ཨ་ནུ་ཐང་བསོད་ནམས།
ཧོང་ཀོང་གི་མང་གཙོ་དང་ཁྲོས་ཁྲོས། ཏཱ་ལའི་བླ་མ་བཅས་ཀྱི་མཛའ་འབྲེལ།
ཁྲོས་ཁྲོས་ཀྱིས་མང་གཙོ་ལ་འདོད་པ་ཡོད་མཁན་ཞིག་ཡིན་ན་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་གྱི་བསྒྲགས་གཏམ་སྤེལ་འདུག ཡིན་ཡང་། ཏཱ་ལའི་བླ་མ་ལྷོ་ཨ་ཧྥ་རི་ཁ་ལ་ཕེབས་མ་ཐུབ་པའི་གནད་དོན་ལ་ཡུལ་དེའི་གཞུང་ལ་སྐྱོན་བརྗོད་ཟླ་འདིའི་འགོ་བར་དུ་མ་བྱས་པས་མི་མང་པོ་ཞིག་གིས་ཁྲོས་ཁྲོས་ཁུ་སིམ་སིམ་དུ་བཞུགས་པ་ལ་དོགས་པ་དང་། སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ཅིང་། ད་ཐེངས་རྡ་ས་ལ་བཅར་མི་འདུག
དེ་སྔོན་ལྷོ་ཧྥུ་གཞུང་གིས་ཏཱ་ལའི་བླ་མ་ཡུལ་དེ་རུ་ཡོང་རྒྱུའི་ཆོག་མཆན་མ་གནང་བ་ལ་ངོ་རྒོལ་ཤུགས་ཆེ་བྱས་པའི་སྟེང་། རྒྱབ་སྐྱོར་གྱི་ཆེད་དུ་རྡ་ས་རུ་ཕེབས་ཡོད་ལ། ༢༠༠༨ ལོའི་ཞི་རྒོལ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། འོན་ཀྱང་། ད་ཐེངས་དེ་ལྟར་མ་གནང་བར་འགྱུར་བ་ཕྱིན་དགོས་དོན་ནི་གཅིག་བྱས་ན་ཏཱ་ལའི་བླ་མས་མང་གཙོ་རྩོད་ཀྱིན་མེད་པ་ཤེས་རྟོགས་བྱུང་བས་ཡིིན་སྲིད་ལ། ལྷག་པར་དུ་CNN གསར་འགོད་པས་ཏཱ་ལའི་བླ་མར་དྲི་བ་གནང་སྐབས། ཁོང་རང་ཡིད་སྨོན་ཤོར་ཤོས་ཀྱི་མི་སྣ་ནི་ནར་སེ་མན་དྲལ་ལ་དང་ཨ་རིའི་སྲིད་ཟུར་བྷི་ཤི་སོགས་ཡིན་ཚུལ་གསུངས་ཡོོད།
མན་དྲལ་ལས་ཁོང་ལྷོ་ཨ་ཧྥུ་རི་ཁ་ལ་ཕེབས་སུ་མ་བཅུག་པའི་ལྷོ་ཨ་ཧྥུ་རི་ཁིའི་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་མ་གནང་བ་མ་ཟད། ༢༠༠༨ ལོའི་བོད་དོན་ལའང་དོན་དངོས་ཀྱིས་རྒྱབ་སྐྱོར་བྱས་མེད། ཐ་ན་ཁོང་གི་འཐབ་རྩོད་ལས་སེལ་བའི་ལྷོ་ཨ་ཧྥུ་རི་ཁིའི་མི་རིགས་དཀར་ནག་གི་རྙོག་དྲ་ཡང་། ཞི་བ་ལས་དྲག་པོའི་ཐབས་ལམ་ལ་མང་དུ་བརྟེན་ནས་མི་དཀར་སྲིད་གཞུང་ཕམ་པར་བཏང་ཐུབ་ཡོད། འོན་ཀྱང་། ཏཱ་ལའི་བླ་མའི་ཡིད་སྨོན་བྱེད་ས་ནི་ཁོང་གི་མཛའ་གྲོགས་ཁྲོས་ཁྲོས་མིན་པར་མན་དྲལ་ལ་རེད།
གཅིག་བྱས་ན། དེ་ལྟར་གསུངས་ཚེ་མན་དྲལ་ལ་དང་ཁོང་གི་མཐུན་ཕྱོགས་ཚོས་ཏཱ་ལའི་བླ་མ་གནས་དེ་རུ་ཕེབས་པར་རྒྱབ་སྐྱོབ་བྱེད་རྒྱུའི་སླད་དུ་ཡིན་སྲིད་ཀྱང་དེ་དག་མངོན་འགྱུར་བྱུང་ཐུབ་མེད། གང་ལྟར་གནད་དོན་དེ་ལ་ཁྲོས་ཁྲོས་ཡི་མ་རངས་པ་འདྲ་ཞིང་། ད་ཐེངས་ཀྱི་ཏཱ་ལའི་བླ་མའི་མཐོང་ཆེན་གྱི་དཀའ་རྙོག་ཐད་ལ་ཁོང་རྒྱུན་རིང་པོ་ལ་ཁ་ཁུ་སིམ་སིམ་དུ་བཞུགས་ཁར། རྡ་སའི་མཛད་སྒོའི་ཐོག་བཅར་མི་འདུག མི་བཅར་རྒྱུའང་ཡོངས་གྲགས་ཀྱིས་གསར་བསྒྲགས་གནང་བས་མི་མང་པོ་ཞིག་ཁྲོས་ཁྲོས་དང་ཏཱ་ལའི་བླ་མའི་མཛའ་འབྲེལ་ལ་དོགས་པ་ཟ་རུ་བཅུག་ཡོད།
བྷོ་ཤི་ནི་བོད་དོན་ལ་བཀའ་དྲིན་ཆེན་པོ་ཡིན་ཡང་ཁོང་ནི་དྲང་བདེན་དང་རང་དབང་ཁོ་ནའི་ཆེད་དུ་བསྐྱོད་མཁན་ཞིག་མིན་ཏེ། ༢༠༠༨ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྐུ་མགྲོན་ལ་ཞུགས་ཡོད། སྐབས་དེར་ནན་སི་ཕོ་ལོ་སི་སོགས་ཁོང་གི་བློན་ཆེན་མང་པོ་ཞིག་གིས་བྷོ་ཤི་ལ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཆེད་དུ་ཕོ་ལན་གྱི་སྲིད་འཛིན་ལྟར་སྐུ་མགྲོན་དུ་མ་ཞུགས་ཞེས་རེ་བ་ཞུས་ཡོད་ཀྱང་གསན་གནང་མེད།
གནད་འགག་གི་སྐབས་སུ་བོད་དོན་ལ་རྒྱབ་སྐྱོར་མ་བྱས་ཤིང་། མི་བྱེད་དགོས་དོན་གྱི་ཚོང་ཅི་ཞིག་རྒྱ་ནག་དང་ལྷན་བརྒྱབ་ཡོད་མེད་སུ་ཞིག་གིས་གསལ་བོར་ཚོར་མེད། གང་ལྟར་གནད་འགག་གི་སྐབས་སུ་བོད་ལ་རོགས་སྐྱོར་བྱས་མེད་ཁར། ཏཱ་ལའི་བླ་མས་ཀྱང་དེ་ལ་མཐུན་ཕྱོགས་ལྟ་བུས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་འགྱུར་མེད་དུ་གནང་ཡོད།
ཧོང་ཀོང་གིས་མང་གཙོ་རྩོད་སྐབས་རྡ་ས་རུ་དུས་སྟོན་ཚོགས་ཀྱིན་ཡོད་ཀྱང་། གོ་སྐབས་དེ་བརྒྱུད་ནས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་རྒྱུ་ཁག་པོ་རེད། ཡིན་ཏེ། རྒྱ་ནག་གིས་ཏཱ་ལའི་བླ་མ་བོད་དང་། ལྷག་པར་དུ་རྒྱ་ནག་རི་བོའི་རྩེ་ལྔ་ལ་གནས་གཟིགས་སུ་ཕེབས་འདོད་སྐོམ་པ་ཆུ་འདོད་བཞིན་ཡོད་པ་རྟོགས་ནས་། ཁོང་བོད་དང་རྒྱ་ནག་ཏུ་གནས་སྐོར་ལ་ཕེབས་ཐུབ་རྒྱུའི་གྲོས་འགོ་འདོན་བཞིན་ཡོད་པས་ཡིན། དེ་ནི་ཁ་ཆེས་ཅོ་ནས་ཀྱི་དགོན་པ་ཞིག་ལ་བཙན་འཛུལ་བྱེད་སྐབས་ཕྱག་མཛོད་ཐུབ་བསྟན་ལྷ་ས་ལ་ཁྲིད་རྒྱུའི་ཁས་ལེན་གནང་ཞིང་བེད་སྤྱོད་བཏང་བ་བཞིན་མི་འགྲོ་བའི་སྨོན་ལམ་ཡོད།
འོན་ཀྱང་། གྲོས་འགོ་འམ་ཚོང་དོན་འདི་ལམ་ལྷོང་ཡོང་རྒྱུ་ནི་དཀའ་ལས་ཀྱི་གནས་ཤིག་ལས། ཡོང་ཡོང་ཆོག་ཆོག་ཅིག་མིན་ཏེ། ཏཱ་ལའི་བླ་མས་རྒྱ་ནག་ལ་ཁེ་ཕན་ཞིག་མ་སྤྲད་པར་རྒྱ་གཞུང་གིས་ལས་སླ་བོས་དེ་ལྟར་ངོས་ལེན་བྱེད་མི་སྲིད། ཚོང་ཅི་ཞིག་བརྒྱབ་ཀྱང་ཁེ་ལས་གྱོང་འཁུར་འདོད་མེད་པ་ནི་ཚོང་གི་རང་གཤིས་རེད་ལ། དེ་ཅི་ལྟར་བྱས་ནས་ལེགས་འགྲུབ་ཡོང་མིན་ནི་ཚོང་དཔོན་ཚོའི་ཐབས་ལམ་ལ་རག་ལས་པས། ད་ལྟ་ཚོང་ག་འདྲ་བྱས་ནས་རྒྱག་མིན་དང་། ཐབས་ཇུས་ཅི་ཞིག་བེད་སྤྱོད་གཏོང་མིན་ནི་སྒུག་སྡོད་ཀྱི་གནས་ཤིག་རེད། འོན་ཀྱང་། ད་བར་དུ་རྒྱ་ནག་དང་ཏཱ་ལའི་བླ་མ་གཉིས་ཀྱིས་ཚོང་འབྲེལ་བྱས་སྐབས་ཏཱ་ལའི་བླ་མ་ནི་ཕམ་ཁ་མྱོང་མཁན་དང་། ཁོང་ནི་རྒྱ་ནག་གི་ཐབས་ཇུས་ཀྱི་མགོ་སྐོར་འོག་ཏུ་ཚུད་མཁན་ཡིན་པས་ད་ཐེངས་ཀྱི་ཁེ་ཚོང་ལས་ཏཱ་ལའི་བླ་མར་ཁེ་ཕན་ཐོགས་པར་དེ་ཙམ་ཡིད་ཆེས་མེད།
རྒྱ་ནག་ནི་ཚོང་འབྲེལ་གྱི་ཐབས་བྱུས་ལ་མཁས་ཤིང་ཏཱ་ལའི་བླ་མ་ནི་སྦྱིན་བདག་འཚོལ་སྒྲུབ་ཀྱི་རིག་པ་ལ་མཁས་པས། ཚོང་འབྲེལ་དང་སྦྱིན་བདག་འཚོལ་སྒྲུབ་ཀྱི་རིག་པ་གཉིས་འགྲན་རྩོད་བྱེད་སྐབས། དེང་གི་སྤྱི་ཚོགས་ཁྲོད་དུ་ཚོང་འབྲེལ་གྱི་རིག་པ་ལ་རྒྱལ་ཁ་འཛམ་གླིང་གང་སར་ཐོབ་བཞིན་ཡོད་པས། སྦྱིན་བདག་འཚོལ་སྒྲུབ་ཀྱི་ཐབས་ཇུས་ལ་ཕམ་ཁ་མྱོང་བཞིན་ཡོད། རྒྱུ་མཚན་ནི། དེང་སྐབས་ནི་ཚོང་གི་དུས་རབས་ཡིན་ཞིང་སྦྱིན་བདག་འཚོལ་སྒྲུབ་ཀྱི་ཆོས་ལུགས་ཀྱི་རིག་པ་རྙིང་བར་གྱུར་པས་རེད།།
ཡང་འདིར། ཨ་ནུ་ཐང་གིས། སྨྱོ་ལབ་བརྒྱབ་འདུག
ཡག་པོ་བྲིས་འདུག་ད
ཡག་པོ་བྲིས་འདུག་དོན་དངོས་དང་མཐུན་པ་རེད། མ་གཞི་བོད་པ་ཚང་ལ་དགོས་ཡ་དེ་ངོ་དགའ་དཔེ་
ལེགས་རེད་མ་གཏོགས་དྲང་གཏམ་མ་རེད།
དམངས་གཙོའི་གསེར་གྱི་རྟགས་མ་སྐེ་ལ་གྱོན་ནས་ཧོང་ཀོང་མི་དམངས་ཀྱི་དམངས་གཙོ་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཙམ་ཡང་མི་སྤེལ་པ་འདི་ནི་འཛམ་གླིང་ལ་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། མི་སེར་དུང་ཕྱུར་༡༣་གྱི་རང་དབང་ལ་གུས་བཀུར་མི་བྱེད་པ་མཚོན།
གཏམ་བདེན་པ་བཤད་ན་མྱི་མི་དགའ། དབྱུག་པ་རིང་ན་ཁྱི་མི་དགའ། ཟེར་བ་ལྟར། ཡང་མི་འགའ་ཞིག་གིས་གཤེ་གཤེ་གཏོང་རྒྱུའི་ཉེན་ཁ་སླེབས་འདུག་ད།
འཛམ་གླིང་ས་སྟེང་ཁུག་པ་མང་པོ་ལ།།
ང་རང་བོད་ཡིན་ཟེར་ན་མི་ཤེས་མང་།།
ཕྱོགས་བཞི་མཐའ་བརྒྱད་གོ་ལ་ཟླུམ་པོའི་སྟེང་།།
༧རྒྱལ་བ་ཏ་ལའི་སྦྱར་ན་མི་ཤེས་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
འཛམ་གླིང་སྤྱི་ཁྲིམས་ཀུན་གྱི་རྩི་ཁྲིམས་ལ།།
མི་རིགས་དབྱེ་མེད་ཐོབ་ཐང་གཞི་གཅིག་རུང་།།
