆེ་ཞིག་ཚང་བ་རེད།
དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཁྱད་ལས་སློབ་སྦྱོང་ཡོད་པ་བོད་མི་མི་ཉུང་བ་ཞིག་ཡོད།ཁྲིམས་རྩོད་པ་བོད་མི་འདི་དག་ནི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གལ་ཆེན་པོ་ཆགས་ཡོད།མ་འོང་པ་ཡང་ཁྲིམས་རྩོད་པའི་ཁྱད་ལས་པ་བོད་མི་མང་པོ་ཐོན་ངེས་རེད།ང་ཚོས་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་རེད།ཁྲིམས་རྩོད་པ་འདི་དག་བཙན་བྱོལ་བོད་གཞུང་གིས་ངོས་ནས་བདག་པོ་ཡག་པོ་རྒྱབ་དགོས་ལ་བེད་སྤྱོད་ཡག་པོ་གཏོང་དགོས།འཛམ་གླིང་ཐོག་ཏུ་ཡོད་པའི་བོད་མི་ཁྲིམས་རྩོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ཁྲིམས་གཏུག་བྱེད་སྟངས་གཏན་འབེབས་བྱ་དགོས།བཙན་བྱོལ་བོད་མི་རྣམས་ཀྱིས་ཁ་ཕྱོགས་དང་ལམ་ཕྱོགས་གཅིག་གི་ཐོག་ནས་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིས་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ལ་སྒྱུར་ཐུབ་པ་བྱེད་དགོས།
འཇམ་དབྱངས་ནོེར་བུ་ལགས་ཀྱིས་སྔར་ནས་སྟོན་བསྡད་པའི་བོད་རང་བཙན་གྱི་དཔང་རྟགས་རྣམས་དང་དཔང་རྟགས་གང་ཡོད་པ་ཚང་མ་གྲལ་སྒྲིག་ཡོད་པའི་ཐོག་ནས་ཁྲིམས་ཁང་ནང་དུ་སྟོན་དགོས།བཙན་བྱོལ་བོད་གཞུང་གིས་ཁ་མཆུ་རྒྱབ་སྟངས་གཏན་འབེབས་ཚར་དུས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་ས་ཐོག་ཏུ་ལག་ལེན་བསྟར་དགོས།ཁྲིམས་རྩོད་པ་དང་དཔང་རྟགས།འཛམ་གླིང་ཐོག་གི་སྐད་ཡིག་མང་ཤོས་བཙན་བྱོལ་བོད་མིས་ཤེས་ཀྱི་ཡོད་པ།འཛམ་གླིང་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ཤེས་ཀྱི་ཡོད་པར་སོགས་བོད་མི་རིགས་འདི་ལ་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་བཟང་པོ་ཞིག་ཚང་བསྡད་ཡོད་ད།ཀི་ཧུ་ཧུ།་་ཀི་ཧུ་ཧུ།་་ཀི་ཧུ་ཧུ།།
ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆད་དགོས་ཟེར་བར་འདི་འདྲ་ལ་གོ་དགོས་པར་འདོད་དོ།
རྒྱ་ནག་གི་དམངས་གཙོ་ལ་བོད་མིའི་འགན་ཁུར།
རྒྱ་མི་རིགས་དུང་ཕྱུར་མང་པོའི་རང་དབང་དམངས་གཙོ་ལ་བོད་མིས་འགན་ཁུར་དགོས།རྩོད་རོགས་བྱེད་དགོས།དམངས་གཙོ་དོན་གཉེར་བའི་རྒྱ་རིགས་རྣམས་དང་བློ་སེམས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ལ་ཤུགས་རྒྱབ་དགོས།ང་ཚོས་ངེས་པ་ཏུ་བསམ་བློ་གཏོང་དགོས་པ་ནི་མི་དམངས་བཅིངས་གྲོལ་དམག་ཟེར་བ་འདི་རྒྱ་ནག་མི་དམངས་གསོད་མཁན་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས། འདི་ལ་གཟབ་དགོས།
གུན་ཁྲན་ཏང་དམངས་གཙོ་ལ་སྒྱུར་དགོས་པ་ནི་སྤྱིར་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་སྒེར་བོད་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་ཆེ་བས་བོད་ཕྱི་ནང་གཉིས།བོད་གཞུང་དམངས་གཉིས་ཀྱིས་ཤུགས་རྒྱབ་ནས་རྒྱ་ནག་དམངས་གཙོ་ལ་སྒྱུར་ཐུབ་པ་བྱ་དགོས།
མི་དམངས་བཅིངས་འགྲོལ་དམག
གུང་ཁྲན་ཏང་དམངས་གཙོ་སྒྱུར་བ་ལ་མི་དམངས་བཅིངས་འགྲོལ་དམག་ལ་བསམ་བློ་གཏོང་དགོས། མི་དམངས་བཅིངས་འགྲོལ་དམག་འདི་རྒྱ་ནག་མི་དམངས་གསོད་པའི་ཤན་པ་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས།རྒྱ་ནག་ནང་དུ་དམངས་གཙོའི་ལས་འགུལ་བས་གྱེན་ལང་ཆེན་པོ་བྱུང་ན་མི་དམངས་བསྡམས་གསོད་བྱེད་མདོག་ཁག་པོ་རེད།འཇིགས་སྣང་ཆེ་ཤོས་འདིར་རེད།རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་བསམ་བློ་གཏོང་དགོས་པའི་སྐད་ཆ་གཅིག་རེད།
མི་དམངས་བཅིངས་འགྲོལ་དམག་གིས་མི་སེར་མི་གསོད་པའི་གདེང་ཚོད་མེད་ན་རྒྱ་ནག་དམངས་གཙོ་ལ་སྒྱུར་འདོད་བྱེད་ན་ནོར་འཁྲུལ་རེད།དང་པོར་མི་དམངས་བཅིངས་འགྲོལ་དམག་ལ་བསླབ་བྱ་རྒྱབ་དགོས།དེ་ཡང་དམག་མི་དེ་དག་ལ་ཨ་མ་ཡོད་མདོག་ཁག་པོ་རེད།རང་རང་གི་ཨ་མ་ལགས་ཚོས་རང་གི་བུ་དེ་ཨ་མ་རང་ཉིད་མི་གསོད་པའི་དམག་མི་ཞིག་དང་སྤུན་ཟླ་མི་གསོད་པ།རྒྱ་ནག་མི་དམངས་དུང་ཕྱུར་༡༣་གྱི་ཐོག་ཏུ་མེ་མདའ་མི་རྒྱབ་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡོང་ཐུབ་པའི་བསླབ་བྱ་རྒྱབ་དགོས།
རྒྱ་ནག་གི་རྩོམ་བྲིས་པ་དང་སྒྱུ་རྩལ་བ།གླུ་བ་དང་གླུ་མ་བཅས་ཀྱིས་མི་དམངས་བཅིངས་དམག་ལ་མི་དམངས་གསོད་མི་ཉན་པའི་བསླབ་བྱ་རྒྱབ་རོགས་བྱོས།།རྒྱ་རིགས་དུང་ཕྱུར་མང་པོའི་སྲོག་གི་ཆེད་དུ་བསམ་བློ་ཐོངས། རྒྱ་མཁས་དབང་ཚོ།།
མཇུག་སྡོམ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་པའི་ཉིན་མོ་དེ་ནས་བོད་རང་བཙན་ཐོབ་ཚར་བ་རེད་ལ་གུང་ཁྲན་ཏང་ཤི་སོང་ན་ས་ཆ་ཚུར་ལེན་གྱི་གཅིག་པོ་རེད།གུང་ཁྲན་ཏང་སྡོད་པའི་རིང་དུ་བོད་མི་རྣམས་ཀྱིས་མ་འོང་བོད་རང་བཙན་ཐོབ་དུས་སུ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས།ཕྱི་རྒྱལ་ཁབ་ཁག་གི་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་བ་དང་ཁ་བ་རི་པ་ལ་དགོས་མཁོ་ཆེ་བའི་རིག་གནས་རྣམས་ནང་འདྲེན་བྱེད་དགོས།དེ་འདྲ་མ་ཐུབ་ན་རང་བཙན་ཐོབ་ཀྱང་བདེ་སྐྱིད་མི་ཐོབ།རང་བཙན་ཐོབ་ཀྱང་རང་ཡུལ་ཟིན་མི་ཐུབ། རང་བཙན་ཐོབ་ཀྱང་འཚོ་བ་མི་འཁྱོངས།ངེས་པ་ཏུ་བྱ་ཐུབ་པ་བྱེད་དགོས།
ངས་ཅིག་བཤད་པ་འདི་༧གོང་ས་མཆོག་གི་རྒྱ་སྐྱིད་བོད་བདེ་ཡི་ལྟ་གྲུབ་དང་མི་འགལ་ལ་བཀྲས་མཐོང་གི་རང་ཐག་རང་གཅོད་ཀྱི་ལམ་ཕྱོགས་དང་མཐུན་གྱི་ཡོད།བདེན་པ་ཁྲིམས་ལུགས་ཀྱི་མདུན་སར་ཨུ་ཚུགས་རྒྱབ་སྟངས་འདི་ཟམ་གདོང་གི་བདེན་པའི་ཨུ་ཚུགས་ཟེར་ནའང་འདི་འདྲ་ཞིག་མིན་ནམ་སྙམ།དགེའོ།
རྩམ་པ་ཡུན་རིང་ཟས་པའི་རིན་འབབ་ལ།
རྩམ་གཟན་བོད་མི་རྣམས་ཀྱི་ཞབས་དྲུང་དུ།
རྩམ་ཕྲུག་ཅོ་རིའི་སྙིང་གིས་མ་བཟོད་པར།
རྩམ་སྐད་འདི་དག་ཁ་ནས་ཤོར་སོང་ངོ།།༢༠༡༡ལོར་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་བྲིས།བོད་རང་བཙན་རྒྱལ་ལོ།།
ཁ་བ་རི་པ་ལགས།
དེའི་འདིར་ཀློག་རོགས་བྱོས་་་་དེ་ནས་ང་ཅོ་རིའི་ལྟ་གྲུབ་ཏོག་ཙམ་ཤེས་ཐུབ་པའི་རེ་བ་ཡོད།
http://www.khabdha.org/?p=59978
