བློ་གྲོས་རབ་བརྟན།
ངས་དྲ་ལམ་ཁག་ནས་པར་འདི་མཐོང་སོང་། མི་ཚོས་བཤད་ན་དེ་བོད་ཡུལ་དུ་རྒྱ་མི་ཞིག་གིས་རི་དྭགས་རྐྱང་གི་གསོན་ལྤགས་བཤུ་བཞིན་པའི་པར་ཞིག་རེད། བོད་མི་ཚོས་དེ་ལ་མ་དགའ་བའི་རྣམ་འགྱུར་སྟོན་གྱིན་བོད་ཀྱི་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་ཐད་ནས་གླེང་གི་འདུག
ངས་པར་དེར་བལྟས་ཀྱིན་བལྟས་ཀྱིན་གོ་བ་གཞན་ཞིག་སྤྲོད་ཡོང་གི་འདུག ང་བོད་ཀྱི་གནད་དོན་དང་འབྲེལ་དེང་གི་བོད་མི་ཚོའི་གནས་བབ་ཀྱི་ཀློང་ན་ཁྲིད་སོང་། མའོ་ནས་ཤིས་བར་གྱི་རྒྱ་དཔོན་ཚོས་བོད་མིའི་གསོན་ལྤགས་བཤུས་ཤིང་། ཁྲག་དམར་ཧུབ་འཐུང་བྱས་ཏེ། བོད་མི་ཁྲི་ཕྲག་མང་པོ་འཆི་ལམ་དུ་བརྫིངས་བ་མ་ཡིན་ནམ།
རྒྱ་རྒན་དེའི་ལག་པ་ཁྲག་གིས་སྦང་བ་དེ་མཐོང་ཡོང་དུས་ང་ལ་དེ་དག་དྲན་གསོ་གཏོང་གི་འདུག ད་དུང་མིག་ཤེལ་ནག་པོ་ཞིག་གྱོན་ཏེ་ཡིན་མདོག་དང་རྒོད་མདོག་རྣམ་འགྱུར་དེས། ཉམ་ཆུང་བོད་མིའི་ཐོག་རྒྱ་རྒན་ཚང་གི་ཧམ་པ་དང་བརྙས་བཅོས། ཐུབ་ཚོད། ཅི་བྱས་གསལ་སྟོན་བྱས་པ་མ་ཡིན་ནམ། རྐྱང་རྒོད་ཀྱི་ལུས་སྨད་ཁྲག་ལ་བྱིང་ཡང་། མགོ་བོ་བཀྱགས་ཏེ་བསྡད་འདུག
འདིས་ང་ལ་ད་བར་དུ་རྒྱ་གཞུང་གི་འཇམ་རྩུབ་གཉིས་ཀྱིས་བོད་མི་ཚོ་རྩ་མེད་གཏོང་ཐབས་ལ་འབད་མུས་ཡིན་མོད། བོད་མི་ཚོ་དེ་ལས་ལྡོག་སྟེ་ཚེ་སྲོག་གཏའ་མར་བཞག་སྟེ། མགོ་བོ་གནམ་ལ་འདེགས་ཏེ་རྒྱ་རྒན་ཚང་གི་གདོང་ལ་ལངས་བཞིན་ཡོད་པ་དེ་སྟོན་པ་མ་ཡིན་ནམ།
པར་འདིས་རྒྱ་ནག་གིས་ཆེན་པོ་དང་སྟོབས་ཆེན་ཡིན་མདོག་གིས་འཛམ་གླིང་ལ་གུས་མེད་ལུགས་མེད་ཀྱིས་དཔལ་འབྱོར་གྱི་ལག་པ་བརྐྱངས་ཏེ། གཞི་རྩའི་མིའི་རིགས་ཀྱི་ཐོབ་ཐང་དང་རིན་ཐང་དག་རྡོག་བརྫི་བྱེད་བཞིན་པའི་དུས་འདིར། མི་