ཏ་ལའི་བླ་མའི་མི་ལ་ཐར་མོ་སྦྱོར།།
མི་རིགས་གཞན་ལས་བློ་ཐག་ཉེ་རུ་འཛིན།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
སེམས་ཅན་བདེ་དོན་ཡང་དགས་བོད་དོན་གསུང་།།
ཉིན་མཚན་དབྱེར་མེད་འཇིག་རྟེན་སྐྱོང་དུ་སྐྱོད།
ལས་འབྲས་རྩ་བ་བྱང་ཆུབ་སེམས་ཉིད་ཁྲིད།
ནང་བསྟན་རིགས་པའི་རྒྱུ་ངོམ་གླིང་ལ་གསོལ།།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
བལ་བོ་རྒྱ་གར་འགྲིམ་དུས་སྤྲང་ཕྲུག་བོད།
ཤོག་གི་སྣ་གཅིག་སྒོར་མོ་སྐར་གཅིག་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་ཁོ་ན་ལས།།
གར་འགྲོ་འདིར་འདུག་ཕྱོགས་ལ་ཁྲིམས་ཞིག་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
བྲིས་ན་ཚར་ཡ་མེད་པའི་བཀའ་དྲིན་ནི།
བཤད་ན་གོ་ཡ་མེད་པའི་ཨ་ནུ་སོགས།།
ལས་སྐལ་ལོག་པའི་མྱི་ཡི་སྙིགས་མ་ཚོར།།
འདི་འདྲ་བཤད་པའི་དགེ་བ་མ་འཆིས་ཀྱང་།།
རྒྱལ་བ་མཆོག་གི་བཀའ་དྲིན་དྲན་བྱེད་ཙམ།།
རྩོམ་ལ་གནད་ལ་ཁེལ་བ་བྲིས་འདུག ཡིན་ནའང་མི་ཁ་ཅིག་ལ་མུན་པམཤར་སྲིད་སྲིན་བྱ་ནི་སྲིན་བྱ་རང་རེད།
དངོས་གནས་གནམ་རྒན་མས་བཤད་པ་བདེན། ང་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལས་ལྷག་པའི་ཧ་ཅང་གི་མཛེས་སྡུག་ལྡན་ཞིང་བུ་གསོ་སྐྱོང་གི་མངལ་སྐྱོན་མེད་པ་ཞིག་ཡིན་ན། ངས་རང་གི་བུ་ནི་རྒྱ་མིན་བོད་མིན། ཏང་གི་ཆོས་ཚོགས་ཀྱི་ཚོགས་མི་ཨ་ནུ་དང་རྨོངས་དད་ཀྱི་ཆོ་ག་མཁན་ཅོ་རུལ་གྱི་བུ་རྒྱུད་ལྟ་བུ་མིན་པར། མི་གཤིས་ལེགས་ལ་བོད་ཀྱི་སྒལ་ཚུགས་ཅན། གནམ་ལགས་ཀྱི་བུ་རྒྱུད་གསོ་སྐྱོང་བྱ་འདོད།
རྨོངས་དད་ཀྱི་ཆོ་གར་རྒྱུས་མེད་ལ་དཔའ་ངར་ལྡན་པའི་བོད་མི་ཚོས་དོལ་ཏང་ཟུང་འབྲེལ་ཚོགས་པའི་ཚོགས་དངུལ་ལ་མ་བསྟེན་པར་གང་ནུས་ནུས་དང་ཅི་ལྕོགས་ལྕོགས་ཀྱིས་ལས་ཀར་བརྩོན་བགྱི་ངའི་རེ་བ་ཡིན། ལྷམ་ཚེམ་དང་གསང་སྤྱོད་སྒོ་སྲུང་གི་བྱ་སྤྱོད་ལ་ང་བལྟ་ཚུལ་མེད། དམར་སྲུང་ཆོས་ཚོགས་ཀྱི་ཚོགས་མི་ཨ་ནུའི་རྨོངས་དད་བཅོས་ཐབས་ཀྱི་གློག་བརྙན་ཌིས་ཝུ་ཊིDVDདེ་མི་རིང་བར་སྤྱི་ཚོགས་སུ་བཀྲམས་ཡོང་བའི་རེ་བས་སྒུག་ཡོད།
གོ་བའི་མི་ལ་བརྡ།། རི་སྐྱང་སྔོན་མོར་ཐོ།། ཞེས་པའི་དཔེ་ལྟར། དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀར་བསམ་བློ་གཏོང་རྒྱུ་འདི་ང་ཚོ་བོད་པའི་གོམས་གཤིས་ལ་འཇགས་ཐུབ་ན་ཡག
བྱུས་མེད་བྱུས་གཏོགས་ལ་དགའ་བ་སྐོར་ཅིག་འཛོམས་འདུག་ག
ཧཧཧ
ཨ་ནུ་ཐང་ལགས་ཀྱིས་དེང་སྐབས་ཀྱི་གནས་སྟངས་ངོ་མ་དེ་གསུང་ཤག འདི་ལས་ལྷག་ཅིག་ཡོག་མ་རེད། འདི་མ་བྷིན་མ་རེད། ཤ་ཚ་རེད། ལྷ་མིའི་རྣམ་འདྲེན་ལབ་ན་སྙན་པོ་རེད་དེ་ཡོང་ཡ་རྐང་གཅིག་མི་འདུག་ག
ཧོང་ཀོང་གིས་རྩ་ཁྲིམས་འོག་གི་ཐོབ་ཐང་རྩོད་ཀྱིན་པས། གོང་ས་མཆོག་གིས་དེ་ལ་རྒྱབ་བསྐྱོར་མ་གནང་ན། རྒྱ་མི་དུང་ཕྱུར་བཅུ་གསུམ་གྱིས་ཁོང་ནི་གུང་ཁྲན་ཏང་གི་ཁེ་ཕན་སྲུང་པའི་དབུ་ཁྲིད་ཟུར་བ་ཞིག་ལ་མ་གཏོགས་མཐོང་མི་སྲིད།
རྒྱ་མི་དང་བོད་མིའི་རྩ་བའི་ཁྱད་པར་ནི་རྒྱ་མིས་ཚེ་འདིའི་བདེ་བ་གཙོར་འཛིན་དང་བོད་མིས་ཚེ་ཕྱི་མ་གཙོར་འཛིན་བཞིན་ཡོད། ཉེན་ཁ་ངོ་མ་དེ་རྒྱ་མི་མང་ཚོགས་ཀྱི་གནས་སྟངས་ལ་ཁ་ཡོད་ལག་ཡོད་ཀྱིས་དོ་སྣང་གནང་མིན་ལ་ཐུག་ཡོག་རེད་བསམ།
ཡང་ཨ་ནུ་ཐང་པས་སྨྱོ་ལབ་རྒྱག་གི་འདུག མི་འདིས་གོང་ས་མཆོག་དང་ཊུ་ཊུའི་བར་ལ་དབྱེན་སྦྱོར་བྱེད་ཀྱི་ཡོད་པ་འདྲ། ཧཧཧ ངོ་མ་བྱ་སྤྱོད་འདི་ཚོ་ལ་གད་མོ་ཤོེ་སོང་། ཁྱོད་ཚོར་མིག་ཡོད་ན་གཤམ་གྱི་གསར་འགྱུར་འདི་ལ་ལྟོས་དང་ཨ་ནུའི་གང་བཤད་པ་དེ་དག་ཧམ་བཤད་ཡིན་པ་ཤེས་ཡོང་།
ནེལ་སན་མན་ཌ་ལཱར་འགྲམ་ལྕག་གཞུས་པ་རེད།
འདོན་སྤེལ། ༢༠༡༤/༡༠/༠༤
ཁ་སང་ཌེ་སི་མོན་ཊུ་ཊུ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནེལ་སན་མན་ཌ་ལཱ་མཆོག་ལ་འགྲམ་ལྕག་གཞུས་པ་དང་གཅིག་མཚུངས་ཆགས་ཡོད་པའི་སྐྱོན་བརྗོད་གནང་འདུག
ཁ་སང་ལྷོ་ཨ་ཧྥི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་(Desmond Tutu) མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༣ ནས་ ༡༥ ཉིན་བར་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་ནང་། ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་གདན་འདྲེན་ཞུས་ཏེ། ཞི་བདེའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པའི་ཐོག ༧གོང་ས་མཆོག་མགྲོན་འབོད་གནང་བར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་དེར་སྐྱོན་བརྗོད་གནང་འདུག
ཌེ་སི་མོན་ཊུ་ཊུ་མཆོག་གིས། “ལྷོ་ཨ་ཧྥི་རི་ཀ་གཞུང་གིས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནི་ངོ་ཚ་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད། ནེལ་སན་མན་ཌ་ལ་མཆོག་གི་མཛད་རྗེས་ལ་གུས་ཞབས་མ་བྱས་པ་ཞིག་ཆགས་ཡོད་ལ། ཚོང་གི་ཁེ་བཟང་ཆེད་རྒྱ་ནག་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དེ། སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལཱ་མཆོག་གི་གནང་སྟངས་དང་རྒྱབ་འགལ་ཆགས་ཡོད།”ཅེས་དང་། “ནེལ་སན་མན་ཌ་ལཱ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གནང་སྐབས་ཨ་རིའི་སྲིད་དོན་པ་ཁག་གཅིག་གིས་ཁོང་ལ་ལེ་བྷེ་ཡའི་ (Libya) སྲིད་འཛིན་གྷ་ཐཱ་ཧྥི་དང་། ཁྱིའུ་བྷའི་ (Cuba) སྲིད་འཛིན་ཁེ་སི་ཌོར་ (Castro) དང་མུ་མཐུད་གྲོགས་པོ་བསྒྲིག་མི་རུང་བའི་གནོན་ཤུགས་སྤྲད་པར། ཁོང་གིས་ཉན་འཇོག་མ་གནང་བ་མ་ཟད། ཁྱེད་ཚོ་མཚེའུ་ནང་ལ་མཆོང་ཞེས་ལན་འདེབས་བྱས་ཡོད། ད་རེབ་ལྷོ་ཨ་ཧྥི་རི་ཀའི་གླིང་ཆེན་ནང་ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་གྱི་ཞི་བདེའི་ལྷན་ཚོགས་ཐོག་མ་ཆགས་ཡོད་ཀྱང་། ཁོང་གི་མཆེད་གྲོགས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནི། ནེལ་སན་མན་ཌ་ལཱ་མཆོག་ལ་འགྲམ་ལྕག་གཞུས་པ་ཞིག་ཆགས་ཡོད།”ཅེས་སོགས་སྐྱོན་བརྗོད་གནང་འདུག
༢༠༡༡ ལོར་ཌེ་སི་མོན་ཊུ་ཊུ་ (Desmond Tutu) མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་ཐོག་༧ གོང་ས་མཆོག་མགྲོན་འབོད་གནང་སྐབས་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཐོངས་མཆན་སྤྲད་མེད་སྟབས། ཌེ་སི་མོན་ཊུ་ཊུ་མཆོག་གིས་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ ༢༢ འཁོར་བའི་ཉིན་མོར། ཁོང་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་འཚམས་འདྲི་དང་། བཞུགས་སྒར་མི་མང་ལ་གསུང་བཤད་གནང་ཡོད།
ད་རེབ་ཌེ་སི་མོན་ཊུ་ཊུ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པ་དེར། ཐོག་མ་གླེང་སློང་བྱས་མེད་ཀྱང་ཟླ་འདིའི་ཚེས་ ༢ ཉིན་ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད།
