ངས་ཡུན་རིང་རེ་སྒུག་བྱས་པའི་དོན་དག་ཅིག་སྟེ། འཛམ་གླིང་གི་ཡིག་རིགས་ཆེ་ཁག་རྣམས་དང་ཤན་སྦྱར་གྱི་དབྱིན་ཡིག་གློག་རྡུལ་ཚིག་མཛོད་དེ་ཚོ་དང་འདྲ་བར། ང་ཚོ་ལ་ཡང་བོད་དབྱིན་གློག་རྡུལ་ཚིག་མཛོད་ཅིག་ཡོད་ན་ཅི་མ་རུང་གི་རྨི་ལམ་དེ་ད་ལྟ་མངོན་དུ་འགྱུར་མགོ་ཚུགས་འདུག ངས་སློབ་གྲྭ་ནས་རྒྱ་མོ་ཚོས་རྒྱ་དབྱིན་གློག་རྡུལ་ཚིག་མཛོད་ཆུང་ཆུང་རེ་བདེ་ལྕག་འཁྱུག་པོས་སྔོག་པ་མཐོང་ཐེངས་རེ་རེར་བོད་དབྱིན་ཚིག་མཛོད་མཐུག་ལྡང་མ་རེར་འཇུས་ནས་དངན་པ་ག་ཚོད་ཅིག་འཐེན་ཡོད་དམ། ཞིབ་ཏུ་གཟིགས་འདོད་ན་གཤམ་དུ་རྡེག་གནོན་གྱིས། ཡང་མིན་ན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་རྒྱུགས།
http://zw.tibet.cn/news/xz_news/ttxw/200810/t20081006_430507.htm
འདི་ངོ་མ་གཏམ་བཟང་རེད། ད་ནི་ལག་རྩལ་གྱི་ཐོག་ནས་འགྲིག་སོང་། ཚིག་གི་སྒྲིག་སྦྱོར་འདོད་པ་ཁེངས་པ་ཞིག་མེད་རུང་། རིམ་གྱིས་ཡར་རྒྱས་གཏོང་ཐུབ་རྒྱུ་རེད། ཆབ་སྲིད་ཀྱི་རང་བཙན་བཤད་ནས་སྡོད་པ་ལས་རིག་གཞུང་དང་དཔལ་འབྱོར། ལག་རྩལ་སོགས་ཀྱི་རང་བཙན་བླངས་ན་ལོས་དགའ། ཁ་བརྡ་ཚང་འདིས་ང་ཚོར་འདི་འདྲའི་བོད་ཡིག་གི་ཐོག་ནས་ཁ་བརྡ་བྱེད་ས་ཞིག་བཀོད་སྒྲིག་བྱས་པ་འདི་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གནས་ཚུལ་འདི་ཁ་སང་ཞིག་ནས་བོད་ནང་གི་དྲ་གནས་ཁ་ཤས་ཤིག་ནང་བཀོད་འདུག ངས་རྒྱ་བོད་དབྱིན་གསུམ་གྱི་ཚིག་མཛོད་འདི་གཙོ་བོ་ཁུངས་གཏུག་ས་གང་ཡིན་གྱིས་མཚོན་པའི་གནས་ཚུལ་མང་ཞིག་ཤེས་འདོད་ཀྱིས་ཡར་བསྔོག་མར་བསྔོག་ཅུང་ཟད་བྱས་པ་ཡིན་ཡང་གནས་ཚུལ་མང་པོ་རྙེད་མ་སོང་། རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྤྱོད་བཏང་འདུག གཞན་རྒྱ་ནག་གི་སྙན་ངག་དང་གཏམ་དཔེ་སོགས་དང་འབྲེལ་བའི་སྐོར་ཡང་གང་འཚམས་ཤིག་ནང་ལ་བཅུག་ཡོད་པ་འདྲ།
ལོ་འགའི་སྔོན་ནས་བཀྲིས་ཚེ་རིང་གིས་བྲིས་པའི་རྒྱ་བོད་དབྱིན་གསུམ་གྱི་ཚིག་མཛོད་དེ་གློག་རྡུལ་ཚིག་མཛོད་དུ་བསྒྱུར་ཡོད་པ་རེད་ཟེར་ནས་མི་ཞིག་གིས་ང་ལ་དེ་འདྲ་ཞིག་ཉོས་ཤོག་ཟེར་གྱི་འདུག་ཀྱང་ང་ལ་དེ་རྙེད་མ་སོང་། དེ་གཉིས་གཅིག་པ་ཡིན་རྒྱུ་མ་རེད་པ།
དབྱིན་བོད་ཚིག་མཛོད་དེ་ཚོའི་ནང་ནས་དགོས་པའི་ཚིག་མང་པོ་ཞིག་རྙེད་ཀྱི་མི་འདུག དེ་ཚོའི་ནང་ནས་བཀྲ་ཤིས་ཚེ་རིང་གི་དེ་ཅུང་ཟད་ཡག་ག་འདུག
འདི་ཅང་ཕན་ཐོགས་སྤྱད་ཅིག་ཨེ་ཡིན་ནམ། སྤྱིར་བཏང་བོད་ཡིག་འདི་དབྱིན་ཡིག་དང་བསྡུར་ན་ཐ་སྙད་གཅིག་མཚུངས་སུ་ཏག་ཏག་བསྡད་མེད་པ་དེ་འདྲ་མང་པོ་ཞིག་ཡོད་པ་འདྲ། ལོ་ཙཱ་བ་ཕུལ་དུ་བྱུང་བ་རེ་བྱུང་ན་ཅིག་བྱ་རྒྱུ་རེ་ལོས་ཡོད།