ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
བདམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་བ།
བོད་རྒྱལ་ལོ་༢༡༤༡ རབ་གནས་ཤིང་རྟ་གྲོ་བཞིན་ཟླ་བའི་ཚེས་༢༤ ཕྱི་ལོ་༢༠༡༤ ཟླ་༩ ཚེས་༡༧ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་དྲུང་དུ་བདམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་རྣམ་པ། བདམས་ཐོན་བཀའ་བློན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། འདེམས་ལྷན་ཚོགས་མི། སྤྱི་འཐུས་རྒྱུན་ལས་རྣམ་པ། དབུས་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་རྣམ་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་གི་བཞུགས་གྲལ་དུ་འཁོད་མཚམས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་དང་། ཆང་ཕུད་ཕུལ།
དེ་ནས་ཆུ་ཚོད་ ༨།༤༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བདམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་རིམ་བཞིན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་ཆུ་ཚོད་ ༨།༥༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བདམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་གྲུབ་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད།
དེ་ནས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་དང་འབྲེལ་བདམས་ཐོན་བཀའ་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ།
བཀྲ་ཤིས་བདེ་ལེགས། མཛད་བཟང་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ
བཀའ་བློན་གསར་བ་ཁོང་སྡེ་ཚན་གང་ཞིག་གི་བཀའ་བློན་ཡིན་ནམ། བདམས་ཐོན་བཀའ་བློན་ཟེར་དུས་འདེམས་ཁུངས་གང་ཞིག་ནས་ཅི་ལྟར་བདམས་ཐོན་བྱུང་བ་ཡིན་ནམ། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བཀའ་བློན་གསར་པ་དགོས་པ་ཡིན་ནམ། འདི་ཚོ་ལ་འགྲེལ་བཤད་གནང་མཁན་རེ་བྱུང་ན་ང་ལྟ་བུར་ཕན་ཐོགས་ཆེ།
ནམ་སྔོན་མའི་བཀའ་བློན་ཚོས་རྐྱེན་གྱིས་ད་དེང་སང་གི་བཀའ་བློན་ཚོགས་ལ་ཡིད་ཆེད་གཏིང་ནས་མེད་།
བཀྲིས་བདེ་ལེགས། ལས་དོན་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།
རྟེན་འབྲེལ་ཞུ། སྲིད་ཡོན་སྲིད་བྱུས་ལག་བསྟར་དོན་འཁྱོལ་ཡོང་བར་སྨོན།
དངོས་གྲུབ་ཟད་པ་མེད་པའི་འདོད་འབྱུང་ནོར།།
ཚེ་རིང་ནད་མེད་བདེ་བའི་དཔལ་སྩོལ་བ།།
སྲིད་པའི་ལྷ་དགུ་ཚེ་རིང་མཆེད་ལྔ་སོགས།།
དཀར་ཕྱོགས་ལྷ་སྲུང་རྒྱ་མཚོ་ཁྱེད་ལ་འཁོར།།
གངས་ཅན་བོད་མིའི་བཀའ་དམ་ལ་གནས་པའི།།
ཆབ་སྲིད་ལས་འཛིན་ཆེན་པོའི་བློན་གྱི་མཆོག།།
དཔའ་མཛངས་བརྟུལ་ཕོད་ལས་ཀྱི་སྣེ་མོ་བ།
ཡངས་པའི་ས་ཆེན་འདི་ཡི་རྒྱན་དུ་བསྔགས།།
གངས་ཅན་བོད་ཀྱི་བསྟན་སྲིད་གསེར་ལྡན་མ།།
ཆེས་སྙིགས་ཆུ་གཏེར་ཀློང་དུ་བྱིངས་ཉེ་བ།།
སྙིང་སྟོབས་དཔུང་བས་གྱེན་དུ་འདེགས་མཁས་པ།།
བཀའ་བློན་ཁྱོད་ཉིད་ཁྱབ་འཇུག་དངོས་དང་མཚུངས།།
བློ་རིག་བཟང་པོ་གཞན་དང་མི་མཚུངས་པའི།།
མི་ཡི་སེང་གེ་སྲིད་ཀྱི་ཁ་ལོ་པའི།།
ཞི་རྒྱས་དབང་དྲག་ལས་ཀྱི་བཀའ་བབ་པའི།།
བཀའ་བློན་འདི་དག་ལྷ་ཡིས་བསྐོས་པ་འདྲ།།
སྤྱན་རས་གཟིགས་ཀྱིས་བོད་ཁམས་སྐྱོང་ཞེས་པ།།
ལུང་སྐམ་ཙམ་ལས་དཔང་རྟགས་མ་མཆིས་ཀྱང་།།
དམངས་གཙོའི་དབུ་ཁྲིད་བཀའ་བློན་ཆེན་པོ་ཚོས།།
