ཨ་རིའི་རྒྱལ་ས་གཙོས་ས་ཁུལ་མང་པོ་ཟིག་ལ་གངས་ཆེན་བབས་པ་དང་། གནས་ཐང་དང་་གཞུང་ལམ་མང་པོ་ཟིག་འགག་པ་སོགས་གྱི་གནས་ཚུལ་བྱུང་འདུག་ལ་
ཨ་རིའི་གྲོགས་པོ་ཟིག་གིས་འདྲ་འདི་བསྐུར་ཞོར་གླུ་འདི་བླངས་བྱུང་
ཁ་བ་མར་མར་བབས་དུས།
ཕ་ཡུལ་ཡིད་ལ་འཁོར་བྱུང་།
ཁ་བ་གངས་ཅན་ལྗོངས་ལ།
ལོག་རྒྱུ་བྱུང་ན་བསམ་བྱུང་།
སེམས་ལ་ཡོད་པའི་ཕ་ཡུལ།
ཁ་བ་གངས་རིས་སྐོར་བ།
མཇལ་བའི་རྟེན་འབྲེལ་ཆེད་ལ།
གངས་རྕེ་དར་གྱིས་རྒྱན་ཡིན།
ཕ་ཡུལ་དྲན་དུས་འགྲོ་ན་འདོད་ཀི །
ཁ་བར་མཐོང་ན་སྐྲག་ནི་ཟིག་རེད། །
དབྱར་ཟླ་ལྔ་བ་དྲུག་པའི་ནང་ལ། །
ཕ་ཡུལ་ངོ་མས་སྐྱིད་ནི་རེད་ཡ། །
ཧ་ཧ་ཧ།
དེང་སང་ཁྱི་ཡི་གཅིན་པ་གཏོང་ས་ཚང་མར་། བོད་ཀྱི་རྒྱ་དར་འཛུགས་ཡོད་ས་རེད་། རེད་པས།
སྐོར་ལམ་ནང་གི་སྐད་ཆ་ནི་སྐོར་ལམ་ནང་གི་སྐད་ཆ་རང་རེད། ཅི་རེད། རྒྱལ་དར་དེ་ཚོས་ཁྱོད་ཀྱི་གཅིན་སྐྱག་གཏོང་ས་ཚང་མ་བཀག་བཞག་ནི་མིན་ནམ།
ཁ་བ་མར་མར་འབབ་དུས།།
ཕ་ཡུལ་གངས་ལྗོངས་དྲན་བྱུང་།།
རི་རྩེ་དར་གྱིས་བརྒྱན་དུས།།
རླུང་རྟ་ཡར་ལ་སྐྱེད་ཅིག།
དགུན་གྱི་རྒྱལ་མོ་སླེབས་དུས།།
ཕ་ཡུལ་གངས་ལྗོངས་དྲན་བྱུང་།།
གངས་ཤུད་འཁྱགས་ཤུད་པའི།།
བྱིས་དུས་རྩེད་འཇོ་དྲན་བྱུང་།།
རྒྱང་གི་གངས་རི་མཐོང་དུས།།
ཕ་ཡུལ་གངས་ལྗོངས་དྲན་གི།
ལག་པ་རྒྱང་ལ་བསྲིངས་ཀྱང་།།
སྙོབ་པའི་ཐབས་ཤིག་མི་འདུག།
གངས་རི་པང་ན་བསམ་བྱུང་།།
གློ་སྙིང་གླན་ན་བསམ་བྱུང་།།
སེམས་གཏམ་བཤད་ན་བསམ་བྱུང་།།
ལྷན་འཛོམས་བྱུང་ན་བསམ་བྱུང་།།
ས་མཐའི་མོ་ལོ་འདི་དག།
གངས་རི་དྲན་བཞིན་བཞུད་སོང་།།
ད་དུང་གངས་རི་དྲན་བཞིན།།
ཚེ་མཇུག་སྐྱེལ་དགོས་ཡིན་ནམ།།
དམར་སྔོ་གངས་སེང་བོད་དར།
ལྷ་མོ་སྔོ་ནག་དཔལ་ལྷ་མོ། །
ལྷ་ཕོ་དམར་མདོག་གནས་ཆུང་རྒྱལ། །
ཆོས་སྲིད་ལུགས་ཟུང་བསྲུང་བ་ལ། །
མཆེད་ལྔ་ལྷ་དགུས་རྟགས་སྟོན་རན། །
དཀར་མཆོག་ལྷ་རྣམས་རྒྱལ་གྱུར་ཅིག །
སྐོར་ལམ་ནང་གི་སྐད་ཆ་ལགས་། ཁྱེད་ལ་དར་ཆ་འདི་མཐོང་ན་སུན་སྣང་ཞིག་ཡོད་། རྩ་མི་ཚང་མཁན།