འདིའི་ཐད་ཌེ་སི་མོན་ཀྲུ་ཌོ་མཆོག་གི་བུ་མོ་ཨེམ་ཧྥོ་ཊུ་ཊུ་(Mpho Tutu) ཡིས་ཨེ་སྦི་སི་ (ABC) གསར་ལམ་ལ་བརྗོད་དོན། “ངའི་ཡབ་ཆེན་གྱིས་ཐོག་མར་ལྷོ་ཨ་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པའི་ཐད་གླེང་སློང་མ་གནང་བར་ཁ་རོག་གེར་སྡོད་དགོས་དོན་ནི། དེ་སྔོན་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པའི་གནད་དོན་ཐོག་ཁོང་གིས་གླེང་སློང་བྱས་ཀྱང་། བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་མེད་སྟབས། ད་རེབ་མི་གཞན་གྱིས་གླེང་སློང་བྱས་ན་གྲུབ་འབྲས་འཐོན་གྱི་རེད་བསམ་ནས་ཐོག་མར་གླེང་སློང་མ་གནང་བར་བཞུགས་པ་རེད།”ཅེས་བརྗོད་འདུག
ཌེ་སི་མོན་ཌི་ཊུ་ཊུ་ (Desmond Tutu) མཆོག་ནི་ ༡༩༣༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་(Klerksdorp) ནང་འཁྲུངས་ཤིང་། ༡༩༨༠ ལོར་ཡུལ་དེའི་མི་རིགས་དཀར་ནག་དབྱེ་འབྱེད་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྣེ་འཁྲིད་དེ་བདེན་པའི་འཐབ་རྩོད་གནང་ཡོད་སྟབས། ༡༩༨༤ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།
གསར་འགོད་པ། དོན་གྲུབ།
ཨ་ནུ་བློ་རྒྱ་མཐོང་རྒྱ་ཆེ་ཞིང་རིགས་པའི་རྗེས་སུ་འབྲེངས་ཏེ་དཔལ་འབྱོར་ཚོང་དོན་དང་ཆབ་སྲིིད་ཀྱི་གནད་དོན་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་ལྷག་པར་དུ་བོད་རྒྱའི་དབར་ལ་རྒྱུས་ཆེན་པོ་ཡོད་མཁན་ཞིག་རེད་འདུག ངོ་མ་བྱས་ན་བློ་སེང་གིས་ཕྱི་འབྲེལ་བཀའ་བློན་དུ་མི་འདྲ་རེ་བྱུང་བ་ཡིན་ན་བོད་དོན་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད། ཡིན་ནའང་ཡ་ཀིའི་གོང་དུ་སྐད་ཆ་འདི་འདྲ་བཤད་ས་མེད་ཅིང་བཀའ་གནང་དང་ཅི་མཛད་ལེགས་པར་མཐོང་བའི་དག་སྣང་ཅན་ཅན་ལས་འགྲོ་ས་མེད་པ་འདི་བོད་དོན་འདི་ཉིན་རེ་བཞིན་དུ་འཇམ་འཇམ་དུ་འགྲོ་བཞིན་འདུག མ་གཞི་ནས་དབུ་ཁྲིད་ཚོས་ཞབས་བརྟན་དང་འཚེ་མེད་ཞི་བདེ་ཞེས་སྐྱོར་སྐྱོར་གྱིས་ཡིན་གྱི་རེད། མཛུབ་མོ་གར་བསྟན་ཤར། ནང་བཞིན་བྱས་ནས་བསྡད་ན་འདི་ལས་ཡོང་རྒྱུ་མེད།
སྔོན་མ་༧གོང་ས་ཏ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་འཚོགས་ཀྱི་དམངས་གཙོའི་གསེར་གྱི་རྟགས་མ་ཕུལ་སྐབས་སུ་སྲིད་འཛིན་བྷི་ཤུ་ཡིས་འདི་ལྟར་བཤད། རྟགས་མ་དང་བྱ་དགའ་ཟེར་བ་འདི་བྱས་རྗེས་བཞག་ཚར་དུས་སུ་ཕུལ་གྱི་ཡོད་ཀྱང་༧གོང་ས་ཏ་ལའི་བླ་མ་ལ་བྱས་རྗེས་མ་བཞག་པའི་སྔོན་ནས་ཕུལ་གྱི་ཡོད་ཅེས་གསུངས་ཡོད།
མདོ་དོན་་དམངས་གཙོའི་གསེར་གྱི་རྟགས་མ་དེ་ཉིད་རྒྱ་ནག་དམངས་གཙོའི་ལམ་དུ་འདེད་ཐུབ་པའི་ཆེད་དུ་ཕུལ་བ་དང་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་དམངས་གཙོ་ལ་ལོངས་སྤྱོད་ཐུབ་ཆེད་དུ་ཕུལ་བ་ཡིན་པ་ནི་གསལ་པོ་རེད།
ད་་༧གོང་ས་ཏ་ལའི་བླ་མ་མཆོག་གིས་དམངས་གཙོའི་གསེར་གྱི་རྟགས་མ་སྐུ་ལ་བཞེས་ནས་དམར་པོའི་མའོ་ཡི་བུ་ལྟ་བུ་ཡིན་གསུངས་ཀྱིན་པ་ཡོད་དང་། ཧོང་ཀོང་མི་དམངས་ཀྱི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་བྱེད་བཞིན་མེད་པ་ནི་འཛམ་གླིང་གིས་དོ་སྣང་བྱེད་སའི་གནས་དོན་ཞིག་ཅི་ལ་མིན།།
ཨ་ནུ་ཐང་བསོད་རྣམས་ལགས་ཡིད་རིང་ཡོད། གནད་འགག་གི་སྐབས་སུ་འདི་འདྲེ་བཤད་གཏམ་རེ་སྤེལ་བར་དགའ་ཡོད་བཀའ་དྲིན་ཆེའོ།།
ལུང་རྟོགས་ལགས།
ཉིད་ཀྱིས་བསམ་ཚུལ་གསུངས་བ་ལགས་ཀྱང་། ངས་བསམ་ན་ཁྱེད་ཀྱིས་གོོང་གི་རྩོམ་ཡིག་དེ་ཡག་པོ་ཞིག་མ་ཀློག་པ་སེམས། རྒྱུ་མཚན་ནི། ༼ཁྲོས་ཁྲོས་ཀྱིས་མང་གཙོ་ལ་འདོད་པ་ཡོད་མཁན་ཞིག་ཡིན་ན་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་གྱི་བསྒྲགས་གཏམ་སྤེལ་འདུག ཡིན་ཡང་། ཏཱ་ལའི་བླ་མ་ལྷོ་ཨ་ཧྥ་རི་ཁ་ལ་ཕེབས་མ་ཐུབ་པའི་གནད་དོན་ལ་ཡུལ་དེའི་གཞུང་ལ་སྐྱོན་བརྗོད་ཟླ་འདིའི་འགོ་བར་དུ་མ་བྱས་པས་མི་མང་པོ་ཞིག་གིས་ཁྲོས་ཁྲོས་ཁུ་སིམ་སིམ་དུ་བཞུགས་པ་ལ་དོགས་པ་དང་། སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ཅིང་། ད་ཐེངས་རྡ་ས་ལ་བཅར་མི་འདུག༽ཕྲན་གྱིས་ཁྲོས་ཁྲོས་ཀྱིས་གཞུང་ལ་སྐྱོན་བརྗོད་ཟླ་འདིའི་འགོ་བར་དུ་མ་བྱས་ཤིང་། རྒྱུན་རིང་ལྷན་འཇགས་སུ་བཞུགས་ཚུལ་བརྗོད་ཟིན་པས་ཉིད་ཀྱིས་བགྲང་བའི་གོང་གི་གནད་དོན་ནི་དོན་མེད་དུ་རྒྱུ་མཚན་བགྲང་ཞིང་སྐུ་ངལ་གནང་བ་ལས། ཕྲན་གྱིས་བརྗོད་བྱ་ལ་སྐྱོན་བརྗོད་དུ་ཕྱིན་མི་འདུག མི་བདེན་སྙམ་ན། རང་སྐྱར་ཐེངས་གཅིག་ཀློག་དང་རྟོགས་ངེས་རེད། སྐྱོན་བརྗོད་གནང་བ་ཡག་ཀྱང་གནས་ལུགས་དང་བདེན་དོན་མཐུན་པའི་དཔྱད་ཞིབ་ཀྱིས་ལེགས་པོ་བྱས་ནས་སྐྱོན་ཆ་བརྗོད་ན་རང་གཞན་གཉིས་ལ་ཕན་པས་ཡིན། དེ་མིན་སྐྱོན་བརྗོད་བྱེད་འདོད་ཁོ་ན་ཡིས་སྒྲུབ་བྱེད་སྒྲུབ་ན། དོན་མེད་ཀྱི་ངལ་བའི་རྒྱུ་ལས་གཞན་དུ་མ་མཐོང་།
ཨེ་རན་གྱི་ནོར་ཝེ་རྟགས་པ་ཐོབ་མཁན་ལྕམ་Shirin Ebadi ཡིས་ཟླ་༡༠ཚེས་གཅིག་ཉིན་ཁྲོས་ཁྲོས་ཀྱིས་རང་གི་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་མ་བྱས་བ་ཁི་སིམ་དུ་བཞུགས་པ་ནི་མི་འོས་ཤིང་། དེ་ལྟར་གནང་བར་མོ་རང་ཧ་ལས་ཚུལ་སོགས་བརྗོད་པ་འདི་ལྟར་ཏེ།
“I am very surprised that Desmond Tutu has kept his silence at this time. I’m surprised he is not speaking openly like the rest of us,” she said at a press conference to mark 25 years since the Dalai Lama was awarded the Nobel prize. “Let’s remember that whoever decides to stay silent in front of a dictator contributes to the cause of dictatorship.”
http://www.bdlive.co.za/world/mideast/2014/10/01/irans-nobel-laureate-ebadi-surprised-at-tutus-silence-on-dalai-lama-visa-row;jsessionid=2D5BFA816131544237D43B731787BFB1.present2.bdfm
ལྕམShirin Ebadiསོགས་ཀྱིས་སྐྱོན་བརྗོད་དང་ཉམས་ཞིབ་པ་མང་པོས་ཟུར་ཟ་དང་དོགས་སློང་གནང་བ་ལ་ཁྲོས་ཁྲོས་ཀྱིས་ངོས་ལེན་ནམ་རྒོལ་ལན་གནང་བ་ལྟ་བུས། ཟླ༡༠ཚེས༢ཉིན་ཁྲོས་ཁྲོས་ཀྱིས་གཞུང་ལ་སྐྱོན་བརྗོད་བྱས་འདུག་ལ། སྐྱོན་བརྗོད་བྱེད་པའི་མགོ་བརྗོད་དུ་གསར་འགོད་པ་ཚོས་ཟུར་ཟ་ཡི་ཚུལ་དུ་”ཁྲོས་ཁྲོས་ཀྱིས་ཁི་སིམ་བཅག་པ”ཞེས་འཁོད་འདུག རྒྱུ་མཚན་ནི། ཁྲོས་ཁྲོས་རྒྱུན་རིང་ལ་ཁི་སིམ་དུ་བཞུགས་པས་རེད།
http://www.iol.co.za/news/politics/tutu-breaks-silence-on-dalai-lama-visa-row-1.1758747#.VDJhUlkaySM
http://m.ewn.co.za/2014/10/02/tutu-breaks-silence-on-dalai-lama-visa-saga
རྣམ་དཔྱོད་ལྡན་པའི་དྲ་གྲོགས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་བ་ལ་ཐུགས་རྗེ་ལེགས་འབུལ་ཡོད།
ལུང་རྟོགས་ལགས།
ཕྲན་གྱིས༼ཁྲོས་ཁྲོས་ཀྱིས་མང་གཙོ་ལ་འདོད་པ་ཡོད་མཁན་ཞིག་ཡིན་ན་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་གྱི་བསྒྲགས་གཏམ་སྤེལ་འདུག ཡིན་ཡང་། ཏཱ་ལའི་བླ་མ་ལྷོ་ཨ་ཧྥ་རི་ཁ་ལ་ཕེབས་མ་ཐུབ་པའི་གནད་དོན་ལ་ཡུལ་དེའི་གཞུང་ལ་སྐྱོན་བརྗོད་ཟླ་འདིའི་འགོ་བར་དུ་མ་བྱས་པས་མི་མང་པོ་ཞིག་གིས་ཁྲོས་ཁྲོས་ཁུ་སིམ་སིམ་དུ་བཞུགས་པ་ལ་དོགས་པ་དང་། སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ཅིང་། ད་ཐེངས་རྡ་ས་ལ་བཅར་མི་འདུག༽ཕྲན་གྱིས་བརྗོད་པར་ལོག་འགྲེལ་མ་གནང་རོགས།