དོལ་རྒྱལ་ཞེས་པ་དེ་ལྷ་འདྲེ་གང་ཡིན་སུས་ཀྱང་མི་ཤེས་པ་མ་ཟད་དེ་ཡོད་མེད་ཙམ་ལ་ཡང་ཚད་འཛིན་ཐུབ་མཁན་མེད་ཁོ་ཐག་རེད། དངོས་ཡོད་ནི་དེར་འགའ་རེས་རྟོག་བཏགས་ཀྱིས་ལྷ་ཡིན་པར་འདོད། འགའ་རེས་རྟོག་བཏགས་ཀྱིས་འདྲེ་ཡིན་པར་འདོད་པ་ཙམ་རེད། ཡིན་ངོ་མ་དེ་ནི་ཆོས་ལུགས་སྒེར་སྤྱོད་པ་དག་གིས་ཆོས་ཀྱི་དམག་འཐབ་བཟོ་སའི་ལག་ཆ་ལ་གྱུར་བ་ནི་གསལ་པོ་རེད། དོལ་ཚོགས་པས་རང་གི་བླ་མ་ངོ་ཤེས་པ་དང་དེར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་མཁན་གྲལ་ཞིག་རེད་མ་གཏོགས། བླ་མའི་ཁྲི་དང་མིང་ལ་ལྟོས་ནས་བཤེས་གཉེས་བསྟེན་མཁན་གྲལ་དེ་མ་རེད། ནང་པ་སངས་རྒྱས་པའི་ལུགས་ལ་བླ་མའི་ཁྲི་མཐོ་དམན་དང་མིང་གྲགས་ཆེ་ཆུང་ལ་གཞིགས་ནས་རྗེས་འབྲངམི་ཉེས་པའི་གནད་དེ་དོལ་ཚོགས་ཀྱིས་མཁྱེན་སོང་བ་རེད། འོན་ཀྱང་དོལ་རྒོལ་བ་ཚོས་དེའི་གནད་དེ་མ་ཤེས་ནས་བླ་ཆེན་མིང་ཆེན་ཁོ་ནར་བསྟེན་དགོས་ཚུལ་གྱིས་བླ་ཆུང་རྗེས་འཇུག་པ་དག་ལ་བཙན་འཐབ་བཟོས་བ་རེད། ཆོས་དང་ཟང་ཟིན་གྱི་འབྲེལ་བ་མི་ཆོག་པ་བཟོས་པ་རེད། དགེ་འདུན་སྡེ་དཀྲུགས་གིས་སྡིག་ཁ་འབོལ་ཆེའི་ལས་བྱས་པ་རེད། ཆོས་སྲིད་ཟུང་འབྲེལ་གྱིས་ཆོས་པ་རྣམས་འཇིག་རྟེན་ཆོས་བརྒྱད་ཀྱི་སྲིད་དོན་པར་བཟོས་པ་རེད། ཆོས་ལུགས་རིས་མེད་ཀྱིས་རང་ལུགས་གཏད་སོ་མེད་པའི་རྟོག་གེ་བ་དག་དག་བཟོས་པ་རེད།
རྒྱལ་རོང་ལགས།
ད་ཁྱེད་ནས་གང་བྱུང་མང་བྱུང་གསུང་གི་འདུག ཁྱེད་ན་རེ། “དོལ་ཚོགས་པས་རང་གི་བླ་མ་ངོ་ཤེས་པ་དང་དེར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་མཁན་གྲལ་ཞིག་རེད་མ་གཏོགས།”
སྐལ་བཟང་རྒྱ་མཚོ་ལྟ་བུར་དཔེར་བཞག་ན། ཁོང་གིས་རྒྱལ་བ་རིན་པོ་ཆེ་འདི་པ་ཡང་སྲིད་རྫུན་མ་རེད་ཟེར། སྐལ་བཟང་རྒྱ་མཚོས་རིགས་བརྒྱའི་ཁྱབ་བདག་ཟེར་བའི་ཁྲི་བྱང་རིན་པོ་ཆེས། རྒྱལ་བ་སྐུ་ཕྲེང་༡༤པ་འདི་ལ་སྐུ་ཕྲེང་གོང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གཅིག་ཏུ་བསྒྲིལ་བ་ཡིན་ཟེར། འོ་ན། སྐལ་བཟང་རྒྱ་མཚོས་རང་གི་བླ་མ་ངོ་ཤེས་ཨེ་འདུག སྟབས་ལེགས་པ་ཞིག་ལ་ཁྲི་བྱང་རིན་པོ་ཆེ་རྩོམ་རྒྱག་རྒྱུར་མཉེས་པོ་ཡོད་སྟབས། ཁོང་གིས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡང་སྲིད་འཁྲུལ་བྲལ་ཡིན་པ་རྣམ་ཐར་ཐོག་ལ་བཀོད་པ་མ་གཏོགས་ཧམ་ཆེན་གྱིས་བཟའ་གྲབས་འདུག
ད་ཤོད་དང་། སྐལ་བཟང་རྒྱ་མཚོས་རང་གི་བླ་མ་ངོ་ཤེས་ཨེ་འདུག
དེ་བཞིན་ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་དེ་འཇམ་མགོན་བསྟན་སྲུང་ཐུན་མིན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན། དེ་ཁོང་ལ་ཁྱབ་བདག་རྡོ་རྗེ་འཛིན་པ་དྭགས་པོ་འཇམ་དཔལ་ལྷུལ་གྲུབ་ཀྱིས་བཀའ་གནང་སོང་ཟེར། འོན་ཀྱང་། དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་གསུང་ནང་ལ། དོལ་རྒྱལ་ནི་འཇིགས་རྟེན་པའི་ཡུལ་ལྷ་ལྟ་བུ་ཞིག་ལས་མ་འདས་པས། བླ་མ་མཆོད་པའི་ཚོགས་ཤིང་ནང་ལ་འཇོག་མ་འོས་པར་གཟིགས་ནས། དགེ་ལྡན་པའི་པའི་སྲུང་མའི་ཚོགས་ནས་བསྐྲད་འདུག ད་གཟིགས་དང་། བླ་མ་ངོ་ཤེས་ཨེ་འདུག
ང་ལ་འདི་ལྟ་བུའི་འགལ་འདུ་ཅན་གྱི་གནས་ཚུལ་མང་པོ་ཁུངས་དང་བཅས་པ་ཞུ་རྒྱུ་ཡོད་རུང་། ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེའི་སློབ་མ་རྣམས་ཐུགས་ཕམ་གྱི་རེད་སྙམས་ནས་བཟོད་སྒོམ་བྱས་ནས་ཡོད། ང་རང་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེའི་མཛད་པ་མང་པོ་ལ་དད་པ་ཡོད། འོན་ཀྱང་ཤུགས་ལྡན་འཇམ་དབྱངས་ཀྱི་རྣམ་སྤྲུལ་རེད། དེ་དགེ་ལྡན་པའི་སྲུང་མ་གཙོ་བོ་རེད་ཟེར་བ་འདི་ཁས་ལེན་ཐུབ་ཀྱི་མེད། རྒྱུ་མཚན་ནི། དགེ་ལྡན་པའི་སྲུང་མ་ཆོས་རྒྱལ་ཡིན་པ་རྗེ་བླ་མས་ཐག་བཅད་ཟིན། རྗེ་བླ་མ་དང་ཁོང་རྣམ་གཉིས་བདམ་དགོས་བྱུང་ན། ཁྱེད་ཀྱིས་མཁྱེན་གསལ་རེད།
དེང་དུས་འགའ་ཞིག་གིས་དགོན་པ་གྲྭ་ཚང་གི་ལས་སྣེས་མི་འཇོན་པའི་སྐོར་ལ་བརྒྱ་བཤད་སྟོང་བཤད་བྱེད་བཞིན་འདུག འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་རང་ཉིད་ཀྱིས་འགྲོ་སྡོད་སྤྱོད་གསུམ་གང་ལ་ཡང་མི་གཟིགས་པར་གཞན་སྐྱོན་འབའ་ཞིག་འཚོལ་བཞིན་འདུག སོ་སོས་འཇོན་ན་སོ་སོས་འབད་བརྩོན་བྱས་ནས་ཡིན་གཅིག་དགོན་པ་གྲྭ་ཚང་དེར་བསྡད་མ་དགོས་པར་སྙན་པའི་གྲགས་པ་འབར་བའི་བཤད་གྲྭར་སོང་དང་། དབེན་པའི་ཡོན་ཏན་ཚང་བའི་རི་ཁྲོད་ལ་འགྲིམས་དང་། ཤེས་བྱའི་རིག་གནས་སྦྱངས་སའི་སློབ་གྲྭར་རྒྱུགས་དང་། འོན་ ཀྱང་དེ་འདྲ་མ་འཇོན་པར་རྟག་པར་དགོན་པའི་དཀོར་ལ་བག་མེད་ངང་སྤྱོད་བཞིན་དགོན་ པའི་སྐྱོན་ཅི་བརྙེད་བྱེད་པའི་གང་ཟག་དེ་དག་ནི་ཡ་ང་བའི་གནས་སོ།། སོ་སོ་ལ་ཡོན་ཏན་གང་ཡོད་པ་དང་། སྤྱོད་ལམ་ཅི་འདྲ་ཡོད། དུས་རྒྱུན་གྲྭ་པ་ཞིག་ཡིན་པའི་འགན་འཁུར་ནས་ངུར་སྨྲིག་ལུས་དང་མ་བྲལ་བར་འགྲོ་གི་ཡོད་མེད་སོགས་ལ་མནོ་བསམ་ལེགས་པར་གཏོང་དགོས་སོ།།
དངོས་ཐོག་གི་ལག་ལེན་སྐད་ཅ་བཤད་འདོད་ཡོད་ན་ཡིན་དཱ། དེ་མིན་རྒྱལ་བཙོང་བ་ཟེར་ནས་དགོས་པ་མ་མཐོང་། རྒྱལ་ཁབ་རྒྱ་དམར་གུང་བྲན་གྱིས་བཅོམ་འཕྲོག་བྱས་པ་རེད། བོད་བཙན་བཟུང་བྱས་པ་ལས་བཙོང་ནས་ཉོ་མཁན་སུ་རེད་དམ། བོད་ཉོ་ཡས་དང་བཙོང་ཡས་ཀྱི་ཐོབ་ཐང་དེ་སུ་ལ་འདུག དབུ་མའི་ལམ་ ༡༩༧༠ ནང་རེད། བོད་ས་༥༩ ལོར་ཤོར་བ་དེ་མ་མཁྱེན་པ་ཇི་ལྟར་ལགས། དོལ་རྒྱལ་བསྟེན་པའི་རང་དབང་ཡོད་ན་གཞུང་ཞེས་ལོས་འབྲི་ཆོག་སྙམ།
བསམ་ཤེས་ལགས། དོལ་རྒྱལ་ལམ་རྒྱལ་ཆེན་བསྟེན་གསོལ་བྱེད་མཁན་རྣམས་ཀྱིས་རང་གི་ཆོས་རྒྱུད་ཀྱི་བླ་མ་ཚད་ལྡན་རྣམས་རྒྱལ་བ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མེད་དུ་འཛིན་ཏེ་གསོལ་བ་བཏབ་པས་བླ་མའི་བྱིན་བརླབ་རང་སེམས་ལ་ཞུགས་ཏེ་རང་སེམས་དག་པའི་དབང་གྱིས་སྲུང་མ་དེ་བླ་མ་དང་ཡི་དམ་གྱི་རྣམ་རོལ་དུ་འཆར་བས་ཚུལ་གྱི་བསྟེན་པ་ལས་གྲོང་རྒན་ཕོ་མོ་ཆོས་ལ་གོ་བ་ཅུང་ཟད་ཀྱང་མེད་པ་དེ་ཚོའི་འཁྲུལ་སྣང་གི་ཆགས་གཏམ་བཤད་སྡོད་པ་དེ་འདྲ་མ་རེད། རང་སེམས་དག་ན་ཁྱིའི་མགོར་བྱིན་བརླབ་འབྱུང་ཚུལ་ཡོད་པ་དེ་བོད་ཀྱི་བླ་མའི་ཆོས་ལུགས་ཀྱི་ངོ་གདོང་རེད། དེ་ཧ་གོ་བ་གྱིས་ནས་ད་ཟད་དགག་སྒྲུབ་མཛད་ན་བཟང་། སྐལ་བཟང་རྒྱ་མཚོས་རྒྱལ་བ་རིན་པོ་འདིར་པ་ཡང་སྲིད་རྫུན་མ་རེད་བཤད་པར་ཡང་གཏམ་སྣེ་འགའ་ཡོད་རྒྱུ་རེད། དེའི་སྐོར་ཁོང་གི་བཤད་ཚུལ་ལ་ཞིབ་གཟིགས་གནང་ནས་དགག་ལེན་སྤྲོད། དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱིས་ དོལ་རྒྱལ་དེ་དགའལྡན་པའི་སྲུང་མའི་ཚོགས་ནས་བསྐྲད་པའི་ལོ་རྒྱུས་ཡིག་ཆ་ཞིག་གང་ན་འདུག། སྐྱག་རྫུན་རྐྱང་རྐྱང་གིས་མིར་མགོ་སྐོར་གཏོང་ནས་ཆོས་དམག་རྒྱབ་མ་སྡོད། འདི་འདྲ་རྐྱང་བཤད་སྡོད་པས་ད་ཆར་དོལ་རྒྱལ་གྱི་དཀའ་སྙོགས་ཆེ་ནས་ཆེ་རུ་སོང་བ་རེད། ལྷ་སའི་གྲོང་འདབ་གྱི་བླ་བྲང་གོང་འོག་གཉིས་ཀྱི་གླེང་སྙོགས་དེ་བོད་ཀྱི་ཆོས་རྒྱུད་ཡོང་བ་སྒྲུར་བ་རེད། ད་ཆ་འཛམ་བུ་གླིང་གི་ནང་པའི་ལྷ་སྲུང་སྐོར་གྱི་དཀའ་སྙོག་ཞིག་ཏུ་གྱུར་ཟིན་པ་རེད། ད་ནི་གྲུང་གཏམ་དང་སྐྱག་རྫུན་རྐྱང་པས་ལ་དག་གི་མ་རེད་དོ།།
