གནས་ཚུལ་གཏོང་མཁན། དོན་འགྲུབ་བཀྲིས།
ཟླ་འདིའི་ཚེས་༡༥ ཉིན་སྦེལ་ཀོབ་བདེ་སླར་ཚོགས་ཁང་ཆུང་བའི་ནང་མོན་གྷོ་། སྦེལ་ཀོབ་།་ ལ་དགས་་ཀོ་ལི་གྷལ་། ཧོན་སོར་། དྲ་ཧོར་། སྤོན་གྲོ་་དང་སྦང་ལོར་བཅས་ས་གནས་ཁག་བརྒྱད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཐོག་རྒྱུན་དང་སྐབས་སྔོན་མའི་རྒྱུན་ཟུར་རྣམས་ཆེད་འཇོམས་ཀྱིས་ཉེ་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་འབྲས་ལྗོངས་རྒྱལ་ས་སྒང་དོག་དུ་ཚོགས་སྐབས་ས་གནས་ཁག་བརྒྱད་ཀྱི་ཐོག་མ་ཉེས་ཁ་གཡོག་གིས་གྲོས་ཆོད་ཁག་༣་བཞག་པའི་ཐོག་ས་གནས་བརྒྱད་ཀྱི་གསར་འགོད་གསལ་བསྒྲགས།
དེ་ཡང་སྔ་དྲོ་ཆུ་ཚོད་༩།་༣༠ ཐོག་ཚོགས་བཅལ་བ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆན་པོའི་རྒྱལ་གླུ་འབུལ་བ་དང་སྐུ་བཞེངས་གནང་མུས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་དོར་བའི་རྒྱལ་གཅེས་དབའ་བོ་དང་དཔའ་མོ་རྣམས་དང་རྒྱལ་གཅེས་པ་ཞལ་གྲངས་༡༣༠་ནས་སྐུ་ལུས་མེ་མཆོད་ཕུལ་བར་བཀའ་དྲིན་རྗེས་དྲན་ཆེད་སྐར་མ་གཅིག་གི་རིང་ངག་བཅད་མྱ་ངན་གུས་བཏུད་ཞུ་ཡོད་པ་རེད་འདུག། ཚོགས་འདུའི་གཙོ་སྐྱོང་ས་གནས་ཁག་བརྒྱད་ཀྱི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་ནས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་སྒྲགས
བོད་ཀྱི་གཞོནནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ སྔ་སྣུར་གྱིས་ངྷ་སར་ཕྱི་ལོ་་༢༠༡༣ ཕྱི་ཟླ་༥ ཚེས་༢༧ ནས་ཕྱི་ཟླ་༦ ཚེས་༡ བར་ལྷན་འཛོམས་བསྐྱངས་སྐབས་ཚོགས་འདུ་སྔསྣུར་དང་འབྲེལ་བའི་གྲོས་གཞིས་ཐད་ཚོགས་མིའི་མངོན་འདོད་ཇི་ཡོད་བགྲོ་བསྡུར་སྦྱང་བཤད་ཀྱི་གོ་སྐབས་རྩ་བ་ནས་མ་སྤྲད་པ་མ་ཟད་ལངས་ཕྱོགས་ལ་འང་འགྱུར་བ་མེད་པའི་གསལ་བསྒྲགས་གནང་བར་བརྟེན་ནས་ས་གནས་ཁག་བརྒྱད་ཀྱི་མང་ཚོགས་ཀྱི་མངོན་འདོད་བཏོན་མ་ཐུབ་སྟབས་ཚོགས་འདུ་ནས་ཕྱིར་ཐོན་མ་བྱས་ག་མེད་བྱུང་།
གོང་གསལ་ས་གནས་རྣམས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་བརྩི་མཐོང་དང་གུས་བཀུར་།་དེ་བཞིན་མ་འོངས་པར་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མཚམས་སྔ་ལམ་ལྟར་མུ་མཐུད་འཕྱར་གྲུ་མཉམ་འདེགས་ཞུ་རྒྱའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་ནམ་ཡང་མེད་པའི་དམ་བཅའ་བརྟན་པོ་ཡོད་ཅེས་ཕྱི་ལོ་༢༠༡༣་ཟླ་བ་༥་ཚེས་༣༠་ཉིན་ཚོགས་ཆེན་ཐོག་དབུས་རྒྱུན་ལས་ལྷན་རྒྱས་གཙོས་པའི་ཚོགས་བཅར་བའི་མཚན་འགོད་ཞུ་ཡིག་ཕུལ་བ་དང་དེའི་ངོ་བཤུས་ཁག
༡ དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང
༢ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས
༣ དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཤག
༤ འབྲེལ་ཡོད་གཞིས་འགོ་བདེ་དོན
༥ གསར་འགོད་ཁག
༦ ཚོགས་བཅར་བ་ཡོངས་ལ་འབུལ་ལམ་ཞུས་ཡོད་འདུག།