ཨ་ནུ་ལགས། ངས་ལོག་འབྲེལ་གང་ཡང་བྱས་མེད། མེད་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཁྱེད་རང་གི་སྐད་ཆའི་ནང་དོན་རྡོག་རྡོག་ནི། གོང་ས མཆོག་གིས་ཧོང་ཀོང་གི་དམངས་གཙོའི་ལས འགུལ་ལ་རྒྱབ་སྐྱོར་མ་གནང་བ་དང་། སྐུ་ཞབས་ནེལ་སོན་མེ་ཌ་ལ་དང་བྷུ་ཤི་གཉིས་ལ་སྔགས་བརྗོད་གནང་བ་ལས་ཊུ་ཊུ་ལ་མ་གནང་བས་ཊུ་ཊུ་ཡིད་མ་རང་བར་ལྷོ་ཨ་ཧྥི་རི་ཁའི་གཞུང་གིས་གོང་ས་མཆོག་ལ་ཐོང་མཆན་མ་ཕུལ་བར་ཟླ་འདིས་འགོ་བར་དུ་སྐྱོན་བརྗོད་མ་གནང་བ་དང་རྡ་སར་མ་ཕེབས་པ་རེད་ཟེར། དེ་ལྟར་ན་གོང་ས་མཆོག་གིས་ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མེད་པ་ཞིག་གང་དུ་གསུངས་འདུག་སྟོན་རོག་གནང་། མེད་པ་མ་གསུངས་ཡང་ཡོད་པ་མ་གསུངས་བས་རྒྱབ་སྐྱོར་མེད་པ་རེད་ཟེར་ན་དེ་ཡང་མི་བདེན་ཏེ། ཧྥ་རན་སིའི་གསར་ལས་ཁང་གིས་བཀའ་འདྲི་ཞིག་ལ་ལེན་འདེབས་གནང་སྐབས། ཧོང་ཀོང་གི་ད་ལྟའི་གནས་སྟངས་ལ་གོང་ས་མཆོག་ནས་གཟིགས་ཞིབ་ནན་ཏན་གནང་གི་ཡོད་པ་དང་། གནད་དོན་འདི་རྙོག་འཛིང་ཆེན་པོ་ཞིག་ཡིན་སྟབས་མཐའ་མའི་གྲུབ་འབྲས་བརྗོད་དཀའ་ན་ཡང་། ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་སླད་གོང་ས་མཆོག་གིས་ཐུགས་སྨོན་གནང་གི་ཡོད་ལུགས་གསུངས་གནང་འདུག་ལ། འདི་ནི་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་བ་ཞིག་རེད་འདོད། གཉིས་ནས་ཊུ་ཊུའི་སྐྱོན་བརྗོད་ཅུང་ཟད་ཕྱིར་འགྱངས་བྱུང་བ་དང་རྡ་སར་མ་ཕེབས་པ་ཙམ་གྱིས་མི་དགའ་བའི་རྣམ་འགྱུར་ཡིན་པ་གང་ཡང་མཚོན་མི་ནུས་ཏེ། སྐྱོན་བརྗོད་ཕྱིར་འགྱངས་གནང་བ་དེ་ཨ་ཧྥི་རི་ཁའི་གཞུང་གིས་བསམ་ཤེས་ཞིག་བྱེད་རྒྱུའི་རེ་བས་ཕྱིར་འགྱངས་གནང་བ་ཡིན་སྲིད་པ་རེད་ལ། རྡ་སར་མ་ཕེབས་པ་ཡང་གདན་ཞུས་བྱས་མེད་སྲིད་པ་རེད། ད་དུང་གནས་དོན་གཞན་ཡང་ཡོད་སྲིད་པས་རྒྱུ་མཚན་གསལ་པོ་མ་ཤེས་གོང་ནས་ཊུ་ཊུ་གོང་ས་མཆོག་ལ་མི་དགའ་བའི་རྣམ་འགྱུར་ཡིན་པར་འགྲེལ་བ་ནི་གཡག་མ་མཐོང་གོང་ནས་གཡག་རྔའི་འགྲེལ་བཤད་ཞེས་པ་དང་ཀུན་ནས་མཚུངས།
ལུང་རྟོགས་ལགས། ཁྱེད་ཀྱིས་མཆན་༡༣པའི་ནང་དུ་་༼ཁ་སང་ལྷོ་ཨ་ཧྥི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་(Desmond Tutu) མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༣ ནས་ ༡༥ ཉིན་བར་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་ནང་། ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་གདན་འདྲེན་ཞུས་ཏེ། ཞི་བདེའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པའི་ཐོག ༧གོང་ས་མཆོག་མགྲོན་འབོད་གནང་བར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་དེར་སྐྱོན་བརྗོད་གནང་འདུག༽བརྗོད་པ་ལས། ཁྲོས་ཁྲོས་ཀྱིས་གཞུང་ལ་སྐྱོན་བརྗོད་ཕྱི་འཐེན་བྱས་ཚུལ་གྱི་ཟུར་ཙམ་ཡང་བཀོད་མི་འདུག ཡིན་ཡང་། ཁྱ྄ེད་ཀྱི་མཆན་༢༠ནང་དུ་ཁྲོས་ཁྲོས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་ཕྱི་འགྱང་བྱས་ཚུལ་བརྗོད་འདུག ཁྱེད་ཀྱི་ཚིག་སྔ་ཕྱི་གཉིས་འགལ་བ་རེད། མཆན་དང་པོའི་ནང་དུ་ཁྱེད་ཀྱི་ཁྲོས་ཁྲོས་ཀྱིས་གཞུང་ལ་སྐྱོན་བརྗོད་བྱས་ཡོད་ཚུལ་གཞི་བཞག་གིས་དགག་པ་རྒྱབ་འདུག་པ་ལས་ཕྱི་འགྱང་བྱས་ཚུལ་མི་འདུག ཡིན་ཡང་། ཕྱི་མིའི་ནང་དུ་ཕྱི་འགྱང་བྱས་ཚུལ་བརྗོད་འདུག ཁྲོས་ཁྲོས་ཁི་སིམ་པ་བསྡད་པ་ལ་དགག་པ་དང་དོགས་གཞི་འཛིན་མཁན་ཕྲན་ཙམ་མིན་པ་ལྕམ་སྐུEbadi་དང་གསར་འགོད་པ། ཉམས་ཞིབ་པ་དུ་མ་ཞིག་་འདུག ཕྱོགས་གཞན་ཞིག་ནས་ཁྲོས་ཁྲོས་ཀྱིས་སྐྱོན་བརྗོད་ཕྱི་འཐེན་བྱས་བའི་དཔང་རྟགས་ཅི་ཞིག་ཡོད་དམ། སྟོན་དང་ཀྱེ།
ཞི་མོལ་སེལ་ཐབས་ལ་ཐུགས་སྨོན་གནང་གི་ཡོད་ཚུལ་ཙམ་ལས་མང་གཙོ་ལ་རྒྱབ་སྐྱོར་ཡོད་ཚུལ་གསུངས་ཕོད་མི་འདུག་ག གསར་འགྱུར་ཡོད་ན་འབྲེལ་ཐག་འཁོད་སྤྲོད་གནང་རོགས་ཞུ།
ངས་བྲིས་བ་འགྲོ་གི་མི་འདུག
ལུང་རྟོགས་ལགས། ཁྱེད་མཆན་༡༣པའི་ནང་དུ་ཁྲོས་ཁྲོས་ཀྱིས་གཞུང་ལ་སྐྱོན་བརྗོད་བྱས་ཚུལ་ལས་ཕྱི་འགྱང་བྱས་ཚུལ་གྱི་ཟུར་ཙམ་ཡང་མི་འདུག འོན་ཀྱང་། ༢༠པའི་ནང་དུ་ཁྲོས་ཁྲོས་ཀྱིས་ཕྱི་འགྱང་བྱས་ཚུལ་བརྗོད་ཅིང་ཁ་སྣོན་བྱེད་ཀྱིན་འདུག གནས་ཚུལ་འདིས་ཁྱེད་ཀྱིས་རང་ཉིད་སྔོན་དུ་བཤད་པ་དེ་རལ་བའི་རྒྱུ་མཚན་ལ་བརྟེན་ནས་ལྷན་པ་རྒྱབ་ཀྱིན་ཡོད་པ་གསལ་བཤད་བྱས་འདུག ཁྲོས་ཁྲོས་ལྷན་འཇགས་སུ་རྒྱུན་རིང་ལ་བསྡད་པ་ལ་བརྟེན་ནས་སྐྱོན་བརྗོད་བྱེད་མཁན་གཅིག་ནི་ལྕམ་Ebadiརེད་ལ། དོགས་པ་འཛིན་མཁན་གྱི་གསར་འགོད་པ་དང་ཉམས་ཞིབ་པ་མང་པོ་ཡོད་པ་ངས་གོང་དུ་བཀོད་པ་བཞིན་རེད། ཁྱེད་ལ་ཁྲོས་ཁྲོས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་ཕྱི་འགྱང་བྱས་བའི་དཔང་པོ་ཅི་ཞིག་ཡོད་དམ། རྡ་ས་ལ་ཁྲོས་ཁྲོས་གདན་འདྲེན་མི་ཞུ་དགོས་བའི་རྒྱུ་མཚན་ཅི་ཞིག་རེད་དམ། བདེན་དཔང་ཅི་ཞིག་ཡོད་དམ།
༼གནད་དོན་འདི་རྙོག་འཛིང་ཆེན་པོ་ཞིག་ཡིན་སྟབས་མཐའ་མའི་གྲུབ་འབྲས་བརྗོད་དཀའ་ན་ཡང་། ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་སླད་གོང་ས་མཆོག་གིས་ཐུགས་སྨོན་གནང་གི་ཡོད་ལུགས་གསུངས་གནང་འདུག་ལ།༽གནས་ཚུལ་འདི་ག་དུས་གསུངས་འདུག གལ་སྲིད་དེ་ལྟར་གསུངས་ཡོད་ཀྱང་ཕྱོགས་གཉིས་ལ་ཕན་པའི་ཐུགས་སྨོན་གནང་རྒྱུ་ཙམ་ལས་དངོས་སུ་རྒྱབ་སྐྱོར་ཡོད་ཚུལ་གསུངས་མི་འདུག་ག དེ་ལྟར་མི་ཐུབ་དགོས་བའི་རྒྱུ་མཚན་ནི་གོང་ལྟར་མ་ཡིན་ནམ།
ཕྲན་གྱི་ཁྲོས་ཁྲོས་ཡི་མ་རང་འདྲ་ཞེས་བ་ལས་ཡི་མ་རང་བ་རེད་ཅེས་ནས་ཚིག་ཐག་གཅད་མེད་ལ། མེད་བཞིན་དུ་ཁྱེད་ཀྱིས་ཡོད་པ་ལྟར་གོ་བ་ལེན་པ་ནི་དྲང་བདེན་མིན་ཞིང་ལོག་འགྲེལ་རེད། མ་ཟད་སྐུ་མདུན་གྱིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུངས་བཤད་གནང་རྒྱུ་ཁག་པོ་ཡིན་ཡང་། ལྷག་པར་དུ་ཉེར་འཆར་ཚོགས་པའི་རྡ་སའི་ཞི་རྟགས་ཐོབ་མཁན་ཁག་ཅིག་མཛད་སྒོའི་ཐོག ཧོང་ཀོང་གི་མང་གཙོ་ལ་རྒྱབ་སྐྱོར་གྱི་གསུངས་གནང་རྒྱུ་ཁག་པོ་ཡིན་ཚུལ་ཞུས་ཡོད། དེ་དག་དོན་ལ་མ་གནས་སམ། རྡ་སའི་མཛད་སྒོའི་ཐོག་ཏུ་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི
གནང་ཡོད་ཚོད་མི་འདུག མ་གནང་ཞིང་ཁི་སིམ་དུ་བཞུགས་པ་ནི་ཧོང་ཀོང་གི་མང་གཙོ་ལ་དེ་ཙམ་ངོ་རྒོལ་དུ་མི་འགྱུར་ཡང་། རྒྱབ་སྐྱོར་དེ་བས་མི་འགྱུར། ཧོང་ཀོང་ལ་དཀའ་ངལ་འཕྲད་སྐབས་ལྷིང་འཇགས་ཀྱིས་བཞུགས་ཤིང་། རང་ལ་དཀའ་ངལ་འཕྲད་སྐབས་གཞན་གྱིས་ཁི་སིམ་སྒོམ་ན། མི་མོས་བ་ནི་དྲང་བདེན་མ་རེད་ལ། དཀའ་ངལ་གྱི་སྐབས་སུ་མ་མཐོང་ཁུལ་བྱས་བ་ནི་ཡ་རབས་ཀྱི་མཛད་སྤྱོད་དུ་དེ་བས་མཐོང་མ་སོང་། གཞན་ལ་དཀའ་ངལ་སྐབས་རོགས་པ་མ་བྱས་བ་ཡིན་ན། རང་ལ་དཀའ་ངལ་འཕྲད་སྐབས་རོགས་སྐྱོར་བྱེད་མཁན་ཁག་པོ་རེད། མི་བྱེད་དགོས་དོན་ཡང་རང་གི་ཁེ་ཕན་ཞིག་གི་ཆེད་དུ་མ་རེད་དམ། གསལ་དུ་ཞུས་ནགནས་སྐོར་དུ་ཕེབས་ཆེད་དུ་མ་རེད་དམ།
