སྤྱན་ཆེན་པོ།
དོ་ནུབ་ང་གྲོང་ཁྱེར་ཞིག་ན་ཡོད
ཁེར་རྐྱང་དང་འདྲ་བའི་གྲོང་ཁྱེར་ཞིག་ན་ཡོད
ས་རྡུལ་དང་གད་སྙིགས་དབེན་པའི་གྲོང་ཁྱེར་ཞིག་ན་ཡོད་པས
རླངས་འཁོར་གྱི་དུང་སྒྲ་དང་ཁང་བརྩེགས་ཀྱི་འཚང་ཁའི་ཁྲོད་ནས
ངས་རྔམས་མཐུག་པོའི་མུན་པ་ཞིག་ཟ་བཞིན
མཚན་མོ་འདིའི་གྲོང་ཁྱེར་ལ་ཉུལ་བཞིན་ཡོད
ངས་གྲོང་ཁྱེར་གྱི་མཚན་མོའི་སྒོ་གླེགས་དེ་ཤེད་ཀྱིས་རྡུང་ཞོར
རང་ཉིད་ལ་ཕྱོགས་པའི་གོམ་འགྲོས་བར་ནས
སྐྱོ་གདུང་གི་སྣེ་མོ་ན་བཞད་པའི་ཁྱོད་ཉིད་དྲན་བྱུང
ལག་མཐིལ་དུ་བབས་པ་དང་འདྲ་བའི་ཁྱོད་ནི
མིག་ཟུང་ལ་འཁྱིལ་བའི་དྲོད་ཐིག་དེ་ཡིན་ན་ཡང
ངའི་མིག་ཟུང་དེ་དོག་དྲགས་པས
ཁྱོད་ནི་ངའི་མིག་ཟུང་ལ་མི་ཤོང་བའི་མིག་ཆུ་ཞིག་རེད
མིག་ཟུང་བཙུམས་ནས་གྲོང་ཁྱེར་གྱི་འུར་ཟིང་འཇགས་པར་སྨོན་པ་ཡིན
གློ་བུར་བའི་འཇིགས་སྐྲག་ཅིག་གིས་ང་རང་ཧོབ་སྟེ་དཀྲོགས་སོང་བས
ཡུན་གྱིས་གོམ་མཚམས་བཞག་སྟེ་མིག་ཟུང་ཕྱེ་དུས
གོམ་པའི་རྡོག་སྒྲ་དེ་བཞི་མདོ་ཞིག་ལ་ཐོན་འདུག་པས
ད་ནི་ང་ལ་དབང་བའི་ལམ་སྣེ་དེ་གང་ཡིན་ནམ
༢༠༡༤-༩-༡༣ཉིན་མེ་སོར་གྲོང་ཁྱེར་ནས།
ཡག་གི་ཟེར་རྒྱུ་ཡིན
སྡོམ་པ་ཤོར་ཡོང་། གཟབ་གཟབ་གནོངས། ཧ་ཧ་ཧ།