ཡོང་ཁུངས། བོད་ཀྱི་དུས་བབ།
གཟའ་ལྷག་པའི་ཉིན་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་བོད་རིགས་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཚེས་༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ སྟེང་། ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ། གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རིང་ཞོགས་པར་བོད་ཕྱི་ལོགས་སུ་ཡོད་པའི་ཁོང་གི་གཉེན་ཉེ་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྐབས་དེའི་ཁོང་གི་འབོད་ཚིག་དང་། ཤུལ་དུ་ཞལ་ཆེམས་སོགས་བཞག་ཡོད་མེད་ད་ལྟ་གསལ་ཁ་བྱུང་མེད་ཀྱང་། ས་གནས་མི་མང་ཚོས དོན་རྐྱེན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་བསྟུན་ཏེ། ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་བོ་འཁྱེར་ཡོད་པ་དང་། ནང་མི་ཚོ་ཉེན་རྟོག་ཁང་དུ་བསྐྱོད་དེ་ཕུང་བོ་ཕྱིར་ནང་མིར་སྤྲོད་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཉན་འཇོག་བྱས་མེད་པར། ཁ་སང་ཚེས་༡༩ ཉིན་ནང་མིར་ཕུང་བོ་མེར་བསྲེགས་བཏང་ཟིན་པའི་ཐལ་བ་ཞིག་སྤྲད་ཡོད་འདུག
རྒྱལ་གཅེས་དཔའ་བོ་ལྷ་མོ་བཀྲ་ཤིས་ལགས་ནི། འབོར་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་བའི་ཕ་གཅོད་པ་ཚེ་རིང་དང་། མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༢༢ དང་། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག
ཁོང་ནི་བོད་པའི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ ༡༣༡ པ་དེ་ཆགས་ཡོད་འདུག
སློབ་གྲྭ་བསྐྱོད་བཞིན་པའི་མི་རབས་གསར་བ་ཞིག་འདི་ལྟར་མེ་རུ་སྒྲོན་པ་ནི་ཅི་འདྲིའི་ཕངས་བ་ལ།
ཨ་ཁ་ཁ། སྙིང་རྗེ། ད་མ་ནི་གང་མང་ཞིག་བགྲང་བ་ལས་གཞན་ཅི་བྱེད། ད་རེས་ཞི་ཅིན་ཕིན་གྱིས་ཁོང་རྒྱ་གར་དུ་སྡོད་པའི་རིང་ལ་བོད་དོན་སྐོར་གླེང་ཨེ་ཡོད་ན། །
རྒྱ་མིའི་རྩ྄་ཁྲིམས་འོག་ཏུ་བདེ་སྐྱིད་མེད་པ་གསལ་པོ་རེད། ཡང་རྒྱ་མིའི་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་ཞིག་བྱུང་འདུག ད་ག་རེ་གནང་ན་ཡག་ས་རེད་དམ།
དངོས་གནས་སྙིང་རྗེ་རེད་་་་་་་་་་་ཡིན་ན་ཡང་རང་གི་མི་ཆེ་སྟོན་པ་རེད་
མཁས་མིང་ང་མེད་གོ་ཐོབ་དེ་ལས་མེད།།
ཁ་བ་ཅན་གྱིས་སྡུག་ཡུས་བསལ་ཕྱིར་དུ།།
གཅེས་པའི་སྲོག་ནི་མེ་རུ་སྤར་བའི་མཐུས།།
བོད་དོན་བདེན་པའི་རི་བོར་བརྟན་བར་ཤོག།
འདི་ན་ཕྱི་མེད་འདི་ཡང་མེད་པ་ཡི།།
འགྲོ་བ་སྐྱེ་ཚུལ་གཅིག་ལ་འཆི་སྲོལ་མང་།།
དཔའ་བོ་བསམས་བཞིན་འཆི་བའི་རྣམ་པ་རུ།།
བོད་པའི་གཞུང་དོན་བསྒྲུབ་ཕྱིར་ཕྱིན་པ་འོ།།
ནམ་ཞིག་བདེན་པའི་རེ་འབྲས་ལེགས་སྨིན་ཏེ།།
