གླིང་གཟི་མིག
གལ་ཏེ་ཁྱོད་ལ་དད་པ་ཡོད་ན།
གལ་སྲིད་རིན་ཐང་ཡོད་ན།
གལ་ཏེ་སྐུ་དྲིན་བསམ་ན།
༧རྒྱལ་བ་རིན་པོ་ཡི་བཀའ་སློབ་ཐོས་པ་ཙམ་མ་ཡིན་པར་ཉིན་རེ་བཞིན་འཚོ་བའི་ཁྲོད་ན་རང་གི་ལག་ལེན་ཅི་ཐུབ་ཀྱི་ཡོད་མེད་གཉིད་དུ་མ་ཡུར་བའི་སྔོན་ལ་རང་གིས་རང་ལ་འདྲི་དགོས་པའི་དྲི་ཚིག་གལ་འགངས་ཆེ་བ་ཞིག་རེད། དེ་ལྟ་བུའི་ཅི་ཡང་མེད་ན་ཡི་གེ་འདི་བཀླགས་པ་ཁྱོད་ཀྱི་ཆུ་ཚོད་འཕྲོ་བརླགས་རེད།
ང་ཚོར་གོམས་གཤིས་ཆགས་ཡོད་པའི་སྐད་ཆ་ཞིག་ལ་༼༧རྒྱལ་བ་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན༽ཟེར་ནས་ད་ལྟའི་བར་བཤད་དེ་མི་ལོ་བདུན་ཅུ་འདས་ཟིན་ཏོ།། ད་ནི་བཀའ་དྲིན་ལག་ལེན་བྱས་ཏེ་འཇལ་དགོས་བའི་དུས་ལ་བབས་ཡོད། བོད་མི་དོལ་རྒྱལ་བ་ཞིག་མིན་པ་ནས་སུ་ཡིན་ཡང་ཁོང་གི་བཀའ་དྲིན་བསམ་ཤེས་དང་སྐད་ཆ་ཁ་ནས་དེ་ལྟར་བཤད། འོན་ཀྱང་དེ་རིང་ངས་དྲན་གསོའི་ཚུལ་དུ་བཤད་འདོད་པ་ནི་ཁ་ནས་བཤད་མཁན་མང་གི་ལག་བསྟར་བྱེད་པ་ཉུང་གི་ཟེར་འདོད།
སྐད་ཆ་འདི་ལྟར་བཤད་ན་སེམས་ལ་ཕོག་པའི་མི་བུ་ལྷག་བསམ་ཅན་རེ་ཟུང་ཡོད་སྲིད་ལ། ༼ཁོང་གིས་ང་ཚོར་གནང་བ་མང་དྲགས་སོང་། ང་ཚོས་ཁོང་ལ་ཕུལ་བ་ཉུང་དྲགས་སོང་༽བའི་སྐད་ཆ་འདི་ལྟར་བཤད་པ་ཡིན།
དེ་བས་ཀྱང་གལ་ཆེན་ཞིག་ལ་བཀའ་དྲིན་བསམ་པ་ཙམ་མ་ཡིན་པར་ཇི་ལྟར་བཀའ་དྲིན་འཇལ་དགོས་པ་ཤེས་རྒྱུ་གལ་ཆེན་རེད། ཁོང་གི་རླབས་ཆེན་གྱི་མཛད་རྗེས་རེ་རེ་དང་བཀའ་སློབ་རེ་རེ་མ་ཐོས་པ་ནས་ཐོས་པ་དང་ཐོས་པ་ནས་དོན་ཤེས་པ་དང་ལག་ལེན་བྱེད་པ་ཤེས་དགོས།
༼འགྲོ་བ་མིའི་ཡ་རབས་བཟང་སྤྱོད་མ་ཉམས་གང་འཕེལ་གཏོང་དགོས་ལ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ལ་བརྩོན་དགོས། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ལ་བོད་མི་ཆེད་མཁས་པ་གང་མང་གསོ་སྐྱོང་བྱེད་དགོས། སློབ་གྲྭ་དང་སློབ་གསོ་གལ་ཆེན་ཡིན་པའི་བཙན་བྱོལ་ལ་སླེབས་ཉིན་ནས་ཤེས་ཡོན་སློབ་གསོ་གཙིགས་ཆེན་བྱེད་པ་ཡིན།༽