རིགས་གཉིས་ཀྱི་གཤིས་སྤྱོད་གཤིབ་བརྡུར་གྱི་པར་ཞིག་ཆགས་འདུག་ཅིང་། སུ་ཞིག་ལ་ཀླ་ཀློག་སྤྱོད་པ་རྫོགས་པ་དང་། གང་ཞིག་ལ་ཐུབ་ཚོད་ཀྱིས་གསོན་ལྤགས་བཤུ་བཞིན་འདུག་གམ། མིའི་རིགས་ལ་དོན་གྱི་གོ་བ་ལེན་པར་པར་འདིས་རམ་འདེགས་ཡག་པོ་བྱེད་ངེས་རེད།
པར་འདི་ནི་ལྟེས་དབང་གིས་བྱུང་བ་ལྟ་བུ་ཡིན་མོད། རྒྱ་རྒན་ཀྱི་གཏུམ་སྤྱོད་དེ། པར་ལམ་ནས་ང་ཚོར་བལྟ་རྒྱུ་དང་སྟོན་རྒྱུ་ཡོད་པ་དེ་རྩ་ཆེན་ཞིག་རེད་འདོད། པར་འདིས་རྒྱ་འོག་ཏུ་བོད་མི་ཚོའི་གནས་བབ་ག་འདྲ་ཡིན་པ་སྟོན་ལ་རྨད་དུ་བྱུང་བའི་པར་རིས་ཤིག་ཆགས་འདུག་སྙམ།
དུད་འགྲོ་ཞིག་གི་པགས་པ་དུད་འགྲོ་ཞིག་གིས་བཤུས་ན། དུད་འགྲོ་འདི་གཉིས་ཀྱི་སུ་ལ་སྙིང་རྗེ་འམ།
ད་དེ་ཚང་མ་སྐུ་དྲག་དང་བླ་ཆེན་ཚོའི་བྱས་རྗེས་རེད། སྐྱོང་དགོས་པའི་དམག་སྲིད་དཔལ་འབྱོར་མ་སྐྱོང་བ།
མི་དགོས་པའི་ཆོས་ལུགས་འཐབ་འཁྲུག་དང་གྲྭ་པ་རྒྱ་སྐྱེད་ཁོ་ན་བྱས་ཚེ་ད་ལྟའི་ཆགས་སྒོ་འདི་བྱུང་བ་རེད།
གང་ལྟར་བོད་ཕོངས་ལ་སྦྱོར་མཁན་ཚང་མ་རྒྱ་དབང་ལྔ་བ་ལས་བྱུང་བ་རེད། ཁོང་གིས་ཆབ་སྲིད་ཀྱི་སྐུ་དབང་བཞེས་པ་ནས་བཟུངས་ཁོང་གི་ཡང་སྲིད་དང་བོད་འབངས་ཡོངས་རྫོགས་བརླགས་པ་རེད། དེ་ནི་ལྔ་བའི་ནོར་འཁྲུལ་ཆེ་ཤོས་ཏེ་རེད། འོན་ཀྱང་འདས་པ་ནི་འདས་པ་རང་རེད། དེར་འགྱུར་ལྡོག་གཏོང་ཐབས་བྲལ། མ་འོང་པ་ན་ཆབ་སྲིད་ཀྱི་བློ་བླ་མ་ཚོར་ཤིན་ཏུ་ནས་གཏོད་མི་རུང་། བླ་མ་བླ་མའི་ས་ནས་སྒོམ་སྒྲུབ་ཉམས་ལེན་བྱོས། ཆབ་སྲིད་ཀྱི་ནང་ཏུ་སྐེ་མ་བསྐྱང་མ་རོགས། བསྐྱངས་ན་ཁྱོད་ཀྱི་སྐེ་དེ་གཏུབ་པར་ངེས།།
ཟིན་བྲིས་ཡག་པོ་ཞིག་གི་གཤམ་དུད་འགྲོ་ཞིག་སླེབས་འདུག
གསོན་ལྤགས་བཤུ་བ་ནི། ཀླ་ཀློའི་སྤྱོད་པ་མཐར་ཐུག་པ་ནི། དེ་ལ་ཟེར་རོ།།