ཁག་ཅིག་གིས་བལ་ཡུལ་སྣེ་ལེན་ཁང་གིས་དངུལ་དངོས་སྤྲད་པ་ནི་སྐུ་མདུན་གྱི་ཕྱག་དངུལ་ཁོ་ན་ཡིན་ཚུལ་སྒོམ་ཞིང་དྲིལ་བསྒྲགས་
བྱེད་ཀྱིན་ཡོད་ཀྱང་། དོན་དངོས་དཔལ་འབྱོར་དེ་དག་གི་འབྱུང་ཁུང་གཙོ་བོ་ནི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཡིན་པ་ལས་གཞན་ཞིག་མིན། བཀའ་དྲིན་ཞུ་འདོད་ན་རྒྱལ་ཚོགས་ལ་གཙོ་བོའི་ཞུ་དགོས་བ་འདོད། གང་ལྟར་ཡར་ལ་ཕུལ་བ་དད་རྫས་དང་། མར་ལ་གནང་བ་བཀའ་དྲིན་དུ་སྒོམ་པ་ནི་དྲང་བདེན་དུ་མ་མཐོང་ཡང་། སྒོམ་མཁན་ཡོད་ན་སོ་སོའི་འདོད་མོས་རེད། ཡིན་ཡང་། དེ་ལྟར་མི་བྱེད་མཁན་ལ་སྡང་ཟུག་མི་བྱེད་རྒྱུའི་རེ་བ་ཡོད། ཁག་མི་འདུག བོད་པའི་སྤྱི་ཚོགས་ལ་དཔལ་འབྱོར་གྱི་འབྱུང་ཁུངས་ཁ་གསལ་མེད་པས་རེད།
འདི་རུ་སྐད་ཆ་འདྲ་མིན་བཤད་མཁན་ཚོའི་སེམས་ཁམས་ཀྱི་བདེ་ཐང་། འཚོ་ཐབས་དང་ལས་འགན། རྒྱབ་ལྗོངས་སོགས་མི་ཤེས་པས། གནད་དོན་ཆེན་པོ་བགྲོ་གླེང་བྱེད་རྒྱུ་མ་འོས་ཀྱང་། དྲང་བདེན་དང་ཉམ་ཆུང་ལ་ཐུབ་ཚོད་གཏོང་ཨེ་ཐུབ་ལྟ་མཁན་མི་ཚོར་རྣམ་འགྱུར་ལན་རེ་སྟོན་དགོས་ཀྱི་འདུག དེ་རིང་ཆུ་ཚོད་ཕྲན་བུ་བློས་བཏང་ནས་གནས་ཚུལ་ཁ་ཤས་ཞུ་འདོད་བྱུང་། འདི་ནང་ཅོ་རི་སོགས་ཀྱིས་ཆུ་བཞི་སྒང་དྲུག་མ་གཏོགས་རྒྱ་དམག་འཐབ་མཁན་མ་བྱུང་བ་འདྲ་བོ་དང་། ཁམས་པ་མ་གཏོགས་དཔའ་པོ་མེད་པ་འདྲ་བོ་བཤད་བཤད་པ་རེད། འདི་ནི་ཅོ་རི་སོགས་འཛམ་གླིང་གི་ལོ་རྒྱུས་ཕར་ཟད། མཐའ་ན་བོད་རང་གི་ཉེ་བའི་ལོ་རྒྱུས་ལའང་ཤེས་རྒྱ་ཧ་ཅང་ཆུང་ཆུང་ཡིན་པ་བསྟན་པ་ལས། མདོ་སྨད་ཕྱོགས་ནས་ཀྱང་རྒྱ་དམག་ལ་དམག་འཁྲུག་སྐད་གྲགས་ཅན་ག་ཚོད་བརྒྱབ་མྱོང་བ་ཅོ་རི་སོགས་ཀྱིས་ཤེས་མི་འདུག་པས་ལོ་རྒྱུས་ཕྲན་བུ་སྦྱོང་ཐུབ་ན་ཡག་པོ་རེད། སྤྱིར་ཆོལ་ཁ་དང་ཆོས་རྒྱུད་གཞན་ལ་བརྩི་འཇོག་བྱེད་འདོད་མེད་ནང་། དངོས་བྱུང་གི་ལོ་རྒྱུས་ལ་བརྩི་འཇོག་བྱེད་དགོས་པ་རེད། ལོ་རྒྱུས་ལ་བརྩི་འཇོག་མ་བྱས་ན་རང་ཉིད་ལོ་རྒྱུས་མི་ཤེས་ལྐུག་པ་བཟོས་པ་མ་རེད་དམ། ངས་ཀྱང་མདོ་སྟོད་མི་མང་གིས་རྒྱ་དམག་ལ་འཐབ་འཁྲུག་བྱས་པ་ཤེས་ཀི་ཡོད། དེ་ནི་ལོ་རྒྱུས་རེད། དེ་མ་རྩིས་ན་ངས་ལོ་རྒྱུས་ཀྱི་ཟུར་ཙམ་མ་ཤེས་པའི་ངོ་ཚ་ཆེན་པོ་ཆགས་པ་རེད། དབུས་གཙང་ཕྱོགས་ནས་ཀྱང་མི་སྲོག་མང་པོ་ཤོར་ཡོད་པ་རེད། བྱས་ཙང་མ་འོངས་པར་བོད་ཀྱི་དཔའ་པོ་དཔའ་མོ་ཟེར་ནས་གླེང་ན་དྲང་བདེན་དང་ལོ་རྒྱུས་ལ་མཐུན་པོ་ཡོད་རེད། ས་ཕྱོགས་དང་རྒྱུད་ལག་སོགས་ཀྱིས་དབང་གིས་མིང་གྲགས་ཁྱབ་ཆེ་ཆུང་བྱུང་ཡོད་པ་ལས། ཁམས་གཅིག་པོས་མ་གཏོགས་ལག་པ་མ་འགུལ་བ་མ་རེད།
ཕྱིའི་དགྲ་བོའི་གདོང་ལ་མཆོང་དུས་དཔའ་པོ་སྟག་གཟིག་འདྲ་བོ་ས་ཕྱོགས་ཚང་མ་ནས་བྱུང་མྱོང་ཡོད་པ་རེད། བཙན་བྱོལ་ནང་ཁུལ་ལ་སྐད་ཤུགས་དང་དཔའ་གཏམ་འཐེན་མཁན་མང་ཤོས་ཁམས་པ་སྐྱབས་བཅོལ་བ་རིགས་གཅིག་ཡིན་པ་འདྲ་བོ་མཐོང་གི་འདུག ཁམས་པའི་སྐྱབས་བཅོལ་བ་ཚོའི་ཕྱོགས་ནས་བོད་རིགས་ནང་ཁུལ་ལ་ཆིལ་སྒྲིལ་མང་ཙམ་དང་རྙོག་དྲ་ཉུང་ཙམ་བཟོ་ཐུབ་པ་ཡིན་ན། བོད་མི་རིགས་ཀྱི་འཐབ་རྩོད་ལ་རེ་བ་ཆེ་རུ་ཡོང་གི་རེད། དེ་ནས་རང་བཙན་རྩོད་ཆོག་གི་རེད། སྐྱབས་བཅོལ་ཁམས་པ་ཁག་ཅིག་གིས་བོད་རིགས་ནང་ཁུལ་དུ་ལྟ་སྤྱོད་འཛིན་སྟངས་ཡག་པོ་མེད་ཙང་། རྒྱ་དམར་གཞུང་ལའང་བོད་ཀྱི་སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་རྒྱུ་ཡིན་པའི་རེ་བ་དང་ཡིད་ཆེ་བརྟན་དུ་འགྲོ་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ལས་དོན་སྣ་གཅིག་ཀྱང་ལམ་འགྲོ་ཡོང་འཇུག་གི་མེད་མཁན་སུ་ཡིན་ཤེས་ཤེས་པ་རེད།
ཨ་ནི་ཐང་བསོད་ནམས་ཟེར་བ་འཁོན་འཛིན་རང་ལུགས་པ་ཞིག་ཡིན་པས། གནས་ལུགས་བཤད་ནས་ཕན་མི་སྲིད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཁོས་དེང་སྐབས་ཚོང་གི་དུས་རབས་ཡིན་ནའང་རྒྱལ་བ་རིན་པོ་ཆེ་ཚོང་ལ་མི་མཁས་རབས་ཀྱི་ཟུར་ཟ་བྱས་འདུག ང་ཚོས་ཀྱང་རྒྱལ་བ་རིན་པོ་ཆེ་ཚོང་དཔོན་ཆེན་པོ་ཞིག་ལ་བརྩི་མེད། ཁོང་ནི་བོད་མི་རིགས་ཀྱི་བསམ་བློའི་དབུ་ཁྲིད་དང་ཆོས་ཀྱི་དབུ་ཁྲིད་ཡིན་པ་ལས། ཁོང་ཚོང་དཔོན་དང་དམག་དཔོན་མ་རེད། བྱས་ཙང་རྒྱལ་བ་རིན་པོ་ཆེ་གཡོ་སྒྱུ་ཁྲམ་གསུམ་གྱི་ཚོང་ལས་ལ་མཁས་པོ་ཡོད་པ་མ་རེད། མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་ཡང་མཁྱེན་གྱི་མ་རེད། འདི་ལ་སྐྱོན་དང་ཟུར་ཟ་ག་ཚོད་བྱས་ཀྱང་དོན་སྙིང་ཡོད་མ་རེད། ཁོང་ཆོས་པ་ཡིན་ཙང་ཆོས་བཤད་རྒྱུ་ལས་འགན་དང་པོ་རེད། ཆོས་པས་ཆོས་བཤད་ན་འགྲིག་གི་མེད་ན། རྒྱ་མི་དང་ཨ་རིས་ཚོང་པ་ཚོས་ཆོས་བཤད་དགོས་པ་རེད་དམ།
ད་དུང་རྒྱལ་བ་རིན་པོ་ཆེར་དད་རྟེན་ཕུལ་བ་སོགས་ལ་ཟུར་ཟ་བྱོས་འདུག་མོད། འདི་ནི་བོད་མི་རིགས་ཀྱིས་ཡུལ་སྲོལ་གོམས་གཤིས་དང་འགྲོ་ལུགས་ཤིག་ཡིན་པ་ལས། ༧རྒྱལ་བ་རིན་པོ་ཆེས་བཙན་བསྐུལ་གྱིས་གསར་དུ་བཟོ་བ་ཞིག་མ་རེད། རྒྱལ་བ་རིན་ཆེས་འབུལ་བ་དེ་དག་སྤྱི་དོན་དང་དམངས་ལ་ཕན་པའི་ལས་དོན་ཆེད་བཏང་དང་གཏོང་བཞིན་བཀའ་དྲིན་ཆེན་པོ་རེད། རྒྱལ་ཁབ་གཞན་ལ་མཚོན་མི་མང་གིས་གཞུང་ལ་ཁྲལ་ཆད་མེད་དུ་སྤྲོད་དགོས་པ་དང་། སྤྲད་ཚར་ན་ཕྱིར་སློག་གི་མ་རེད། ལྐོག་ཟ་རུལ་སུངས་ལ་མང་པོ་འཐིམ་འགྲོ་གི་རེད། ང་ཚོ་དེ་ལས་ལྡོག་ཏེ་༧རྒྱལ་བ་རིན་པོ་ཆེ་ལ་རྒྱལ་སྤྱིའི་ཐོག་ནས་ཐོབ་པའི་གཟེངས་རྟགས་འདྲ་མིན་གྱི་བྱ་དགའི་དངུལ་འབོར་མི་མང་དང་ལས་བྱེད་ཚོར་ཟ་ཡ་རག་གི་ཡོད་པ་རེད།
ཏྲུ་ཏྲུ་དང་རྒྱལ་བ་རིན་པོ་ཆེའི་བར་ལ་རྙོག་དྲ་བཟོ་ཨེ་ཐུབ་ལྟོས་འདུག ༧རྒྱལ་བ་རིན་པོ་ཆེས་གསར་འགོད་པར་ལན་ག་རེད་གནང་ནའང་བདེན་པ་དང་དམིགས་ཡུལ་ཡོད་པའི་ལན་ཞིག་འདེབས་ཀི་རེད་མ་གཏོགས། ཁོ་རང་ལ་ལན་རེ་གཉིས་རྒྱབ་སྐྱོར་གནང་མྱོང་མཁན་གྲོགས་པོ་སྒེར་གཅིག་དགའ་ཡ་སྐད་ཆ་བཤད་པ་ཡིན་ན་བྱབ་ཆུང་ཆགས་པ་རེད། རྒྱུད་ལམ་ཆེན་པོ་ཞིག་བེད་སྤྱོད་ལོག་པ་བཏང་བའི་སྐྱོན་ཆེན་པོ་རེད། མ་གཞི་ནས་ཏྲུ་ཏྲུ་ཟེར་བ་དེས་ཀྱང་ལན་གཅིག་རྒྱལ་བ་རིན་པོ་ཆེས་ཏྲུ་ཏྲུ་འཛམ་གླིང་ཐོག་གི་མི་ཡག་ཤོས་རེད་ལབ་ཀི་རེད་བསམ་ནས། སྒེར་སེམས་དེ་འདྲ་ཞིག་བཅིངས་ནས་རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་གནང་ཡོད་མདོག་ཁ་བོ་མ་རེད། མིང་གྲགས་ལ་རྔམ་པའི་མི་ངན་དེ་འདྲ་ཞིག་ཁོང་ཡིན་མདོག་ཁ་བོ་མ་རེད། གལ་སྲིད་ཁོང་མིང་གྲགས་ལ་རྔམ་པའི་མི་ཆུང་དེ་འདྲ་ཞིག་ཡིན་ན། རྒྱལ་བ་རིན་པོ་ཆེས་ཀྱང་ཏྲུ་ཏྲུ་ཡི་ཀུན་སློང་དེ་མཁྱེན་ནས་ཁོང་གི་མིང་མ་བཏོན་པ་ཡིན་རྒྱུ་རེད།