རྒྱས་འཛོམས་འདེའི་ཐོག་ནས་གྲོས་བསྡུར་སྦྱང་བཤད་ཀྱི་གྲོས་ཆོད་བརྒྱད་གསར་འགོད་གསར་བསྒྲགས་གནང་ཡོད་པ་རེད་འདུག
༼༡། སྒང་དོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚིགས་ཀྱི་འགན་ལྷན་ཐེངས་༤༥ཐོག་རྒྱབ་ལྗོངས་ཀྱི་རྒྱུན་མཚན་ཡང་དག་ཡང་མེད་པའི་ས་གནས་ཁག་བརྒྱད་ཀྱི་ཐོག་གྲོས་ཆོད་དོན་ཚན་གསུམ་བཞག་པར་ངོས་ལེན་ཞུ་ཐབས་མེད།
༼༢། ས་གནས་ཁག་བརྒྱད་ཀྱི་ཚོགས་མིའེ་མངོན་འདོད་ལ་བརྟེན་ནས་རང་བཞིན་གྱིས་གཞོན་ལྷན་ནང་ལངས་ཕྱོགས་གཉིས་ཅན་ཞིག་ཆགས་སྟབས་འགྲོ་ལུགས་ལྟར་གཞོན་ནུའི་མཚན་བྱང་དང་ལས་རྟགས་་་ལས་དམ་་ངོ་སྤྲོད་ལག་འཁྱེར་སོགས་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་ཡོད།
༼༣། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་གཉིས་དབར་ལངས་པྱོགས་ཁོ་ན་མ་མཐུན་པ་ལས་དེ་མིན་གཞོན་ལྷན་གྱི་སྒྲིགས་འཛུགས་ལ་གཏོར་བཤིག་དང་བརྩི་མེད་རིགས་གཏན་ནས་བཏང་མེད་པ་དང་འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལམ་དབུ་མར་གཏན་འབེབས་བྱུང་ཉིན་ཚོགས་མིའི་མངོན་འདོད་གཞིར་བཟུང་གཞོན་ལྷན་སྒྲིག་འཛུགས་ནང་སྔོན་ཚུད་ཐག་གཅོད་གྲོས་ཆོད་བཞིན་གོམ་པ་མདུན་སྤོས་ཀྱིས་སྒྲིག་འཛུགས་ཞུགས་ཞུ་རྒྱུ།
༼༤། ལོ་གཅིག་རིང་ས་གནས་ཁག་བརྒྱད་ནས་རང་ཚུགས་བརྟན་པོའི་ངང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཁག་དུས་ཐོག་འཐུས་གཙང་ཞུས་པ་ལས་དབུས་ལ་ད་བར་སྐྱོན་འཛུགས་རིགས་བྱས་མྱོང་མེད་ལ་།འབྱུང་འགྱུར་དང་ད་ལྟའི་ཆར་གང་དུ་ཡང་དེ་རིགས་གཏན་ནས་བྱེད་རྩིས་མེད་སྟབས་ས་གནས་སོ་སོའི་ཚོགས་མི་རྣམས་ནས་དགའ་སྤོབས་ཆེན་པོ་དང་རྒྱ་ཆེའི་སྐྱ་སེར་ཡོངས་ནས་བསྔགས་བརྗོད་ཐོབ་མུས་ཡོན།
༼༥། ལོ་གཅིག་ནང་དབུས་ནས་ད་བར་ས་གནས་ཆེ་ཁག་བརྒྱད་ཀྱི་དགོས་འདུན་ལ་དགོངས་བཞེས་གཏད་ནས་མ་གནང་བར་བློ་ཕམ་གྱི་གནས་སུ་གྱུར།
༼༦། གྲོས་ཆོད་ཨང་གཉིས་པ་ནང་གསལ།་སྐབས་སྔོན་མའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་ོཔར་ངོས་ལེན་མེད་ཅེས་འཁོད་ཐད།་ས་གནས་ཁག་བརྒྱད་ཀྱི་ཚོགས་མི་གཙོས་ལས་ཐོག་རྒྱུན་ལས་དང་། རྒྱུན་ཟུར་བཅས་ནས་གྲོད་ཆོད་དེར་ནམ་ཡང་ངོས་ལེན་མེད་པ་ནི་ས་གནས་ཚོགས་མི་རྣམས་ཀྱི་མངོན་འདོད་བཞིན་ཕྱག་ལས་མུ་འཐུད་རྒྱུན་འཁྱོངས་ཡོང་རྒྱུར་ངོས་ལེན་ཞུས་པ་ཡོན།
༼༧། གྲོས་ཆོད་དོན་ཚན་གསུམ་པའི་ནང་གསལ་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་བ་དང་ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག མ་འོངས་པར་ས་གནས་ཁག་བརྒྱད་ཀྱི་གནས་དོན་ཐོག་ཐག་གཅོད་ཅི་ཞིག་གནང་དགོས་ཀྱང་གནང་ཆོག་པའི་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འགན་ལྷན་འདེའི་ཐོག་ནས་ཕུལ་བ་ཡིན་ཞེས་པའི་ཐད་། ས་གནས་ཁག་བརྒྱད་ཀྱི་ལས་ཐོག་རྒྱུན་ལས་དང་ཚོགས་མི་ཡོངས་ནས་གྲོས་ཆོད་འདིར་ངོས་ལེན་གནང་ཐབས་མེད།