རང་བྱུང་རིག་པའི་རྡོ་རྗེ། མིང་འདི་ལ་ཚོད་ལྟ་མ་བྱས་ནའང་། དོན་དག་ལ་བསམ་བློ་ལོ་བཏང་ན་ཀམ་ཚང་བཀའ་བརྒྱུད་ཞེ་འཁོན་རང་རེད། ཧཧཧཧཇ། བཅུ་དྲུག་པས་༧གོང་ས་བཅུ་བཞི་པར་འཁོན་འཛིན་བྱས། གང་ལྟར་ཀམ་ཚང་བཀའ་བརྒྱུད་སྤྲུལ་སྐུ་ལམ་ལུགས་སྲོལ་ཀྱང་གཏོད་ནས། བོད་བསྟན་པ་ལ་ཉམས་ཆགས་ཅུང་བྱས་པ་རེང་ཟེར་ནའང་ཆོག ཡིན་དཧོངས་འགལ
མེད་པ་ཞུ་གིས་ཡོད།
ཏི་སེ་ལགས། ང་ནི་ཀམ་ཚང་ལ་འབྲེལ་བ་གང་ཡང་མེད། དེ་ནི་བདེན་པ་ཡིན། ཁ་ཆེ་བ་ཁག་གཅིག་གིས་བྷན་ལ་ཏྲིན་ལྷ་ལ་རྩིས་བཞིན་ཡོད་པ་རེད། དོན་ལ་ཁ་ཆེ་ལུང་བར་དཀའ་ངལ་གྱི་བྱུང་ཁུངས་ཆོས་དཔོན་ཁོང་ལ་ཐུག་པ་རེད། འོན་ཀྱང་ཁ་ཆེ་བླུན་པོ་ཚོས་དེ་ཤེས་ཀྱིན་ཡོད་པ་མ་རེད། བོད་པ་ཚོ་དང་གཅིག་མཚུངས་རེད། ཧ་གོ་སོང་ངམ།།
དྲྭ་གྲོགས་ཚོ། ཕྱི་ལོ་༢༠༡༤ ཟླ་བ་༩ ཚེས་༡༠ ཉིན་རྒྱལ་དབང་འབྲུག་པ་བཅུ་གཉིས་པས། བོད་མངའ་རིས་གངས་རིན་པོ་ཉེ་འཁྲིས་སུ་ལོ་རྒྱུས་ལ་ཆོས་བརྒྱུད་འབྲུག་པ་བཀའ་བརྒྱུད་ཡིན་པ། ད་ཆ་ཀརྨ་བཀའ་བརྒྱུད་པ་བསྒྱུར་བཞིན་པ་ངོ་དེབ་ནངདེ་འདྲ་ཡིག་ཆ་མཐོང་བྱུང་། རྣམ་པ་ཚོ་བསམ་ཚུལ་ག་རེ་ཡོད།
དེ་རྐུན་མ་ནང་ལ་བཞག་སྒོ་ཅག་ཕྱི་ལ་བརྒྱབ་ཟེར་བ་དེ་རེད་ དོན་དམ་པའི་ཇག་ཚོགས་འཇིག་བསྐུལ་རིང་ལུགས་པ་རྐམ་ཚང་རེད་འདུག།
ཏིང་ཞའོ་པིང་ནས་གསུང་བ་་་ཁྱེད་ཚོ་བོད་པ་ལ་ཞེད་སྣང་བྱེད་དགོས་མ་རེད་ཁོང་ཚོར་གཡག་ཟས་སའི་ས་ཆ་ཆང་ངེ་ཆུང་ངེ་བར་ཡ་མ་དཀྲུག་ཞོག་དང་དེར་མགོ་འཐོམ་ནས་ནང་འཁྲུགས་རྒྱབ་སྡོད་ཀྱི་རེད་ཁོང་ཚོ་རྡོག་རྩ་གཅིག་འདྲིལ་ཡོད་མ་རེད། དེ་ལས་ཤིན་ཅང་གི་ཁ་ཆེ་ཚོར་དོགས་ཟོན་བགྱིས་ཞེས་གསུངས་པ་དེ་ལུང་བསྟན་རང་རེད། ད་ང་ཚོར་གཟིགས་དང་། གལ་སྲིད་ཀཾ་ཚང་དུ་བསྒྱུར་བའི་དབང་དུ་གཏང་ཡང་དེ་ལ་དགོས་པ་ཞིག་ནས་གཏོང་བ་ལས་འཕྲོག་བཅོམ་བྱེད་པར་ཡིད་ཆེས་མེད། ཡིན་པའི་དབང་དུ་གཏོང་ཡང་། ༧རྒྱལ་དབང་འབྲུག་པ་དང་ཁོངས་གཏོགས་རྣམ་པའི་༧རྒྱལ་དབང་བཅུ་བདུན་པར་བགྲོས་མོལ་བརྒྱུད་ནས་ཐག་གཅོད་མ་གནང་བར་ངོ་དེབ་སྟེང་དུ་སྤེལ་དགོས་ཡ་དེ་གང་ཡིན་ནམ། ༢༠༠༢ ཡས་མས་ལོར་ལོ་རྒྱུ་ཅན་གྱི་སྟོན་པའི་སྐུ་ཏ་ལི་བཱན་གྱིས་གཏོར་བཤིག་གཏོང་སྐབས་ང་ཚོ་ཆོས་ཀྱི་དབུ་འཁྲིད་རྣམ་པའི་ཚིག་རྡོག་གཅིག་གསུང་བ་མ་གོ་དེ་ལས་ལྡོག་ནས་༧རྒྱལ་དབང་འབྲུག་པས། ང་ཚོ་སྟོན་པའི་རྗེས་འཇུག་སོང་དེར་བཟོད་པ་སྙིང་རྗེ་སྒོམ་དགོས་བསྐོར་གསུངས་སོང་བ་དྲ་ཐག་ནང་མཇལ་བྱུང་། སྟོད་ཀྱི་འབྲི་ར་ཕུག་སོགས་ལ་ཀམ་ཚང་གི་མཆོད་འབུལ་བྱེད་མ་ཆོག་ནི་ཡིན་གྱི་མ་རེད། དེ་ལ་སྐད་རྒྱབ་རིན་ག་རེད་འདུག། ལྷོ་བྲག་གི་མི་ལའི་སྲས་མཁར་དགུ་ཐོགས་བཀའ་བརྒྱུད་པའི་ཡིན་པ་ལ་དེང་སྐབས་དགེ་ལུགས་པའི་བདག་པོ་རྒྱབ་བཞིན་དེར་སྐད་མ་རྒྱབ་ཅི་ཡིན་ནམ། ད་ཡུག་ཞོག་སྐད་ཆ་མང་པོ་འདུག། གང་ལྟར་ངེད་ཚང་ནི་ལོ་མཐུན་ཏིང་ཞའོ་པིང་གི་གསུང་ལག་བལྟར་བྱེད་བཞིན་འདུག་གོ། མགོ་རུལ་བ་སྣའི་མ་ཚོར་བ་འདུག་གོ། ནང་སྟག་ཁྱི་ཞིམ་དུ་འདུག་གོ། སྙིང་རྗེ། བཟོད་སྒོམ། བདག་འཛིན་བློས་སྤངས་སོགས་གཞན་ལ་བཤད་བཞིན་རང་སྤོང་མ་དགོས་པར་འདུག་གོ།
རྒྱལ་དབང་འབྲུག་པ་དེས་ཁ་སྔོན་VOA དྲི་བ་དྲིས་ལན་སྐབས། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དེ་འཇམ་མགོན་ཀོང་སྤྲུལ་གྱི་གསུངས་པ་རེད་མ་གཏོགས་ཡོད་མ་རེད་གསུངས་སོང་། ཡིན་ནའང་ཆེ་བཞི་ཆུང་བརྒྱད་ཀྱི་ཐ་སྙད་དེའི་སྔོན་དུ། ཀརྨ་དྲུག་པའི་སློབ་མ་བན་སྒར་འཇམ་དཔལ་བཟང་པོས་གསུངས་ནང་འདུག