དེ་དང་འདྲ་བའི་བཀའ་སློབ་སྙིང་གི་ནོར་བུ་སྟོང་ཕྲག་གསུངས་ཡོད་པས་ང་ཚོ་ཕན་ཚུན་སུ་ཡིན་ནའང་ཤེས་ན་བཟང་ལ་བྱ་སྤྱོད་ཀྱང་དེ་བཞིན་གཟབ་ན་ལེགས། བདག་གི་དྲན་པའི་སེམས་སུ་ཡང་ཡང་འཁོར་བའི་སྐད་ཆ་ཞིག་ལ་ང་ཚོ་བོད་མི་ཚོས་ཁོང་གི་རིན་ཐང་ཤེས་ན་ལེགས། ལྷག་པར་དུ་རང་གི་ཁ་ཕོར་ཙམ་དང་སྒོར་མོ་འགའི་དོན་དུ་སྨྱོ་ལ་ཉེ་བའི་བོད་རིགས་དོལ་རྒྱལ་བ་ཚོ་ཤེས་ན་བཟང་།
དེས་ན་ཇི་ལྟར་བཀའ་དྲིན་འཇལ་ཐུབ་ཟེར་ན་༼བླ་སློབ་དམ་ཚིག་གཙང་བ་དང་སེར་སྐྱ་སུ་ཡིན་རུང་བཀའ་སློབ་ལྟ་ཀློག་བྱེད་པ་དང་དོན་ཤེས་པ་དང་ལག་ལན་ཡོད་པ་སོགས་ལ་༽བཀའ་དྲིན་འཇལ་ཟེར།
བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་རང་གི་ལུས་ངག་ཡིད་གསུམ་ན་ཡོད་པ་དང་། ཤེས་ཡོན་སློབ་གསོ་མེད་པས་བོད་མི་ཕམ་སོང་ཟེར་བའི་བཀའ་སློབ་བཞིན་ཆེ་ཆུང་སུ་ཡིན་ཡང་སློབ་སྦྱོང་ལ་ཧ་ཅང་འབད་བརྩོན་དང་ཆེད་མཁས་མི་སྣ་མང་པོ་གསོ་སྐྱོང་བྱེད་པ། བཙན་བྱོལ་ལ་ཡོང་ནས་་སློབ་གྲྭ་དང་པོ་བཙུགས་པ་དང་དགོན་པ་རྗེས་ནས་བརྒྱབ་པ་༧རྒྱལ་བ་རིན་པོ་ཆེ་ཆོས་ལ་དད་པ་མེད་པ་ག་ལ་ཡིན།
ཤེས་ཡོན་ལ་དེ་འདྲའི་གལ་ཆེན་དང་དོན་ཆེན་གནང་བ་ང་ཚོ་ཚང་མས་སེམས་ལ་ཉར་ན་བཟང་ལ་ལྷག་པར་ཤེས་ཡོན་སློབ་གསོའི་ལས་རིགས་སུ་ཡོད་པའི་ལས་ཀྱི་སྣེ་མོ་བ་ཚོས་གོ་སོང་བ་ཙམ་མ་ཡིན་པར་སེམས་སུ་ཉར་ནས་ལས་ཀ་བྱས་ན་བཟང་ལ་བཀའ་དྲིན་འཇལ་བ་ཡིན། སྤྱི་ཚོགས་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ། འགྲོ་བ་མི་ཡི་ཡ་རབས་བཟང་སྤྱོད་སོགས་ལ་བཀའ་སློབ་ལམ་སྟོན་ཡང་ཡང་གནང་ཡོད་པས་དེ་དེ་བཞིན་བསྒྲུབ་ན་ང་ཚོ་ལ་ཕན་པ་ཡོད་པ་ཤེས་ན་ཤིན་ཏུ་ལེགས་སོ།།