ང་ཡང་སྡེ་བའི་གཞུང་དོན་ཁྱེད་ཉིད་བཞིན།།
གསོན་ནམ་འཆི་ཡང་སྤྱི་དོན་བསྒྲུབ་ཕྱིར་དུ།།
སྒོ་གསུམ་བོད་ལ་འབུལ་བའི་དབང་ཐོབ་ཤོག
ལོ་ཆུང་གཞོན་ནུའི་སྙིང་སྟོབས་ཀྱིས་རང་ཉིད་མེ་རུ་བསྲེགས་ནས་བདེན་དོན་གླེང་བས།
ངའི་སེམས་པར་སྐྱོ་ལྷང་ལྷང་གི་སྡུག་ཡུས་ཞིག་ལས་དོན་སྙིང་མེད་པའི་དཔའ་དར་རེ་འཐེན་འདོད་མེད་ལ་ཕངས་སེམས་ཀྱི་སྐད་ཆའང་དེ་བས་བཤད་འདོད་མེད། གཞོན་པའི་འདྲ་པར་མིག་གིས་མཐོང་དུས་རང་དབང་མེད་པར་ངས་ཁོང་གི་ཕ་མ་ཉེ་དུ་དྲན་འོང་གི ཁོང་ཚོར་སྨྲེང་སེམས་ཀྱི་མཆི་མ་དང་སྐྱོ་གདུང་ཇི་འདྲའི་མང་ཨང་།
མི་རིགས་དང་རང་དབང་གི་དོན་དུ་ཡོད་ཚད་བློས་གཏོང་གནང་མཁན་ནི་དཔའ་བོའི་ཡང་རྩེ་རེད། བུ་ཁྱོད་འདྲ་སྐྱེས་པ་དགའ་སོང་ལ་ཁྱེད་འདྲ་ཤི་བར་འཕངས་སོང་། ང་དང་ང་ལྟ་བུ་དག་གིས་ནི་ཕོ་རྒོད་ཁྱོད་ཀྱི་རྐང་པའི་མཐེ་བོང་ལ་ཡང་མགྲན་ཐབས་བྲལ།
འོ་་་ངས་སྙིང་ནས་བརྩེ་བའི་སྤུན་ཆུང་ལགས་་་ཁྱེད་ལ་མྱན་ངན་དང་གུས་འདུད་ཞུ་་་་་སེམས་པ་སྐྱོ་གི་འདུག
ཤེས་ཡོན་སྦྱོང་བཞིན་པའི་གངས་རིའི་དཔའ་རྒོད་ཁོང་སྐུ་ལུས་མཆོད་མེ་སྒྲོན་པ་ནི་དེ་འདྲ་ཡིད་ཕངས་པ་ལ་ཨང་། དཔའ་རྒོད་ཁོང་ལ་སྙིང་ནས་རྗེས་དྲན་ཞུའོ།།
སྨོན་ལམ་མཐའ་ཡས་ཡོངས་སུ་རྫོགས་པའི་མཐུས།།
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས།།
ཡོན་ཏན་བསྔགས་པའི་ཕྲེང་བ་བརྗོད་པའི་ཞིང༌།།
བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག།
གངས་ཅན་དཔའ་བོར་གུས་འདུད་དང་། བཞེད་དོན་ཀུན་ཀྱིས་ལེགས་མཁྱེན་ཞིང་།
གཞན་བརྒྱུད་རྫུན་གཡོས་མ་བསླད་པར། ཁ་བ་རི་བོར་སྨན་པར་ཤོག
སྐབས་༡༥སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་ཆེན་མོའི་གྲུབ་འབྲས་མ་རེད་པས། ཨོཾ་མ་ཎི་པདྨེ་ཧཱུཾ
བདེན་སྟོབས་འུ་ཐུག་ཐབས་ཟད་འདི། དགྲ་བོས་བཞག་པའི་འཆི་ལམ་ཉིད། ས་ཡ་དྲུག་གི་སྙིང་ཁ་ནས། ཞེ་སྡང་སྦྲུལ་ནག་མཆོང་ནས་ནི། ཆིག་སྒྲིལ་མདུད་པ་ཕོག་པར་ཤོག། ཨོཾམཎིཔདྨེཧཱོུཾ: ཨོཾམཎིཔདྨེཧཱོུཾ: ཨོཾམཎིཔདྨེཧཱོུཾ:།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་སྙིང་ཐག་པ་ནས་གུས་བཏུད་ཞུ་གུས་པས་ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་གཟིགས་སྐུ་ལུས་མེར་མ་སྒྲོན་རོགས་ཞུ་རྒྱུ་ཡིན་ཐུགས་རྗེ་གཟིགས།
ཆས་སོང་། དཔའ་བོས་བཏོད་པའི་གཞུང་ལམ་དུ་འཇིགས་ཞུམ་མེད་པར་ཆས་སོང་། ཆས་སྟངས་འདིས། སྤོབས་པ་འདིས། བློས་གཏོང་འདིས། དགྲ་བོའི་སྙིང་རྩ་འདར་ཡང་། དགྲ་བོའི་སྲོག་རྩ་བཅོམ་ཐུབ་བམ།
རང་ས་མ་མོའི་བྲང་ཁོག་འདྲ་བ་འདི།
རང་རིགས་གངས་ཅན་པ་བདག་ཆེད་དུ།
རང་སྲོག་བློས་བཏང་བྱས་པའི་དཔའ་བོ་ཚོའི།
བསམ་དོན་མྱུར་དུ་འགྲུབ་པའི་སྨོན་ལམ་ཡོད།།།
བདེན་པ་རྒྱལ་གྱུར་ཅིག
བོད་མི་༡༣༡ གི་་་་