འཕྲོས་རྣམས་གཤམ་འཁོད་འབྲེལ་ཐག་ནས་རིམ་གྱིས་གཟིགས།
2) https://www.youtube.com/watch?v=ETIiRnnWhRg
3) https://www.youtube.com/watch?v=ItsblPkdj60
འཕྲོས་རྣམས་གཤམ་འཁོད་འབྲེལ་ཐག་ནས་རིམ་གྱིས་གཟིགས།
2) https://www.youtube.com/watch?v=ETIiRnnWhRg
3) https://www.youtube.com/watch?v=ItsblPkdj60
སྲིད་སྐྱོང་གིས་༧གོང་ས་མཆོག་གི་སྐུ་པར་སྐོར་ལ་འགྲེལ་བཤད་གཅིག་མཐུན་ཞིག་རྒྱག་ཐུབ་ཀྱི་མི་འདུག
གང་ལྟར་སྐུ་ཚབ་དོན་གཅོད་ཚོ་ནི་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་ནས་”སྐུ་ཚབ་དོན་གཅོད་”ཅེས་བཏགས་པ་ལ་བསྙོན་དུ་མེད།
ཨ་རི་དོན་གཅོད་ཁང་དུ་སྐུ་མདུན་གྱི་སྐུ་པར་འཇོག་སྟེང་ལ་ཧ་ཅང་བློ་འཕམ་ཡོད། ཕྲན་རང་དོན་གཅོད་ཁང་དུ་སོང་བ་ཡིན་སྐུ་མདུན་གྱི་སྐུ་པར་ཆུང་ཆུང་ཁག་གཅིག་སྒོ་འགྲམ་དུ་འདུག། འོན་ཀྱང་སྲིད་སྐྱོང་དཔར་ཧ་ཅང་ཆེ་ལ
ཨ་རི་དོན་གཅོད་ལས་ཁུངས་ནང་ནས་ས་གལ་ཆེ་ས་ཞིག་དུ་འདུག། འདིའི་ཐད་ལ་དུས་ཚོད་རག་དུས་བསམ་ཚུལ་བྱེད་གི་ཡིན། དེ་དང་འབྲེལ་ནས་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལ་ཐུགས་རྗེས་ཆེ་ཞུ་བ་དང། ཁོང་གི་གང་བཤད་པ་དག་བདེན་པ་བདེན་གྱང་རེད་ལ། ཕྲན་ལ་ཡང་དེ་ག་རང་བསམ་ཚུལ་བྱུང། སྲིད་སྐྱོང་མཆོག་གི་ལན་རྒྱག་དུས་སྐྱག་རྫུན་རང་བཤད་གྱི་འདུག། ངོ་མ་སྲིད་སྐྱོང་འདི་ཚང་ལ་ངོ་ཚ་ཟེར་བ་ཞིག་མི་འདུག། རྗེས་སུ་བསམ་ཚུལ་བཤད་གི་ཡིན།
ད་བྱེད་དུས་ཆབ་སྲིད་བགྲེས་ཡོལ་ཆ་ཚང་གནང་གྲུབ་མེད་པ་ཡིན་པ་རེད། དེ་མིན་ན་སྲིད་སྐྱོང་གིས་ལྗགས་ལན་གསལ་པོ་དག་པོ་བྱས་ནས་གནང་སོང་ཡང་། གོ་བ་མེད་པའི་གླང་རྒན་དག་དང་གཞན་གྱི་ཟེར་འགྲོས་ལ་གཡམ་རྒྱུགས་མཁན་འདི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་ཨུ་ཚུགས་བྱེད་སྟངས་ལ་བལྟས་ན་ཨ་རི་དོན་གཅོད་ལ་མ་བཀོད་པའི་སྙིང་ནད་རྩོད་ཀྱིན་པ་འདྲ།
དྲི་བ་འདི་ཚོའི་ནང་སྙིང་ལ་བལྟས་ན་དབུ་འཁྲིད་གཉིས་ཀྱི་གདན་ཐོབ་ལ་རྩོད་པ་ཤོར་གི་ཡོད་པ་འདྲ་ཞིག་འདུག་མ་གཏོག། མི་རིགས་ཀྱི་མགོ་ཐོག་ཏུ་བབས་དང་འབབ་བཞིན་པའི་དཀའ་སྡུག་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ག་པར་སླེབས་ཡོད་མེད་རྦད་དེ་གཏིང་བརྗེད་སོང་བ་འདྲ། གྲོས་ར་འདི་ནས་མི་རིགས་ཀྱི་གནད་དོན་གླེང་རྒྱུ་ཞིག་ཁོ་ཐག། ལ་མོ་ཕར་ནས་བལྟད་མོ་ཆེན་པོ་བྱུང་ཡོད་རྒྱུ་གདོན་མི་ཟ།
ལར་ནས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་འདི་ཡང་དོན་གཅོད་ལ་མི་བཀོད་པའི་སྙིང་ནད་དེ་བརྩད་རྒྱུའི་འདོད་ཐོག་ཏུ་རྟ་རྒྱུགས་པ་འདྲ། ད་ནི་ཀྲུའུ་ཞི་པད་འཕྲིན་ཁོས་གྲོས་རའི་ནང་གི་བོང་བུ་ཡོད་ཚད་བཞོན་ནས་བོང་རྒྱུགས་གཏོང་རྒྱུ་དམ་བཅའ་རྐུབ་ནང་ནས་བཞག་ཚར་སོང་ངོ་། ཧ་ཧ།
མི་རིགས་ཀྱི་གནད་དོན་གླེང་རྒྱུ་ཞིག་མེད་ཁོ་ཐག་ལ་བཅོས་རོགས།
སྙིང་རྗེ་ཞོན་གཡག་ལགས། སྲིད་སྐྱོང་དང་ཨ་རི་དོན་གཅོད་གཉིས་ཀྱི་རྒྱབ་དུ་ལེངས་ནས་ཅིག་བཤད་གྱིན་ཡོད་པ་འདྲ། དངོས་ནས་སྙིང་བརྗེ་ཡ་རང་རེད། གནས་ཚུལ་མ་ཤེས་བའི་སྐད་ཆ་རང་བཤད་གྱིན་འདུག། ངའི་ཁྱོད་ལྟ་བུ་གྲངས་བདེན་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ལ་བཤད་གསལ་བྱེད་དགོས་དོན་མི་འདུག། རྗེས་སུ་དུས་ཚོད་རག་དུས་མི་མང་ལ་འདིའི་སྐོར་ལ་གསལ་པོ་ཞིག་འབྲི་འདོད་ཡོད།
གྲོས་ཚོགས་ནང་ད་དུང་དེང་དུས་ཀྱི་ཤེས་ཡོན་གནས་ཚད་མཐོ་པོ་ཡོད་པའི་གཞོན་སྐྱེས་མང་ཙམ་སླེབས་ཐུབ་ན་གྲོས་ཚོགས་ཀྱི་སྤུས་ཚད་ཇི་ལེགས་སུ་འགྲོ་རྒྱུར་སྐད་ཆ་ཤོད་མ་དགོས་པ་རེད། བྱས་ཙང་མ་འོངས་སྤྱི་འཐུས་འོས་ཤོག་འཕེན་སྐབས་ཚང་མས་གཟབ་གཟབ་གནང་རོགས། ཐུགས་རྗེ་ཆེ།།