ཧོང་ཀོང་སློང་ཕྲུག་ཚོར་རྒྱབ་སྐྱོར་གྱི་བཀའ་སློབ་མ་གནང་བ་ཡག་པོ་རེད། དེའི་ཕྱོགས་ནས་དམངས་གཙོའི་རྒྱལ་ཁབ་ཕལ་ཆེ་བ་འཇམ་ཐེང་ངེ་རེད། རྒྱལ་ནག་གི་ཁེ་ཕན་ལ་རེ་མ་དགོས་པའི་གང་ཟག་སྒེར་འགའ་རེས་འཛམ་གླིང་ཐོག་རང་ཉིད་ལ་ཆེ་མཐོང་དང་བརྩི་བཀུར་ཐོབ་ཆེད། ཧོང་ཀོང་མི་མང་ལ་ཕན་མི་ཐོགས་ནའང་བསྒྲགས་གཏམ་ནུས་པ་མེད་པ་རེ་སྤེལ་ཁུལ་བྱེད་པ་ནི་དེང་སྐབས་ཀྱི་དབུ་ཁྲིད་ཚོས་ལུགས་སྲོལ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་ཕན་མི་ཐོགས་པ་ཤེས་བཞིན་དུ་བསྒྲགས་གཏམ་རྫིག་པོ་ཞིག་སྤེལ་ཁུལ་བྱས་རུང་འཁྲབ་སྟོན་ཙམ་ལས་དོན་དངོས་ལ་ཕན་གི་མ་རེད། ཧོང་ཀོང་གི་སློབ་ཕྲུག་ཚོར་ཕན་ཐོགས་ངེས་ཅན་དེ་ཨ་རི་དང་ཡོ་རོབ་ཁུལ་གྱི་དབུ་ཁྲིད་དང་ཚོང་ལས་ཀྱི་སྡེ་ཚན་ཁག་ཡིན་པ་ལས། ཁོང་ཚོས་ཧོང་ཀོང་ལ་མི་མང་ལ་རང་དབང་མ་སྤྲད་ན་རྒྱ་ནག་དང་ཚོང་འབྲེལ་གཅོད་ཀི་ཡིན་ལབ་ན། གཞི་ནས་ནུས་ཐོན་གི་རེད། ཡིན་ནའང་ཁོང་ཚོས་རྒྱ་ནག་དང་མཉམ་དུ་ཁེ་ཕན་ཟ་རེས་བྱས་ནས་བསྡད་ན། ཚོང་དང་འབྲེལ་བ་མེད་པའི་དྲང་བདེན་གྱི་དབུ་ཁྲིད་ཉམ་ཆུང་༧གོང་ས་མཆོག་གིས་ག་རེ་གསུངས་མ་གསུངས་ལ་ཁྱད་ཡོད་པ་མ་རེད།
མ་གཞི་ཁྱེད་སྐད་ཆ་འཁོན་འཛིན་རང་ལུགས་པ་ཡིན་པས། རྒྱུ་མཚན་བཤད་ནས་ཕན་མི་ཡོང་།
ཧོང་ཀོང་མི་མང་དང་སློབ་ཕྲུག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རི་དང་དབྱིན་གཞུང་སོགས་འཛམ་གླིང་གི་ཚོང་དཔོན་དང་དམངས་གཙོའི་གཉིས་ཀ་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་འོས་འགན་ཡིན་པ་ལས། འཛམ་གླིང་ཐོག་ཚོང་དང་དམག་ཤུགས་སོགས་ཀྱི་གོ་གནས་གང་ཡང་མེད་པའི་མི་རིགས་དབུལ་བོ་ཚོ་དང་མི་རིགས་དེ་དག་གི་དབུ་ཁྲིད་ཚོས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་མདོག་མདོག་གི་འཁྲབ་སྟོན་རྫུན་མ་འཁྲབ་ནས་ཕན་གི་མ་རེད་ལ། འོས་འགན་ཡང་བབ་ཡོད་པ་མ་རེད།
ཁམས་པ་སྐྱབས་བཅོལ་བ་ཚོས་བོད་མིའི་ཆིལ་སྒྲིལ་ལ་ཤུགས་མང་ཙམ་བརྒྱག་དགོས་ཀྱི་འདུག དེ་ལ་གནང་ཐུབ་པའི་རེ་བ་ཞུ་ཡོད།
ང་ལ་འཁོོན་འཛིན་བྱེད་ས་གཅིག་ཀྱང་མེད་ལ་འཁོན་བྱེད་དགོས་དོན་ཡང་མེད། སྒེར་ཐོག་ནས་སུ་ལ་དགྲ་བསགས་མེད་ལ་ལྷག་པར་དུ་ཏཱ་ལའི་བླ་མས་ཕྲན་ལ་ངན་པ་གནང་མྱོང་མེད་པས། ཁོང་ལ་འཁོན་འཛིན་སྐྱེས་དགོས་དོན་དེ་བས་མེད་པས་འཁོན་འཛིན་རིང་ལུགས་པ་ཞེས་བ་ནི་ཁྱེད་ཀྱི་ཞེན་འདོད་ལས་རྒྱུ་མཚན་གཞན་་མ་མཐོང་། ཡོད་ན་གསུངས་རོགས་ཞུ། ཏཱ་མའི་བླ་མས་ཧོང་ཀོང་མང་གཙོ་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་བ་ཡིན་ན་མི་ཕན་པ་སུ་ཞིག་གིས་འཚོར་བ་རེད་དམ། ཐེ་ཝེན་སྲིད་ཀྱིས་ཧོང་ཀོང་ལ་རྒྱབ་སྐྱོར་གནང་གི་འདུག ཁྱེད་ཚོས་ཁ་གཅིག་ནས་ཏཱ་ལའི་བླ་མ་འཛམ་གླིང་གི་དབུ་ཁྲིད་ནུས་བ་ཆེ་ཤོས་ཤིག་གི་གྲས་ཡིན་ཚུལ་དང་འཇོན་ཐང་ཆེ་ཤོས་ཤིག་ཡིན་ཚུལ་བསྒྲགས་པ་མ་ཟད། ལྷ་མི་གཉིས་ཀྱི་རྣམ་འདྲེན་ཡིན་ཚུལ་བསྒྲགས་བཞིན་ཡོད། གཞན་ཞིག་་ནས་ཉམ་ཆུང་གི་ཆོས་བ་འམ་དབུ་ཁྲིད་ཉམ་ཆུང་ཞིག་་ཡིན་ཚུལ་བསྒྲུབས། དེ་དོན་འགལ་བ་མ་རེད་དམ། གལ་སྲིད་གཞན་ཞིག་གིས་ཏཱ་ལའི་བླ་མ་དབུ་ཁྲིད་ཉམ་ཆུང་རེད་ཅེས་ན་ཁྱེད་ཚོ་ཁོང་ཁྲོ་ལངས་ཤས་ཆེ། གང་ལྟར་ཁྱེད་ཀྱིས་ཏཱ་ལའི་བླ་མས་ཧོང་ཀོང་མང་གཙོ་བ་ལ་རྒྱབ་སྐྱོར་གནང་ན་མི་ཕན་པ་ག་འདྲ་བྱས་ནས་འཚོར་བ་ཡིན་ནམ། ད་ལྟ་ཏཱ་ལའི་བླ་མ་ལྟ་ཅི་གང་ཟག་སྒེར་བ་མང་པོས་ཧོང་ཀོང་ལ་གདུང་སེམས་མཉམ་སྐྱེད་བྱ་བཞིན་འདུག་པས། ཁྱེད་ཀྱི་འདོད་པ་པ་ལྟར་ན་དེ་ཚོ་ཕན་མེད་དང་་དགོས་མེད་རེད་དམ། སྟག་སྨྱོན་ལགས།
སྟག་སྨྱོན་ལ་དགོས་དག་ཞུ་ཡ་ཞིག་ལ་ཡང་སྐྱར་ཚིག་ཁག་ཅིག་ཞུ་འདོད་བྱུང་། ཐུགས་ལ་ཕོགས་ན་དགོངས་དག་ཡོད། ཁྱེད་ཀྱིས༼རྒྱལ་ཁབ་གཞན་ལ་མཚོན་མི་མང་གིས་གཞུང་ལ་ཁྲལ་ཆད་མེད་དུ་སྤྲོད་དགོས་པ་དང་། སྤྲད་ཚར་ན་ཕྱིར་སློག་གི་མ་རེད། ལྐོག་ཟ་རུལ་སུངས་ལ་མང་པོ་འཐིམ་འགྲོ་གི་རེད། ང་ཚོ་དེ་ལས་ལྡོག་ཏེ་༧རྒྱལ་བ་རིན་པོ་ཆེ་ལ་རྒྱལ་སྤྱིའི་ཐོག་ནས་ཐོབ་པའི་གཟེངས་རྟགས་འདྲ་མིན་གྱི་བྱ་དགའི་དངུལ་འབོར་མི་མང་དང་ལས་བྱེད་ཚོར་ཟ་ཡ་རག་གི་ཡོད་པ་རེད།༽གནས་ཚུལ་འདི་ནི་བདེན་པ་ཁོ་ན་མ་རེད། རྒྱལ་ཁབ་གཞན་དག་གིས་གཞུང་ལ་སྤྲད་པའི་ཁྲལ་དེ་་མི་མང་གི་བདེ་འཇགས་དང་འཛིན་སྐྱོང་ལ་འགན་ལེན་བྱེད་ཀྱིན་ཡོད་པ་མ་ཟད། ཡར་རྒྱས་ལྡན་པའི་རྒྱལ་ཁབ་ཚོའི་ནང་དུ་གཞུང་གིས་ལས་མེད་དང་རྒས་ཡོལ། འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་མཐུན་རྐྱེན་བསྐྲུན་གྱི་ཡོད་ལ། ལྷག་པར་དུ་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སློབ་ཡོན་ལྟ་ཅི། ཐ་ན་ལས་མེད་དང་རྒན་ཡོལ་ཚོ་ལ་ཟླ་ཕོགས་འབབ་ཀྱིན་ཡོད་། མ་ཟད་འབུམ་རམབས་པའི་སློབ་མ་དང་རྒྱལ་ཁབ་གཞན་དུ་སློབ་སྦྱོང་དུ་སྐྱོད་མཁན་གྱི་སློབ་མ་མང་པོ་གཞུང་གིས་འགྲོ་སོང་ཀུན་བཏང་བཞིན་ཁར། ཉམས་ཞིབ་དུ་སྐྱོད་མཁན་གྱི་སློབ་ཕྲུག་ཚོ་ལ་གནམ་གླ་མ་རྩིས་བས་མགྲོན་ཁང་དང་། ཟ་གླ་རུ་ཉིན་རེ་ཡོ་སྒོར་ལྔ་བཅུ་ཙམ་སྤྲད་མ་ཟད། གློག་ཀླད་དང་དཔར་ཆས། སྒྲ་ལེན་སོགས་རིན་མེད་དུ་གསར་བ་སྤྲད་ཀྱིན་ཡོད། ཐ་ན་རྒྱ་གར་ལྟ་བུ་ཡིན་ཡང་གཞུང་གི་སྨན་ཁང་ཁག་ཕལ་ཆེར་རིན་མེད་ཡིན་ལ། ཡུལ་མི་སྐྱོ་མང་པོ་གཞུང་གིས་གང་ཐུབ་ཀྱིས་སྐྱོབ་གསོ་གནང་གི་ཡོད། ཡིན་ཡང་། དེ་དག་གིས་གཞུང་གི་ལངས་ཕྱོགས་མ་འགྲིག་པ་མཐོོང་བའམ་འདོད་པ་མེད་པ་ཡིན་ན། བཀའ་དྲིན་བསམ་ནས་སྐྱོན་བརྗོད་མི་བྱེད་པ་ཅི་མཛད་ལེགས་མཐོང་དུ་ལྟ་་ཀྱིན་མི་འདུག སྐྱོན་བརྗོད་བྱས་ཀྱང་། བྱེད་མཁན་ལ་བོད་པ་ལྟར་བཀའ་དྲིན་ལ་བསམ་ཤེས་མེད་མཁན་དང་ངོ་ལོག་པ་རེད་ཟེར་ཞེས་ནས་སྡུག་སྨྲས་འདོན་མཁན་དེ་བས་མི་འདུག རྒྱུ་མཚན་ནི། ཁོང་ཚོ་བོད་པ་ལྟར་དད་པ་དང་དམ་ཚིག་གིས་སྐྱོང་བའི་སྤྱི་ཚོགས་མིན་པ། རང་དབང་དང་མང་གཅོ། མཐུན་མོང་གི་ཁེ་ཕན་གྱིས་སྐྱོང་བའི་ལམ་ལུགས་ཡིན་པས། མཐུན་མོོང་གི་ཁེ་ཕན་གྱི་ཆེད་དུ་ཀུན་ལ་འགན་དབང་ཡོད་ཕྱིན། ལས་འགན་དེ་འཁུར་ནས་མ་འགྲིག་པ་ཀུན་སྦ་གསང་མི་བྱེད་པ་གང་ཐུབ་ཀྱིས་སྐྱོན་བརྗོད་དང་བགྲོ་གླེང་་བྱེད་ཀྱིན་འདུག འོན་ཀྱང་། བོད་པ་དང་བྱང་གོ་རི་སོགས་ནི་ད་དུང་ཡང་ཁྱིམ་རྒྱུད་དང་བླ་སྤྲུལ་གྱི་ལམ་ལུགས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཡིན་པས། དད་པ་དང་དམ་ཚིག་གིས་འཛིན་སྐྱོང་གཅོ་བོ་བྱེད་ཀྱིན་ཡོད་ཕྱིན། བོད་མིའི་ཁྲོད་ནས་གཞུང་དང་དབུ་ཁྲིད་ཀྱི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་བྱུང་ཚེ། དད་ལོག་དང་ངོ་ལོག་གིས་ཁ་རྨས་བཏང་ཕོགས་བཞིན་ཡོད། དེ་ལྟར་ཕྱིན་པ་ཡིན་ན། བོད་པ་རྣམས་ཀྱིས་ནམ་ཡང་རང་ཉིད་ཀྱི་ཞན་ཆ་ཡོ་བསྲང་བྱེད་མི་ཐུབ་པས་ཕུགས་རྒྱང་རིང་པོའི་བོད་ཀྱི་མདུན་ལམ་ལ་གནོད་ངེས་རེད།
སྟག་སྨྱོན་ལགས་ཀྱིས་ཁམས་པ་ཚོར་སློབ་གསོ་རྒྱག་གི་འདུག་སྟེ། ངས་བལྟས་ནས་ཨ་མདོའི་ནང་གི་དབུ་མ་ཁ་ལ་ཁྱེར་མཁན་དག་ཀྱང་རྙོག་དྲའི་འབྱུང་ཁུངས་མ་ཡིན་པར་སུས་ལབ་ཐུབ་བམ།
ཅོ་རི་ལགས་ཀྱིས་ཁམས་པ་གཅིག་པུ་ཞེས་ལབ་མི་འདུག དཔེར་ན། ཨ་མདོ་སྦྱིན་པ་རྒྱ་མཚོ་དང་ལྷ་རྒྱ་རིའི་མཚོན་པའི་ཨ་མདོ་དང་དབུས་ཀྱི་དཔའ་བོ་ཚོའི་ལོ་རྒྱུས་མང་བོ་དྲངས་འདུག མ་གཞི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ལབ་སྐབས། ཁམས་པ་ལྟ་བུ་ཞིག་ཆགས་དོན་ཡང་དྲག་པོའི་སྒྲིག་འཛུགས་འདིའི་གྲུབ་ཆར་རག་ལས་ཡོད། ཆུ་སྒང་གྲུབ་ཆ་ནི་འདི་ལྟར་རེད།