སྒྲུང་གཏམ་ལ་བཅོས།
རྒྱལ་རོང་ལགས།
རེད། ད་ང་གཉིས་བབ་ས་ཞིག་བརྙེད་ཀྱི་འདུག ཁྱེད་ཀྱིས་གསུངས་པ་ལྟར། “རང་གི་ཆོས་རྒྱུད་ཀྱི་བླ་མ་ཚད་ལྡན་རྣམས་”ཟེར་བ་བཞིན། དང་པོ་བླ་མ་ཚད་ལྡན་ཞིག་ཡིན་མིན་དཔྱད་དགོས། ཁྱེད་དགོངས་པ་བཞེད་དང་། སྐལ་བཟང་རྒྱ་མཚོ་བླ་མ་ཚད་ལྡན་ཞིག་རེད་དམ། སྐལ་བཟང་རྒྱ་མཚོས་རང་གི་ཆོས་བརྒྱུད་དགེ་ལྡན་པའི་བདག་པོ་རྗེ་ཙོང་ཁ་པས་ཐག་བཅད་པའི་ཆོས་སྐྱོང་ཞིག་ཡོད་བཞིན་དུ། དེ་ལ་མ་འདོད་ཀྱིས་དམ་བསྲི་ཞིག་ཁྲིད་ཡོང་ནས་འདི་རྗེ་ཙོང་ཁ་པའི་ཆོས་བརྒྱུད་འཛིན་མཁན་ཚོའི་སྲུང་མ་ཡིན་ཟེར་དུས། དེ་བླ་མ་ཚད་ལྡན་ཞིག་གི་བྱ་སྤྱོད་རེད་དམ།
དཔེར་ན། ཨ་རི་ལྟ་བུར་མཚོན་ན། ཁ་རིའི་རྒྱལ་ཁབ་ཕྱག་འདེབས་མཁན་རྣམས་ཀྱིས་གཏན་འབེབ་བྱས་པའི་དམག་སྤྱི་སོ་སོའི་འགྲོ་སྟངས་ལམ་ལུགས་གསལ་པོ་ཡོད་བཞིན་དུ་རྒྱལ་ཁབ་དེའི་ཕྱིར་སྡོད་མི་སྣ་ཞིག་གིས། དམག་སྤྱི་ཀུན་སྤྱོད་གང་སྤྱིའི་ཐད་ལ་ལམ་གླེང་ཡོད་པའི་མི་ཞིག་ཁྲིད་ཡོང་ནས་འདི་ཨ་རིའི་དམག་སྤྱི་ཡིན་ཟེར་ན། ཨ་རིའི་རྒྱལ་ཁབ་ཀྱི་འགན་འཁུར་མི་སྣ་ཚོས་ཁུ་སིམ་མེར་སྡོད་མི་སྲིད།
བླ་མ་ཚད་ལྡན་འདི་འཇལ་སྟངས་འདི་འདྲ་རེད།
ལམ་གླེང་དེ་ལབ་གླེང་ལ་བཅོས་རོགས་རྒྱལ་རོང་ལགས།
རྒྱལ་རོང་ལགས། དེ་ནས་ཁྱེད་ཀྱིས། “རང་སེམས་དག་ན་ཁྱིའི་མགོར་བྱིན་བརླབ་༼རླབས་༽འབྱུང་ཚུལ་ཡོད་པ་དེ་བོད་ཀྱི་བླ་མའི་ཆོས་ལུགས་ཀྱི་ངོ་གདོང་རེད། དེ་ཧ་གོ་བ་གྱིས་༼བགྱིས་༽ནས་ད་ཟད་༼གཟོད་༽དགག་སྒྲུབ་མཛད་ན་བཟང་། “ཟེར།
དེ་རེད། ང་ཁྱེད་ལ་ཐད་པ་ཡོད། རང་སེམས་དག་ན་དག་པའི་སྣང་བ་ཡོང་བར་གོར་མི་ཆགས། འོན་ཀྱང་དོལ་རྒྱལ་གསོལ་མཁན་ཚོ་རང་སེམས་དག་པའི་རྟགས་ཅི་སྟེ། མ་དག་པའི་དཔང་པོ་མང་པོ་འདུག
རྒྱུ་མཚན་ནི་ཁོང་ཚོའི་རྒྱུད་ལ་ཉོན་མོངས་ཕྲ་རགས་ཡོངས་རྫོགས་ཀྱི་སྒྲིབ་མ་ཤིན་དུ་མཐུག་པོ་ཡོད་པ་གསལ་པོ་འདུག ཇི་ལྟར་ཞེས་ན། དོད་རྒྱལ་གསོལ་མཁན་དེ་ཚོས་གཏི་མུག་དང་ཆགས་སྡང་དབང་གིས་ཆོས་ལུགས་གཞན་པ་ལྟ་ཅི། རང་གི་རྒྱུད་པའི་བླ་མ་ཚོ་ཡང་འདྲེ་ལ་མཐོང་བ་མ་ཡིན་ནམ། དོད་རྒྱལ་གསོལ་མཁན་ཚོས་རྙིང་ཆོས་དང་དེའི་སྲོལ་འཛིན་པ་རྣམས་ཀྱི་སྐུ་སྲོག་ལ་བདོ་བ་མ་ཟད། དོད་རྒྱལ་གསོལ་མཁན་ཚོས་རང་གི་རྒྱུད་པའི་བླ་མ་རྒྱལ་དབང་སྐུ་ཕྲེང་༡༣དཀྲོང་ཚུལ་ཞིག་ཞི་བདེ་སྙུང་གནས་བླ་མས་བཤད་འདུག ཕ་བོང་ཁ་རིན་པོ་ཆེའི་རྩ་བའི་བླ་མ་གཅིག་ནི་རྒྱལ་བ་༡༣པ་མ་རེད་པས། དག་པའི་དག་སྣང་རེད་དམ། མ་དག་པའི་བར་ཆད་རེད་གསལ་པོ་གཟིགས་དང་། ཕ་བོང་ཁ་རིན་པོ་ཆེའི་ལམ་རིམ་གྱི་གསུང་ཆོས་གསན་ཡུལ་གཅིག་ནི་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་མ་རེད་པས། ཕ་བོང་ཁ་རིན་པོ་ཆེའི་གསུང་ལ་གཟིགས་ཤིག
དག་ཟེར་ན་ཐ་མལ་པའི་སྣང་བ་ལས་དག་པར་གོ་དགོས། ཐ་མལ་པའི་སྣང་བ་ནི་བདེན་འཛིན་དང་གཟུང་འཛིན་ཐ་དད་དང་ཨ་ཐད་འཛིན་པར་གོ། བདེན་འཛིན་གྱི་བློས་ཆགས་སྡང་འཕེལ། ཆགས་སྡང་གིས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་བར་བྱེད། དེ་ལྟ་མོད་ཀྱི་དོལ་རྒྱལ་བ་ཚོས་གཞན་ཕྱོགས་ལ་སྡང་བ་འདི་དག་པའི་སྣང་བ་ལྟ་ཅི། འདིའི་རྡུལ་ཙམ་ཡང་བགོས་མེད་པ་ལས་བྱུང་བ་མ་ཡིན་ནམ། གསུངས་དང་རྒྱལ་རོང་ལགས།
སྨྲས་པ།
ཞེ་སྡང་དམ་བསྲིའི་དུག་ཆུ་འཐུང་མ་མྱོང་།
གཏི་མུག་ནག་པོའི་མིག་ཤེལ་མིག་ལ་མེད།
བདེན་པའི་རང་གཤིས་གཉུག་མའི་སྒྲོན་མེའི་འོག
རང་རིགས་དོལ་རྒྱལ་ཚོ་དང་སྙིང་གཏམ་གླེང་།
གཞན་ལ་སྡང་ནས་རང་འདོད་བཤད་པ་མིན།
རང་ལ་འཐོབ་ཆེད་གཞན་དོན་བཅོམ་པ་མིན།
རང་གཞན་ཕུགས་ལ་ཕན་པའི་ལམ་ཁ་རུ།
རང་གཞན་ཚང་མས་འཛུད་པའི་ཀུན་སློང་བླངས།
༼༼༡༩༥༩་ལོར་རྒྱ་དཔོན་ཀྲུང་དན་གྱིས་ལྷ་ས་དམག་གིས་བཟུང་ཚར་ནས་མའོ་ཀྲུང་ཞིའི་ལ་བོད་ཟ་ཚར་ཟེར་བའི་སྙན་གསོལ་ཞུས་པ་རེད།སྐབས་དེར་དུས་མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ག་པ་ཡོད་དམ་ཞེས་དྲིས་པ་རེད།དམག་དཔོན་ཀྲུང་དན་གྱིས་ཏ་ལའི་བླ་མ་རྒྱ་གར་ལ་བྲོས་ཤོར་སོང་ཞེས་ལན་བཏབ་པ་རེད།མའོ་ཀྲུང་ཞིའི་ཡིས་ཏ་ལའི་བླ་མ་ཤོར་ཚར་ན་བོད་ཟ་ཐུབ་མེད་པ་རེད་ཞེས་གསུངས་ཡོད།རང་བཙན་ཆ་ཚང་ཤོར་མེད་པའི་རྒྱུ་མཚན་ཆེན་པོ་གཅིག་རེད།༽༽
བྱས་ཙང་། ༧རྒྱལ་བ་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོ་ཇི་ཙམ་བོད་ཀྱི་རྩ་དོན་ལ་དོ་གལ་ཆེ་བ་གཟིགས་སོང་ངམ། དེ་འདྲའི་རྒྱལ་བར་འཁུ་བདོ་མཁན། མཚན་སྨད་ཁུངས་མེད་ཞུ་མཁན་སྐུ་ཕྱར་ཉེན་ཁ་བཟོ་མཁན་དོལ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་སུ་དག་ནི། དོན་དུ་གུང་ཁྲན་དམར་པོ་ཕྱོགས་སུ་ཉེ་བ་ཇི་ལྟར་མིན་ལགས།
བསམ་ཤེས་ལགས། སྐལ་བཟང་རྒྱ་མཚོ་བླ་མ་ཚད་ལྡན་ཡིན་མིན་ངས་དཔྱོད་གཞི་མ་རེད་ལ། ཡིན་མིན་ཡང་ཅང་མི་ཤེས། དེ་ང་ལ་གལ་ཆེ་མ་རེད། འོན་ཀྱང་ཁོང་ནི་རང་གི་རྩ་བའི་བླ་མར་འགྱུར་བ་མེད་པའི་དད་གུས་དང་། རང་གི་ཆོས་རྒྱུད་དེ་སྲེད་ལྷད་མེད་པའི་སྐྱོངས་མཁན་ཞིག་ལ་ངེས་འཛིན་ཡོད། རྗེ་རིན་པོ་ཆེས་ཐག་བཅད་པའི་དགའ་ལྡན་བསྟན་སྲུང་ཡོད་བཞིན་དུ་ལྷ་སྲུང་གཞན་ཞིག་དགའ་ལྡན་བསྟན་སྲུང་ལ་བཀོལ་ན་བླ་མ་ཚད་ལྡན་མིན་པའི་སྒྲུབ་བྱེད་ཡང་དག་མི་འགྱུར། དོལ་རྒྱལ་དམ་སྲི་ཟེར་བ་ནི་སྒྲུབ་བྱ་ཡིན་པ་ལས་དེས་སྒྲུབ་བྱེད་མི་འགྲོ་ལ། དོལ་ཚོགས་ལ་དེ་ལས་མི་འགྲོ། ལར་ནི་སྐྱེས་བུ་གསུམ་གྱི་སྲུང་མ་གསུམ་རྗེ་རིན་པོ་ཆེས་སྲོལ་གཏོད་ཟིན་ཡང་དེ་ལས་མང་ན་མི་འགྲིག་པས་བཀའ་བཅོད་མཛད་མེད། དགེ་ལུགས་སྤྱིར་ལ་ཁྱབ་པའི་སྲུང་མ་གསུམ་ཡོད་བཞིན་དུ་དགེ་ལུགས་པའི་དགོན་པ་དང་གྲྭ་ཚང་རེ་ལ་འཇིག་རྟེན་པའི་ལྷ་སྲུང་མི་འདྲ་བ་བཅོ་བརྒྱད་རེ་བསྟེན་གསོལ་བྱས་ནས་བླ་མའི་ཆོས་ལུགས་ཀྱི་གྲུབ་མཐའ་སྐྱོང་བཞིན་པ་རེད། དེས་ན་སྐལ་རྒྱམ་བླ་མ་ཚད་ལྡན་མིན་པ་ཇི་ལྟར་འགྱུར།