དེ་འདྲ་མ་ཡིན་པར་ང་ཚོ་ཚང་མས་ཤེས་གསལ་ལྟར་ན་གཞོན་ཕོ་མོ་གང་མང་གིས་ཆང་རག་དང་ཐ་མག་རྒྱན་སྐུག་བྱས་ནས་ཁ་ནས་༧རྒྱལ་བ་རིན་པོ་ཆེ་ཟེར་ནས་དོན་དུ་ལྡོག་པའི་ལས་ཀ་དང་མི་ཚེ་འགྲོ་ཐབས་ཙམ་བྱེད་ན་ག་ལ་འགྲིག
ལྷག་པར་དུ་དེང་སང་གི་དུས་འདིར་ན་གཞོན་མང་པོ་ཞིག་གིས་རྒྱན་སྐུག་དང་ཉལ་ཐ་ཡིས་ཉི་མ་དང་མི་ཚེ་འགྲོ་ཐབས་འདུག་ཐབས་ཙམ་བྱེད་པ་ནི་ཐབས་སྡུག་དང་ཁོང་གིས་གསན་ན་ཐུགས་སྐྱོ་བའི་གནས་ཚུལ་ཡིན་པས་ཁྱོད་རང་བོད་མི་ཞིག་ཡིན་པའི་བསམ་བློ་ཅུང་ཙམ་གཏོང་རོགས་ཞུའོ།། འགན་འཁུར་ཡོད་པ་མ་བརྗེད་རོགས་ཞུའོ།།
༧རྒྱལ་བ་རིན་པོ་ཆེས་དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་ཕྱག་གིས་ཐལ་མོ་སྦྱར་ནས་ང་ཚོའི་འཚོ་བ་དང་བདེ་སྡུག་གསུངས་ཏེ་གཞན་ལ་སློང་མོ་བརྒྱབ་སྟེ་ང་ཚོ་ལ་གནང་བྱུང་། དཔེར་ན། ཁྱིམ་ཚང་ཞིག་གི་ཕ་བཞིན་ང་ཚོ་བསྐྱངས་པ་རེད་མ་གཏོགས་༧་རྒྱལ་བ་རིན་པོ་ཆེ་མི་གཅིག་གམ་གྲྭ་རྐྱང་ཞིག་གར་འགྲོ་གར་བཞུགས་ཡིན་པ་ཤེས་གསལ་རེད།
བོད་མི་མང་པོ་ཞིག་གིས་ཁོང་གི་བཀའ་དགོངས་ང་ལས་ལྷག་པར་མཁྱེན་་ཡོད་ལ་དེ་ལྟར་སྒྲུབ་བཞིན་ཡོད་མོད། ད་དུང་བོད་མི་ཁ་ཅིག་གིས་ཅི་ཡང་མ་ཐོས་པ་དང་ཐོས་ན་ཡང་ལག་ལེན་ཉུང་བས་དྲན་གསོའི་ཚུལ་དུ་བྲིས་པ་ཡིན། ད་ནི་བཀའ་དྲིན་ཤེས་རན་རེད་ལ་དྲིན་ལན་འཇལ་རན་ཡིན་པའི་བསམ་བློ་རེ་གཏོང་རོགས་ཟེར་ནས་འབོད་སྐུལ་ཚུལ་དུ་གླིང་གཟི་མིག་གིས་གུས་ཕུལ་ཞུའོ།།
ཡ་རབ་མི་བུ་ཞིག་གི་བཟང་སྤཟཡོད་མངོན་པའི་རྩོམ་ཡིག་ཞིག་སྤེལ་འདུག་་
བཟང་སྤྱོད་་
སྐུ་ཉིད་ཀྱིས་རྩོམ་ཐུང་གནད་དུ་འཁེལ་བ་ཞིག་བྲིས་འདུག རྗེས་སུ་ཡི་རང་ཡོད།
ཁ་བརྡ་ནང་གི་xxxxའགའ་ཞིག་གི་བྱ་སྤྱོད་ལ་སེམས་འཚབ་བྱུང་ན་ཡང་། ཕ་བཟང་གི་བུ། མ་བཟང་གི་བུ་མོ། གངས་ཅན་པའི་ལ་རྒྱལ་ཅན། ཆོས་ལུགས་ལ་གུས་དད་ཅན། གཞན་གྱི་དྲིན་ཆེན་ལ་རྗེས་ཡིད་རང་ནི། རང་གི་དྲིན་ཆེན་ལ་གུས་ཕྱག་འབུལ་ནི། ཐོད་པའི་ཁ་ཡིག་ལ་བོད་ཡིག་བྲིས་ཡོད་མཁན་དམངས་ནི་འདི་འདྲ་ཞིག་མིན་པས། གཟི་མིག་དང་ངེད་གཉིས་སྤྱིར་སེམས་བདེ་བསྡད་ན་འགྲིག་པ་འདྲ་ཞིག་རེད། ཀུན་སློང་འདི་འདྲ་ལ་ཐུགས་རྗེ་ཆེ།
