གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་།
ད་ལོར་ང་ཚོས་ཀ་ཕྲེང་བྱིས་པའི་འཇུག་ངོགས་ཞེས་པའི་ཀ་ཁ་སུམ་ཅུའི་དཔེ་དེབ། རི་མོ་ཅན་ཞིག་དཔར་བསྐྲུན་བྱས་ཏེ། བོད་ནང་དུ་དེབ་གྲངས་༢༠༠༠ རིན་མེད་དུ་བཀྲམ་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་དེབ་གྲངས་༥༠༠ རིན་མེད་དུ་བཀྲམ་ཡོད།
དེབ་འདིའི་དཔར་བསྐྲུན་མ་དངུལ་ཆ་ཚང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་ནས་སྦྱིན་གཏོང་གནང་བ་ཡིན་པས། ཐེབས་རྩ་ཁང་འདི་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
བྱིས་པའི་སློབ་གསོའི་བྱ་བཞག་གཉེར་བའི་བརྒྱུད་རིམ་དང་རྒྱུ་ཆ་འཚོལ་ཞིབ་གྱི་ཉམས་མྱོང་ལས་བྱིས་པའི་རྨང་གཞིའི་སློབ་གསོར་དགོས་མཁོ་ཡོད་པའི་དཔེ་དེབ་མང་པོ་དཔར་བསྐྲུན་བྱེད་པ་གལ་གནད་དུ་བཟུང་སྟེ། དཔེ་དེབ་འདི་དཔར་བསྐྲུན་བྱས་པ་ཡིན།
དེབ་འདིའི་འཆར་འགོད་དང་སྒྲིག་སྦྱོར། མདུན་རྒྱབ་ཇུས་འགོད་སོགས་ལས་ཀ་ཚང་མ་ཇོས་ལེས་ཀྱིས་བྱས་པ་ཡིན་པས་ཁོང་ལ་བཀའ་དྲིན་ཆེ་ཞུ།
དཔེ་དེབ་འགྲེམ་སྤེལ་གྱི་ལས་དོན་ལ་རོགས་རམ་གནང་མཁན་རྣམས་ནི། ལྕགས་མོ་འཚོ་དང་། ཇོས་ལེ། ཡང་ཆུང་། བཀྲ་དབང་། དབལ་ལི། རིན་དཔལ་སོགས་ཡིན་པས། ཁོང་རྣམས་ལ་བཀའ་དྲིན་ཆེ་ཞུ།
མིང་དངོས་སུ་འབྲི་མ་བདེ་བའི་དཔེ་དེབ་འགྲེམ་སྤེལ་གྱི་ལས་དོན་ལ་རོགས་སྐྱོར་བྱེད་མཁན་རྣམས་ལའང་བཀའ་དྲིན་ཆེ་ཞུ།
མི་རིགས་ཀྱི་བླ་སྲོག་སྟེ། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་བྱ་བཞག་ཁྲོད། སྟོང་ཆ་གཅིག་ལྷག་ཡོད་པ་ནི། ན་ཆུང་བྱིས་པའི་ལོ་ཚོད་དང་མཐུན་པའི་རྨང་གཞིའི་སློབ་གསོའི་ཆ་རྐྱེན་མ་ཚང་བ་དེ་ཡིན་དུས། ད་ཐེངས་དཔེ་དེབ་འདིའི་ནང་དུ་ཀ་རྐང་རེ་ལ་ཐ་སྙད་རེ་དང་། ཐ་སྙད་རེ་ལ། རི་མོ་རེ་བྲིས་ཏེ་དཔར་དུ་བསྐྲུན་ཡོད་དོ།
དེ་ན་༼ཀ་ཕྲེང་བྱིས་པའི་འཇུག་ངོགས་༽ ཞེས་པའི་བྱིས་པའི་དེབ་གྲངས་ཆིག་སྟོང་ལ་ཉེ་བ་ཞིག་གཡག་རྒོད་དྲྭ་ཚིགས་དང་བརྒྱུད་ལམ་འདྲ་མིན་ནས་མི་རིང་བར་ཚོང་འགྲེམ་བྱེད་རྒྱུ་ཡིན་ཞིང་། དེབ་རིན་ཆ་ཚང་གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞིའི་རྒྱུན་སྐྱོང་མ་རྩ་རུ་འཇོག་རྒྱུ་ཡིན་པས། ལས་གཞི་འདི་ལ་རྒྱབ་སྐྱོར་གནང་འདོད་ཡོད་མཁན་དང་། དཔེ་དེབ་ཀྱི་དགོས་མཁོ་ཡོད་མཁན་ཚོས་གཡག་རྒོད་དྲ་བ་བརྒྱུད་དེ་གློག་འཕྲིན་ཁ་བྱང་གཤམ་གསལ་བརྒྱུད་ནས་ང་ཚོར་འབྲེལ་གནང་རོགས།།
