སྲིད་སྐྱོང་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པ་སྩལ་གཏན་འཁེལ་ཡོད་སྐོར་གསལ་བསྒྲགས་གནང་བ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༤ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་སྐབས་གསལ་བསྒྲགས་གནང་དོན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་བ་དགུའི་སྔོན་ཙམ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། འབྱུང་འགྱུར་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༥ ནས་༢༥ བར་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཆེན་ཐེངས་ ༣༤ པ་བཀའ་དྲིན་ཆེ་བ་སྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད།
ང་ཚོས་གསལ་བསྒྲགས་འདི་སྔོན་ཙམ་ནས་ཞུ་འཆར་ཡོད། འོན་ཀྱང་ལ་དྭགས་དུས་དབང་སྐབས་འཁེལ་བར་བརྟེན་དེ་མུར་ལུས། དེ་ཡང་དུས་དབང་ཐེངས་ ༣༤ འདི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གཙོ་འགན་ཞུས་ཐོག་དད་ལྡན་སྦྱིན་བདག་ཁག་བཅས་ནས་ཀྱང་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག
དཔེར་ན། ཕྱི་ལོ་༢༠༡༢ ཟླ་༡ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་སྩོལ་སྐབས་དད་ལྡན་སེར་སྐྱ་མི་གྲངས་ ༢༠༠༠༠༠ ལྷག་ཆེད་ཕེབས་གནང་ཡོད། དེའི་ཁོང་ནས་བོད་ནས་བོད་མི་གྲངས་ ༨༠༠༠ ནས་ ༡༠༠༠༠ བར་བཅར་ཡོད། ཅེས་གསལ་བསྒྲགས་གནང་ཡོད།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
རྒྱ་གར་ནས་དུས་འཁོར་དབང་ཆེན་ཟེར་ནས་ཁྲོམ་དབང་ཞིག་ཡོད་མྱོང་མེད་པ་འདྲ། བོད་ནས་ཀྱང་རྗེ་ཙོང་ཁ་བའི་ཡན་ལ་ཁྲོམ་དབང་མེད་པ་གསལ་པོ་ཡིན་པར་མ་ཟད། རྗེ་ཙོང་ཁ་བའི་དུས་སྐབས་སུ་ཡང་བྱུང་མྱོང་མེད་པ་འདྲ། དུས་འཁོར་དབང་ཆེན་ཁྲོམ་དབང་ག་དུས་ནས་དར་བ་ཤེས་མཁན་ཡོད་ན་གསལ་པོ་ཞིག་གསུང་རོགས་མཁྱེན། དྲྭ་གྲོགས་ཚོས་དུས་འཁོར་དང་འབྲེལ་བའི་མཆན་འདེབས་རོགས་ཞུ།།
ད་ལན་སྲིད་སྐྱོང་ནས་དུས་དབང་གསལ་བསྒྲགས་གནང་བ་དང་། ན་ནིང་བོད་མི་འབོར་ཆེན་ཞིག་ཨ་རིར་ལེན་རྒྱུའི་གསལ་བསྒྲགས་གཉིས་དམིགས་ཡུལ་གཅིག་པར་གོ གལ་ཏེ་ངེས་པར་གསལ་བསྒྲགས་དགོས་ཚེ་ཆོས་རིགས་བཀའ་བློན་ནས་གནང་འཐུད་ཆོག
གཞུང་གིས་བསམ་བློ་གཏོང་གི་མི་འདུག གཅིག་ནས་དགོང་ནའི་བབས་དང་གཉིས་ནས་རྡོར་གདན་དུ་སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་གནས་བབས་ཚང་མས་མཁྱེན་གསལ་རེད། ད་ད་འཁོར་དུས་འཁོར་ཟེར་ནས་མང་པོ་ཞིག་ཞུ་གིན་མ་འདུག སྐུ་མཁྱེན
ཉེ་སྔོན་ཨ་རི་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཅི་ཞིག་བསྒྲགས་པ་མ་བརྗེད་རོགས།
གཞུང་གི་དུས་དབང་ཞུ་བ་དང་དེ་འང་ ༢༠༡༦ ལ་དུས་དབང་ཞུ་སྟངས་ལ་བལྟས་ན་རྒྱབ་ལ་ཆབ་སྲིད་ཀྱི་རྩེད་མོ་ཞིག་མེད་དམ་སྙམ། བོད་ནས་མི་འགྲོ་ནི་ཧ་ཅང་ཉུང་བ་ད་ལན་ལ་དྭགས་དུས་དབང་ལས་ཤེས་ཀྱི་ཡོད། རྒྱ་གར་ནང་གྱི་བོད་མི་ཚོ་ནི་དུས་དབང་གཅིག་རྗེས་གཉིས་མཐུད་ཀྱི་གོ་ལེབ་ཆགས་ལ་ཉེ་བས། ཡང་སྙིང་དུས་དབང་གསོལ་འདེབས་ཞུ་དགོས་དོན་གང་ཡིན་ཤེས་མ་སོང་། མི་མང་གི་ཆོས་སེམས་དེ་ཆབ་སྲིད་ལ་བཀོལ་ནས་ཕལ་ཆེར་ ༢༠༡༦ ལོའི་དུས་དབང་དེ་སྲིད་སྐྱོང་གིས་རང་གི་འོས་འདེམས་སླད་བེད་སྤྱོད་མི་བྱེད་པའི་རེ་བ་ཡོད།
དུས་འཁོར་དབང་ཆེན་ནི་རྩ་ཆེན་ཡིན་པ་དང་། དེ་ཡང་ཞུ་ཡུལ་ཁྱད་དུ་འཕགས་པ་ཡིན་པའི་གོ་སྐལ་ཀུན་གྱི་ལེན་དགོས་པ་དང་། ཆབས་ཅིག་༧རྒྱལ་བའི་སྐུ་ཕྱ་ལའང་དོ་སྣང་དགོས།