༼༨། མཐའ་དོན་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བླ་ན་མེད་པ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་ལམ་སྟོན་མུན་སེལ་འོག་བཙན་བྱོལ་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་་སྨན་དབུ་མའི་ལམ་གྱི་ཐོག་ཚོགས་མི་ཡོངས་ནས་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་གཏན་པོ་ཞུ་རྒྱུའི་གྲོས་ཆོད་དུ་སྦེལ་ཀོབ་བདེ་སླར་ཚོགས་ཁང་ནང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ལས་ཐོག་དང་སྐབས་སྔོན་མའི་རྒྱུན་ཟུར་མཐུན་མོང་ནས་ཚེས་༡༥ ཉིན་ཚོགས་འདུ་དང་ཚེས་༡༦ ཞོགས་པར་གསར་འགོད་ལྷན་ཚོགས་ཞིག་ཚོགས་ཡོད་པ་རེད་འདུག
ལང་ཕྱོགས་མེད་པ་ རྩ་དོན་མེད་པ་ གཏད་སོ་མེད་པ། ས་གནས་ཁག་བརྒྱད་ཀྱི་གཞོན་ནུ་ཟེར་བ་དངོས་གནས་བོད་པ་དང། ལྷག་དོན་གཞོན་སྐྱེས་ཀྱི་ཞབས་འདྲེན་རེད། ངོ་ཚ་རེད།
ས་གནས་ཁག་བརྒྱད་པོ་འདིས་སོ་སོའི་ཁེ་ཕན་དང་བོད་མི་ནང་ཁུལ་མི་མཐུན་པ་ཡོང་ཐབས་ལ་འབད་བཞིན་པ་ཡིན་པས་བོད་མི་ཡོངས་ཀྱིས་གཟབ་གཟབ་གནང་དགོས།
རྒྱལ་བ་རིན་པོ་ཆེ་ལ་དད་པ་ཆེ་མདོག་གིས་ནང་ཁུལ་དུ་དཀྲུགས་ལས་འདི་འདྲ་སྤེལ་བ་ནི་གཏན་ནས་ཡག་པོ་མ་རེད། ལས་འགུལ་འདི་འདྲས་བོད་ཀྱི་རྩ་དོན་ལ་མི་ཕན། བོད་ཀྱི་ཆིག་སྒྲིལ་ལ་མི་ཕན།
ད་དུང་་་་་་་་
བོད་མི་ཡོངས་ཀྱིས་ཤེས་དགོས་པ་ནི་དབུ་མའི་ལམ་ཟེར་བའི་ཆོས་མིན་སྲིད་མིན་གྱི་ལྟ་གྲུབ་འདིས་བོད་མི་རིགས་ཁ་བྲལ་གཏོང་གི་ཡོད། རྗེས་སུ་མུ་མཐུད་ནས་ཕྱིན་ན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱ་ངེས་རེད། བོད་མི་ཡོངས་ཀྱི་སེམས་ལ་གྲལ་སྒྲིག་དགོས་པ་གནད་འགག་རེད།
རྒྱལ་བཙོང་བ་ཚོས་མུ་མཐུད་ནས་ཨུ་ཚུགས་མཐའ་སྐྱེལ་བྱས་ན་བོད་རྒྱལ་ཁབ་ལ་དགའ་བའི་བོད་མི་རྣམས་ཀྱི་ནང་དུ་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྔ་ཡང་རང་སྲོག་གཏོང་ཐུབ་མཁན་མང་པོ་བྱུང་སོང་ལ་རྗེས་སུ་ཡོང་ངེས་ཡིན་པ་ནི་རིག་པས་གྲུབ།
གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་འགྲོ་གི་ཡོད་པ་ནི་དཔེར་མཚོན་ཙམ་རེད།་བཙན་བྱོལ་སྒྲིག་འཛུགས་ཀྱང་དུམ་བུ་ཁ་བྲལ་འགྲོ་ངེས་རེད་འདོད། དབུ་མའི་ལམ་ཟེར་བ་འདི་ནི་བོད་མི་རིགས་ཕུང་ལ་སྦྱར་རྐྱེན་ཞིག་ཡིན་པར་ཉིན་རེ་ནས་ཉིན་རེར་ཇེ་གསལ་རེད་དོ།
དབུ་མ་ལམ་འདིས་ཕ་མ་དང་ཕྲུ་གུ་ཡི་བར་དུ་མ་མཐུན་པ་བཟོས།
དགེ་རྒན་དང་དགེ་ཕྲུག་བར་དུ་མ་མཐུན་པ་བཟོས།
གྲོགས་པོ་དང་གྲོགས་མོའི་བར་དུ་མ་མཐུན་པ་བཟོས།
སྤུན་ཆེད་དང་སྤུན་ཆེད་བར་དུ་མ་མཐུན་པ་བཟོས།
ཚོགས་པ་དང་ཚོགས་མིའི་བར་དུ་མ་མཐུན་པ་བཟོས།
བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་རྨང་གཞི་མེད་པ་བཟོས།
རང་ཚུགས་མེད་པ་བཟོས། བོད་མི་རིགས་ཁ་བྲལ་བཏང་ནས་རྒྱ་གུན་ཁྲན་དང་མཐུན་སྒྲིལ་བྱེད་དགོས་མདོག་མདོག་བྱས། མདོ་ན་་་དབུ་མའི་ལམ་འདི་ཕྱི་སྡུད་མ་བྱེད་ན་བོད་མི་རིགས་རྩ་མེད་འགྲོ་ངེས་ཡིན་ནོ།