གླིང་གཟི་མིག་ལགས་ཀྱིས་རྩོམ་ཡིག་དེར་དགའ་མོས་ཡོད། རྒྱུ་མཚན་ནི་ཁ་བརྡ་དྲ་བའི་ནང་དོལ་འབུ་ཤིན་ཏུ་མང་བས་རྒྱུན་རིང་པོ་ཞིག་ལ་མི་སྐད་ངོ་མ་ཞིག་མ་གོ་བས་ཡིན།
དཔེ་ཡག་པོ་བྲིས་འདུག་་་xxཅོ་ཉི་སོགས་སྙིང་ལ་ན་ཟུག་ཕོག་ཡོད་པ་འདྲ་་་་་ཧཧཧ
དད་ན་དད་རིན་ཆོག་པ།
བསྟེན་ན་བསྟེན་རིན་ཆོག་པ།
རེ་ན་རེ་རིན་ཆོག་པ།
༸གོང་ས་ཆེན་པོ་མཆོག་ལགས།
བཀའ་དྲིན་ཆེན། རྩོམ་ཡིག་ཤིན་དུ་ཡག་པོ་གནད་ཁེལ་བ་ཞིག་བྲིས་འདུག། དེ་བཞིན་རེད་། ཁོང་ནི་ང་ཚོ་བོད་མི་ས་དྲུག་གི་ཁོག་པའི་སྙིང་དང་ཕྲད་པའི་མིག་ཡིན་པའི་མ་ཚད་། ཚེ་འདི་མགོན་དང་ཕྱི་མའི་སྐྱབས་ཡིན། ང་ཉིད་ལ་མཚོན་ན་ཡང་། ནམ་ཞིག་དབུག་གི་རྒྱུ་བ་ཕྲ་མོ་འདི་ཆད་པའི་དུས་ཁོང་གི་གསེར་ཞལ་ཉི་མའི་དབང་པོ་སེམས་སུ་སྒོམ་ནས་འགྲོ་རྒྱུ་དེ་ཡིན། གཞན་བཤད་རྒྱུ་ཅང་མེད་།
ལེགས་སོ། ལེགས་སོ། ཤིན་དུ་ལེགས་སོ། རྩོམ་ཕན་པ་ཅན་ཞིག་རེད།
བཀའ་དྲིན་གསོ་བ་ལ་མཆོག་ཏུ་འགྱུར་བ་ནི་ཁོང་གི་ཚད་ལྡན་གྱི་བཀའ་སློབ་བཟང་པོ་དག་ལག་ལེན་གཏང་རྒྱུ་དེ་རེད། ཁྱེད་ལ་གོང་ས་མཆོག་གི་གཤམ་གྱི་གསུང་དེ་གོ་དུས་ཚོར་བ་ཇི་འདྲ་རེད། ང་དང་ངའི་ཉེ་འཁོར་ན་ཡོད་པའི་མི་ཚོ་སྐབས་དེ་དུས་རང་དབང་མེད་པར་ངུ་ཤོར་སོང་།
གོང་ས་མཆོག་གིས་ཚོགས་འདུ་ག་གེ་མོ་ཞིག་གི་སྐབས་ལ།
“ངས་འཛམ་གླིང་ཤར་ནུབ་གང་སར་སྙིང་རྗེ་དང་བྱམས་སེམས་སྤེལ་བར་ཞུ་བ་རྒྱག་དགོས་སར་ཞུ་བ། སྤྲེལ་ལད་ཁྲབ་དགོས་སར་སྤྲེལ་ལད། ལུང་རིགས་གོ་མཁན་ལ་ལུང་རིགས། དབང་དང་མན་ངག་དགོས་མཁན་ལ་དབང་ལུང་ཕུལ་ནས་སྙིང་རྗེ་དང་བྱམས་སེམས་སྤེལ་ཐབས་བྱེད་ཀྱི་ཡོད། ཁྱེད་