བསམ་ཤེས་ལགས།
དངོས་གནས་རྒྱབ་སྐྱོར་ཡོད། ད་དུང་ཁུངས་ལྡན་ལོ་རྒྱུས་སོགས་བཀོད་གནང་བཀའ་དྲིན་ཆེ་ཞུ། གནད་དོན་གཞན་དམིགས་བསལ་མེད་པར་གསལ་བཤད་དང་དངོས་བཤད་དགོས་གལ་རེད། ཉན་མ་ཉན་རང་རང་གི་འགན་རེད། དངོས་གནས་ཡག་པོ་འདུག་བསམ་ཤེས་ལགས།
ཅོ་རི་ལགས། མཐུན་སྒྲིལ་བྱེད་འདོད་མེད་མཁན་དོལ་ཚོགས་རེད་མ་གཏོགས་ང་ཚོ མ་རེད། མཐུན་སྒྲིལ་དགོས་པའི་ཞུ་བ་ཕུལ་དགོས་ན་དོལ་ཚོགས་ལ་ཕུལ་རོག པུས་མོ་བཙུགས་དགོས་དགེ་བཤེས་བསྐལ་བཟང་དང་གངས་ཅན་བླ་མའི་མདུན་ལ་བཙུགས་རོག དོལ་ཚོགས་ཀྱིས་སྤང་བླང་ཚུལ་བཞིན་བྱས་ན་ང་ཚོས་མཐུན་སྒྲིལ་གྱི་སྒོ་མོ་ཕྱེ་ཕྱེ་པ་ཡིན།
ཕྱོགས་དང་རིས་སུ་བཅད་ནས་གླེང་རྒྱུ་བསམ་བློ་མེད།
ཁྱེད་དང་ང་ཞིག་ཟེར་ནས་སྡང་རྒྱུ་ཡིད་ལ་མེད།
རིགས་མཐུན་སྤུན་ཟླ་ནང་དམེར་སེམས་ཀྱི་མ་བཟོད་ཀྱང་།
རང་མཐོ་ཅན་ལ་གོ་བརྡ་འཕྲོད་རྒྱུ་རེ་ཞིག་དབེན།
རྒྱལ་འགོང་ནི་རྒྱལ་འགོང་རང་རེད། རྒྱལ་འགོང་སྙིང་ལ་ཞུགས་ན་སྐད་ཆ་འདི་འདྲ་ལས་ཅི་བཤད། དོལ་རྒྱལ་བ་ཚོས་བླ་མ་ངོ་ཤེས་དང་ཚུལ་བཞིན་སྟེན་པ་རེད་ཨེ། ངོ་མ་གད་མོ་རྐུབ་ནས་ཤོར་སོང་། དོལ་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བསྐལ་བཟང་དང་གངསཅན་བླ་མ་སོགས་ཀྱིས་དང་པོ་རྒྱལ་བ་རིན་པོ་ཆེའི་མདུན་ནས་དབང་ལུང་ཞུས། དེ་རྗེས་ཁྱེད་རང་གིས་བཤད་པ་ལྟར་ལྷ་ཡིན་དང་འདྲེ་ཡིན་ཡོད་དང་མེད་མི་ཤེས་པའི་དམ་སྲི་དོལ་རྒྱལ་གྱི་ཆེད་བླ་མ་དགྲ་ཡི་དྭངས་མར་བརྩིས་ནས་ཐ་ན་སྐུ་སྲོག་ཚུན་ཆད་ལ་རྒོལ་གྲབ་ཡོད་པ་རེད། དོལ་རྒྱལ་བས་བླ་མ་ངོ་ཤེས་སྟངས་དང་ཚུལ་བཞིན་སྟེན་ཚུལ་ནི་འདི་འདྲ་རེད། ཧཧཧ རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྟེན་གསོལ་གྱི་དགེ་སྐྱོན་གསལ་བཤད་གནང་ནས་མ་སྟེན་ན་ཡག་པོ་ཡོད་པར་གསུང་པ་ལས་བཙན་ཐབས་ཀྱིས་བཀག་གནང་མེད་པ་ཚང་མས་ཤེས་གསལ་རེད་ལ། ཁོང་གིས་རྟག་པར། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་འདོད་པ་རེད།། ཅེས་གསུང་པ་འདིས་ཀྱང་གསལ་པོ་སྟན་ཡོད། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་པ་དེ་ཡང་དོལ་རྒྱལ་བའི་བྱ་སྤྱོད་ལ་རྟེན་ནས་དེ་ལྟར་མ་བྱས་རང་བྱས་ཆགས་སོང་བ་རེད་ལ། དེ་ཡང་ཆོས་འདུལ་བ་དང་མཐུན་པར་དགེ་འདུན་འདུས་དམང་ལ་ཚུལ་ཤིང་གྲིམ་ནས་ཐག་གཅོད་གནང་བ་ལས་གོང་ས་མཆོག་དང་བཙན་བྱོལ་གཞུང་གིས་བཀའ་བཏང་བཞག་པ་གང་ཡང་མེད། དེར་མ་ཟད་དོལ་རྒྱལ་ཕྱོགས་ལ་ཚུལ་ཤིང་མང་སོང་ན་ཁོང་གིས་དུས་དེ་ནས་བཟུང་སྟེ་དོལ་རྒྱལ་སྐོར་ལ་ཚིག་གཅིག་གསུང་མི་ཡོང་ཞེས་གོང་ས་མཆོག་གིས་བཀའ་གནང་ཡོད། དགེ་འདུན་གྱི་སྡེ་དཀྲུག་མཁན་ནི་དོལ་ཚོགའ་རེད། ཁོ་ཚོས་གདན་ས་གསུམ་གྱི་ལས་སྣེ་མང་པོ་ལ་རྡུང་རྡེག་ཚད་ལས་བརྒལ་བ་བཏང་བ་མ་ཟད། མཚན་ཉིད་སློབ་དཔོན་དགེ་བཤེས་ལགས་དང་ཁོང་གི་དགེ་ཕྲུག་གཉིས་སྐུ་སྲོག་འཕྲོག་པ་རེད་ལ། ས་དུང་གདན་སའི་ནང་ལ་ཕུ་དཀྲུག་མདའ་དཀྲུག་བྱེད་རྒྱུ་མང་སོང་བའི་དབང་གིས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་པ་བཟོས་པ་རེད། ད་དུང་ཆོས་ལུགས་རིས་མེད་ཀྱིས་སྟོན་པ་ཅིག་གི་རྗེས་འཇུག་རྣམས་དམ་ཚིག་འོ་ཆུ་ཅིག་འདྲེས་ཡོང་བ་ལ་བར་ཆད་བྱས་ནས་ཆོས་རྒྱུད་གཞན་ལ་དུག་ལྟར་བརྩི་བ་འདི་དགེ་འདུན་གྱི་སྡེ་དཀྲུག་པ་མ་ཟད་སངས་རྒྱས་ཀྱི་བསྟན་པ་དཀྲུག་པ་ཅི་ལ་མིན།
ལོང་རྟོག་གཡོ་ཁྲམ་པ་ཁྱེད་ཉོན་ཤིག། རྒྱལ་བ་རིན་པོ་ཆེ། སྐལ་རྒྱམ་དང་གངས་ཅན་བླ་མ་གཉིས་ཀྱི་བླ་མ་དང་པོ་མ་རེད་ལ། ཁོང་གཉིས་ཀྱིས་ཐོག་མར་བསྟེན་པའི་བླ་མ་ཡང་མ་རེད། དེ་གཅིག་རེད། ཁ་ཆེ་ཕ་ལུས་སྙིང་གཏམ་རང་ཡིན། ཧཧཧཧཧཧཧ། འགོ་ངས་ཙུགས་པ་ཡིན་ལ། འཇུག་ཡང་ངས་སྐྱེད་ཀྱི་རེད། ཞེས་དང་། ལྡན་ས་ཁག་ཏུ་དོལ་རྒྱལ་རྗེས་འབྲང་གྲྭ་པ་རྣམས་འཕུད་དགོས་སར་ཕུད་པ་རེད་། ཉེན་ཆད་གཏོང་དགོས་སར་ཉེན་ཆད་བཏང་བརེད། དེ་ཚོར་རྗེས་སུ་ཡེ་རང་ཡོད། ད་དུང་ཡང་དེ་ལྟར་གནང་དགོས། མཁན་པོ་དང་ལས་སྣེ་ཁྱེད་རང་ཚོ་སྟབས་བདེ་པོ་མི་འདུག་ན། ཁག་ང་ལ་གཡོག་ན་འགྲིག་གིན་རེད། ཞེས་པ་སོགས་མང་པོ་གསུངས་ཚ་བ་རེད། ཁོ་རེ་ལོང་བ། ཆོས་ལུགས་རིས་མེད་ཞེས་པའི་མིང་ཚིག་དེ་སྤྱོད་ནས་རང་ལུགས་གཏད་སོ་མེད་པ་དང་ཉམས་རྟོགས་སྐྱེ་རྒྱུ་མེད་པ་དེ་གྱུར་པ་རེད། རྫུན་བཤད་དང་གཡོ་སྒྱུར་གྱིས་ཆོས་དམག་ཙམ་ལས་དོལ་ཚོགས་པས་ཆོས་ལུགས་གཞན་ལ་སྡང་པའི་རྣམ་པ་སྐྲ་རྩེ་ཙམ་ཡང་མེད་པ་རེད།
རྒྱལ་རོང་ལགས།
དགེ་ལུགས་པ་འདི་ཆོས་བརྒྱུད་གཙང་མ་མ་རེད། རྗེ་རིན་པོ་ཆེས་བཀའ་གདམས་གཙོ་བོར་གྱུར་པའི། ས་སྐྱ། དྭགས་པོབཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། རྙིང་མ་སོགས་ལས་མདོ་སྔགས་རིགས་གནས་དང་བཅས་ཐམས་ཅད་གསན་ཡོད། གཞན་ཡང་བུ་ལུགས། བོ་དོང་ལུགས། ཇོ་ནང་སོགས་ལས་རྐྱང་གསུང་ཆོས་གསན་ཡོད་ཤས་ཆེ། མདོར་ན་དགེ་ལུགས་པའི་བཤད་སྲོལ་ལྟར། མཚན་ཉིད་ས་ལུགས། ཡི་དམ་རྔོག་ལུགས། ཆོས་སྐྱོང་ཤངས་ལུགས་ཞེས་གསུངས་སྲོལ་ལྟར་ན་རང་ལུགས་མི་འདུག་ག ཚང་མ་གཞན་ནས་བཤུས་འདུག དེས་ན་དོལ་རྒྱལ་བའི་དགེ་ལུགས་གཙང་མ་དེ་ཡང་ཁུངས་མིའདུག
དོལ་རྒྱལ་བསྟེན་མཁན་དང་དེ་མ་བསྟེན་མཁན་བར་དུ་ཁ་་དང་ཁའི་སྤུ་བར་དབྱེ་འབྱེད་འགོ་འཛུགས་སུ་ཡིས་བྱས་འདུག། བྱེད་གཏེར་གང་འདྲས་བྱས་འདུག། ལྡན་ས་གྲྭ་ཚང་ཁག་གིས་རང་མོས་ཐོག་ནས་བྱེད་འདུག་དང་ཡང་ན་དབྱེ་འབྱེད་བཟོ་མཁན་བྱེད་གཏེར་གཞན་སུ་རེད་འདུག། ལྡན་ས་ཁག་གི་གྲྭ་པའི་རང་འདོད་ཀྱིས་འོས་སྡུས་བྱས་པ་ལས་བཙན་བཀའ་བཏང་མེད་ཚུལ་གྱི་སྐྱག་རྫུན་དེ་ཚོ་འདི་ན་མཐོང་རྒྱུ་འདུག། གཤམ་གསལ་དྲ་ཐག་ལ་གཟིགས།
://youtu.be/yp8FsHDgm0M
http://youtu.be/yp8FsHDgm0M