Bangalore ས་གནས་གཞོན་ནུ་ཚོ་མཐོ་སློབ་གྱི་ན་གཞོན་ཡིན་པའི་ཁུལ་རེད། རང་ཚུགས་དང་སློབ་སྦྱོང་མེད་པའི་ས་གནས་འད་ིདག་གི་རྗེས་སུ་འབྲང་བ་ནི་ངོ་ཚ་དགོས་པའི་གནས་རེད། སྐབས་དེའི་ལས་ཐོག་མི་སྣ་སུ་ཡིན་ཡང་ངོ་ཚ་དགོས་པའི་གནས་རེད།
ཆུ་སྒང་གསར་རྙིང་གི་གནད་དོན་དེ་ཁྱེད་ཚོས་མ་བརྗེད་ཨ། ཁྱེད་བོད་དོན་པ་ཕན་རྒྱུའི་ཚབ་ཏུ་བོད་སྤྱི་ཚོགས་དཀྲུགས་བཞིན་ཡོད་པ་དེ་ཡང་ཤེས་པར་གྱིས།།།
ས་གནས་ཁག་བརྒྱད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། གཞོན་ནུའི་ལྟ་བ་རང་བཙན་རེད། རང་བཙན་མི་འདོད་ན་གཞོན་ནུའི་མ་དངུལ་དང་ལམ་ཐམ་སོགས་བཟང་སྤྱོད་སྒོ་ནས་རྩིས་སྤྲོད་གནང་དགོས་རེད། དེ་མིན་ན་ཁྲིམས་ཐོག་ནས་ཐག་གཅོད་ན་ཡག
ས་གནས་བརྒྱད་དེའི་རྒྱབ་ལ་ངན་སྐུལ་བྱེད་མཁན་གཙོ་བོ་སུ་ཡིན་མིན་དེ་ཤེས་དགོས་ཀྱི་འདུག བོད་ཀྱི་གསར་འགོད་པ་དེ་ཚོ་གནས་ཚུལ་ཁ་ཁྲིས་ལ་སླེབས་ན་མ་གཏོགས་གནས་ཚུལ་རྔོགས་པའི་ལུགས་སྲོལ་མིན་འདུག ས་གནས་བརྒྱད་པོ་དེ་དབུའི་ལམ་མི་མང་ལས་འགུལ་གྱི་ཆ་ཤས་སུ་འཛུལ་ན་འགྲིག་གི་རེད་པ། དོན་མེད་རྙོག་དྲ་མི་དགོས་རྙོག་དྲ་བཟོས་ནས་ག་རེ་བྱེད་ཀྱི་ཡོད་རེད། མ་གཞི་པར་ལ་བལྟས་ན་གཞོན་ནུ་ག་པ་རྒན་པོ་ཚོགས་པ་འདྲ་པོ་གཅིག་འདུག ད་ཀླད་རྙིང་འཁྲེགས་སྲུང་བྱེད་རྒྱུ་འོས་མཚམས་བྱེད་ན་མི་བཟང་ངམ།
རྙོག་དྲ་ཡང་སྐྱར་སློང་སྟངས་ལ་བལྟས་ན་གཏན་གཏན་རྒྱབ་དཔུང་ཞིག་ཡོད་པ་ཐག་གིས་ཆོད། དེ་མིན་གཞོན་ནུ་ལྷན་ཚོགས་ཀྱི་གྲོས་རྭ་ནས་ཐོན་ཟིན་པ་རེད་ལ་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་གྲུབ་འགྱུར་བ་མི་གཏོང་རྒྱུའི་ཐག་གཅོད་ཟིན་པ་རེད་ལ་ཡིན་ཅིག་ལྟ་གྲུབ་བསྒྱུར་དགོས་པའི་རྒྱུ་མཚན་གཏན་ནས་མེད། ད་རྒྱབ་ལོག་གི་དམིགས་ཡུལ་བརྩད་གཅོད་བྱེད་རྒྱུ་གལ་ཆེན་པོ་རེད།
ད་རེ་ཁོང་ཚོའི་གསལ་འགོ་གསལ་བསྒྲགས་འདིས་ག་རེ་མཚོན་པ་རེད་ཟེར་ན། ས་གནས་བརྒྱད་ཀྱི་གཞོན་ལྷན་ནང་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡོད་མཁན་ཞིག་མེད་པ་དང་གཅིག
ཁོང་ཚོར་ལམ་སྟོན་ཡག་པོ་བྱེད་མཁན་ཞིག་མེད་པ་དང་གཉིས།
མདོར་ན་མིང་གཞོན་ནུ་ཟེར་བ་མ་གཏོགས་བསམ་བློ་སྙིང་པ་དང་རྗེས་ལུས་ཡིན་པ་སོགས་མང་པོ་ཅིག་ཤེས་ཐུབ།
སྔར་ཡིན་ན་གཞོན་ནུ་ཚོགས་པར་ལང་ཕྱོགས་བརྟན་པོ་ཡོད་པའི་ཕྱིར་ན་དགའ་པོ་ཡོད། ད་ནི་ཞེན་པ་ལོག་སོང་།
བོད་མིའི་ཆིལ་སྒྲིལ་གྱི་ནུས་པར་གཏོར་མཁན་མི་རྒན་གཞན་ནུའི་མིང་ཅན་ཚོགས་ཁག་བརྒྱད་ལ་ངོ་རྒོལ་རྟག་ཏུ་ཡོད། བོད་མིའི་ཆིལ་སྒྲིལ་ནི་བོད་མིའི་སྟོབས་ཤུགས་ཡིན་ལ། བོད་མིའི་སྟོབས་ཤུགས་ནི་བོད་མིའི་བླ་སྲོག་ཡང་ཡིན། དེས་ན་བོད་མིའི་བླ་སྲོག་གཏོར་མཁན་གྱི་ཚོགས་སྡེ་མི་སྒེར་སུ་འདྲ་ཞིག་བྱུང་ན་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དབུས་གཞོན་ནུ་ལྷན་ཁང་ནས་ས་གནས་ཁག་བརྒྱད་ལ་ས་གནས་གཞན་ནུ་ཚོགས་པ་གསར་དུ་འཛུགས་དགོས་རྒྱུ་ནི་སྐབས་སུ་བབ་པའི་ལས་འགན་རེད།
ཅོ་རི་ཉི་མ་ཟེར་བའི་ལབ་ལོབ་མཁན་དེ་གཡུགས་ཞོག དེའི་སྐད་ཆར་གནའ་ནས་ད་བར་དུ་མདོ་རྩ་ཡོད་པ་རྐང་གཅིག་ཀྱང་མཐོང་མ་སོང་། རྒྱལ་རོང་ཟེར་བའི་ཁྱི་ལ་རྒྱག་པའི་དབྱུག་པའང་མི་ཉན་པ་དེའང་རྒྱ་གར་ཁྲོམ་སྲང་གི་སྤྲང་ཁྱི་བཞིན་སྣང་མེད་དུ་བཞག་ན་མ་འགྲིག་པ་གང་ཡང་མི་འདུག གང་ཡིན་ཟེར་ན་མི་འདི་གཉིས་ཀྱིས་སོ་སོའི་ཚོར་བ་གཅིག་པུ་བཤད་ནས་སྡོད་པ་ལས་དངོས་ཡོད་གནས་ཚུལ་རྐང་གཅིག་ཀྱང་བཤད་ཀྱི་མི་འདུག་ལ་བཤད་ཐུབ་པའི་གནས་ཚུལ་ཡང་མེད་པ་འདྲ།
ང་ཚོས་གོང་གི་བརྡ་འཕྲོད་ལ་མ་འཕྲོད་པའི་གསར་འགྱུར་འདིའི་གཤམ་དུ་༼བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་པ་ནས་ད་ལྟའི་བར་བོད་ཀྱི་རྩ་དོན་ལ་དོན་དངོས་སུ་ཕན་ཐོགས་བྱུང་ཡོད་མེད་༽ཐད་སོ་སོས་ངོས་འཛིན་རེ་བྱས་ན་ག་འདྲ་འདུག
ད་སྔ་ཡན་དུ་གཞོན་ལྷན་མི་རྙིང་ཚོས་གཞོན་ལྷན་གྱི་བྱས་རྗེས་བགྲངས་དུས་མི་རབས་གསར་བར་ཆབ་སྲིད་ལྡིངས་ཆ་བསྐྲུན་ཡོད་ཟེར། འདི་དོན་དངོས་རེད་དམ།
ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་གྱིས་ཆབ་སྲིད་མ་ཤེས་པ་འདྲ
མི་རབས་ཤིག་གི་ཞབས་འདྲེན། མི་རབས་གོང་མའི་བྱས་རྗེས་ནག་བསུབ་ཏུ་གཏོང་མཁན། སྡར་མ།་སྤྲེལ་ལད་པ། མགོ་འདོགས་པ། རང་ཚུགས་མེད་མཁན། གྱང་ཁའི་རྩྭ་འདྲ་བ་འདི་རིགསལ་ས་གནས་ཚོགས་པའི་པའི་མིང་བཏགས་རུང་མ་བཏགས་རུང་མི་ངན་ཁ་ཤས་རྒྱ་དངུལ་གྱིས་བསླུས་པའི་ལག་རྗེས་དང་གདོང་མདོག་དམར་རྗེན་དུ་མངོན་ཡོང་གི་ཡོད་པ་རེད།
གསར་འགྱུར་འདིའི་ནང་གི་ཚིག་བརྗོད་ཁག་ལ་བལྟས་པ་ཙམ་གྱིས་ཤེས་པ་ནི། ས་གནས་བརྒྱད་ཅེས་པ་དེ་ནང་བོད་ཡིག་ཤེས་མཁན་ཡག་པོ་ཞིག་མི་འདུག་པ་མཚོན་འདུག ཁ་ཡག་ལ་བསྒྱུར་ཞིང་མགོ་འོག་ལ་བསྡུས་ནས་མི་རེ་གཉིས་ཀྱིས་མགོ་སྐོར་འོག་ཚུད་འདུག རྒྱ་མི་ཞིས་རྒྱ་གར་ལ་སླེབས་ཉེ་སྐབས་གཞོན་ནུ་ནང་ཁུལ་ཆིག་སྒྲིལ་མེད་པ་བསྟན་འདུག འདི་རྒྱ་མིར་དགོས་རྒྱུ་དེ་རེད། བོད་མི་ཚོས་དགྲ་ཡིས་བརྩམས་པའི་ཕུང་དཀྲོལ་ཀྱང་།། འཆར་འདོན་གཉེན་གྱིས་བྱེད་པ་མང་།།ཞེས་པ་དེ་ཐུགས་ལ་ཟུངས།
དཔལ་ལྡན་མིང་ཅན་ལགས། ཁྱེད་ལྟར་བུའི་ཁྱི་སྤྱང་ལག་འདྲེས་ཀྱིས་བོད་མིའི་ཆིལ་སྒྲིལ་ཕྲན་བུ་ཡོད་པ་དེ་དག་གཏོར་གང་ཐུབ་ཀྱིས་རྒྱ་དམར་གྱི་འོག་ཏུ་བཙན་སྐུལ་བཏང་གི་ཡོད་པ་དང་གཅིག། གོང་ས་མཆོག་དང་བཙན་བྱོལ་བོད་མིའི་བསྒྲིགས་ཀྱི་ལང་ཕྱོགས་ཡིན་ཚུལ་གྱི་མི་དམངས་ཉམ་ཆུང་དང་མི་སྒེར་གྱི་བསམ་བློའི་འདུ་ཤེས་སོགས་ལ་ཚོད་བཀག་བཟོ་བ་དང་གཉིས། སྤྱི་དོན་ཁར་འཁྱེར་གྱིས་སྒེར་དོན་ཁོག་གཉག་བྱེད་པ་དང་གསུམ། བཅས་ཀྱིས་བྱས་འབྲས་ནི་བོད་མི་འབུམ་གཅིག་ལྷག་ཙམ་དེ་ཁ་འཐོ་དགུ་འཐོར་འགྲོ་བཞིན་པ་དེར་བསམ་གཞིགས་མི་ཐུབ་པའི་མི་བུ་ཁྱེད་ཚོ་རིགས་ནི་ཀླད་སྟོང་གི་མིའི་གཟུགས་ཅན་ཞིག་ལས་ངོས་འཛིན་མེད།