ཀ། ལས་ཁང་ཁག། ཁ། འབའ་པ། ག ཀོང་རག ང། ཆ་ཕྲེང༌། ཅ། ཨ་མདོ། ཆ། འཇོལ་པ། ཇ། ལི་ཐང༌། ཉ། ཉག་རོང༌། ཏ། ཚ་བ་རོང་པ། ཐ། རྒྱལ་ཐང༌། ད། དཀར་མཛེས། ན། ༼ན་ཚ་མི་ཡོང་བའི་རྟེན་འབྲེལ་ཆེད་རྒྱན་ཁོངས་སུ་མ་བཞག༽ པ། དར་དགོན། ཕ རྟའུ། བ། གོ་འཇོ། མ། ཞི་ཚིར་བེ་རི། ཙ། བྲག་འགོ། ཚ། ཆབ་མདོ། ཛ། སྡེ་དགེ། ཝ། བྲག་གཡབ། ཞ། རྒྱལ་རོང༌། ཟ། སྒ་བ། འ། སྟོང་སྐོར། རྗེས་སུ་༼མཚོ་སྣ་ནས་བཅུག་པ།༽ ཡ། སྨར་ཁམས། ར། ལ། གླིང་ཚང༌། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽ ཤ། ས། ས་འདུ༌། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽ ཧ། དགའ་ལྡན། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽ ཨ།
དྲང་པོར་ཞུས་ན། ཨ་མདོའི་དཔའ་བོ་རྣམས་མི་གླེང་མཁན་ནི་དེང་སྐབས་ཀྱི་བཙན་བྱོལ་ནང་གི་ཨ་མདོའི་འགོ་བྱེད་ཚོ་རེད་མ་གཏོགས་ཆུ་སྒང་དྲ་རྒྱའི་ནང་ཨ་མདོ་སྦྱིན་པ་རྒྱ་མཚོ། ཨ་མདོ་ཁྲ་མོ། ཨ་མདོ་ལེགས་བཤད་སོགས་མང་པོ་ཇི་བཞིན་བཀོད་ཡོག་རེད། མནའ་གན་ཇི་བཞག་གསལ་ཡོག་རེད། གཅིག་བྱས་ན། ཨ་མདོའི་ཕོ་གསར་ཚོས་མི་སྣ་འདི་དག་གི་ལོ་རྒྱུས་གོ་མྱོང་ཡོད་རྒྱུ་མ་རེད། བསམ་བློ་མང་ཙམ་གཏོང་རོགས། མི་སྣ་འདི་དག་ཨ་མདོ་རང་མིས་མི་གླེང་དོན་ཅི། ད་དུང་འབའ་བ་རྒན་ཡེ་ཤེས་ཀྱི་སྐུ་སྲུང་ནང་མ་ཨ་མདོ་སྒྲོལ་མ་སྐྱབས་རེད། ཁ་གཏད་ས་ཨ་མདོ་རྒྱལ་ལོ་དོན་གྲུབ་རེད། འདི་དག་གི་རྒྱབ་ལྗོངས་ཁྱེད་རང་ཚོས་ཤེས་ཀྱི་ཡོད་དམ།
བུ་གླེན་པ་གཅིག་ཡིན་ན་མ་གཏོགས་ངའི་ཨ་ཕ་བོད་མི་རིགས་ཀྱི་མཐུན་སྒྲིལ་གཏོར་བའི་དཔའ་བོ་རེད་ཅེས་སྨྲར་མི་ནུས།
ང་ཚོའི་བཙན་བྱོལ་བ་སུ་ཞིག་ཡིན་ན་ཡང་། ཧོང་ཀོང་ལ་རྒྱབ་རྩ་བྱེད་ཐུབ་པའི་ནུས་བ་མེད། ནུས་བ་མེད་པ་ཤེས་བཞིན་པ་ཡིན་ན་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཕན་ཚུན་སུ་ཡིན་ན་ཡང་སྡུག་དུས་དང་སྐྱོ་དུས། སེམས་ཚབ་དང་གདོང་སེམས་ཡོད་ནི་ཡོད་ཡོད་པ་ཡིན། ཡིན་ན་ཡང་། ཆབ་སྲིད་ཀྱི་ཁྲི་མཐོན་པོ་ཞིག་ན་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་གོ་རྟོག་གི་རྒྱབ་མདུན་དུ་བལྟས་ནས། ད་སྔ་བར་དུ་གཅིག་གིས་གཅིག་ལ་ལག་རོགས་བྱེད་བབས་མ་བདེ་བ་འདི། ལྐུག་པ་ཨ་ནུ་འདྲ་ཞིག་གིས། ལོ་དྲུག་དཀའ་བ་བསྐྱད་རུང་ཤེས་ནི་མ་རེད།
ལྷས་རང་མགོ་མི་ཐོན་དུས། འདྲེ་གཏོར་མས་བདའ་རྒྱུ་ནམ་ཡང་ཟེར་ནི་མ་རེད། ང་ཚོའི་བླ་མར་ཐུགས་རྒྱུད་སྒམ་པོ་ཡོད་པ་རེད། ཤེས་བྱུང་ངམ།
ཆ་བཞི་མགོ་དྲུག་ཡིན་ན་འདྲ། ཆུ་བཞི་སྒང་དྲུག་ཡིན་ན་འདྲ། དེ་ཚོ་ལ། བཙན་བྱོལ་བའི་མིང་ཞིག་ལས། དཔའ་བོ་ཞིག་གི་མིང་ཞིག་ཐོབ་མདོག་མེད། ཕ་བསྐྱུར། མ་བསྐྱུར། བུ་བསྐྱུར། སྡེ་བསྐྱུར། ཡུལ་བསྐྱུར། ཚང་མ་བསྐྱུར་ནས་རང་སྲོག་གི་ཆེད་དུ་དཔའ་བོ་སྟག་འདྲ་འདྲ། ཕ་ཡུལ་ལྷ་ཡུལ་འདྲ་འདྲ་གཡུག་ནས་བུད་སོང་བ་རེད། མི་འགྲོ་མཁན་དེ་ཚོ། ནོར་གླིང་གི་མཐའ་འཁོར་ན། ཆོལ་གསུམ་གྱི་སྡེ་ལུང་ན། ཕ་ས་གྲུབ་བཞི་དགྲ་ལག་ཤོར་སོང་ན། བུ་ཚེ་ཐག་རང་ཡང་དགའ་བ་མེད་ཟེར་ནི་ཨ་ཕོ་ཚོ། དཔའ་བོ་་ཟེར་ན་ཁོ་ཚོ་རེད། ཤེས་བྱུང་ངམ།
སས་སྐྱག་པ་བཀྱག། སྐྱག་པས་རྐུབ་བཀྱག། ང་ཚ་ཡ་མེད་པ་གང་ཡིན་ནམ། དེ་ལས་བཙན་བྱོལ་བ་ཡིན། ཚང་མ་རྡོག་རྡོག་ཡིན་ཟེར་ན། ལེན་པོ་དང་བབ་པོ་ཡོད་པ་རེད་དོ། ཁོ་རེ་ཚོ། དཔའ་བོ་དཔའ་བོ་ཟེར་ནས་འུར་མ་ཤོད།
སྟག་སྨྱོན་ཟེར་བ་འདིས་ཅི་ཞིག་བཤད་བསྡད་ཀྱི་ཡོད་རེད་ཨ། ཅོ་རིས་ཁས་ལེན་བྱས་མྱངས་མེད་པ་ཞིག་ལ་དགག་ལེན་འདྲ་ཞིག་འཕེན་མདོག་མདོག་གི་ཟོལ།་་ཧཧཧ ཅོ་རིས་མདོ་སྟོད་དང་ཁམས་པ་ཟེར་ནས་ག་པ་བྲིས་འདུག་གམ། རྫུན་མ་བཤད་ཨ་་སྟག་སྨྱོན། སྟོན་ཤོག་ཨ།
མདོ་ཁམས་དང་མདོ་སྟོད་གཉིས་ཁ་ཁར་རེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་འདི་བོད་ཆོལ་ཁ་གསུམ་གྱི་རེད། འདིའི་ནང་གི་དམག་མི་ཚོ་ཆོལ་ཁ་གསུམ་ཀ་ནས་ཡོད། ཁམས་པ་གཅིག་རེད་ཅེས་ཅོ་རིས་ག་པ་བྲིས་འདུག་གམ། རྫུན་མ་ཤོད།
སྟག་སྨྱོན་ཁྱོད་མཁས་དབང་ཨ་ནུ་ཐང་གསོད་ནམས་དང་ཅོ་རི་གཉིས་ཀྱི་ཐོག་ཏུ་སུ་ཡིས་བཏང་བྱུང་ངམ། ཁྱོད་ཀྱི་མཆན་བུ་ལ་བལྟས་ན་ཁྱོད་རང་གནས་ལུགས་བཤད་མཁན་བསླེབས་ནས་མིན་པར་གསལ་པོ་རེད་འདུག རྒྱུད་སྐུལ་བྱས་ནས་བསླེབས་པར་འདྲ་པོ་འདུག
དེ་ལས་་་ཁྱོད་ཀྱིས་དབུ་མའི་ལམ་གཏན་འབེབས་བྱེད་མཁན་༧གོས་ས་མཆོག་དང་བོད་མིའི་སྒྲིག་འཛུགས་མིན་པར་་རྒྱ་ནག་པེ་ཅན་ནས་ཚུར་ཁུར་ནས་བསླེབས་པ་རེད་ཅེས་བཤད་མྱངས་ཡོད་པ། ཁུངས་སྐྱེལ་བྱེད་ན་དགའ་གི་མ་རེད། ཁུངས་སྐྱེལ་མེད་ན་ཁྱོད་ཀྱི་སྐད་ཆ་དེ་ལ་ག་རེ་ཡིན་ལབ་དགོས་རེད་དམ། འཁོན་འཛིན། དཀྲོག་གཏམ། རྫུན་གཏམ། ལོག་བཤད་སོགས་གང་གི་ཁུངས་སུ་ཚུད་དམ།
དམངས་གཙོ་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་གི་ཡོད་ན་ཧོང་ཀོང་ལ་མི་དམངས་ཀྱི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། རྒྱབ་སྐྱོར་བྱེད་ནུས་དང་ནུས་ཟེར་བའི་སྐད་ཆ་འདི་གནས་ཚུལ་ཁ་ཁར་ཞིག་རེད། ཨ་རིས་ཡིན་ནའང་ཧོང་ཀོང་ལ་རྒྱབ་སྐྱེར་བྱེད་ནས་ཡང་དག་པའི་དམངས་གཙོ་སྤྲོད་ཐུབ་ཀྱིན་མ་རེད། དམག་རྒྱབ་ཀིན་མ་རེད། ཡིན་ནའང་རྒྱབ་སྐྱོར་ཡོད་ཟེར་གྱི་འདུག
༧གོང་ས་ཏ་ལའི་བླ་མ་དང་བོད་མིའི་སྒྲིག་འཛུགས་གཉིས་ལ་རྒྱབ་སྐྱོར་བྱེད་པའི་ནུས་་པ་ཆུང་ནའང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་དགོས་པ་རེད། རྣམ་འགྱུར་སྟོན་མ་ཤེས་ན་ཆབ་སྲིད་མ་ཤེས་ཟེར་ཆོག་གི་རེད། མ་འོངས་རྒྱ་ནག་དམངས་གཙོ་ལ་འགྱུར་ནས་དབང་ཆ་མི་དམངས་ཀྱི་ལག་ཏུ་འགྲོ་སྐབས་བོད་ལ་རྒྱབ་སྐྱོར་འཐོབ་པའི་ཁེ་ཕན་ལ་བསམ་བློ་གཏོང་དགོས་རེད།
གལ་སྲིད་མི་དམངས་དུང་ཕྱུར་༡༣་གྱི་རང་དབང་གི་ཆེད་དུ་དམངས་གཙོ་བརྩད་མ་ཐུབ་ནའང་བོད་ཀྱི་ཁེ་ཕན་གཅིག་པོའི་ཐོག་ཏུ་བསམ་བློ་བཏང་བ་ནའང་ཧོང་ཀོང་དམངས་མི་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་གནས་འགག་ཆེན་པོ་རེད་འདོད།
རྒྱ་ནག་གི་དོན་གྱི་བདག་པོ་རྒྱ་ནག་མི་དམངས་རེད་མ་གཏོགས་དམར་ཕྱོགས་ཚོགས་པ་མ་རེད། རྒྱ་ནག་གི་དོན་གྱི་བདག་པོ་རྒྱ་ཆེ་མི་དམངས་ལ་རྒྱབ་སྐྱོར་མ་བྱེད་པར་དམར་ཕྱོགས་ཏང་གི་ངོ་སྲུང་བྱས་ནས་བསྡད་ན་འཇུག་འབྲས་ངན་པ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་སྐབས་སུ་ཡོང་གི་རེད་དོ།
ནོར་བཅོས
# 35 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
October 7th, 2014 at 2:27 AM
སྟག་སྨྱོན་ཟེར་བ་འདིས་ཅི་ཞིག་བཤད་བསྡད་ཀྱི་ཡོད་རེད་ཨ། ཅོ་རིས་ཁས་ལེན་བྱས་མྱངས་མེད་པ་ཞིག་ལ་དགག་ལེན་འདྲ་ཞིག་འཕེན་མདོག་མདོག་གི་ཟོལ།་་ཧཧཧ ཅོ་རིས་མདོ་སྟོད་དང་ཁམས་པ་ཟེར་ནས་ག་པ་བྲིས་འདུག་གམ། རྫུན་མ་བཤད་ཨ་་སྟག་སྨྱོན། སྟོན་ཤོག་ཨ།
མདོ་ཁམས་དང་མདོ་སྟོད་གཉིས་ཁ་ཁར་རེད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་འདི་བོད་ཆོལ་ཁ་གསུམ་གྱི་རེད། འདིའི་ནང་གི་དམག་མི་ཚོ་ཆོལ་ཁ་གསུམ་ཀ་ནས་ཡོད། ཁམས་པ་གཅིག་པོའི་རེད་ཅེས་ཅོ་རིས་ག་པ་བྲིས་འདུག་གམ། རྫུན་མ་ཤོད།