ཚོ་ཁག་གཅིག་གི་དེ་ཤེས་ཀྱི་ཡོད། རྒྱུ་མཚན་གཙོ་བོ་ག་རེ་རས། དགོས་པ་ག་རེ་རས། ཏ་ལའི་བླ་མ་ཤར་ནུབ་གང་སར་རྒྱུག་དགོས་པ་དེ། ཏ་ལའི་བླ་མ་སེམས་ཅན་ཉམས་ཐག་དེ་ཚོར་སྙིང་རྗེ་ཆེན་པོ་སྐྱེ་བཞིན་ཡོད། ཟས་ཀྱི་དམིགས་ཡུལ་མིན་པར། སྐྱིད་རྒྱག་པ་གཏོང་ཆེད་གཅིག་པུར་སེམས་ཅན་ལ་ག་ཚོད་སྡུག་གཅོད་གཏོང་གི་མིན་འདུག་གམ། ཉིན་མ་གཅིག་ལ་སེམས་ཅན་ག་ཚོད་བཤས་ཀྱི་མིན་འདུག་གམ། ཚུར་ལ་ང་ཚོར་ཁབ་གཅིག་ཕོག་དུས་སྐད་ངན་ཤོར། རང་གི་ཕྲུ་གུར་དུག་སྦྲང་ཞིག་གི་སོ་བརྒྱབ་ན། སེམས་ལ་སྡུག་བསྔལ་ཆེན་པོ་བསླེབས། ཕ་གིར་གྲི་ཆེ་ཆུང་སྣ་ཚོགས། འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས། འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་བཀོལ་ནས་སེམས་ཅན་གསོ་གསོད་ཚོང་བསྒྱུར་བྱེད་དུས། སེམས་སྐྱིད་པོ་མིན་འདུག ངས་དངུལ་སྤྲད་ནས་ཁོང་ཚོ་ཉོ་མི་ཐུབ། ད་རེ་བ་གཅིག་ཡོད་པ་ནི། མིའི་སེམས་ལ་སྙིང་རྗེ་ངོ་སྤྲོད་དང་རྒྱུད་སྐུལ་བྱེད་རྒྱུ་རེད། སྙིང་རྗེ་རྒྱུད་ལ་སྐྱེས་ནས་སེམས་ཅན་ལ་བྱམས་སེམས་ཆེ་རུ་ཕྱིན་ན། ངའི་ཤར་རྒྱུག་ནུབ་རྒྱུག་གི་དམིགས་ཡུལ་དེ་ཡིན། ཆོས་ལུགས་སྤེལ་རྒྱུ་ནི་དམིགས་ཡུལ་མིན། སེམས་བཟང་པོ་ངོ་སྤྲོད་རྒྱུ་དེ་ཡིན།
དུས་འཁོར་དབང་ཆེན་སྐབས་ལ་གལ་ཆེ་ཤོས་དེ་སྔོན་འགྲོའི་ཆོས་བཤད་སྐབས་ཀྱི་སྙིང་རྗེ་དང་བྱམས་སེམས་ངོ་སྤྲོད་དེ་ཡིན། ཕྱི་རྒྱལ་ལ་ཆོས་ལུགས་འདྲ་མིན་དང་། ཆོས་དད་མེད་པ་མཉམ་དུ་སྙིང་རྗེ་དང་སྤྱོད་བཟང་ངོ་སྤྲོད་བྱ་རྒྱུར་ཤུགས་གཙོ་བོ་རྒྱག་གི་ཡོད། སེམས་ལ་འགྱུར་བ་གཏོང་མ་ཐུབ་ན། རེ་བ་གཞན་མིན་འདུག”
སྟོན་པ་བླ་ན་མེད་པའི་བསྟན་པ་ལ་ མཇལ་བ་འདི་ནི་བླ་མའི་དྲིན་ཡིན་པས དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ་ བླ་མ་དམ་པས་རྗེས་སུ་འཛིན་གྱུར་ཅིག