ཕྱི་རྒྱལ་ཁག་ཏུ་ཡོད་པའི་དོན་གཅོད་ཁང་ཚོ་ད་དུང་ཡང་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ཏུ་ཡོད་ན་དེ་ཡག་པོ་གཏན་ནས་མ་རེད། མ་འོངས་པར་རྙོགས་ཟིང་ཆེན་པོ་ལངས་ངེས་རེད། ད་ལྟ་ནས་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ལ་ཚུར་བསྒྱུར་ཐབས་བྱ་དགོས་པ་གལ་ཆེན་པོ་རེད།
གྲོས་ཚོགས་ཤོག་འགལ་ཚོས་སྲིད་སྐྱོང་ལ་སྐྱོན་འཚོལ་ཡོད་དགུ་སྤྱོད་ཀྱང་སྐུ་པར་བསྒྲིགས་གཤམ་ཙམ་ལས་ལག་པ་འཇུ་ས་རག་མ་སོང་། སྐུ་དཔར་ཞིག་གི་ཆེད་དུ་ག྄ོས་ཚོགས་འཚོགས་ཐེང་གཅིག་ལས་ལྷག་ཙམ་བཏང་སོང་། རྒན་རྒོན་དེ་ཚོས་བཤད་བབ་དང་རྣམ་འགྱུར་རིགས་ལ་ལྟ་རིན་དང་དཔྱོད་རིན་ཡོད་པ་འགའ་མི་འདུག།
སྲིད་སྐྱོང་གི་དཔར་དོན་གཅོད་ཁང་དུ་སྒྲིག་དགོས་མ་རེད། དེ་སྔ་ཁྲི་ཟུར་ཟམ་གདོང་རིན་ོ་པོ་ཆེའི་སྐུ་དཔར་ལས་ཁུངས་དང་དོན་གཅོད་ཁང་དུ་སྒྲིག་་ཡོད་མ་རེད། ཁོ་རང་ཡང་མི་མང་གིས་འདེམས་པའི་བཀའ་ཁྲི་རེད་ལ་བླ་མ་ཡང་རེད། སྲིད་སྐྱོང་འདི་ཧམ་པ་ཚ་བོ་རེད། རྐྱག་པས་རྐུབ་བརྐྱག་མཁན་རེད།
རང་དབང་ལགས། ངོ་བལྟས་ནས་སྐྱག་རྫུན་མ་ཤོད། ད་ཐེངས་གྲོས་ཚོགས་ནང་དུ་དོན་དག་མང་པོ་ཞིག་གི་སྒང་ལ་བགྲོ་གླེང་བྱེས་སོང་ལ། དོན་དག་ཡང་མང་དག་ཅིག་ཐག་གི་ཚོད་སོང། དཔེར་ན་དཔལ་འབྱོར་བཀའ་བློན་མཆོག་གི་དངུལ་རྐུན་མ་རྒྱབ་ཡོད་མེད་དང་གཅིག། སྲིད་སྐྱོང་མཆོག་གི་ཤེས་རིག་བཀའ་བློན་ཐད་འགན་བཞེས་མ་ཐུན་པ་དང་བཀའ་བློན་གསར་བ་འདེམས་ཐོན་བྱུང་བ་གཉིས། སྲིད་སྐྱོང་དཔར་ཨ་རིའི་དོན་གཅོད་ནང་ཡོད་པ་༧ གོང་ས་མཆོག་གི་སྐུ་པར་ཆུང་ཆུང་འགའ་སྒོ་འགྲམ་དུ་ཞམས་པ་དང་གསུམ། ད་རུང་མང་པོ་རེད་ཡིན་ནའང་དུས་ཚོད་མི་འདུག། རྗེས་སུ་གླེང་ཆོག།
ཨ་རི་སྐུ་ཚབ་དོན་གཅོད་འདི་བསྐོས་ནས་བཟུང་ཉེས་མེད་ཉེས་བཙུགས་གྱི་རྩོམ་ཡིག་མང་པོ་སྤེལ་སོང་། ཨ་རི་སྐུ་ཚབ་དོན་གཅོད་ཁོང་སྐྱེས་ཕོ་རབ་ཤིག་དང་བོད་མི་དམངས་ཀྱི་བདེ་སྡུག་བསམ་མཁན་ཞིག་ཡིན་པར་མཚོན་ཡོང་གི་འདུག རྒད་པོ་མགོ་དཀར་འདི་ཚོའི་སྐད་ཆ་ལ་བལྟ་ཟོལ་གཏད་ཟོལ་ཅང་མི་འདུག
གལ་ཆེན་ཤོས་དོན་གཅོད་ཁག་བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་དེབ་སྐྱེལ་བྱེད་དགོས་ངེས་རེད་བསམས་ཀྱི་འདུག གལ་སྲིད་སྒེར་གྱི་ཡིན་ན་སྒེར་དང་སྒྲིག་འཛུགས་ཀྱི་ཡིན་ན་སྒྲིག་འཛུགས་ཀྱི་མིང་ཐོག་དེབ་སྐྱེལ་བ་བྱེད་ན་རྗེས་སུ་རྙོག་དྲག་རྫོགས་ཀྱི་མེད་པ་ཡོང་ངེས་རེད།
གལ་ཆེན་ཤོས་དོན་གཅོད་ཁག་བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་དེབ་སྐྱེལ་བྱེད་དགོས་ངེས་རེད་བསམས་ཀྱི་འདུག གལ་སྲིད་སྒེར་གྱི་ཡིན་ན་སྒེར་དང་སྒྲིག་འཛུགས་ཀྱི་ཡིན་ན་སྒྲིག་འཛུགས་ཀྱི་མིང་ཐོག་དེབ་སྐྱེལ་མ་བྱེད་ན་རྗེས་སུ་རྙོག་དྲག་རྫོགས་ཀྱི་མེད་པ་ཡོང་ངེས་རེད།
དམངས་གཙོ་རྩ་བའི་རྩེ་ལ་བཞག་མཁན་གྱི་མི་དམངས་ཀྱིས་ངོས་ནས་བལྟས་ན་རྒྱལ་བ་རིན་པོ་ཆེན་གྱི་སྐུ་དཔར་ལས་འོས་བསྡུས་ལམ་ནས་བསླེབས་པའི་སྲིོད་སྐྱོང་གི་སྐུ་དཔར་གོ་གནས་མཐོ་བ་ཡོད། རྨོངས་དད་རྩ་བའི་རྩེ་ལ་བཞག་མཁན་གྱི་མི་དམངས་ཀྱིས་ངོས་ནསབལྟས་ན་སྲིད་སྐྱོང་གི་སྐུ་དཔར་ལས་སྤྲུལ་སྐུ་ཏ་ལའི་བླ་མའི་སྐུ་དཔར་གོ་གནས་མཐོ་བ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་དམགས་གཙོ་རྩ་བའི་རྩེ་ལ་བཞག་གམ་དད་པ་རྩ་བའི་རྩེ་ལ་བཞག་་་་འདི་ནི་དེང་རབས་༢༡་ནང་གི་དྲི་བ་ཞིག་ཡིན་ཆོག་པ་རེད་ལ་དམགས་གཙོ་དང་སྲིད་དབང་སྒེར་བདག་གཉིས་ཀྱི་བར་གྱི་འཐབ་རྩོད་ཤིག་ཀྱང་ཡིན་སྲིད་པ་རེད།