kidupgyatso@hotmail.com
སྤྱི་ལོ་༢༠༡༤ ལོའི་སྤྱི་ཟླ་༩ པའི་ཚེས་༡༥ ཉིན།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་ནས།
འཇུག་ངོགས་ཟེར་བ་སོགས་བྱིས་བློ་གཏན་ནས་མི་འཚམས། འཇུག་ངོགས་ཟེར་བ་འདི་གོ་སླ་བའི་སྒོ་ནས་བུ་ཕྲུག་ལ་ཚིག་འགྲེལ་རྒྱག་ཐུབ་ནིའི་ཕ་མ་ཡང་ཉུང་།
བཀྲ་ཤེས་བདེ་ལེགས་ཞུ། བྱ་བ་ལམ་འགྲོ་དང་ཤེས་བྱ་ཡར་རྒྱས་ཡོང་བའི་སྨོན་མདུན་ཡོད།
གཡག་རྒོད་ཚང་ལ་རྟེན་འབྲེལ་ཞུ
གཡག་རྒོད་ཚང་ལ་རྟེན་འབྲེལ་ཞུ ལས་དོན་ངོ་མ་རླབས་ཆེན་རེད། སྙིང་ནས་བཀའ་དྲིན་ཆེ། བདག་ལ་ཡང་ཀ་ཕྲེང་བྱིས་པའི་འཇུག་ངོགས་༽ཞིག་དགོས་ངའི་གློག་འཕྲིན་ཨང་གྲངས་འདི་ཡིན། tibetanbabybooks@gmail.com
ཐུགས་རྗེ་ཆེ།
གཡག་རྒོད་ཚང་ལ་གཡག་ལྡོམས་ནས་ཞུ་ཡ་ལ། ་་ མ་དངུལ་ཆ་ཚང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་ནས་སྦྱིན་གཏོང་གནང་བ་ཡིན་་་ ཅེས་བ་དང་ ་་དེབ་གྲངས་༢༠༠༠ རིན་མེད་དུ་བཀྲམ་པ་་ཅེས་བ་འདི་གཉིས་ལ་འགལ་བ་ཞིག་ཡོད་པ་འདྲ་། དེབ་དེ་ལ་རིན་གོང་ཐེང་གཉིས་ལེན་རྩིས་ཡིན་མ་གཏོག་། གཞན་རིང་གོང་ཚང་མ་རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་ནས་གནང་ཚར་འདུག་ག། ཧ་ཧ་ཧ ་ འ་ལེ་སྐུ་རྩེད་ཞུས་བ་ཡིན། ལས་དོན་ཞེ་དྲག་གི་ཡག་པོ་རེད་འདུག། ཐུགས་ཆེ་གནང་།
གཡག་ལྡོམ་ལགས་སུ་གསལ་བཤད། རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་ནས་མ་དངུལ་ཆ་ཚང་གནང་བ་བདེན་པ་ཡིན་ལ་ཚོགས་པ་འདི་ངོ་མ་བཀའ་དྲིན་ཆེན་པོ་ཡིན། རི་མོ་འབྲི་བ་སོགས་ལས་ཀ་ཡོད་ཚད་དང་བླངས་ཐོག་བྱས་ཏེ་དུས་ཚོད་མང་བོ་བཏང་བའི་ཁུལ་རེད། ཡིན་ནའང་། ཕྱི་རྒྱལ་གྱི་ཚོགས་པ་ཚོའི་འགྲོ་ལུགས་ལྟར་ང་ཚོའི་བཏང་བའི་དུས་ཚོད་ལ་གླ་ཆ་སྐར་གང་ཡོད་པ་མ་རེད། ལས་དོན་འདི་ནི་སྤྱི་དོན་རེད་ལ་ང་ཚོའི་རང་དོན་ཡང་ཡིན། མདོར་དེད་ན་ང་ཚོའི་བདེ་སྐྱིད་འཚོལ་སྟངས་རེད།
སྤྱིར་ན་ནང་དང་ད་ལོ་གཉིས་ལ་ཁྱོན་བྱིས་པའི་དཔེ་དེབ་གྲངས་སྟོང་ཕྲག་ལྔ་བོད་ཕྱི་ནང་གཉིས་ལ་རིན་མེད་དུ་བཀྲམ་ཡོད། སྤྱི་ཚོགས་ཀྱི་ལས་དོན་ནི། སྤྱི་ཚོགས་ཀྱི་ཁྱབ་ཁུངས་ཚང་མར་གནས་པའི་མི་སྒེར་མར་ཡོད་པ་ཡིན་དུས། ང་ཚོས་ལས་འགན་ཁུར་བའི་ཁུལ་རེད། དོག་པ་ག་རེ་ཡོད་ན་དྲི་བ་འདོན་རོགས།