དཔལ་དོན་ཞེས་པའི་མིང་འོག་གི་དཀྲུགས་སྐུ་ངོ་ལགས། ཅོ་རིའི་སྐད་ཆ་གཡུགས་ཤོག རྒྱལ་རོང་གི་སྐད་ཆ་གཡུགས་ཞོག་ཟེར་བཞིན་ཁྱོད་ཀྱིས་གཡུགས་མ་ཐུབ་པར་ངེད་གཉིས་མིང་བཏོན་དགོས་ཐུག་པ་འདིས་གང་མཚོན་ནམ། སྐད་ཆ་ལ་ལྕི་ཚོད་ཡོད་པའི་རྟགས་རེད་ད།་་་ཧཧཧ
མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་སྐབས་སུ་མཐོང་ཡོང་བ་ནི་དཀྲུགས་ཤིང་དང་ཁ་བྲལ་རེད། ནང་ཁུལ་དུ་དཀྲུགས་ཤིང་གིས་ཁ་བྲལ་ནུས་མེད་རྐྱང་རྐྱང་བཟོས་ནས་བོད་མི་རིགས་འདི་ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་བཅུག་ཐབས་བྱས་དང་བྱེད་བཞིན་པ་ནི་བོད་མི་ཡོངས་ཀྱིས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན།
ཀློ་དམག་སྒར་དཀྲུགས་ནས་དུམ་བུ་ཁ་བྲལ་བཟོས།
ཐད་ཝན་ཕོག་ཟན་གྱི་མིང་བཏགས་ནས་བོད་མི་མང་པོ་སྤྱི་ཚོགས་དང་ཁ་བྲལ་བཟོས།
ཆུ་བཞི་སྒང་དྲུག་དུམ་བུ་ཁ་བྲལ་བཟོས།
དགེ་ལུགས་པ་དུམ་བུ་ཁ་བྲལ་བཟོས།
བཀའ་རྒྱུད་པ་དུམ་བུ་ཁ་བྲལ་བཟོས།
གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཟོས།
ནང་ཁུལ་དུ་དཀྲུགས་ཤིང་རྐྱང་རྐྱང་བརྒྱབས་ནས་བོད་མི་རིགས་ལང་མི་ཐུབ་པ་བཟོ་བཞིན་ཡོད། སྐབས་གོ་དེ་དང་བརྟེན་ནས་བཙན་བྱོལ་གཞུང་སྒོ་བརྒྱབས། དམངས་གཙོ་རྡོག་རོལ་བཏང་ནས་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་བོད་མི་རིགས་བཙན་དེད་བྱེད་བཞིན་ཡོད་པ་འདི་ནི་བཟོད་ཐབས་བྲལ་བའི་གནད་དོན་རེད། བོད་མི་ཡོངས་ཀྱིས་ཤེས་དགོས་པའི་གནད་དོན་གལ་ཆེན་རེད།
རང་བཙན་ལྟ་གྲུབ་བཞག་ནས། གཞོན་ལྷན་ཡོད་ཆོག་ས་ལ། དབུས་ལམ་ལྟ་གྲུབ་བཞག་ནས་གཞོན་ལྷན་གསར་པ་བཙུག་ན་ཡང་སྐྱོན་ཆེར་མ་མཐོང་། གཞོན་ལྷན་གཉིས་བྱུང་ན། ཕན་མེད་དེ་རང་བཞིན་གྱིས་མེད་པ་ཆགས་རྒྱུ་ཡིན་པ་ཆོས་ཉིད་རེད་སྙམ་ལགས།
ཅོ་རི་ཉི་མ་དང་རྒྱལ་རོང་མིང་ལ་བཏགས་པ་འདི་གཉིས་ལ་དངོས་གནས་ཀྱི་བོད་ལ་ཤ་ཚ་ཞེན་ཁོག་ཡོད་ན་སྟོང་གཏམ་བཤད་པ་ལས་ངན་པ་ལག་སྒྲིལ་བྱས་ནས་བོད་ཁ་བྲལ་ཇི་ལྟར་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་ཕྲིས་ཤོག་དང་། སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་ཇི་ལྟར་སུ་སྒྲུབ་བཞིན་པ་ཐེར་འདོན་ཁུངས་འཕེར་བ་བྱོས་དང་། དེ་མིན་དོན་མེད་ཚིག་ཉོག་ཙམ་དྲ་ཐོག་ཏུ་བསྒྲགས་ནས་སྣང་བ་སྐྱིད་ལ་བསྐུར་བ་ནི་རང་མགོ་རང་གིས་གཡོགས་པ་རེད་མ་གཏོགས། གཞན་ཅི་གང་ཡང་ཡོད་པ་མ་རེད། ཁྱོད་གཉིས་ཀྱིས་འདིར་མ་ཉེས་ཁ་གཡོགས། གཞི་མེད་སྐུར་འདེབས་ག་ཚོད་ཅིག་བྱས་ཀྱང་ཅོ་རི་དང་རྒྱལ་རོང་ཟེར་བའི་དྲ་འབུ་ཙམ་ཡིན་པས་དཀའ་ལས་མ་རེད་དམ།