སྲིད་སྐྱོང་སེངྒེ་ཚང་འདི་པ་༧རྒྱལ་བ་ཚང་གིས་སྲིད་འགན་བགྲེས་ཡོལ་ཆ་ཚང་གནང་ནས་སྐུ་དབང་ཡོངས་རྫོགས་གནང་ཡུལ་དང་། བོད་མི་རིགས་ཀྱི་དབུ་འཁྲིད་ཚབ་མཚོན་རང་བཞིན་ལྡན་པའི་གང་ཟག་བློ་བཟང་སེངྒེ། ད་ཆ་བཙན་བྱོལ་བོད་མི་དམངས་ཀྱིས་གདམས་ཐོན་བྱུང་བའི་སྲིད་སྐྱོང་གི་མཚན་གནས་ཡོད་ཙང་། ཁོང་གི་སྐུ་དཔར་ཕྱི་རྒྱལ་དོན་གཅོད་ཁག་ཙམ་དུ་མ་ཟད་སྒྲིག་འཛུགས་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ནང་སྒྲིག་ཤོམས་བྱེད་པའི་ཐོབ་ཐང་དང་དབང་ཚད་ཆ་ཚང་ལྡན་ཡོད་པ་རེད། དེ་ལྟ་བས་ན་༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེ་དོན་གཅོད་ཁང་དུ་ཇི་ལྟར་བཤམས་ཡོད་མེད་སྲིད་སྐྱོང་མཆོག་གིས་ཡང་སྐོར་སྐྱར་སྐོར་ལན་མང་ལན་འདེབས་གནང་སོང་ཡང་། དུང་བསམས་ནས་ཟད་ནས་ལག་པ་འཇུ་ས་ཞིག་རག་ཨེ་ཐུབ་བལྟ་སྟངས་འདི་ཡག་རྟགས་ཞིག་ཁྱོན་ནས་མ་རེད་ལ། སྲིད་སྐྱོང་འདི་བོད་མི་རིགས་ཀྱི་དབུ་འཁྲིད་ཡིན་པའི་ཆེ་མཐོང་དང་གུས་བརྩི་ཁྱོན་ནས་མི་འདུག། དེས་ན་ཨ་རི་དོན་གཅོད་དབུ་དཀར་ཚང་སྲིད་སྐྱོང་གིས་ཐད་བརྐོས་ཐད་གླེང་གཞི་མི་ཉུང་བ་བྱུང་བ་རེད་ལ་གངས་སྐྱིད་དཀྱིལ་འཁོར་རྭ་བའི་ནང་ནས་མ་བརྐོས་པ་དེས་ནད་རྙིང་བརྩད་བཞིན་པ་འདྲ། རྒྱུ་མཚན་ཁོ་ཚོས་མིག་གཅེར་ནས་སྐྱོན་འཚོལ་སྒྲུབ་བྱེད་ས་དེ་ཨ་རི་དོན་གཅོད་གཅིག་པུ་ལས་དོན་གཅོད་གཞན་ཁག་ནང་བལྟ་ཙམ་ཡང་བྱས་མི་འདུག། གལ་ཏེ་སྐུ་དཔར་སྒྲིག་ཤོམས་ལ་དེ་འདྲའི་བློ་ཚབ་ཡོད་ན་དོན་གཅོད་ཁག་ཚང་མར་གཅིག་གྱུར་གྱིས་བརྩད་གཅོད་ཅིའི་ཕྱིར་མ་བྱས་པ་རེད།
གང་ལྟར་ཨ་རི་དོན་གཅོད་ཁང་༧རྒྱལ་བའི་མཚན་གནས་རྗེས་འབྲེལ་གྱིས་དགའ་ལྡན་ཕོ་བྲང་བླ་བྲང་གི་ཁྱབ་ཁོངས་དང་སྟངས་འཛིན་འོག་ཡོད་པ་རེད་ཡང་ན། སྒྲིག་འཛུགས་གཞུང་གི་ཁྱབ་ཁོང་དང་སྟངས་འཛིན་འོག་ཡོད་པ་རེད། གལ་ཏེ་སྒྲིག་འཛུགས་ལ་ཡོད་ན་སྲིད་སྐྱོང་གི་སྐུ་དཔར་འཇོག་མི་ཆོག་པའི་རྒྱུ་མཚན་གཏན་ནས་མེད་ལ་༧རྒྱལ་བའི་སྐུ་དཔར་ནི་ཡོད་ཡོད་རེད་ལ་གལ་གནད་ཆེ་སར་བཞག་ཡོད་ཞེའ་གསལ་པོ་དག་པོ་གསུངས་ཚར་སོང་།
དེ་དང་ཆབས་གཅིག་འགའ་རེས་ཁྲི་ཟུར་ཚང་ཡང་བཙན་གྱིས་དྲུད་ནས་གདན་ཐོབ་རྩོད་ཀྱིན་པ་དྲ་ཞིག་འདུག། འོན་ཀྱང་ཁྲི་ཟུར་ཚང་ཁོང་ཁྲི་གནས་སྐབས་ཆབ་སྲིད་སྐུ་དབང་ཕྱེད་བགྲེས་ཡོལ་གྱི་རྣམ་པའི་གནས་སྟངས་འོག་བཀའ་བློན་ཁྲི་པའི་མཚན་གནས་ལས་སྲིད་སྐྱོངགི་མཚན་གནས་ཡོད་པ་མ་རེད་ལ། མི་དམངས་ཀྱིས་ཀྱང་ཆབ་སྲིད་སྐུ་དབང་ཆ་ཚང་ཡོད་པའི་སྲིད་སྐྱོང་ངོས་འཛིན་མེད་པ་རེད།
ད་དུང་བསམས་ནས་ཟད་ནས་ཞེས་བཅོས་རོགས།
ཞོལ་གཡག་འབྲོང་རྒྱུད་ཀྱིས་གནད་ལ་ཁེལ་བའི་བཀའ་མོལ་གནང་སོང་། ཐུགས་རྗེ།
རྡ་སའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་སྲིད་སྐྱོང་མཆོག་གི་སྐུ་དཔར་བཤམ་དགོས་ངེས་རེད།སྲིད་སྐྱོང་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་མཐོ་ཤོས་དེ་རེད། ཆབ་སྲིད་གྲོས་འཚོགས་ནང་དུ་སྲིད་སྐྱོང་གྱི་སྐུ་དཔར་མི་བཤམ་པར་བཀའ་བཀོད་རྒྱུད་འཛིན་གྱི་དབུ་ཁྲིད་ཟུར་པ་ཞིག་གི་སྐུ་དཔར་གཤམ་དགོས་པ་འདིས་་་་བཀའ་བཀོད་རྒྱུད་འཛིན་གྱི་དྲི་མ་དག་མེད་པར་མཚོན།
སྤོབས་པ་མཐའ་ཡས་ལགས་ཀྱིས་དྲང་ཕྱོགས་ལ་བཞེངས་ནས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ཞུ་བར་འདོད།
ད་ཡིན་ན་ཧ་གོ་སོང་གོང་གི་ཁག་ཅིག་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་བའི་ཁྱི་ཕྲུག་ཆུང་ཆུང་འགའ་ཡིན་པ་ཧ་གོ་སོང་། xxཅོ་རི་ཉི་མ། xxཞོལ་གཡག་འབྲོང་རྒྱུད། ད་དུང་ཁ་ཤས་ཤིག་འདུག་xའདི་ཚོས་དུས་དང་རྣམ་པ་ཀུན་དུ་རྒྱལ་བ་རིན་པོ་ཆེ་ལ་གླེང་ཕྱོགས་ཤིག་བཟོ་ཐབས་མ་འགྲིག་ནས་བསྡད་འདུག