ཨོ་ཡ་་་ལུང་རྟོགས་ལགས། དེ་རིང་ངས་གསར་པ་ཞིག་ཤེས་སོང་བ་ནི་ཁྱོད་ཚོ་ལ་ཞུ་བ་ཕུལ་ས་མེད་ས་ཤིག་ཡིན་པར་ར་འཕྲད་བྱུང་། ང་ཚོས་བྲིས་པའི་རྩོམ་ཡིག་་་་བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།ཅེས་པའི་ནང་དུ་འདི་ལྟར་བཤད་ཡོད།་
༼ངའི་བསམ་ཚུལ་ལ་༧གོང་ས་མཆོག་གི་ངོས་ནས་ཤུགས་ལྡན་བསྟེན་མཁན་རྣམས་དང་མཐུན་ལམ་བྱས། ཤུགས་ལྡན་ཚོགས་པའི་ངོས་ནས་སོ་སོའི་དབུ་ཁྲིད་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཞུ་བ་ཕུལ་ནས་མཐེ་མོ་སློང་ན་བསམས་ཀྱི་འདུག Cསོ་སོའི་དབུ་ཁྲིད་ཀྱི་མདུན་དུ་མཐུན་ལམ་ཡོང་ཆེད་དུ་ཞུ་བ་འབུལ་བ་ངོ་ཚ་དགོས་པའི་གནད་དོན་ཞིག་མ་རེད། ངོ་ཚ་དགོས་པ་ངོ་མ་དེ་ཞུ་བ་མ་ཕུལ་པར་ཁ་གཏད་བཅག་ན་ངོ་ཚ་དགོས་པ་དེ་རེད། རྡོ་རྗེ་ཤུགས་ལྡན་བློས་གཏོང་ཐུབ་ཐབས་མི་འདུག་ཟེར་ནས་ཞུ་བ་ཕུལ་ན་ལུགས་མཐུན་རེད་བསམས་ཀྱི་འདུག གཞན་‘ཏཱ་ལའི་བླ་མ་སྐྱག་རྫུན་མཚམས་ཞོག’་ཟེར་ནས་ངོ་རྒོལ་བྱས་ན་ཡག་པོ་མི་འདུག༽
དེ་རིང་ར་འཕྲད་བྱུང་བ་ནི་ཏྭ་ལའི་བླ་མའི་ཕྱོགས་གཏོགས་པ་རྣམས་ལ་པུས་མོ་བཙུགས་ནས་ཞུ་བ་ཕུལ་ནའང་ཕུལ་ས་མེད་ས་ཤིག་ཡིན་པར་ཤེས་བྱུང་། ཞུ་བ་ཕུལ་ས་མེད་དུས་ངོ་རྒོལ་མི་བྱེད་དཀའ་མེད་ཐུག་པ་དེ་ཡང་ཤེས་བྱུང་།
ཤུགས་ལྡན་ཚོགས་པས་མུ་མཐུད་ནས་ཏྭ་ལའི་བླ་མས་སྐྱ་རྫུན་མ་བཤད་ཟེར་ནས་ངོ་རྒོལ་བྱེད་ན་ངས་ངོས་ནས་དགག་བྱ་གང་ཡང་མེད། ང་དང་ང་འདྲ་བ་ཡོངས་ཀྱིས་ངོས་ནས་དགག་བྱ་གང་ཡོད་ཀྱི་མ་རེད་འདོད། ཏྭ་ལའི་ཕྱོགས་གཏོགས་ནི་པུས་བཙུགས་ནས་ཞུ་བ་ཕུལ་ན་མི་ཉན་པར་ཕར་རྒྱུགས་ཟེར་མཁན་དེ་འདྲ་རེད་འདུག་པས་ཁྱོད་ཚོ་ལ་ཁག་མི་འདུག་ཞུ་རྒྱུ་ཡིན།
གཉིས་པ། ཉམ་ཆུང་གི་དགྲ་བོ་ལུང་རྟོགས་ཀྱིས་རྡོ་རྗེ་ཤུགས་ལྡན་དངོས་མེད་ལྷ་འདྲེ་ཞིག་གིས་མི་བསད་སོང་ཟེར་ནས་བཤད་སོང་། མཐའ་མ་ཛེ་སྨད་རིན་པོ་ཆེན་གྱི་གསུངས་ཡོད་རེད་ཟེར་ནས་ཛེ་སྨད་རིན་པོ་ཆེན་ལ་ཡིད་ཆེས་དང་ཁུངས་གཏུགས་ས་བྱས་སོང་།
བསམ་ཤེས་ལགས་ཀྱིས་རྒྱལ་བ་རིན་པོ་ཆེན་ཡང་སྲིད་འཁྲུལ་མེད་ཡིན་པར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེན་ལགས་ཀྱི་གསུངས་ལ་ཁུངས་གཏུགས་བཞིན་འདུག
ཁྱོད་ཚོས་དོན་དངོས་པོའི་ཐོགས་ནས་ཛེ་སྨད་དང་ཁྲི་བྱང་རིན་པོ་ཆེན་གཉིས་ཀྱི་ལུང་ཚད་མ་བརྩི་གི་ཡོད་པེ། ཅེས་དྲི་བ་ཡིན།
པུས་མོ་བཙུགས་ནས་ཞུ་བ་ཕུལ་ནའང།
ཉམ་ཆུང་དམངས་ཀྱི་རེ་འདུན་མི་ཉན་པར།
བཙན་དབང་སྒེར་གཅོད་ཀླད་ལ་སྐོར་མཁན་དེ།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།
རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་གསོལ་བྱས་པ་དེ་ནི་སྲུང་མ་བསྟེན་སྲོལ་ནང་ནས་ཚོད་ཡར་མཐའི་མཚམས་སུ་བསྟེན་པ་རེད། སྐབས་དེ་དུས་ཁོང་ལ་སྐྱབས་འགྲོ་ཡི་སྡོམས་པ་སྟོང་སོང་པ་ཡིན་ནམ། དོལ་རྒྱལ་བསྟེན་གསོལ་ནི་རྒྱལ་པོ་སྐུ་ལྔ་ལས་རྩ་ཆེ་བ་རྩིས་ནས་བསྟེན་གསོལ་ཞུས་པའི་སྐོར་ཁོང་རང་ཉིད་ཀྱིས་གསུངས་འདུག། ཁོང་ལ་ཆོས་དད་རང་མོས་བཀག་མཁན་ནི་ཡོང་འཛིན་གླིང་རིན་པོ་ཆེ་ཡིན་གསུངས་འདུག། ཁོང་གིས་དོལ་རྒྱལ་དམ་བསྒྲགས་བྱས་པ་མ་ཟད་ཤུགས་ཆེ་ནས་ཆེ་རུ་བཏང་བ་ཡིན་ཡང་གསུངས་འདུག། དོལ་རྒྱལ་བསྟེན་དང་མ་བསྟེན་རང་དབང་ཡིན་ཚུལ་དང་དོལ་རྒྱལ་དམ་བསྒྲགས་བྱས་ཚུལ་བར་ལ་འགྲེལ་བཤད་ཇི་ལྟར་རྒྱབ་བམ། དྲ་ཐག་འདིར་གཟིགས།
http://youtu.be/-35ZOt0–nQ
དེང་སང་དབུ་མའི་ལམ་ཁ་ལ་ཁྱེར་མཁན་ཚོས་ བོད་མི་རྒྱ་ཆ་༩༩ ཡི་འོས་འཕེན་ནས་དབུ་མའི་ལམ་གྱི་སྲི་བྱུས་དེ་མོས་མཐུན་གཏན་འབེབས་བྱས་རབས་བཤད་ཀྱིན་འདུག་ དེ་ཡིན་ན་བོད་མི་རྒྱ་ཆ་༩༠དེ་བོད་དུ་གཞུག་ཡོད་པས་བོད་མདོ་དབུས་ཁམས་གསུམ་ས་ཆ་གང་དུ་འོས་འཕེན་པ་རེད་དུས་་ཚད་ག་དུས་འོས་རླུག་པརེད་ དྲི་བ་དེ་ལ་ལེན་ཞིག་ཡོད་པ་ཞུ་ལེན་མེད་ན་ཧམ་བཤད་ཁོ་ན་ལས་མ་འདས་སོ་།།
ཅོ་རི་ལགས་ང་ལ་ཆ་ཞག་ན་ཁ་བརྡ་དྲ་རྒྱའི་ནང་གི་ཀློག་པ་པོ་ཞིག་ལས་མ་འདས་འོན་ཀྱང་ཁྱོད་ཅོ་རི་དང་འདྲ་བའི་བློ་མཐུན་ཚོའི་ཟུར་ཟ་དང་རྩོམ་ཆལ་དེ་ཚོའི་མ་ཞག་ནས་ཡོང་བ་ཞིག་ལ་ དཔེར་ན་ཁྱོད་རང་གིས་ང་ལ་མཆན་དབང་༡༡༢ནང་ལ་ཁྱོད་རས་རྩོམ་ཆལ་ཞིག་ཀློག་ལབ་འདུག་ན་ དེའི་ལན་དུ་དངོས་གནས་བྱས་ན་ཁྱོད་རང་གིས་ད་ལྟ་བར་དུ་བྲིས་པའི་མཆན་དང་རྩོམ་དེ་ཚོ་ཡང་སྐྱར་ཞིག་ཀློག་དང་ད་ཟོད་ཁྱོད་རང་ལ་ལྟ་བ་བསྟན་པོ་ཞིག་ཡོད་མེད་དང་ཁུངས་ལུང་མེད་པའི་སྐད་ཆ་ག་ཚོད་བཤད་ཡོད་མེད་ཧ་གོ་ལེ་རེད་ མ་ཟད་མཆན་དབང་༡༡༡བལྟས་པ་ཡིན་ན་ཁྱོད་རང་གི་ཆབ་སྲིད་ཕྲན་བུ་ཤེས་ཀྱི་འདུག་ཀྱང་ཡག་པའི་ཆ་ནས་ཤེས་མིན་འདུག་ད་ག་ནང་བཞིན་གཞན་གྱིས་གཡོ་འོག་དུ་ཚུད་པས་མ་ཟད་སོ་སོ་ཡང་གཡོ་ཁྲབ་མཁན་ཞིག་ཆགས་འདུག་དེ་ནི་ཧ་ཅང་སེམས་པ་སྐྱོ་དགོས་པ་ཞིག་ཡིན་ རྒྱུ་མཚན་ནི་བོད་ཀྱི་དུས་འབབ་ནས་ཁ་བརྡ་དྲ་རྒྱའི་བར་ངས་ཁྱོད་རང་གི་རྩོམ་དང་མཆན་ཧ་ལམ་ཚང་མ་ཀློག་པས་ཡིན་
ཚང་མ་བཀླགས་ཡོད་ན་ངའི་འདོད་པ་ཁེངས་སོང་། ཁྱོད་རང་གིས་རྒྱུ་མཚན་ཡོད་པའི་སྐད་ཆ་ག་རེ་བཤད་འདོད་ན་བཤད་རོགས་བྱོས། ཧཧཧ ཆབ་སྲིད་མཁས་མིན་ནི་གཡོ་སྒྱུ་མཁས་མིན་རེད་ཟེར་གྱི་འདུག་པས་ང་ལྟ་བུ་དྲང་བདེན་རྒྱབ་ལངས་བྱེད་མཁན་ཞིག་གིས་ངོས་ནས་ཁག་པོ་རེད།
མ་གཞི་ནས་་་་ངས་བོད་རང་དབང་རང་བཙན་གྱི་ཐོབ་ཐང་བདག་དབང་འདིར་རྩོད་ལེན་བྱེད་དུས་གཞིར་བཅོལ་ས་བོད་མི་དམངས་ཀྱི་བདག་འཛིན་ལ་བཅོལ་ནས་འཆད་ཀྱི་ཡོད། དམངས་གཙོ་བཤད་དུས་འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་བཞག་ལ་གཞིར་བཅོལ་ནས་འཆད་ཀྱི་ཡོད། རྒྱ་དམར་པོ་འཐོར་བཤིག་དང་རྒྱ་བོད་ཧོར་གསུམ་བྲལ་འགྲོ་བའི་ཚོད་དཔག་འདི་བདེན་བཞི་མི་རྟག་པའི་ཆོས་ཉིད་ལ་གཞིར་བཅོལ་ནས་བཤད་ཀྱི་ཡོད།
ཁྱོད་ཚོས་གཉིས་ཕན་དབུ་མའི་ལམ་ཟེར་བ་འདི་གཞན་ཕན་གྱི་བསམ་པ་ལ་གཞིར་བཅོལ་ནས་གཏན་འབེབས་བྱས་པ་ཤིག་མ་རེད་པེ། ཡིན་ན་་་་གཞན་ཕན་བསམ་བློའི་སྟོབས་ཤུགས་ཆེའང་བདག་འཛིན་གྱི་སྟོབས་ཤུགས་ཆེ། དེ་ལ་བསམ་བློ་ཐོངས། བདག་འཛིན་ཅན་མང་དང་གཞན་ཕན་བསམ་བློ་ཅན་མང། དེ་ལ་བསམ་བློ་ཐོངས། ཧཧཧཧཧ