བཀའ་དྲིན་ཆེ།
དོན་འགྲུབ་ཚེ་རིང་ལགས་ཀྱི་བྱིས་དེབ་དེ་དྲྭ་ལམ་འདྲ་མིན་ནས་མཐོང་སོང་བས། སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བོད་མིའི་ངོ་བོ་གནས་པར་གལ་ཆེ་ན་སྐད་ཡིག་གི་ཚེ་སྲོག་བརྟན་དགོས་པར་སེམས། གལ་ཏེ་སྐུ་ཉིད་ལ་བྱིས་པའི་རྨང་གཞིའི་སློབ་གསོ་དང་འབྲེལ་བའི་ལས་འཆར་འདྲ་ཡོད་ན། རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་ལ་སྙན་ཞུ་ཕུལ་དང་། ཐེབས་རྩའི་སྙན་ཞུ་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་སྔོན་ལ་འབུལ་དགོས་ཡོད་སྙམ། ངས་ཁྱེད་ལ་སྒེར་ངོས་ནས་འབྲེལ་བྱེད་ཡོང་།
རྩོམ་རིག་དྲ་བ་ཞིག་འདུག ཉི་མ་མི་འཁྱོལ་ན་ལྟོས།
http://tibetlingtsang.com/index.php/tsomrig/173-2014-09-16-14-54-05
ཨ་ལགས་ཀླུ་སྨྱོན་ཚང་བཀླགས་ཚར། ངོ་མ་ཡག་གི
དེབ་གསར་པ་དེ་ལས་ཤོག་ངོས་གཅིག་ཙམ་ཡིན་རུང་ཀློག་མཁན་ཚོར་བསྟན་ཏེ། བྱིས་པའི་དཔེ་དེབ་གསར་པ་དེའི་ནང་དོན་དང་རྣམ་པ་ཅི་འདྲ་ཞིག་ཡོད་པ་དེ་སྟོན་རྒྱུ་གལ་ཆེ་གི་རེད་མ་གཏོགས། རིན་མེད་དུ་ཁྱབ་བསྒྲགས་བྱེད་པའི་པར་དེ་ཚོ་སྟོན་པ་འདི་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་བྱེད་སྟངས་ཁོ་ན་ཞིག་ཏུ་མཐོང་།
ནང་དོན་དང་རྣམ་པ་གལ་ཆེ་གི་རེད་མ་གཏོགས། དྲིལ་བསྒྲགས་དང་ཁྱབ་སྤེལ་གལ་ཆེན་པོ་མ་རེད། དེབ་ཀྱི་ནང་སྙིང་ཡག་པོ་ཞིག་འཁྱོངས་མེད་ན། དེ་ནི་ཤོག་སྙིགས་རེད། དེ་བས་དེབ་ཀྱི་ནང་སྙིང་གི་སྐོར་སྟོན་དང་ང་ཚོས་བགྲོ་གླེང་བྱེད་ཆོག་གི་རེད།
རྡོ་རྗེ་རྒྱལ་མཚན་ལགས། ཁོང་ཁྲོ་མ་གནང་རོགས། སྐུ་ཉིད་ཀྱི་དགོངས་པ་དང་མཐུན་པའི་ཁྱབ་བསྒྲགས་བྱེད་སྟངས་མ་བྱུང་བ་ལ་དགོངས་དག་ཞུ། བྱིས་པ་ཚོའི་ཕྱག་ཏུ་བཟུང་བའི་དཔེ་དེབ་དག་གི་མདུན་ངོས་སུ་གཟིགས་དང་ནང་དོན་དང་རྣམ་པ་ཕལ་ཆེར་རྟོགས་ཐུབ་ངེས་ཡིན།
གཡག་རྒོད་ཚང་ལ་བརྒྱུད་ལམ་འདི་བརྒྱུད་སླར་ཡང་འཚམས་འདྲི་དང་བསྔགས་བརྗོད་ཞུ། ཁྱེད་ཅག་གིས་ཀྱང་ཤེས་རིག་པར་ཁང་ལ་འབྲེལ་བ་གནང་སྟེ། རྒྱ་གར་དུ་ཚོང་སྒྱུར་གནང་ན། ཕྲན་ལྟ་བུ་བོད་མི་རིགས་ལའང་ཕན་ངེས་ཡིན། ཤེས་རིག་པར་ཁང་གི་གློག་འཕྲིན་ཁ་བྱང་ནི། shepardelhi@gmail.com ཡིན། དེ་ལྟར་གནང་བའི་རེ་འདུན་དང་བཅས།