བོད་རང་བཙན་ཐོབ་ན་རྒྱལ་བ་རིན་པོ་ཆེ་བོད་ཀྱི་སྒོར་མོའི་ཐོག་འཇོག་དགོས་པ་རེད། དཔེར་ན་ཨ་རིའི་ཝ་ཤིན་ཊོན། རྒྱ་གར་གྱི་གྷན་དྷེ་རྗེ། རྒྱ་ནག་གི་མོ་སོགས་སོ་སོའི་རྒྱལ་ཁབ་ཀྱི་མཚོན་བྱེད་རེད། བློ་སེང་ལོ་ལྔ་ཡི་རྗེས་ནས་ཅི་ཡང་མ་རེད། བོད་འབངས་དཀྱུས་མ་ཞིག་ཡིན་པོ་དེ་རེད། སློབ་སྦྱོང་ཡོད་ན་ཁྲི་ཟུར་གྱི་མིང་དང་མཉམ་དུ་སློབ་ཕྲུག་ཁ་ཤས་ཉར་ཆོག་གི་རེད། བོད་དོན་ཐོག་ཕྱག་ལས་གནང་ཆོག་གི་རེད། བོད་མི་རིགས་ཀྱི་ཚབ་གང་ཡང་མཚོན་གྱི་མ་རེེད། xxཚོས་གནས་ལུགས་འདི་རྟོགས་སྲིད་ཀྱང་རྒྱལ་བ་རིན་པོ་ཆེར་ཁ་གཏོང་ཆེད་མ་ཤེས་ཁལ་བྱེད་ཀྱི་རེད། དེ་ནི་xཞིག་གི་མངོན་རྟགས་དང་གཤིས་ཀ་རང་རེད། ངས་མི་སུ་ཞིག་ལ་ཁྱི་ཞེས་སྡུག་མོ་བྱེད་མྱོང་མེད་མོད། མི་རིགས་ཀྱི་ལ་རྒྱ་མེད་པར་མི་རིགས་རྩ་མེད་གཏོང་མཁན་གྱི་ནང་དཀྲིགས་མཁན་། བླ་བཙོང་མཁན། xxཚོར་ཁྱི་ཞེས་པའི་མིང་འདི་ངང་ངམ་ཤུགས་ཀྱིས་འདོག་མ་དགོས་པར་ཐོག་ཡོད་པ་ཞིག་རེད།
ད་ཡང་འདི་ན་ངུ་ཟུག་བརྒྱག་མཁན་ཞིག་ཐོན་བྱུང་། ཁྱོད་གནས་ལུགས་ལས་གཡོལ་ནས་ཅིག་བཤད་ཀྱིན་འདུག་ན་རང་མོས་རེད། དེ་མིན་གནད་དོན་ལ་འཇུས་ནས་སྐད་ཆ་བཤད་ཀྱི་ཡོད་ན་ངས་༧རྒྱལ་བ་རིན་པོ་ཆེ་མི་འགྲིག་རབས་ཀྱི་གླེང་ཕྱོགས་ཞིག་གང་དུ་བཟོས་འདུག། ངས་༧རྒྱལ་བ་བཅུ་བཞི་པ་ཚང་འདི་པ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་བཀོད་བཞག་པའི་གནས་ཡོད་མི་སྣ་ཞིག་ལ་ངོས་འཛིན་ཞུས་པ་མ་ཟད། གུས་བརྩི་བླ་མེད་ཞུ་བཞིན་ཡོད་ལ་ཁོང་གི་དྲུང་ནས་བཀའ་སློབ་མང་པོ་ཞུ་མྱོང་མཁན་དང་ཁོང་གིས་གནང་བའི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་ཞིག་ཡིན་ཞེས་སྐད་སངས་མཐོན་པོས་བཤད་རྒྱུ་ཡིན། དེས་ན་སྲིད་སྐྱོང་སེངྒེ་ཚང་འདི་ཡང་ཁོང་གི་སྲིད་དབང་གནང་ཡུལ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་དབུ་འཁྲིད་ཅིག་རང་བཞིན་གྱི་ཆགས་ཡོད་པར་སོང་ཁོང་སྲིད་སྐྱོང་གི་ཁྲི་ལས་མ་ཤོལ་བར་གུས་བརྩི་ཞུ་དགོས་པ་དེ་ཡང་གང་ཟག་བློ་སེང་སྒེར་ལ་མིན་པ་ཤེས་དགོས་པའི་གནད་དོན་ཞིག་རེད། ད་དུང་མ་འོངས་སྲིད་སྐྱོང་སུ་ཕེབས་ན་ཡང་ཆེ་མཐོང་དང་གུས་བརྩི་ཞུ་དགོས་པ་དེ་ཡང་བོད་མི་རིགས་ཀྱིས་༧རྒྱལ་བ་ཚང་ལ་ཆེ་མཐོང་དང་གུས་བརྩི་བླ་མེད་ཞུས་པ་ལྟར་གནང་ན་ད་གཟོད་ང་ཚོའི་དབུ་འཁྲིད་ཡང་དག་པ་ཞིག་འབྱུང་རྒྱུར་གདོན་མི་ཟ། འོན་ཀྱང་གནས་ལུགས་ལ་མིག་བཀབ་ནས་འགྲོ་མཁན་དག་ལ་བཤད་འདོད་ཡང་མེད།
ཨོ་ཙི་་་་དབང་ཕྱུག་ཚེ་རིང་ལགས། རྒྱལ་བ་རིན་པོ་ཆེན་གྱི་སྐུ་དཔར་ཡན་ཆན་གྱི་གླེང་ཕྱོགས་བཟོ་མཁན་ང་ཚོ་ཨེ་རེད། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེན་ལ་མ་དགའ་དགའ་མདོག་བྱས་བསྡད་པ་འདི་དཔལ་འབྱོར་འཐོབ་ཆེད་དང་། སོ་སོའི་ལྐོག་ཟ་བྱས་པ་རྣམས་་རྐུབ་མ་བཏོན་བའི་ཆེད་དུ་མ་རེད་པེ།་་་ཧཧ
དབང་ཕྱུག་ཚེ་རིང་གིས་གསུངས་པ་བདེན་པ་རེད། རྒྱུ་མཚན་འདུག རྒྱལ་ཁབ་སོ་སོར་བྱས་རྗེས་ཅན་གྱི་མི་སྣ་རྣམས་ཀྱི་སྐུ་དཔར་སྒྲིག་སྲོལ་ཡོད་པ་རེད་མ་གཏོགས་ཁ་སང་སླེབས་པའི་སྲིད་འཛིན་ནམ་སྲིད་བློན་གྱི་་དཔར་བཞག་པའི་ལུགས་སྲོལ་མི་འདུག་ལ། དགོས་པ་ཡང་མི་འདུག གྲོས་ཚོགས་སུ་སྲིད་སྐྱོང་གི་སྐུ་དཔར་གྱི་བསྐོར་ལ་ལན་ཡག་པོ་རྒྱབ་ཐུབ་ཀྱི་མི་འདུག མཚམས་རེ་རང་གི་རང་ལ་སྲིད་སྐྱོང་གི་སྐུ་དཔར་ཞེས་ཞེ་ས་རྒྱབ་ཀྱི་འདུག མདོར་ན་ལས་ཁུངས་ཁག་ཏུ་སྲིད་སྐྱོང་གི་སྐུ་དཔར་མ་བཞག་ན་ལེགས། གང་ལྟར་མང་གཙོ་རྒྱལ་ཁབ་ཁག་ཏུ་སྲིད་འཛིན་ནམ་སྲིད་བློན་ལས་ཐོག་པའི་སྐུ་དཔར་བཞག་པའི་ལུགས་སྲོལ་ཧ་ལམ་མེད་པ་ལྟ་བུ་རེད།