ངས་བལྟས་ན་ཁྱོད་ཀྱིས་ང་དང་ངའི་བློ་མཐུན་ཚོའི་རྩོམ་ཡིག་ལ་རྩོམ་ཆལ་ཟེར་ནས་བཤད་ཐུབ་པའི་ཤེས་ཡོན་དང་ཐོས་རྒྱ་ཞིག་ཆོས་འཇིག་རྟེན་གཉིས་ཀྱི་ཕྱོགས་ནས་ཅང་ཡོད་ཟོལ་མི་འདུག་ག ཡོད་ན་ཁྱོད་ཀྱིས་ལྟ་གྲུབ་འཆད་དང་ང་ཚོས་ཀློག་ཆོག མེད་ན་ཁ་བཙུམ་རང་བཙུམ་རེད་བ།ཧཧཧ ཨུ་ཐུག་ན་ཁྱི་འབོད་སྐྱག་འབོད་འདྲ་བྱོས།
རྒྱལ་འགོང་འབྱུང་པོ་ཁྱོད་ཉོན་ཨ། བླ་མ་དང་པོའི་བཀའ་ལ་བརྩི་དགོས་པ་དང་གཉིས་པའི་བཀའ་ལ་བརྩི་མི་དགོས་པ་ཞིག་བཀའ་མདོ་རྒྱུད་ལུང་མན་ངག་གང་གི་ནང་དུ་འདུག དོལ་རྒྱལ་ཚོགས་གཙོ་བསྐལ་བཟང་རྒྱ་མཚོས་ཁོ་རང་གི་ཆོས་ཚོགས་ནས་ལ་ཁོ་རང་གི་ཡིག་ཆ་མ་གཏོགས་གཞན་མཁས་སུ་གང་གི་ཡིག་ཆ་ཁྲིད་ཆོག་གི་མེད་རབས་འདུག་པས་ཕལ་ཆེར་དེ་འདྲ་ཞིག་གི་ནང་གསུངས་ཡོད་པ་མིན་འགྲོ། ཧཧཧ ཁྱེད་རང་གིས་ཧམ་བཤད་ཅི་ཙམ་བྱས་ཀྱང་རྒྱལ་བ་རིན་པོ་ཆེས་གང་གསུངས་ཡོད་པ་དག་དེང་སང་ལྟ་ཆོག་ཆོག་དང་ཉན་ཆོག་ཆོག་ཡོད་པས་མི་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། དོལ་རྒྱལ་བས་རྙིང་མའི་དཔེ་ཆ་ནང་ལ་བཞག་ན་ཡང་དོལ་རྒྱལ་གྱིས་སྲོག་བཅད་འགྲོ་བར་བཤད་ཀྱི་ཡོད་པས་ད་དུང་ཆོས་ལུག་གགཞན་ལ་སྡང་བའི་རྣམ་པ་སྐྲ་རྩེ་ཙམ་མེད་ཟེར་ན་སྨྱོ་ཧམ་རང་མིན་ན་ཅི། བོད་ཀྱི་ཆོས་རྒྱུད་བཞི་ཀ་སངས་རྒྱས་ཤཀྱཱ་ཐུབ་པའི་རྗེས་འཇུག་དང་དེ་ཡང་དཔལ་ན་ལན་འདྲ་ནས་རྒྱུད་པ་ཤ་སྟག་ཡིན་པས་ཆོས་ལུགས་རིས་མེད་བྱས་ན་ཉམ་རྟོག་སྐྱེ་རྒྱུ་མེད་པར་འགྱུར་འགྲོ་བ་ནི་འབྱུང་པོས་རྒྱུད་བརླམ་པ་དག་མ་གཏོགས་སུས་ཀྱང་ཁས ལེན་མི་སྲིད་དོ།
རྒྱལ་འགོང་འབྱུང་པོ་ཁྱོད་ཉོན་ཨ། བླ་མ་དང་པོའི་བཀའ་ལ་བརྩི་དགོས་པ་དང་གཉིས་པའི་བཀའ་ལ་བརྩི་མི་དགོས་པ་ཞིག་བཀའ་མདོ་རྒྱུད་ལུང་མན་ངག་གང་གི་ནང་དུ་འདུག དོལ་རྒྱལ་ཚོགས་གཙོ་བསྐལ་བཟང་རྒྱ་མཚོས་ཁོ་རང་གི་ཆོས་ཚོགས་ནས་ལ་ཁོ་རང་གི་ཡིག་ཆ་མ་གཏོགས་གཞན་མཁས་སུ་གང་གི་ཡིག་ཆ་ཁྲིད་ཆོག་གི་མེད་རབས་འདུག་པས་ཕལ་ཆེར་དེ་འདྲ་ཞིག་གི་ནང་གསུངས་ཡོད་པ་མིན་འགྲོ། ཧཧཧ ཁྱེད་རང་གིས་ཧམ་བཤད་ཅི་ཙམ་བྱས་ཀྱང་རྒྱལ་བ་རིན་པོ་ཆེས་གང་གསུངས་ཡོད་པ་དག་དེང་སང་ལྟ་ཆོག་ཆོག་དང་ཉན་ཆོག་ཆོག་ཡོད་པས་མི་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། དོལ་རྒྱལ་བས་རྙིང་མའི་དཔེ་ཆ་ནང་ལ་བཞག་ན་ཡང་དོལ་རྒྱལ་གྱིས་སྲོག་བཅད་འགྲོ་བར་བཤད་ཀྱི་ཡོད་པས་ད་དུང་ཆོས་ལུག་གགཞན་ལ་སྡང་བའི་རྣམ་པ་སྐྲ་རྩེ་ཙམ་མེད་ཟེར་ན་སྨྱོ་ཧམ་རང་མིན་ན་ཅི་ཡིན། བོད་ཀྱི་ཆོས་རྒྱུད་བཞི་ཀ་སངས་རྒྱས་ཤཀྱཱ་ཐུབ་པའི་རྗེས་འཇུག་དང་དེ་ཡང་དཔལ་ན་ལན་འདྲ་ནས་རྒྱུད་པ་ཤ་སྟག་ཡིན་པས་ཆོས་ལུགས་རིས་མེད་བྱས་ན་ཉམ་རྟོག་སྐྱེ་རྒྱུ་མེད་པར་འགྱུར་འགྲོ་བ་ནི་འབྱུང་པོས་རྒྱུད་བརླམ་པ་དག་མ་གཏོགས་སུས་ཀྱང་ཁས ལེན་མི་སྲིད་དོ།
གཞན་ཡང་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་བྱུང་བའི་བྱེད་སྟེ་སུ་རེད་ཟེར་བ་ཡིན་ན་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་རེད། ཁོ་ཚོས་རྡ་ས་ནས་དགེ་བཤེས་བཀྲོང་ལྷོ་ཕྱོགས་ནས་གཞིས་མགོ་རྡུང་ལྡི་ལི་ནས་གདན་སའི་ལས་སྣེ་རྡུང་། རྒྱ་དམར་ལ་མགོ་སྒུར་ནས་བོད་གངས་ཅན་པའི་ཕ་ཆུས་བཙོང་བ་སོགས་བྱ་སྤྱོད་འདི་དག་ལ་རྟེན་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་བྱུང་བ་རེད། ཤེས་ཨེ་སོང་།
བློ་མཐུན་ཅོ་རི་ལགས། ཁྱེད་རང་གི་ཞུ་བ་དེ་ནག་མོ་དྲེག་མོའི་མིག་ཆུ་བཞིན་དུ་ཁ་ཙམ་ལས་ཁོག་ནས་མིན་པ་ངས་སྔར་ནས་ཤེས་ཡོད་ལ་ཁྱོད་ཚོའི་ཞུ་བ་ལ་རེ་སྒུག་ནམ་ཡང་བྱས་མེད། དེ་སྔ་ཡན་ཆད་དོལ་རྒྱལ་བས་ངོ་རྒོལ་མ་བྱས་པར་བསམ་ཤེས་བྱས་པའི་ལོ་རྒྱུས་མེད་ལ་མ་འོང་པར་ཡང་ཁྱོད་ཚོ་ཕམ་ཉེས་མ་སོང་བར་ཁྱོད་ཚོས་བསམ་ཤེས་བྱེད་པའི་རེ་བ་མེད། ཁྱོད་ཚོ་ལ་འཕག་རྒྱུ་ཡོད་ན་འཕོགས་ཤོག མཆོང་རྒྱུ་ཡོད་ན་མཆོང་ཤོག ང་ཚོ་ཉི་མ་རིང་པོ་ལ་རྩམ་པ་ཞིབ་ཞིབ་འཐག་ཆོག་གི་རེད། ཤུགས་ལྡན་ཚོགས་པ་ལ་ཁྱོད་རང་གིས་དགག་བྱ་མེད་པའི་གསལ་བཤད་བྱེད་དགོས་ཅི་ཡང་མི་འདུག མི་ཚང་མ་ལ་ནམ་ལང་ལང་ཉི་མ་ཤར་ཤར་རེད། ངས་ཛེ་སྨད་ལ་ཁུང་བཏུག་དོན་ནི་ང་ཛེ་སྨད་ལ་ཡིད་ཆེས་ཡོད་སོང་བས་མིན། བླ་མ་གཞན་ཞིག་གིས་གསུངས་བ་རེད་ཟེར་ན་ཁྱོད་ཚོས་ཁས་མི་ལེན་པ་ངས་ཤེས་ཀྱི་ཡོད་པས། ཁྱོད་ཚོའི་ཕ་རྒན་གྱི་ལུང་དྲངས་ནས་ཁྱོད་ཚོའི་ཁ་ལ་རྡོ་རྗེ་རྒྱ་གྲམ་ཞིག་བཞག་པ་ཡིན།
ཧཧཧ་་ཁྱོད་ཛེ་སྨད་ལ་ཡིད་ཆེས་མེད་ན་ཤུགས་ལྡན་གྱིས་མི་བསད་པའི་ཡིད་ཆེས་ཡོད་དམ་མེད། ཡོད་ན་ཁུངས་ལུང་གང་ཡོད། མེད་ན་ཤུགས་ལྡན་གྱིས་མི་བསད་སོང་ཟེར་ནས་བཤད་དོན་ཅི།
ཁྱོད་ཚོས་དངོས་མེད་ལྷ་འདྲེ་ཞིག་གིས་མི་བསད་སོང་ཟེར་བའི་སྐྱ་རྫུན་འདི་དག་ལ་ཤེས་ལྡན་སུ་ཡིས་ཁས་ལེན། བྱས་ཙང་རྫུན་མ་བཤད་ཟེར་ནས་ངོ་རྒོལ་བྱེད་ཀྱི་ཡོད་རེད།
ཅོ་རི་བ་བདག་འཛིན་ཅན་ཟེར་ན་ང་ལྷག་བསམ་ཅན་ཡིན་ཟེར་བ་དང་ང་དྲང་བདེན་ཅན་ཡིན་ཟེར་མཁན་དེ་ཚོའི་དྲས་ལ་ཟེར་ཁྱོད་རང་ཡང་དེ་དེ་བཞིན་ནོ་ ང་ཤེས་ཡོན་ཅན་ཡིན་ནམ་ཡང་བསམ་ཉུང་མེད་ལ་སྤོབས་པ་ཡང་མེད་ཡིན་ཀྱང་དྲང་བདེན་ལ་རྒྱབ་སྐྱོར་དང་གཡོ་རྒྱུ་ཅན་ལ་ངོ་རྒོལ་བྱེད་ཡ་དེ་ངས་དམ་བཅའ་ཡིན་
དམ་པ་དགེ་ཆོས་ཀྱིས།
བླུན་པོ་དྲང་པོའི་རྗེས་འབྲངས་འབྲངས་ཀྱིས།
རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད།
མཁས་པ་དྲང་པོའི་རྗེས་སུ་འབྲངས་འབྲངས་ཀྱིས།
དེ་ལས་སྡུག་པའི་ཀུན་བཏགས་བདེན་འཛིན་རྙེད།་་་ཅེས་གསུངས་ཡོད་རེད་ད
ཅོ་རིས།
བླུན་པོས་གཡོ་སྒྱུ་མ་དགའ་རྒྱུགས་རྒྱུགས་གྱིས།
རང་གི་མགོ་ཡང་རང་གི་གཡོ་སྒྱུས་སྐོར།
མཁས་པས་གཡོ་སྒྱུ་མ་འདོད་དགག་དགག་གྱིས།
དེ་ལས་སྡུག་པའི་གཡོ་སྒྱུའི་བྲན་གཡོག་ཆགས།།།
དོལ་ཚོགས་ཀྱིས་མི་མ་བསད་ན། མངའ་སྡེའི་ཉེན་རྟོག་ཁང་ལ་བཅར་འདྲིར་སོང་དང་། དེ་ནས་ཤེས་ཀྱི་རེད། དོལ་ཚོགས་ཀྱིས་བྱས་པས་དོལ་འདྲེས་བྱས་པར་མ་སོང་ན་འབྲེལ་སྒྲ་བྱེད་སྒྲར་བསྐྱར་སྦྱོང་དགོས་འདུག་སྙམ།
འཇིག་རྟེན་ཕ་ཆོས་བདག་འཛིན་ཆེན་པོས་འཛིན།
དམ་པའི་ལྷ་ཆོས་བདག་མེད་རྟོག་པས་འཛིན།
འཛིན་པ་འདི་གཉིས་སོ་ཁ་འཐབ་ས་ན།
བན་རྒན་ཁ་མཁས་ཆང་བཟི་འཁྱོར་འཁྱོར་རེད།།།་་་་ཧཧཧ