བོད་ཁམས་སྐྱོང་ལ་དོག་པའི་གནས་མ་མཆིས།།
ཐོག་མར་བཀའ་བློན་མཆོག་ལ་འཚམས་འདྲི་ཞུ་བ་དང་བསྒྲགས། རྒྱང་མིག་ལགས་ཀྱི་དྲི་བར་ལན་ཞིག་ཕུལ་ན་ཁོང་ནི་དེ་སྔ་ཡན་ཆད་ཤེས་རིག་དྲུང་ཆེ་རེད་ལ། སྲིད་སྐྱོང་མཆོག་གིས་ད་བར་དུ་ཤེས་རིག་བཀའ་བློན་ཅིག་ཆོག་གནང་གི་ཡོད་ཀྱང་ད་ལྟ་ཁོང་ཤེས་རིག་བཀའ་བློན་ལ་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གདམ་ཐོན་བྱུང་བ་ཞིག་རེད་འདུག
ད་ནི་ཤེས་ཡོན་ཟེར་བ་ལ་རེ་བ་མེད། སེང་གེ་ཚང་གིས་རང་ལ་འོས་བླུགས་ཐོབ་ཡ་ཆེད་སྟོད་པ་ཞིག་ལ་བཀའ་བློན་བསྐོས་པ་རེད། ཤེས་ཡོན་གལ་ཆེ་ཡིན་ཟེར་བའི་སྟོང་གཏམ་གྱི་མཐའ་མ་འདི་རེད། ཐང་ཆད་སོང་།
བཀའུ་བློན་ཁོང་གིས་མ་འོངས་ཕྱི་སྡོད་བོད་ཀྱི་བརྒྱུད་འཛིན་གཞོན་སྐྱེས་ཚོའི་ལུས་སེམས་འཚར་ལོངས་ལ་མཐུན་འགྱུར་གང་ལེགས་བསྒྲུབ་ཐུབ་པའི་རེ་བ་དང་བཅས་རྟེན་འབྲེལ་ཞུ།
ད་དངོས་ནས་ཡིད་ཆེས་མེད།མ་འོངས་ཕྱི་སྡོད་བོད་ཀྱི་བརྒྱུད་འཛིན་གཞོན་སྐྱེས་ཚོའི་ལུས་སེམས་འཚར་ལོངས་ལ་མཐུན་འགྱུར་ཨེ་ཧ་་ཧ་ཧ་་་་་་་་་་གད་ཤོར་གི་འདུག་།
དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་ལེགས་པོ་སྔར་ལས་དར་སྤེལ་དུ་གཏོང་བ་དང་གོ་རིམ་ལྟར་བྱ་བ་བསྒྲུབ་པར་གཟབ་ནན་བྱེད་པ། སྤྱི་གྲངས་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཤེས་ཡོན་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་ཚད་གཞི་གཏན་འཁེལ་དང་གྲོན་དངུལ་གཏོང་སྤྲོད་ཀྱི་སྤྱི་གྲངས་གཟབ་ནན་གྱིས་ཚོད་འཛིན་བྱས་ཏེ། གྲོན་ཆུང་ནན་ཏན་གྱི་ཐོབ་འབྲས་ལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་པ། དངོས་ཐོག་བདེན་འཚོལ་ཡོང་བ་རྒྱུན་འཁྱོངས་དང་། དོན་དངོས་དང་བསྟུན་ནས་གཞུང་དོན་བྱ་འགུལ་བཀོད་སྒྲིག་བྱེད་པ་དང་དགོས་ངེས་མི་ཆེ་བའི་གཞུང་དོན་བྱ་འགུལ་མེད་པར་བཟོ་བ་བཅས་བྱས་ཏེ། རྒྱུན་ལྡན་གྱི་གཞུང་དོན་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་པ། སྤྱི་བསྒྲགས་དང་སྤྱི་གསལ་ཡོང་བ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བའི་དོན་བྱ་ཕུད་པའི་གཞུང་དོན་བྱ་འགུལ་ཁྲོད་ཀྱི་མ་དངུལ་དང་དངུལ་རྩ། ཐོན་ཁུངས་བཅས་ཀྱི་བཀོལ་སྤྱོད་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ། ཕྱོགས་ཡོངས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་དང་། བཅོས་བསྒྱུར་གསར་སྐྲུན་བརྒྱུད་དེ་སྒྲིག་སྲོལ་ནང་རྐྱེན་གྱི་བཀག་རྒྱ་གཏོར་ཏེ། གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་ན་ཡག་པོ་ཡིད་པར་འདོད་།
༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་དར་འབུལ་བའི་སྔོན་དུ། སྟོན་པ་ཤཀྱཱ་ཐུབ་པའི་སྣང་བརྙན་ལ་མཇལ་དར་འབུལ་བ་དང་དམ་བཅའ་འབུལ་བ་ལེགས་སོ། གང་ཡིན་ཟེར་ན་བོད་པ་མང་ཆེ་ནང་པ་རེད།
ལུང་རྟོགས་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། གོང་དུ་བདམས་ཐོན་བྱུང་བའི་ཤེས་རིག་བཀའ་བློན་ཞེས་ཁ་གསལ་བཀོད་ཡོད་ཚེ་བདམས་ཐོན་ཁོང་གང་ཞིག་གི་བཀའ་བློན་ཡིན་པ་ཤེས་སླ་ཡང་། ངས་ནི་དུས་ཚོད་ཀྱི་སྟབས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་དག་ལ་ལྟ་ཉན་བྱེད་མ་ཐུབ་པས་མགོ་འཐོམས་པ་རེད། ཤེས་ཡོན་སྲིད་ཇུས་དོན་འཁྱོལ་ཡོང་བའི་རེ་སྨོན་བྱེད།