ངའི་ཙོ་རི་འདི་དྲ་ཐོགས་འདི་ནས་མི་ཡག་པོ་ཞིག་དང་་དྲངས་ཕྱོགས་ལངས་མཁན་ཞིག་རེད་འདོད་ཡོད། ང་ནོར་འདུག་མི་ཡི་རི་མོ་ནང་དུ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད་ཟེར་བ་འདི་ཅི་མ་བདེན། གོང་གི་གྲོས་ཚོགས་ཀྱི་བརྙན་འཕྲིན་འདིའི་ནང་གི་སྐད་ཆ་རྣམ་དང་ལྷག་པར་དུ་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐད་ཆ་རྣམ་དངོས་ཡོད་གནས་ཚུལ་རེད་ལ། ཕྱི་ལོ་༢༠༡༤ ཟླ་བརྒྱད་པའི་ཚེས་༢༩ མས་ཟླ་དགུ་བའི་ཚེས་༡ བར་བྱང་ཨ་རི་བོད་རིགས་སྤྱི་མཐུན་པའི་ལོ་འཁོར་ཚོགས་འདུ་རྒྱལ་ས་ཝ་ཞོན་ཏྲོན་དུ་ཚོགས་པ་རེད། དེ་དུས་ཚོགས་ཞིགས་པ་དང་ས་གནས་མི་ཚང་མའི་དོན་གཅོད་ཁང་གི་ནང་དུ་༧ གོང་ས་མཆོག་གི་སྐུ་པར་འགའ་སྒོ་ཡི་འགྲམ་དུ་ཡོད་པ་དང་སྲིད་སྐྱོང་གི་པར་ས་ཆ་གལ་ཆེ་ས་ཞིག་དང་མི་སུ་ཡོངས་ན་པར་སྒྲོན་ས་དུ་གཡས་གཡོན་ཨ་རི་དང་ཁེ་ན་ཏྲིས་དར་ཆ་ཡོད་པ། རྒྱལ་ཁབ་ཤིག་གི་སྲིད་འཛིན་གྱི་པར་འཇོག་སྟེང་རང་རེད། དེ་འདྲ་ཡིན་ཙང་བྱེད་ལས་བྱེད་སྟེང་འདི་ཧ་ཅང་མ་འེས་བ་ཞིག་དང་ས་གནས་ཀྱི་མི་མང་པོ་བློ་འཕམ་དུ་ཡོད་རེད། ཅོ་རི་ལགས་དངོས་ཡོད་གནས་ཚུལ་ལ་ཡུད་ཆེས་ཡོད་ན་ཅིག་བལྟས་དང་
བཙན་བྱོལ་བོད་མི་མང་གྱི་དངུལ་དེ་སུ་ཡི་བཟའ་ཡི་འདུག་གམ། ཁྱོད་ལ་མིག་ཅིག་ཡོད་ན་དྲ་བརྙན་ལ་ཡང་བསྐྱར་ཅིག་གཟིགས་དང་སྒོར་འམ་དངུལ་རྐུ་མཁན་དེ་སྲིད་སྐྱོང་གི་ལས་རོགས་དཔལ་འབྱོར་བཀའ་བློན་མ་རེད་དམ། ད་དུས་ཚོད་མི་འདུག་རག་དུས་སྐད་ཚ་དྲངས་མོ་བཤད་འདོད་ཡོད།
དྲ་གྲོགས་མང་པོ་ཞིག་ད་དུང་གཉིད་ཁུག་ནས་ཡོད་པ་འདྲ། གཉིད་ཁུག་ན་གླེང་ཕྱོགས་ཅང་མེད་ཀྱང་གཉིད་ལབ་གསལ་ལ་མ་གསལ་བ་དེ་འདྲ་མ་བརྒྱབ་ལ་ལེགས། ཁ་ལྡང་ཚད་ལ་གོང་ས་མཆོག་གི་ཐུགས་བརྩེ་བ་ཆེན་པོས་མང་གཙོ་གསོལ་རས་གནང་ཡོད་ཟེར་གྱི་མེད་དམ། མང་གཙོ་ཚད་ལྡན་ཞིག་ཡིན་ན་མི་མང་གི་བདག་དབང་ལ་ཚོད་འཛིན་བྱ་ཐབས་མེད་ལ། གཞུང་དང་ཚོགས་པ་གང་ཞིག་ཡིན་རུང་གཞུང་ཚོགས་ཀྱི་གཙོ་འཛིན་དག་གི་སྐུ་པར་གང་ལ་སྒྲིག་ལྷན་ཁང་ད་གའི་སྐུ་དབང་སེམས། ལར་ནས་ང་ཚོའི་གོང་ས་མཆོག་དང་གན་དྷི་མའོ་སོགས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད་པ་ཤེས་དགོས། གན་དྷི་དང་མའོ་སོགས་ཀྱིས་རང་སོ་སོའི་རྒྱལ་ཁབ་རང་བཙན་དང་གསར་འཛུགས་བཅས་ལ་བླ་ན་མེད་པའི་བྱ་བཞག་ཡོད། ང་ཚོའི་གོང་ས་མཆོག་ལ་ནང་ཆོས་དང་འབྲེལ་བའི་འཛམ་གླིང་མི་མང་གི་སེམས་ཁམས་ན་བླ་ན་མེད་པའི་མཛད་པ་བསྐྱངས་ཡོད་ལ་བོད་པ་སྐྱབས་བཅོལ་བའི་ཆེད་དུ་གོང་ན་མེད་པའི་བཀའ་དྲིན་བསྐྱངས་ཡོད་མོད་ཡིནའང་བོད་རྒྱལ་ཁབ་འདིའི་ཆེད་མཛད་པ་དང་བཀྲིན་ཅང་ཆེན་པོ་མངོན་རྒྱུ་ཨ་ཡོད་ན།
ལྷ་སྲས་དར་མ་ཟེར་བ་འདི་ག་རེ་བཤད་གྱིན་ཡོད་མེད་ངའི་མགོ་ཚོད་གྱི་མི་འདུག། དང་པོ་དེ་གནས་ཚུལ་ག་རེ་སྒང་ལ་བགྲེ་གླེང་བྱེད་གྱིན་འདུག། དེ་ཤེས་བར་བྱེས་དེ་ནས་བསམ་ཚུལ་ཡོད་ན་ཤོད་མ་རེད་དམ། ཅིག་བཤད་གྱིན་ཡོད་པས་ཁུལ་རེད། སྙིང་བརྗེ་དོན་དག་ངོ་མ་ད་རུང་ཤེས་ཀྱིན་མེད་པ་འདྲ། ཁག་མེད་སྙིང་བརྗེ།
xxxxx བོད་ཀྱི་སྲིས་སྐྱོང་གི་སྐུ་པར་བོད་པའི་ལྷན་ཁང་ཁག་ཏུ་བསྒྲིགས་མི་ཆོག་ཨེ། བློ་སེང་གི་སྐུ་པར་བོད་པའི་གཞུང་ལས་ཁང་གི་དབུས་སུ་བསྒྲིགས་ཆོག་གི་མེད་ན་བློ་སེང་ཡང་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ལས་ཁང་གི་དབུས་སུ་བཞུགས་ཆོག་རྒྱུ་མ་རེད། མི་ལྷན་ཁང་ཁག་གི་དབུར་བཞུགས་ཆོག་པ་ན་མི་དེའི་སྐུ་པར་ལྷན་ཁང་ཁག་ཏུ་སྒྲིགས་མི་ཆོག་ཟེར་ན་གོ་རྒྱུ་ཞིག་འདུག་གམ། xx
སྤུན་ཟླ་པདྨ་ལགས་ངས་གང་བཤད་ཁྱེད་རང་གིས་མགོ་ཚོས་ཀྱི་ཡོད་མ་རེད། དེ་ངའི་ནོར་བ་མ་རེད་ངས་གོང་དུ་འབྲེལ་བ་བཞིན་ཁྱེད་རང་ཡང་ད་དུང་གཉིད་ཁུག་ནས་བསྡད་ཡོད་པསོ། ཏང་ཏང་ཏིང་ཏིང་་་་་་
དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་གནས་ཚུལ་ཞིག་དང་འབྲེལ་ཏེ། འཕྲོད་བསྟེན་བཀའ་བློན་ཡང་རྙོག་གྲ་དེ་དང་འབྲེལ་བ་ཡོད་མེད་ཀྱི་རྙོག་གླེང་ཞིག་བྱུང་བར་བཀའ་ཤག་གིས་ཞིབ་འཇུག་གནང་སྟེ་སྙན་ཐོ་སྤྱི་འཐུས་ལ་སྤྲོད་དགོས་པའི་ཐག་གཅོད་གནང་སོང་།
དེ་རིང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་འབྲེལ་ཏེ། སྤྱི་འཐུས་ཤིག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་དུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་བྱུང་ཡོད་པའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ལ་དོགས་འདྲི་ཞུས་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ནས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཀྱང་ཡིག་ཆ་རྫུན་མ་བཟོས་ཡོད་མེད་ཀྱི་གནད་དོན་ཞིག་གི་ཐོག་སྤྱི་འཐུས་མང་པོ་ཞིག་གིས་དོགས་འདྲི་དང་དགོངས་ཚུལ་གསུངས་སོང་།
གནད་དོན་དེར་འཕྲོད་བསྟེན་བཀའ་བློན་དང་སྲིད་སྐྱོང་མཆོག་བཅས་ནས་གསལ་བཤད་གནང་བར། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་གཉིས་ཀྱིས་ཁོང་ཚོའི་སྨན་ཁང་གི་འགན་འཛིན་ལ་སྐྱོན་འཛུགས་ཡི་གེ་ཞིག་ས་གནས་མགོ་འཛིན་ལ་བཏང་ཡོད་པ་དང་། དེའི་ངོ་བཤུས་དབུས་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེར་ཡང་ཕུལ་ཡོད་འདུག དེ་ལ་འཕྲོད་བསྟེན་བཀའ་བློན་གྱི་ངོས་ནས་འཕྲོད་བསྟེན་དྲུང་ཆེ་དང་དྲུང་ཕར། ཟུང་དྲུང་། ས་གནས་ལུགས་ཟུང་དང་བདེ་སྐྱིད་སླར་གསོའི་གཞིས་མགོ་གཉིས་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་འདུག
ཞིབ་འཇུག་ཚོགས་ཆུང་དེས་ཕྱི་ཟླ་ ༤ པའི་ཚེས་ཉི་ཤུ་རྩ་གྲངས་ནས་ཞིབ་འཇུག་དངོས་སུ་མགོ་འཛུགས་གནང་སྟེ། ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ཞིབ་འཇུག་སྙན་ཐོ་དེ་དབུས་འཕྲོད་བསྟེན་ལས་ཁུངས་ལ་ཕུལ་ཡོད་ཀྱང་། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཞིབ་འཇུག་སྙན་ཐོར་གཟིགས་ཞིབ་བརྒྱུད། སྙན་ཐོ་དེར་ངོས་ལེན་བྱེད་ཐུབ་མེད་སྐོར་གསུངས་ཏེ་བཀའ་ཤག་ལ་ཞུས་དོན་ལྟར། སླར་ཡང་བཀའ་ཤག་གིས་ནང་སྲིད་བཀའ་བློན་དང་ནང་སྲིད་དྲུང་ཆེ། དཔལ་འབྱོར་དྲུང་འཕར། ལྷོ་སྤྱི་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་བསྐྱར་དུ་རྟོག་ཞིབ་མགོ་འཛུགས་གནང་ཡོད་འདུག
གནས་ཚུལ་དེའི་ཐད་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེ་གང་འདྲ་ཡོད་མེད་དང་། ཞིབ་འཇུག་ཚོགས་ཆུང་དེ་སྤྱི་འཐུས་རྒྱུན་ལས་ནས་འཛུགས་གལ་ཆེ་པ། རྙོག་དྲ་དེའི་ནང་འཕྲོད་བསྟེན་བཀའ་བློན་ཡང་ཚུད་ཀྱི་ཡོད་སྟབས། དྲུང་ཆེའི་གནས་རིམ་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་བཀའ་བློན་རིམ་པར་འདྲི་ཞིབ་ཚད་ལྡན་གཏོང་ཐུབ་མིན་དང་། དེ་ལ་གྲུབ་འབྲས་གསལ་ཁ་ཆོད་པ་ཞིག་འབྱུང་ཐུབ་མིན་བཅས་ཀྱི་ཐད་བགྲོ་གླེང་མང་པོ་གནང་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་དོན། “ང་ཚོས་གོ་ཐོས་ལ་ཀོ་ལེ་གལ་གཞིས་ཆགས་ནས་ཡིག་ཆ་དང་སྒྲ་འཇུག་ཡོད་པ་དང་། སྦེལ་ཀོབ་ཀྱི་གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་ཚོང་ཁང་དེ་ནས་ཡིག་ཆ་ཁག་གཉིས་དང་སྒྲ་ཐག་ཁག་གཉིས་ཡོད་པ་དེར། ང་ཚོ་བཀའ་ཤག་གིས་ཞིབ་འཇུག་ཚོགས་ཆུང་བཙུགས་བཞག་པ་དེས་ཡིག་ཆ་དང་སྒྲ་ཐག་དེ་དག་ཚང་མ་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ། སྤྱི་འཐུས་ལ་ཕུལ་བ་ཡིན་ན་སྤྱི་འཐུས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་མིན་གསལ་བོ་ཆགས་ཡོང་གི་རེད”ཅེས་གསུངས་སོང་ལ། དེའི་རྗེས་སུ་སྤྱི་འཐུས་ཤིག་གི་དོགས་འདྲི་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་སླར་ཡང་ཁ་ཇེ་གསལ་དུ་བཏང་སྟེ། “འགན་འཛིན་ཁོང་སྔོན་<མ་ཀོ་ལེ་གལ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གནང་སྐབས། ས་གནས་མི་མང་ཚོས་སྐྱོན་འཛུགས་ཀྱི་ཡི་གེ་ཞིག་འབྱོར་ཡོད་པ་དེ་དང་མཉམ་དུ་ཞིབ་འཇུག་བྱས་བཞག་ན་ཡག་གི་རེད་ལབ་པ་ཡིན" ཞེས་གསུངས་སོང་།