ད་རྩོད་པ་མང་བོ་བརྒྱབ་འདུག རེ་བ་ཡིན་ན། ཚང་མས་འདུམ་འགྲིག་ཡོང་ཐབས་གསུང་རོགས། མ་འོངས་པར་ཕྱི་རབས་པས་དེ་རིང་ལ་ལྟ་སྐབས། སྐབས་དེའི་བོད་པ་ཤེས་ཡོན་པ་ཚོས་མ་བྱས་པ་མ་རེད་ཟེར་བའི་ལས་ཀ་འགོ་འཛུགས་རན་འདུག་སྙམ།
ཅོ་རི་ལགས་ཀྱིས།
“བསམ་ཤེས་ལགས་ཀྱིས་རྒྱལ་བ་རིན་པོ་ཆེན་ཡང་སྲིད་འཁྲུལ་མེད་ཡིན་པར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེན་ལགས་ཀྱི་གསུངས་ལ་ཁུངས་གཏུགས་བཞིན་འདུག
ཁྱོད་ཚོས་དོན་དངོས་པོའི་ཐོགས་ནས་ཛེ་སྨད་དང་ཁྲི་བྱང་རིན་པོ་ཆེན་གཉིས་ཀྱི་ལུང་ཚད་མ་བརྩི་གི་ཡོད་པེ། ཅེས་དྲི་བ་ཡིན།”གསུངས་པར།
ངས་རྒྱལ་རོང་ལགས་སུ་དོལ་རྒྱལ་ཚོགས་པས་རྒྱལ་བ་རིན་པོ་ཆེ་འདི་པ་ཡང་སྲིད་རྫུན་མ་རེད་ཅེས་པར། ཁོང་ཚོས་རིགས་བརྒྱའི་ཁྱབ་བདག་ཏུ་བརྩིས་པའི་ཁྲི་བྱང་རིན་པོ་ཆེའི་ལུང་དྲངས་ནས་ཁོང་ཚོའི་འགལ་འདུ་འདི་ལ་འདྲི་བ་བཀོད་པ་ལགས།
ང་རང་ཁྲི་བྱང་རིན་པོ་ཆེའི་གསུང་འབུམ་མང་ཆེ་བ་མཇལ་མྱོང་། གཙོ་བོ་ནི་དོལ་རྒྱལ་འཇམ་དབྱངས་ཀྱི་སྤྲུལ་པ་རེད་ཟེར་བ་འདི་ཁྲི་བྱང་རིན་པོ་ཆེའི་ཁུངས་དེ་རྩོད་གཞི་ལ་སོང་སྟབས། ཁས་ལེན་ཞུ་མི་ཐུབ་ལགས། ཁྲི་བྱང་རིན་པོ་ཆེའི་གསུང་མང་ཆེ་བ་ཚད་ལྡན་ལ་སྣང་། དཔེར་ན་ལམ་རིམ་བློ་སྦྱོང་དང་། གསང་བདེ་འཇིགས་གསུམ་གྱི་ཁྲིད། དེ་བཞིན་རྣལ་འབྱོར་མའི་ཁྲིད་དེ་ཚོ་ཀུན་ནས་ལེགས་ལགས།
ང་རང་རྒྱུན་པར་དཔྱད་པ་གཙོ་བོར་བཏང་ནས་ཉམས་ལེན་ལ་དོ་སྣང་བྱེད་པར་དགའ་བས། གོ་ཚད་ཐོས་ཚད་བདེན་པར་མི་འཛིན་པའི་གོམས་འདྲིས་ཆུང་དུས་ནས་ཡོད་ལགས། མི་ལོ་བཅུ་ལྷག་ནུབ་ཕྱོགས་པའི་རྩོད་སྒྲུབ་རིགས་པའི་ལམ་ལ་སྦྱང་པ་མི་དམན་པ་བྱེད་རྒྱུ་བྱུང་བས། “Critical Thinking”ཟེར་བ་དང་། “Objective Analysis” དེ་བཞིན་ནུབ་ཕྱོགས་པའི་ལྟ་གྲུབ་རིག་པའི་Question of Existence སོགས་ལ་ཤིན་དུ་ནས་ཡིད་དབང་འཕྲོག་པས་རྒྱུན་པར་དཔྱད་པ་བྱེད་བཞིན་ལགས།
ངས་བལྟས་ན། དོལ་རྒྱལ་ཚོགས་པའི་སྐལ་བཟང་རྒྱ་མཚོ་དང་གངས་ཅན་བླ་མ་ཞུ་བ་རྣམས་སངས་རྒྱས་རང་གི་གསུང་ལྟ་ཅི། འཇིག་རྟེན་པའི་དངོས་ཡོད་ཀྱི་བྱ་བྱེད་ལས་གསུམ་ལ་བརྩི་འཇོག་མེད་པར། རང་ལྟ་མཆོག་འཛིན་དང་གཞན་ལྟ་རྫིས་སྐུམ་གྱི་འཐེན་ཁྱེར་ཤུགས་ཆེར་སྣང་བས། དེ་དག་ལ་འདྲི་བ་ཞུ་བ་ལགས།
སྤྱིར་བོད་ཀྱི་གསང་སྔགས་གཞུང་ལུགས་ལ་དད་པ་དག་སྣང་གཙོ་བོར་གསུང་བ་ལ། མདོ་ཕྱོགས་ལ་དཔྱད་པ་སྔོན་དུ་འགྲོ་བ་གཙོ་བོར་གསུང་བས། དཔྱད་པ་སྔོན་ནས་ལེགས་པར་སོང་བའི་རྗེས་ཀྱི་དད་པ་དེ་ལ་ཚད་འཛིན་ལ་འདོད་པས། དཔྱད་པའི་མཛུབ་མོ་མགོ་སྐྲ་ནས་མཐིལ་རྐང་པའི་སེར་མོ་བར་ལ་མ་བྱས་པར་བླ་མ་བསྟེན་སྲོལ་མེད་ལགས།
གུས་པས་ཆོས་འབྲེལ་ཞུ་མྱོང་བའི་རྒྱལ་བ་རིན་པོ་ཆེ་ལྟ་བུར་མཚོན་ན། གསུང་ཆོས་མ་ཞུས་གོང་ནས་ལོ་བཞི་ཙམ་དཔྱད་པ་ཞུས་པ་ཡིན། ལྷག་པར་ཏུ་རང་ཉིད་ཀྱི་ཁྱིམ་ཚང་ཉེར་འཁོར་ཚང་མ་རྙིང་མར་སོང་སྟབས། ཐོག་མར་དགེ་ལུགས་པའི་བླ་མ་ཞིག་བསྟེན་དུས་དེ་བས་གཟབ་གཟབ་བྱེད་དགོས་པ་འདི་ངེད་ཚོའི་ཁྲག་གི་ནང་ལ་ཡོད་ལགས། རྒྱུ་མཚན་ཐུག་ས་འདི་གཅིག་དོལ་རྒྱལ་དང་འབྲེལ་བ་ཡོད་ལགས།
བཀུར་འོས་བསམ་ཤེས་ལགས། འགྲེལ་བཤད་རིང་པོ་ཞིག་གནང་བར་དགའ་པོ་བྱུང་། མ་ཟད་ཁྱོད་རང་རྙིང་པ་ཞིག་ཡིན་པར་ཤེས་སོང་བས་སྤྲོ། རིག་པའི་རྗེས་འབྲངས་བྱེད་དགོས་པ་ནི་གལ་ཆེན་རེད་བསམ་གྱི་ཡོད་ལ་ངས་རང་ངོས་ནས་ཀྱང་ཚུལ་གསུམ་རིགས་པའི་རྗེས་འབྲངས་ཁོ་ན་ལ་འབད་བཞིན་ཡོད།
ཚུལ་གསུམ་རིགས་པས་དཔྱད་ན་ལྷ་སྲུང་འདི་དག་དང་སྤྲུལ་སྐུ་ཡོངས་རྫོགས་ཅིག་ཅིག་དང་མུག་མུག་རེད་ཟེར་བ་ཐམས་ཅད་གཅིག་པ་རེད་བསམས་ཀྱི་འདུག་ལགས། རིགས་པའི་དགག་བྱ་ལ་དབྱེ་བ་ཕྱེས་ཀྱི་མེད་ལ་དགག་ན་དགག་མཉམ་དང་སྒྲུབ་ན་སྒྲུབ་མཉམ་ཡོང་བའི་རེ་བ་ཡོད།
ཐུགས་རྗེ་ཆེ།
ཅོ་རི་ལགས་ཀྱིས་འདྲི་བ་བཏོན་པར་སོང་སྟབས་ངས་ཀྱང་ལས་ཞིག་བསྟེར་དགོས་པས་ཁྲི་བྱང་རིན་པོ་ཆེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་ཞུས་ན། སྔོན་མ་གོང་ས་མཆོག་གིས། “ཁྲི་བྱང་རིན་པོ་ཆེས་ཤུགས་ལྡན་དེ་བཀའ་བཀོད་གནང་བའི་རང་གི་འཁོར་ཞིག་ལས། ཡི་དམ་ལྟ་བུའི་རང་དང་ངོ་བོ་དབྱེར་མེད་དུ་བསྟེན་པ་མི་གནང་བ་གསལ་པོ་རེད། རྒྱུ་མཚན་ནི། ཁྲི་བྱང་རིན་པོ་ཆེ་ཁོང་གུ་རུ་རིན་པོ་ཆེ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཁོང་ངོ་མས་སྐུ་སྐྱེ་སྔོན་མར་ཟུར་ཆོས་དབྱིངས་རང་གྲོལ་སོགས་དང་རྒྱུད་གཅིག་པ་ཡིན་པའི་ཚོར་བ་མང་པོ་ཕེབས་པ་གསུང་མྱོང་”ཞེས་བཀའ་རྩལ་བ་གོ་མྱོང་། ད་དུང་གསུང་བར། “ཤུགས་ལྡན་གསོལ་མཁན་ཚོ་རྒྱུན་པར་རྙིང་ཆོས་ཉམས་ལེན་གནང་རྒྱུར་མི་བདེ་བ་ཡོད་པ་ཡོངས་གྲགས་རེད། འོན་ཀྱང་ཁྲི་བྱང་རིན་པོ་ཆེ་ལྟ་བུར་མཚོན་ན། ཚེ་བཅུ་དང་ཟླ་སྐང་སྐབས་ལ་གུ་རུ་དང་འབྲེལ་བ་ཡོད་པའི་ཚོགས་དང་བླ་སྒྲུབ་ཡོད་ཡོད་པ་རེད། ཁོང་ཤུགས་ལྡན་ལ་འདི་ལྟ་བུའི་བཞེད་སྣང་མེད་པ་གསལ་པོ་རེད། ལྷག་དོན་ལྷ་མོའི་གཟན་རིལ་བབ་ནས་རྒྱལ་བ་རིན་པོ་ཆེ་ཤུགས་ལྡན་བསྟེན་རྒྱུར་མཚམས་བཞག་ན་ལེགས་རབ་ཕབ་པར། དེའི་ལན་དུ་ཁྲི་བྱང་རིན་པོ་ཆེས་བློ་ཐག་ཆོད་པོས། ལྷ་མོ་དང་གནས་ཆུང་ལ་བསླུ་བ་རྩ་བ་ནས་མེད་པས་བློ་བདེ་པོ་བྱུང་གསུངས།
ད་གཟིགས་དང་། དེ་དག་ལ་བསམ་བློ་དང་དཔྱད་པ་བྱས་ན། ཁྲི་བྱང་རིན་པོ་ཆེ་ཁོང་དོལ་རྒྱལ་ཚོགས་པས་བློས་བླངས་བྱས་པའི་བླ་མ་དོལ་རྒྱལ་གྱི་འཁོར་གཡོག་ལྟ་བུ་འདི་འདྲ་མིན་པ་ཏོག་ཙམ་ཤེས་ཀྱི་འདུག ད་དུང་མུ་མཐུད་དཔྱད་པ་བྱ་རྒྱུ་ལགས།
ཨོ་རེད་་་བླ་མ་བརྟེན་ཚུལ་ཟེར་ནའང་འདྲ། བཤེས་གཉེན་བརྟེན་ཚུལ་ཟེར་ནའང་ཆོག འདི་ནི་དབང་སྒྱུར་སྲིད་ཇུས་ཤིག་ལ་ངོ་འཛིན་བྱེད་བཞིན་ཡོད། ངས་ཐེངས་མང་དྲན་ཡོང་བ་ནི་་བཤེས་གཉེན་བརྟེན་ཚུལ་གྱི་རིག་གནས་འདིས་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མ་བཅུག་ན་་་རྗེས་སུ་དགག་རྩོམ་ཞིག་ནི་འབྲི་ངེས་ཡིན།
དེ་ཡང་ང་རང་རང་གི་ཆོས་རྒྱུད་དགེ་ལུགས་པའི་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོར་དགག་གྱི་ཡིན། ད་ལྟའི་བར་དུ་དགག་དགོས་མ་བྱུང་ན་བསམས་ནས་བསྡད་ཡོད། ཧཧཧ
ཅོ་རི་ཉི་མ་དང་་་དོལ་ཚོགས་རྣམས་་་་་ཉོན་ཤིག་་་་སྐྱག་པ་རྒྱག་ཚད་ཟ་ནས་་་་ཁ་བཙུམ་་ན་་་་་ལེགས་སོ།
