ཚེ་རིང་།
འཁྲུལ་སྣང་གི་རྐྱེན་གྱིས
རང་ཉིད་མི་མཐོང་ལ
འཁྲུལ་སྣང་གི་རྐྱེན་གྱིས
གཞན་དངོས་ཀྱང་ཇི་བཞིན་མི་མཐོང
སུ་ལ་འཁྲུལ་སྣང་ཡོད་ན
དེ་ལ་བདེན་པ་མེད་ལ
གང་ལ་བདེན་པ་མེད་པ་དེ་ནི
ཞི་བདེ་དང་ལྷང་འཇག་གིས་སྟོངས་ཤིང
འཇིགས་སྣང་དང་རེ་དོགས་ཀྱིས་ཁེངས་ཡོད
ཕྱིན་ཅི་ལོག་གི་སྣང་བ་དེའི་རྐྱེན་གྱིས
དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད
ཁྱོད་དང་རིང་དུ་གྱེས་ཤིང
ཁྱོད་ཀྱང་འཇིག་རྟེན་དང་རིང་དུ་བཀྱེད་འདུག
2014/9/22。ཉིན་གུང་།