འཕྲོད་བསྟན་བཀའ་བློན་མཆོག་གིས་གསལ་བཤད་གནང་དོན། འཕྲོད་བསྟེན་བཀའ་བློན་གྱིས་ཡིག་ཆ་རྫུན་མ་བཟོས་དང་མ་བཟོས་ཐོག་སྤྱི་འཐུས་མང་པོ་ཞིག་གིས་དོགས་འདྲི་བསླེབས་སོང་། དེ་ལ་གསལ་བཤད་ཅིག་ཞུས་པ་ཡིན་ན། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ང་གཞུང་འབྲེལ་ཕྱོགས་སྐྱོད་ཅིག་དང་མཉམ་དུ་མེལ་སོར་ན་ཡོད། དེའི་སྔོན་ལ་ཞིབ་འཇུག་སྙན་ཐོ་ཡར་འབྱོར་ཡོད་པ་རེད། སྙན་ཐོའི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་སོ་སོར་དོགས་པ་བསླེབས་སོང་། སོ་སོའི་ནང་མིའི་ཐོག་ནས་གནས་ཚུལ་གང་འཚམ་ཞིག་བསྡུ་རུབ་བྱས་པ་ཡིན། སྔོན་མ་ཞིབ་འཇུག་བྱེད་སྐབས་དོན་ཚན་ ༩ ཡོད་པ་ལས། དང་པོ་ནས་ལྔ་པའི་བར་གློག་གསོག་སྣོད་(UPS)དང་འབྲེལ་བ་ཆགས་ཡོད། དེ་ལ་ཧིན་སྒོར་འབུམ་ ༡ དང་ཕྱེད་མན་ཙམ་གྱི་བར་ཁྱད་ཕྱིན་ཡོད་པ་རེད། གློག་གསོག་སྣོད་ཚོང་ཁང་གིས་བར་བརྒལ་དངུལ་དེ་གློག་ཆས་དེ་དག་གི་བཟོ་བཅོས་ MC དངུལ་ཡིན་ཟེར་ནས་ཡིག་ཆ་ཞིག་སྨན་ཁང་འགན་འཛིན་ལ་སྤྲད་འདུག ང་རང་གིས་ཞིབ་འཇུག་བྱས་བར་གློག་གསོག་སྣོད་རིགས་<ལ་བཟོ་བཅོས་ཀྱི་དངུལ་སྤྲོད་པའི་ལམ་སྲོལ་ཧ་ཅང་ཉུང་ཉུང་རེད། གློག་གསོག་སྣོད་དེ་དག་ལ་འགན་ལེན་ལོ་གཉིས་འདུག ཅེས་གསུངས་སོང་།
བཀའ་བློན་མཆོག་གིས་མུ་མཐུད་དུ་གསུངས་དོན། ང་མགྲོན་ཁང་ནས་ཕར་འགྲོ་རྒྱུའི་འཆར་གཞི་མེད་པར་ཚོང་ཁང་བདག་པོར་ཁ་པར་བཏང་སྟེ་ཚུར་ཕེབས་རོགས་ལབ་ཡིན། འོན་ཀྱང་ཁོ་ནང་དུ་བསྡད་མེད་སྐོར་སོགས་བཤད་དེ་གཡོལ་གྱིན་འདུག དེ་ནས་རྒྱ་གར་ངོ་ཤེས་ཤིག་ཡོད་པ་ཁོ་འཁྲིད་ནས་ཕར་སོང་བ་ཡིན། གང་ཡིན་ཟེར་ན། ཡིག་ཆ་མང་པོ་ཞིག་གི་ནང་དུ་སྨན་ཁང་འགན་འཛིན་གྱིས་ལྐོག་ཟ་རུལ་སུངས་བྱས་སོང་ཟེར་ནས་སྐྱོན་འཛུགས་ཤིག་བྱེད་ཀྱི་ཡོད་པ་རེད། ཞིབ་འཇུག་སྙན་ཐོའི་ནང་དེ་དང་འགལ་ཟླ་ཞིག་ཆགས་ཡོང་གི་འདུག དེ་ནས་ང་ཚོང་ཁང་ལ་སོང་ནས་སྤྱིར་བཏང་གི་མི་ཞིག་ཡིན་ལབ་ན་ཁོས་དེ་སྔོན་སྡིགས་ར་སྐུལ་གྱི་ཡོད་པ་ཞིག་གོ་སོང་བས། འཕྲོད་བསྟེན་བཀའ་བློན་ཡིན་ལབ་ན་ཏོག་ཙམ་མཉམ་རུབ་ཡོང་རྒྱུར་ཕན་ཐོགས་མེད་འགྲོ་བསམ་སྟེ། ང་འཕྲོད་བསྟེན་བཀའ་བློན་ཡིན་ཞེས་ཞུས་པ་ཡིན། ཁྱོད་རང་གིས་གནས་ཚུལ་གང་ཡིན་པ་དེ་དྲང་མོར་བཤད་རོགས། ང་ཚོའི་གྲོས་ཚོགས་ནང་དུའང་གནས་ཚུལ་འདི་བསླེབས་ཚར་བ་རེད་ཅེས་ཞུས་སྐབས། ཁོས་གནས་ཚུལ་དྲང་མོར་བཤད་སོང་། ཁོས་གང་བཤད་པ་ཚང་མ་ངས་སྒྲ་འཇུག་བྱས་ཡོད། ཁོ་རང་གིས་གང་ལབ་སོང་ཟེར་ན། སྤྱིར་བཏང་གློག་གསོག་སྣོད་ལ་གོང་ཚད་འདི་རེད། ཡིན་ནའང་ཉོ་མཁན་ཁོ་རང་གིས་གོང་ཚད་ཆེན་པོ་རྒྱོབས་ལབ་སོང་། ཞེས་ཆ་ཚང་ལབ་སོང་བས། ངས་ཁྱོད་ཀྱིས་གང་བཤད་པ་དེ་ཡིག་ཐོག་ལ་འགོད་རོགས་ལབ་སྐབས་ཁོས་འགྲིག་གི་རེད་ཟེར་ནས་ཡིག་ཆ་སྤྲད་སོང་།