འོ་ཡ། ཧ་ལས་པའི་ཡག་པོ་འདུག དོལ་ཚོགས་ནས་ལན་རྒོལ་ངེས་པར་བྱ་ངེས། གལ་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་མཉམ་མེད་ཙོང་ཁ་པའི་གསུང་གི་ཉིང་བཅུད། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཐོགས་མེད་དང་ཀླུ་སྒྲུབ་ཀྱི་ལམ་སྲོལ། དེ་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བ་ལ་ཡང་དགག་པ་ཆོས་མཐུན་ཡོད་མདོག་བྱས་པ། ཨ་ཁ་ཨ་ཙ་མ། ཀྱེ་ཧུད། ་་་་་་་་་་་་་་་་་་་
ཨ་ལེ། ད་བྱས་དུས་ཁྱོད་ཚོས་སོ་སོའི་ཕ་རྒན་ཛེ་སྨད་ལ་ཡིད་ཆེས་བྱེད་ཀྱི་མེད་པ་རེད་དམ། ད་དེ་རེད། གོང་དུ་རྒྱལ་རོང་ཡིན་ན་རྒྱལ་འགོང་ཡིན་ཅིག་གིས་བླ་མ་ངོ་ཤེས་མཁན་དང་བླ་མ་ཚུལ་བཞིན་སྟེན་མཁན་དོལ་རྒྱལ་བ་ཡིན་ཞེས་ཁ་ཕོ་ཆེན་པོ་བསྒྲོགས་སོང་། གཤམ་ནས་ཅོ་རིའི་ཛེ་སྨད་ལ་ཡིད་ཆེས་མེད་པའི་རྣམ་པ་སྟན་སོང་། ད་བྱས་དུས་དོལ་ཚོགས་ཀྱིས་དོལ་རྒྱལ་གྱི་ཆེད་དུ་ཨུ་ཚུགས་མཐར་སྐྱེལ་གྱིས་གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྒོལ་བ་འདི་དོལ་རྒྱལ་དང་བླ་མ་ལ་དད་པའི་དབང་གིས་མིན་པར་སྒེར་གྱི་ཁེ་ཕན་ཆེད་དུ་ཡིན་པ་ཡང་གསལ་པོ་ཆགས་སོང་།
ད་དུང་ཅོ་རི་ལགས། ཁྱོད་རང་རིག་པའི་རྗེས་འབྲང་དང་ཚུལ་གསུམ་རིག་པས་དཔྱད་པ་བྱེད་མཁན་ཞིག་ཡིན་ཟེར། ད་འོ་ན་ཚུལ་གསུམ་ཅིག་བརྩིས་དང་ངས་ཉན་འདོད་འདུག ངས་ཀྱང་ཚུལ་གསུམ་ལ་ཅུང་ཟད་སྦྱང་མྱོངས།
གོང་དུ་གླེང་མོ་གནང་མཁན་ཚང་མས་ང་རང་གི་རྣམ་དཔྱད་ཀྱིས་གསར་གནས་དང་ལད་ཟློས་སོགས་ཀྱིས་དོལ་རྒྱལ་དང་འབྲེལ་བའི་གླེང་རྩོད་ན་བཟང་ཆ་དང་ཉེས་ཆ་འགའ་ཡང་མཐོང་སོང་། ལུང་རྟོགས་ལགས་ཀྱིས་གཞུང་འཛིན་ཚུལ་གྱི་དོལ་རྒྱལ་དགག་པའི་གཏམ་དེ་ཚོ་ལད་མོའི་ཟློས་གར་གྱིས་གོ་སྐབས་མང་པོ་ཟིན་འདུག། ཅོ་རི་ལགས་ཀྱིས་སྐབས་རེ་དྲག་པོའི་ཚུལདང་སྐབས་རེར་ཞི་བའི་ཚུལ་གྱིས་དོལ་རྒྱལ་ཚོགས་པར་རྒྱབ་སྐྱོ་བྱས་འདུག། རྒྱལ་རོ་ལགས་ཀྱིས་ཆོས་ལུགས་དང་ཆོས་རྒྱུད་བར་གྱི་སྙོགས་གླེང་རྒྱུད་རིམ་དང་འབྲེལ་བའི་གཏམ་གསར་འགས་དོལརྒྱལ་ཚོགས་པར་རྒྱབ་སྐྱོ་བྱས་འདུག། བསམཤེས་ལགས་ཀྱིས་དོལ་རྒྱལ་གྱིས་རྙིང་ཆོས་ལ་གནོད་པ་ཡོད་རབས་ཀྱིས་དོལ་རྒྱལ་ལ་དགག་པ་བྱས་འདུག། ད་དུང་གཞན་རྣམས་ཀྱིས་རང་རང་གིས་ཁ་ཕྱོགས་ཚུལ་གྱི་འདོད་དོན་བརྗོད་འདུག། མདོར་ན། རྩོད་གླེང་འདིར་བླ་མ་དགེ་བཤེས་མཁས་པ་སུ་ཡིས་ཀྱང་རྩོད་ཐག་ཆོད་པའི་ཁ་ཕྱོགས་དང་ལམ་ཕྱོགས་སྟོན་མཁན་ཞིག་ད་ལྟའི་ཆར་མི་འདུག། དེར་ཐག་བཅོད་ཐུབ་མཁན་གྱི་སྐྱེ་བོ་ཞིག་དེང་སྐབས་གངས་ཅན་པ་ལ་ཡོད་བཟོ་ཡང་མི་འདུག། དེ་ལས་རྩོད་པ་འདི་ཆོས་ཕྱོགས་ཀྱི་སློབ་པ་ཉམས་ལེན་གྱི་བྱེད་སྒོ་ཞིག་ཏུ་འགྱུར་བའི་ལས་ཞིག་ལ་སྐྲུན་རྒྱུར་འབོད་ན་དགའ་ཚད་འདུག་གོ།
རང་རང་གིས་རྣམ་དཔྱད་ཞེས་ནོར་བཅོས།
ཁོ་རེ་ཅོ་རི། ལམ་རིམ་འགོག་ཐུབ་ན་ཁྱོད་དགའ་ལྡན་ཁྲི་ལ་བསྐྱལ་ནས་གཡོག་པོ་ངས་རྒྱུག་ཆོག དགོངས་མོ་བུ་མོ་སུ་དགོས་དགོས་ཁྲིད་ཆོག ཀླུ་སྨྱོན་གྱིས་ཆོག་མཆན་སྤྲད་ན་ཚེ་སྐྱིད་ཀྱང་ཁྲིད་ཆོག ཤུགས་རྒྱོབ། དོལ་རྒྱལ་བརྗོད་བྱ་ཐ་ཞན་རེད། ལམ་རིམ་འཇུ་ཐུབ་ན་ཕོ་ཁྱོ་ཀ་རེད།
ལུང་རྟོགས་་་་ཁྱོད་ཀྱིས་ང་ལ་ཚུལ་གསུམ་རིགས་པའི་ཡིག་ཚོད་བཏང་གི་ཡོད་པེ། རྣམ་འགྲེལ་ཐར་ལམ་གསལ་བྱེད་བློ་འཛིན་ང་ལས་མང་བ་བྱས་མྱོང་མཁན་ཞིག་འཛམ་གླིང་འདིའི་ཐོག་ཏུ་ཅང་ཨེ་ཡོད་ན་བསམས་ཀྱི་ཡོད། ང་ཅོ་རི་སྤོབས་པ་མཐོ་དོན་ཡང་དེ་ནས་བྱུང་།་་་་ཧཧ
ཀློང་ཆུང་ལགས།
མཛེས་མའི་རྐུབ་ལ་ཆགས་ནས་དགག་རྩོམ་འབྲི་བཞིན་མེད།
རྒྱུ་དང་དབང་ལ་ཆགས་ནས་མཆན་བུ་འདེབས་བཞིན་མེད།
མཚན་དང་སྙན་གྲགས་བསམས་ནས་སྒྲུབ་བྱེད་བཀོད་བཞིན་མེད།
མཐོ་པོའི་ཁྲི་ལ་བསམས་ནས་སློབ་སྦྱོང་བྱེད་བཞིན་མེད།
ཉམ་ཆུང་རང་དབང་ཆེད་དུ་དགག་རྩོམ་འབྲི་བཞིན་ཡོད།
ས་རང་རང་བདག་ཆེད་དུ་མཆན་བུ་འདེབས་བཞིན་ཡོད།
ཡང་དག་དམངས་གཙོའི་ཆེད་དུ་སྒྲུབ་བྱེད་བཀོད་བཞིན་ཡོད།
ཁྱད་ལས་ནང་འདྲེན་ཆེད་དུ་སློབ་སྦྱོང་བྱེད་བཞིན་ཡོད།།
ནང་གི་ཁྱད་ཆེར་དམོད་སྡུག་གཏོར་བའི་སྡིག་ཆེན་དོལ་ཁྱི་ཁྱོད་འདྲ་བས།།
ཁྱད་ལས་ནང་འདྲེན་ཆེད་དུ་བསླབས་ནས་སྐྱག་པ་རྐམ་པོའི་འབུལ་བ་མེད།
སྒོ་གསུམ་བཙོག་པོའི་ལས་སྣ་མ་དག་སྤུན་ཟླའི་ཚོགས་ལ་དབྱེན་འཁོན་སླངས།།
དུས་རབ་གསར་བའི་མྱི་སྙིགས་འདི་ཚོའི་ཁ་རྐུབ་གང་ལ་ངོ་ཚ་མེད།
ཨ་ཁ། མང་གཙོ་དང་རང་དབང་གི་གོ་དོན་རགས་རིམ་ཡང་དབེན་པའི་ཁ་ཕོ་ཆེ་ཐལ་མ་ཤོར་ན་ཇི་ག་སྙམ།
སྙན་དངགས་པ་ཆ་འཇོག་པ་ཡིན་ན། གྲོང་ཚིག་ཚིག་དམར་མངས་ན་ཨེ་འགྲིག་སྙམ་མོ།།
འདི་ན་རྗེ་དགེ་འདུན་གྲུབ་ཀྱི་ལམ་སྟོན་བཀའ་སློབ་ཞིག་འདུག སངས་རྒྱས་ཆོས་ལུགས་པ་ངོ་མ་ཡིན་ལབ་མཁན་ཚོ་ཞེ་སྡང་གི་དབང་དུ་མི་འགྲོ་བར་ཕན་ལས་ཆེ།
དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།།
གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོར་བ་དོན་རེ་ཆུང་།།
དོན་དེ་ལྟར་གོ་བའི་བཤེས་གཉེན་རྣམས།།
སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས།།
སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས།།
དགྲ་ནང་ན་གདུག་པའི་ཉོན་མོངས་འདུལ།།
མི་ཁོ་བོའི་རྗེས་འཇུག་གྲོགས་པོ་ཀུན།།
ཡིད་ཕྱོགས་སུ་ལྟུང་བས་མ་འཆིང་བར།།
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།།
ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས།།
དོལ་ཚོགས་དང་ཁྲི་བྱང་བླ་བྲང་གཉིས་ཀྱི་རྙོག་ཁྲ་དེ་ཆེ་རུ་འགྲོ་སྐད། ཁ་ས་ཁྲི་བྱང་ཡང་སྲིད་སོག་ཡུལ་ལ་འབྱོར་ནས། འཇིགས་བྱེད་ཀྱི་དབང་བསྐུར་བ་ཡིན་ཚུལ་ཁྲི་བྱང་བླ་བྲང་གིས་ཁྱབ་བསྒྲགས་བྱེད། དོལ་ཚོགས་ཀྱི་ངོ་དེབ་ལ་ཁྲི་བྱང་རིན་པོ་ཆེ་ནས་དོལ་རྒྱལ་གྱི་སྲོག་གཏད་བསྐུར་བ་རེད་ཟེར།
ཡང་སྙིང་སུ་བདེན་པ་ཡིན་མིན་ཤོད་དཀའ།
སྔོན་མ་ཁྲི་བྱང་བླ་བྲང་གིས་ཁྲི་བྱང་ཡང་སྲིད་ཨི་ཊ་ལི་ལ་ཕེབས་ནས་འཇིགས་བྱེད་དབང་བསྐུར་བ་རེད་ཟེར། དོལ་རྒྱལ་གྱི་ཚོགས་པས་ཤུགས་ལྡན་སྲོག་གཏད་བསྐུར་བ་རེད་ཅེས་པར་གཅིག་པ་གཅིག་རྐྱང་ལ་འགྲེལ་བཤད་མི་འདྲ་བ་གཉིས་ཐོན་གྱི་འདུག