དེ་ལས་གཏམ་འཇུ་ས་ཡོད་པ། བདེན་ཤས་ཆེ་བ། རྒྱུས་ཡོད་ཀྱི་རྒྱུས་གཏམ་ཐུང་ངུ་རེ་ཡིན་རུང་ཤོད་དང་། མིའི་ཆ་འཇོག་ཆེ་བ་ཡོང་གི་རེད། དོན་མེད་ཚིག་གི་རྙིགས་རོ་སྤུངས་ནས་དཀའ་ལས་མ་རེད་དམ། ༼ཅོ་རུ་ཉི་མ་དང་རྒྱལ་རོང་མིང་ལ་བཏགས་ཡོད་པ་འདི་གཉིས་ཀྱིས། ས་ཆུ་བཞི་སྒང་དྲུག་དུམ་བུ་ཁ་བྲལ་བཟོས། དགེ་ལུགས་པ་དུམ་བུ་ཁ་བྲལ་བཟོས། བཀའ་རྒྱུད་པ་དུམ་བུ་ཁ་བྲལ་བཟོས། གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཟོས།ཞེས་སོགས་བཤད་ན་༽ ཁྱོད་གཉིས་ཀྱི་ནུས་པ་ལས་རྦད་དེ་བརྒལ་བའི་གཏམ་འདི་འདྲ། ཁུངས་འཕེར་བདེན་དཔང་སུ་ལའང་སྟོན་རྒྱུ་མེད་ཀྱང་། བཤད་སླ་བོ་ཞིག་མ་རེད་དམ། སོང་ཙང་། འདི་ལྟ་བུའི་སྐད་ཆ་ལ་ཅོལ་གཏམ་དང་ལབ་ལོབ་ཞུ་གི་རེད་དོ།། །། ཧ་གོ་ན་རྣ་བའི་བདུད་རྩི་ཡིན།། ཧ་མ་གོ་གླུ་ལ་འགྲེལ་བ་མེད།།
ས་གནས་གཞོན་ནུ་ཚོགས་པ་ནི་ཤུགས་ལྡན་གནད་དོན་ལས་ཚབས་ཆེན་རེད། འདིས་བོད་ཀྱི་རྩ་དོན་ལ་ཐད་ཀར་གནོད་ཀྱི་འདུག མ་འོངས་པར་འདི་དག་གིས་མིའང་གསོད་ས་རེད་ད།
དཔལ་དོན་ཟེར་བ། རི་མཐོ་པོའི་འགོ་ནས་ཀི་རྒྱག་ན་མ་གོ་ཟེར་མཁན་དེ་འོན་པ་དང་། ཐང་བདེ་མོའི་དཀྱུས་ལ་རྟ་རྒྱུགས་ན་མ་མཐོང་ཟེར་མཁན་དེ་ལོང་བ་རེད་ཅེས་པ་ལྟར། ཆུ་སྒང་དུམ་བུ་བྲལ་ཁ་བཟོས་པ་དང་དགེ་ལུགས་དུམ་བུ་ཁ་བྲལ་བཟོས་པ། གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཟོ་བཞིན་པ་འདིར་མ་ཤེས། མ་མཐོང་ན་ལོང་བ་ཡིན་གྱི་རེད་བ།
ངས་བལྟས་ན་ཁྱོད་ཀྱིས་མ་ཤེས་པ་མ་རེད། ཁྱོད་ཀྱིས་བཤད་མི་ནུས་དུས་རྒྱལ་རོང་ངེད་གཉིས་ཀྱིས་ཁ་ནས་ཐོན་རོགས་བྱེད་ན་བསམ་བཞིན་འདུག་ག བསམ་བློ་འདི་འདྲ་གཏོང་མཁན་ལ་རྩ་བ་ནས་དགའ་ལེ་མིན། ཤེས་སོང་ངམ། སོ་སོས་བཤད་མ་ཕོད་ན་ཁ་བཙུམ་ནས་སྡོད།
སྐབས་རེ་ཅོ་རིའི་སྐད་ཆ་གཡུགས་ཞོག་ཟེར།
སྐབས་རེ་ཅོ་རིས་དཔང་འཕེར་བཤད་ཤོག་ཟེར།
རང་ཚིག་སྔ་ཕྱི་འགལ་བའི་སྤྱོད་པ་འདི།
གཡོ་ཅན་ཝ་མོའི་བུ་ཡི་ལུགས་སྲོལ་རེད།་་་་་ཧཧཧཧ
ད་ནི་ཚར་སོང་། ཚར་སོང་། བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཚང་མ་གནོན་ཤུགས་འདྲ་མིན་ལ་བརྟེན་ནས་སྒོ་བརྒྱག་ལ་རན་སོང་། ད་ནི་རེ་བ་བཅོལ་ས་གང་ཡང་མི་འདུག མེས་རྒྱལ་སྤང་དུ་ལོག་ན་དགའ་ས་རེད།
དཔལ་དོན་མིང་ཅན་ལགས། གོང་དུ་ཅོ་རི་ལགས་ཀྱིས་གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཟོས། ཞེས་པ་སོགས་དོན་གནད་དྲུག་གི་ཐོག་ནས་བོད་མིའི་ནང་ཁུལ་ཁ་བྲལ་བཟོས་ཚུལ་བཤད་པ་དེར། ཁྱེད་ལ་ལྟ་བའི་མིག་དང་དཔྱོད་པའི་སེམས་ཞིག་ཡོད་ན་དེ་དག་རེ་རེ་བཞིན་ཁུངས་འཕེར་མིན་པས་ལན་གསལ་སྤྲོད་དང་། དེ་ནས་ཁྱེད་ཀྱི་རྣམ་དཔྱོད་དང་དྲང་ཚུབ་དེ་མཐོང་ཡོང་གི་རེད། རང་ཉིད་ཀྱི་ལྟ་ཚུལ་དང་མ་མཐུན་པས་མི་གཞན་གྱི་བརྗོད་བབ་ཡོད་ཚོད་ལོག་ལམ་དུ་བཤད་མཁན་རིགས་ནི་རང་གཅེས་འཛིན་གྱིས་སྤྱོད་ངན་ལ་གོམས་པའི་རང་རྟགས་རེད།
ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་དེ་ཚོ་ཁག་མེད་ཁོ་ཚོ་སྔོན་ནས་ཉོས་ཚར་བ་རེད། དེང་སང་ཚོང་པ་དེ་ཚོ་ད་དུང་བསྐོར་གཡེང་བྱེད་བཞིན་པ་རེད་མི་འདུག་གམ། གཟིགས་དང་ཚོང་པ་དེ་ཚོའི་རྒྱབ་ལ་སྦྱིན་བདག་དབང་ཆ་ཅན། དཔལ་འབྱོར་བདག་པོ། སྒེར་སྤྱོད་ཅན་ཚོགས་པ་དང་སྒེར་པ་མང་པོ་ཡོད་པ་རྟོགས་ནུས། ད་ནི་བཙན་བྱོལ་ནང་བོད་དོན་ཟེར་བ་དེ་མི་སྒེར་དང་ཆོས་ལུགས་པའི་ལག་ཆ་ཙམ་ལས་མི་རིགས་དང་རྒྱལ་ཁབ་ལ་མི་ཕན་ཁོ་ཐག་རེད། དེ་བས་མུ་མཐུད་ནས་ལྷ་འདྲེའི་འཐབ་རྩོད་བྱོས། དབུ་རང་དབྱེན་འབྱེད་བྱོས། ནང་འཁྲུགས་འབྱུང་བའི་གཞི་རྩ་ད་དུང་འཚོལ། ནམ་ཡང་མཚམས་ཆད་མི་སྲིད་པའི་སྒེར་ནད་རྙིང་པ་དག་ཁ་ཕྱེས། རྨོངས་དད་དང་ཞེན་ཁོག་ཅན་གྱི་མི་མང་རྣམས་ལག་ཆར་བེད་སྤྱོད། གཟི་བརྗིད་ཆེ་བའི་མེས་པོའི་ལོ་རྒྱུས་དང་སྐྱི་གཡའ་བའི་གཞིས་ལུས་དཔའ་བོའི་ཁྲག་རྗེས་དག་མེད་པར་ནག་གསུབ་གཏོང་གང་ཐུབ་བྱོས་དང་ཕལ་ཆེར་འགྲིག་འདུག་བཤད་སྲིད།
རྙོགས་དྲ་བཟོས་འདུག
གཞོན་ནུའི་ལངས་ཕྱོགས་ལ་གཏོང་དགོས་ཟེར་མཁན་ཚོགས་པ་བརྒྱད་པོ་ཀླད་མེད་ཤ་སྟག་རེད། ནུས་པ་ལྡན་པའི་ཚོགས་པ་དེ་དུམ་བུར་བཏང་སོང། དབུ་མའི་ལམ་ལ་རྒྱ་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་ལ་མཐོང་གསལ་རེད། རྒྱ་གཞུང་གིས་དབུ་མའི་ལམ་གྱི་ངོ་བོ་རང་བཙན་རེད་ཟེར་ཤོད་དེ་ཁས་ལེན་གྱི་མེད་པ་ཚང་མས་ཤེས་གསལ་རེད་ད་དུང་ཨུ་ཚུགས་རྒྱབ་ན་ཕན་ཐོགས་ཡོད་ལི་མ་རེད་དོ།
དེ་ལས་བོད་པ་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ནས་རང་དབང་རང་བཙན་རྩོད་དགོས་པ་རེད། རྒྱ་མིའི་གཤིས་ཀར་ཕར་གྱོང་ཙམ་བྱས་ན་
ཚུར་བསྟུན་མཁས་བྱེད། ཕར་གུས་བཀུར་བྱས་ན་མགོ་ལ་སྐྱག་པ་གཏོང་གི་རེད། ངོ་ཚ་ཁྲེལ་གཞུང་མེད་པ་དེ་ཤེས་དགོས་པ་གནད་ལ་མཐོང།
ནོར་བཅོས་་་་་གཞོན་ནུའི་ལངས་ཕྱོགས་བསྒྱུར་བཅོས་
དགེ་ལུགས་དང་གཞོན་ནུ་གཉིས་ཀ་དུམ་བུ་ཆགས་ཚར་སོང་་་དེ་རྗེས་ད་སུ་ཡིན་ན།
རྒྱལ་རོང་དང་ཅོ་རི་མིང་ཅན། དགེ་ལུགས་དུམ་བུར་ཆགས་སོང་ཟེར་བའི་སྐད་ཆ་འདི་ལ་རྒྱུ་མཚན་ཡོད་པ་རེད་དམ། དམར་འདྲེ་དོལ་རྒྱལ་མི་མགོ་དྲུག་བཅུ་བདུན་ཞིག་་དེ་ཡང་གྲྭ་ལོག་བསྟན་པའི་ཞབས་འདྲེན་ཁག་ཅིག་གི་བྱེད་བབ། གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་འཛམ་གླིང་དགེ་ལྡན་མཐུན་ཚོགས་ཀྱི་ངོ་འདྲར་འཇོག་པ་ནི་བག་མི་ཚའམ།
གང་ལྟར་ད་ཁྱོད་གཉིས་ལ་རྩོད་གླེང་བྱེད་རན་ཅང་མི་འདུག
ཨ་ལེ་་་དེ་འདྲ་ཡིན་པ་རེད། འཛམ་གླིང་དགེ་ལྡན་བསྟན་བདག་མཐུན་ཚོགས་ཟེར་བ་ཞིག་བཙུགས་ཡོད་པར་འདྲ། ཁྱོད་ཚོགས་པ་དེའི་འགོན་འཛིན་ཡིན་ནམ། གོ་ཐོས་ལ་ལྷ་འདྲེའི་འཐབ་རྩོད་ཀྱི་ཐོག་ནས་དགེ་འདུན་དབྱེན་དཀྲུགས་བྱེད་མཁན་གྱི་མི་ཁ་ཅིག་ཡོད་པ་རེད་ཟེར་བ་དེ་ཡིན་ནམ། ཡིན་ན་ནི་་་གཞན་ལ་གྲྭ་ལོག་མ་ལབ་པའི་སྔོན་དུ་སོ་སོའི་རྒྱུད་ལ་སྡོམ་པ་ཡོད་མེད་བསམ་བློ་ཐོངས། འདུལ་བའི་བཅའ་ཁྲིམས་དང་འགལ་ན་ཏ་ལའི་བླ་མས་རྒྱབ་རྩ་བྱེད་ནས་ཁྲིམས་མཐུན་བཟོ་ཡི་ཡོད་མ་རེད་ད།
ཧཧཧཧ་ད་ཡིན་ན་འདུག
གསར་འགྱུར་དེ་འཇག་མའི་རྩ་པུང་སྐམ་པོ་ཞིག་ལ་མེ་ཤོར་བ་བཞིན་དུ་ཕྱོགས་གང་སར་ཁྱབ་། པྱེའི་སྣང་ཚུལ་ལ་ལྷིང་འཇགས་ཞི་འཇམ་གྱི་རྣམ་པ་བསྐྱངས་པ་དེས་སྐྱེ་བོ་རྣམས་ལ་ཕན་ཁ་འཁུར་འཇུག་གི་ཡོད་པ་རེད་།
དུས་ཚོད་དང་འཛམ་གླིང་སྤྱིའི་གནས་འབབ་ ད་དུང་དཔལ་འབྱོར་འཕོ་འགྱུར་ སོགས་ཕྱོགས་ཀུན་ལ་བལྟ་དགོས་གལ་ཆེ།