ངས་ཁོ་ལ་སྡིགས་ར་སྐུལ་བ་སོགས་རྩ་བ་ནས་བྱུང་མེད། དེར་མ་ཟད་ངེད་གཉིས་སྐད་ཆ་ཤོད་བཞིན་པའི་སྐབས་ལ་སྨན་ཁང་འགན་འཛིན་གྱིས་ཚོང་ཁང་བདག་པོར་ཁ་པར་འབྱོར་སོང་། ཁོ་རང་གཉིས་ཀྱིས་ཁ་པར་ནང་སྐད་ཆ་བཤད་པའང་སྒྲ་འཇུག་བྱས་ཡོད། དེ་དུས་ག་རེ་ལབ་སོང་ཟེར་ན། འཕྲོད་བསྟེན་བཀའ་བློན་དེར་བསླེབས་སོང་ངམ། སྐད་ཆ་དྲིས་སོང་ངམ་སོགས་ལབ་སོང་། དེས་མ་ཚད་འཕྲོད་བསྟེན་བཀའ་སློན་དེ་རིང་དགོང་མོ་ཧཱོབ་ལེ་ལ་འགྲོ་རྒྱུ་རེད། དེའི་བར་སྐད་ཆ་ག་རེ་བྱུང་ན་ང་ལ་ལབ་རོགས། ཅེས་སོགས་ལབ་སོང་། གནས་ཚུལ་དེ་དག་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བྱུང་བ་རེད། དེ་ནས་ང་མོན་གྷོ་ཊིར་ཕྱིན་ཏེ་ཕྱིར་བྷིང་ལོར་ལ་ལོག་ཡོང་བ་ཡིན། ཕལ་ཆེར་ཕྱི་ཟླ་ ༨ ཚེས་ ༢ ཡིན་ས་ཡོད། ངས་རྒྱ་གར་ཚོང་ཁང་དེ་ལ་ཁ་པར་ཞིག་བཏང་བ་ཡིན། གང་ཡིན་ཟེར་ན། སྐབས་དེར་སྨན་ཁང་འགན་འཛིན་གྱིས་ལས་ཀ་བར་མཚམས་བཞག་ཡོད་པ་རེད་དེ་སྨན་ཁང་བསྡད་མི་འདུག་ཟེར་ནས་གོ་སོང་། དེ་ནས་ངས་ཁ་པར་བཏང་དུས་སྐད་ཆ་མང་པོ་བཤད་ཡོང་གི་འདུག དེའི་སྐོར་སྒྲ་འཇུག་ལས་རྣམ་པ་ཚོས་མཁྱེན་གསལ་རེད། དེའི་རྗེས་ལ་རྒྱ་གར་དེས་ཚུར་ཁ་པར་བསླེབས་ཏེ། ཁ་སང་ཡི་གེ་སྤྲད་པ་དེ་རྫུན་མ་ཡིན། དེ་འདྲ་ཞིག་ལབ་རྗེས་མཚམས་བཞག་པ་རེད། དེར་བརྟེན། འཕྲོད་བསྟེན་བཀའ་བློན་གྱི་ངོས་ནས་ཡིག་ཆ་རྫུན་མ་བཟོས་ཡོད་མེད་ཡིག་ཆ་དེ་དག་དང་སྒྲ་འཇུག་སོགས་ལ་ཡག་པོ་ཞིབ་འཇུག་གནང་ན་གསལ་བོ་ཆགས་ཡོང་གི་རེད། ཅེས་གསུངས་སོང་།
མཇུག་ཏུ་གྲོས་ཚོགས་ནང་མང་མོས་འོས་བསྡུ་བྱས་སྐབས། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེས་མུ་མཐུད་ཞིབ་འཇུག་གནང་རྒྱུར་འོས་ ༢༡ དང་། སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་ཚོགས་ཆུང་གསར་དུ་འཛུགས་རྒྱུར་འོས་ ༡༡ བཅས་ཐོབ་པ་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་དེས་འབྱུང་འགྱུར་ཟླ་བ་གཉིས་ཏེ་སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ནང་ཚུད་དུ་ཞིབ་འཇུག་སྙན་ཐོ་སྤྱི་འཐུས་རྒྱུན་ལས་ལ་སྤྲོད་དགོས་པ་དང་། ཞིབ་འཇུག་གནང་ཕྱོགས་ཐད། གནད་དོན་གཙོ་བོ་ལྐོག་ཟ་རུལ་སུངས་གནས་ཚུལ་གཞི་རྩར་བཟུང་སྟེ། དེ་དག་ཚོགས་ཆུང་སྔོན་མའི་ཞིབ་འཇུག་སྙན་ཐོ་ལ་བསྐྱར་ཞིབ་དང་། འཕྲོད་བསྟེན་བཀའ་བློན་གྱིས་རྩིས་མེད་གཏོང་དོན་གང་ཡིན། འཕྲོད་བསྟེན་བཀའ་བློན་གྱིས་ཡིག་ཆ་རྫུན་མ་བཟོས་ཡོད་མེད་དང་། དེ་བཞིན། སྒྲ་འཇུག་དང་ཡིག་ཆ་གང་ཡོད་པ་ཆ་ཚང་སྙན་ཐོ་དང་མཉམ་དུ་འཁྱེར་ཡོང་དགོས་པ་བཀའ་ཤག་གིས་ཡིག་ཐོག་ནས་ལམ་སྟོན་གསལ་བོ་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།
སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་དང་ཟླ་བ་ཕུན་སྐྱིད་སོགས་་་་སྐུ་མཁྱེན་་་རྩོད་ཀྱི་མེད་པ་ཕོ་བྱའི་མགོ་རྩོད་ཟེར་བ་ལྟར་་་སྐུ་པར་མཐོ་དམན་ཙམ་ལ་རྩོད་བརྒྱབ་ནས་ཆུ་ཚོད་འཕྲོ་བརླག་མ་གཏོང་རོགས། བོད་མི་ས་ཡ་དྲུག་གི་ཁྱེད་ཚོའི་གྲོས་ཚོགས་ར་བ་དེར་བལྟོས་བསྡད་ཡོད་པ་རེད། བློ་ཕམ་ཡ་དོན་མེད་ཀྱི་ལས་དེ་མ་གནང་རོགས།
ཟླ་བ་ཕུན་སྐྱིད་ཟེར་བ་དེ་དོན་དག་ཡོད་ཀྱང་མེད་ཀྱང་རྒྱུ་མཚན་ལྡན་རུང་མི་ལྡན་རུང་ཅིག་ཅིག་མུག་མུག་ཟེར་ནས་མགོ་འཚོས་མདོག་བྱེད་མཁན་ཞིག་རེད་མོད། དོན་ལ་སྤུ་དངོས་གནས་དེ་ག་བ་སྐྱེས་ཡོད་མེད་ཀྱང་ཧ་གོ་མེད་པ་འདྲ་ཞིག་རེད།
ཞོལ་གཡག་ལགས་ཀྱིས་རྒྱུ་མཚན་ལྡན་པའི་བཀའ་མོལ་གནང་སོང་རྒྱབ་སྐྱོར་ཡོད། ཟླ་བ་ཕུན་སྐྱིད་ཞེས་པའི་སྤྱི་འཐུས་འདིས་ག་དུས་ཡིན་ཡང་སྲིད་སྐྱོང་ནག་པོ་བཟོ་མ་ཐུབ་པར་སྡད་འདུག མི་འདིས་སྲིད་སྐྱོང་ལ་སྒེར་ནད་ཅིག་བཅང་ཡོད་པ་གསལ་པོ་རེད།
http://news.xinhuanet.com/english/china/2014-09/24/c_133669719.htm
རྒྱ་རྒན་ཚང་གིས་རྒྱ་རང་ས་རང་ཡུལ་གྱི་རིག་གནས་བདག་པོ་རྒྱག་གི་ཡོད་ཚོད་རེད། བོད་རྒན་ཚང་གིས་བོད་རང་ས་རང་ཡུལ་གྱི་རིག་གནས་བདག་པོ་མི་བརྒྱག་དགོས་པ་གང་ཡིན་ནམ། །
རྒྱ་རྒན་ཚང་གིས་ཚོགས་གཏམ་འདི་ལྟར་ཕབས་པ། །
Confucianism originated from China and it has long been part of human civilization, said the president.