སྟག་སྨྱོན་ཁྱོད་མཁས་དབང་ཨ་ནུ་ཐང་གསོད་ནམས་དང་ཅོ་རི་གཉིས་ཀྱི་ཐོག་ཏུ་སུ་ཡིས་བཏང་བྱུང་ངམ། ཁྱོད་ཀྱི་མཆན་བུ་ལ་བལྟས་ན་ཁྱོད་རང་གནས་ལུགས་བཤད་མཁན་བསླེབས་ནས་མིན་པར་གསལ་པོ་རེད་འདུག རྒྱུད་སྐུལ་བྱས་ནས་བསླེབས་པར་འདྲ་པོ་འདུག
དེ་ལས་་་ཁྱོད་ཀྱིས་དབུ་མའི་ལམ་གཏན་འབེབས་བྱེད་མཁན་༧གོས་ས་མཆོག་དང་བོད་མིའི་སྒྲིག་འཛུགས་མིན་པར་་རྒྱ་ནག་པེ་ཅན་ནས་ཚུར་ཁུར་ནས་བསླེབས་པ་རེད་ཅེས་བཤད་མྱངས་ཡོད་པ། ཁུངས་སྐྱེལ་བྱེད་ན་དགའ་གི་མ་རེད་པེ། ཁུངས་སྐྱེལ་མེད་ན་ཁྱོད་ཀྱི་སྐད་ཆ་དེ་ལ་ག་རེ་ཡིན་ལབ་དགོས་རེད་དམ། འཁོན་འཛིན། དཀྲོག་གཏམ། རྫུན་གཏམ། ལོག་བཤད་སོགས་གང་གི་ཁུངས་སུ་ཚུད་དམ།
# 36 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
October 7th, 2014 at 2:46 AM
དམངས་གཙོ་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་གི་ཡོད་ན་ཧོང་ཀོང་མི་དམངས་ཀྱི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། རྒྱབ་སྐྱོར་བྱེད་ནུས་དང་མི་ནུས་ཟེར་བའི་སྐད་ཆ་འདི་གནས་ཚུལ་ཁ་ཁར་ཞིག་རེད། ཨ་རིས་ཡིན་ནའང་ཧོང་ཀོང་ལ་རྒྱབ་སྐྱེར་བྱེད་ནས་ཡང་དག་པའི་དམངས་གཙོ་སྤྲོད་ཐུབ་ཀྱིན་མ་རེད། དམག་རྒྱབ་ཀིན་མ་རེད། ཡིན་ནའང་རྒྱབ་སྐྱོར་ཡོད་ཟེར་གྱི་འདུག
༧གོང་ས་ཏ་ལའི་བླ་མ་དང་བོད་མིའི་སྒྲིག་འཛུགས་གཉིས་ལ་རྒྱབ་སྐྱོར་བྱེད་པའི་ནུས་་པ་ཆུང་ནའང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་དགོས་པ་རེད། རྣམ་འགྱུར་སྟོན་མ་ཤེས་ན་ཆབ་སྲིད་མ་ཤེས་ཟེར་ཆོག་གི་རེད། མ་འོངས་རྒྱ་ནག་དམངས་གཙོ་ལ་འགྱུར་ནས་དབང་ཆ་མི་དམངས་ཀྱི་ལག་ཏུ་འགྲོ་སྐབས་བོད་ལ་རྒྱབ་སྐྱོར་འཐོབ་པའི་ཁེ་ཕན་ལ་བསམ་བློ་གཏོང་དགོས་རེད།
གལ་སྲིད་མི་དམངས་དུང་ཕྱུར་༡༣་གྱི་རང་དབང་གི་ཆེད་དུ་དམངས་གཙོ་བརྩད་མ་ཐུབ་ནའང་བོད་ཀྱི་ཁེ་ཕན་གཅིག་པོའི་ཐོག་ཏུ་བསམ་བློ་བཏང་བ་ནའང་ཧོང་ཀོང་དམངས་མི་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་གནས་འགག་ཆེན་པོ་རེད་འདོད།
རྒྱ་ནག་གི་དོན་གྱི་བདག་པོ་རྒྱ་ནག་མི་དམངས་རེད་མ་གཏོགས་དམར་ཕྱོགས་ཚོགས་པ་མ་རེད། རྒྱ་ནག་གི་དོན་གྱི་བདག་པོ་རྒྱ་ཆེ་མི་དམངས་ལ་རྒྱབ་སྐྱོར་མ་བྱེད་པར་དམར་ཕྱོགས་ཏང་གི་ངོ་སྲུང་བྱས་ནས་བསྡད་ན་འཇུག་འབྲས་ངན་པ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་སྐབས་སུ་ཡོང་གི་རེད་དོ།
ཨ ནུ་ལགས། ད་ག་རེ་བཤད་རུང་མ་བཤད་རུང་། ངས་གོང་དུ་དྲངས་པའི་ཊུ་ཊུའི་སྐད་ཆ་དེ་དག་གིས་ཁོང་གིས་སྐྱོན་བརྗོད་ཕྱིར་འགྱང་གནང་བ་དང་། རྡ་སར་མ་ཕེབས་པ་དེ་གོང་ས་མཆོག་ལ་ཡི་མ་རང་བའི་རྣམ་འགྱུར་མིན་པ་གསལ་པོ་ཆགས་ཟིན་པ་རེད། ལར་ནས་ཊུ་ཊུ་ལྟ་བུའི་འཛམ་གླིང་སྟེང་མཚན་སྙན་ཧ་ཅང་འབར་བའི་སྐྱེས་བུ་དམ་པ་ཞིག་ལ་སྔག་བརྗོད་གནང་མ་གནང་ཙམ་གྱིས་ཁོང་ཁྲོ་ལང་འགྲོ་བའི་གདེང་འཇོག་བྱེད་སྟངས་འདིས་སྟེང་ནས་ཁྱེད་རང་ནི་སྐྱེས་བུ་དམ་པའི་ཡོན་ཏན་ལ་སྣང་ཆུང་ཁྱད་གསོད་བྱེད་མཁན་ཞིག་ཡིན་པ་གསལ་པོ་བསྟན་སོང་། ཊུ་ཊུའི་སྐྱོན་བརྗོད་ཕྱིར་འགྱང་བྱས་པ་ནི་ཁྱེད་རང་གིས་ཀྱང་འདོད་ཀྱི་འདུག་པས་ངས་དཔང་པོ་སྟན་དགོས་དོན་མི་འདུག་ལ། ངས་རྡ་ས་ནས་ཊུ་ཊུ་གདན་ཞུ་མ་བྱས་པ་ཡིན་སྲིད་པ་རེད་ཟེར་བ་ལས་མ་བྱས་པ་རེད་ཞེས་ཐག་བཅད་ནས་བཤད་མེད། འོན་ཀྱང་ཁྱོང་རང་གིས་ཊུ་ཊུ་རྡ་སར་མ་ཕེབས་པ་དེ་གོང་ས་མཆོག་ལ་མི་དགའ་བའི་རྣམ་འགྱུར་ཡིན་སྲིད་པའི་འགྲེལ་བཤད་རྒྱག་སྟངས་ལ་ལྟས་ན་གདན་ཞུས་བྱས་མིན་གསལ་པོ་ཤེས་ཡོད་པ་ལྟ་བུའི་རྣམ་པ་མངོན་ཡང་། ད་བྱས་དུ་ཁྱེད་རང་གིས་ཀྱང་ཤེས་མི་འདུག་པས་ཁྱེད་རང་གི་དོག་འཆར་དེ་ནི་གཞི་མེད་ཀྱི་དོག་འཆར་ཡིན་པ་གསལ་པོ་ཆགས་སོང་། ངས་གོང་དུ་དྲངས་པའི་གོང་ས་མཆོག་གི་གསུངས་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་དྲ་རྒྱར་འདུག་ལ། ཁོང་གིས་གཟིགས་ཞིབ་ནན་པོ་གནང་གི་ཡོད་པ་དང་ཞི་མོལ་གྱི་ལམ་ནས་ཐག་ཆོད་ཡོང་བའི་སྨོན་ལམ་གནང་གི་ཡོད་གསུང་པ་ནི་དམངས་གཙོའི་ལས་འགུལ་ལམ་སློང་ཡོང་བའི་ཐུགས་སྨོན་ཡིན་པ་སུས་ལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། རྡ་སའི་ཞི་རྟགས་ཐོབ་མཁན་གྱི་མཛད་སྒོ་ནི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་འབྲེལ་བ་གང་ཡང་མེད་པས་དེར་རྒྱབ་སྐྱོར་ཡོད་པར་གསུང་དགོས་དོན་ཅི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་སྐུ་མདུན་གྱིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མ་གནང་བའི་དབང་དུ་བཏང་ཡང་དེ་བཟང་སྤྱོད་དང་འགལ་བ་གང་ཡང་མ་རེད། གང་ཡིན་ཟེར་ན་སྐུ་མདུན་དང་ཧོང་ཀོང་གཉིས་བར་ལ་དམིགས་གསལ་གྱི་འབྲེལ་བ་གང་ཡང་མེད་པས་ཡིན་ཅིག་ཁོང་གིས་ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་དོན་ཅི་ཡོད། སྐུ་མདུན་རི་བོ་རྩེ་ལྔར་གནས་གཟིགས་ལ་ཕེབས་ཐུབ་ཐབས་གནང་བཞིན་པ་འདི་ཡང་། དེ་རྒྱུད་ནས་རྒྱ་ནག་གི་མགོ་ཁྲིད་ཚོ་དང་འབྲེལ་མོལ་གྱིས་བོད་དོན་ཐག་བཅོད་ཡོང་བའི་ཐུགས་རེ་གནས་གི་ཡོད་པ་ལས། རི་བོ་རྩེ་ལྔར་གནས་གཟིགས་ལ་ཕེབས་ཐུབ་པ་ཙམ་གྱིས་ཁོང་སྐུ་སྒེར་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་རྒྱུ་མེད་པ་ནི་བསམ་ཡོད་སུས་ལྟར་ཀྱང་ཤེས་གསལ་རེད། བཀའ་དྲིན་ཆེ་མིན་སོགས་ནི་སྐབས་སུ་མ་བབ་པའི་སྐད་ཆ་ཞིག་རེད་ལ། སྐབས་གཞན་ལ་བགྲོ་གླེངས་བྱེད་ཟིན་པ་དང་ཁྱེད་རང་ལ་གནས་ལུགས་བཤད་རྒྱུ་མེད་པ་གསལ་པོ་ཆགས་ཟིན་པ་ཞིག་ཡིན་པས་འདིར་དུས་ཚོད་འཕྲོ་བརླག་གཏོང་འདོད་མ་བྱུང་།
སྟག་སྨྱོན་ཁྱོད་མཁས་དབང་ཨ་ནུ་ཐང་གསོད་ནམས་དང་ཅོ་རི་གཉིས་ཀྱི་ཐོག་ཏུ་སུ་ཡིས་བཏང་བྱུང་ངམ། ཧཧཧ ཅོ་རིས་ཁོ་རང་མཁས་དབང་གི་གྲལ་ལ་དྲུད་ཡོད་གི་འདུག རང་གིས་རང་བཀྱག་སྐྱག་པས་རྐུག་བཀྱག་ཞེས་པ་དེ་ཅི་མ་བདེན། ཧཧཧ
ལུང་རྟོགས་ལགས། མཁས་དབང་ཨ་ནུ་ཐང་གསོད་ནམས་ལགས་་་་ཆོས་སྲིད་གཉིས་ཀྱི་ཐོག་ཏུ་མཁས་པ་ཞིག་རེད་བསམས་ཀྱི་འདུག xxཟམ་གདོང་བླ་མ་ལ་མཁས་དབང་གི་མིང་བཏགས་པ་ལྟར་མ་རེད། ཨ་ནུ་ཐང་དོན་དངོས་པོའི་ཐོག་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་བ། དེ་རིང་གི་འཛམ་གླིང་ལ་བལྟ་མཁས་པ། སྐད་ཡིག་གཉིས་ལྡན་ཡོད་པ། འདབ་གཤོག་གཉིས་ལྡན་གྱི་བསམ་བློ་བ་ཞིག་རེད། དོན་དངོས་པོའི་ཐོག་ནས་རེད། མ་གཏོགས་བླ་མ་དང་སྤྲུལ་སྐུ་ཡིན་ཙང་ངོ་སྟོད་བྱས་ལྟར་མ་རེད། ཁོང་ལ་མཁས་དབང་ལབ་ན་མི་འགྲིག་ན་བཙན་བྱོལ་ནང་དུ་མཁས་དབང་ལབ་ཆོག་སའི་མི་རྙེད་ཁག་པོ་ཡིན།
བསམ་བློ་མི་མཐུན་གཉིས་ཀྱི་དབར་ལ་སྐད་ཆ་མང་པོ་ཞིག་སོང་ཡིན་ནའང་ངས་ཕྱོགས་སྡོམ་ཞིག་བྱེད་ཀྱི་ཡིན། མི་མཐུན་སའི་གཙོ་བོ་ནི་ཅོ་རི་ལས་སོགས་ཁག་ཅིག་གིས་གོང་ས་མཆོག་གིས་གནང་སྟངས་དེ་ལ་ཡིད་མ་ཚིམས་ནས་སྐྱོན་འདོན་བྱེད་ཀྱི་འདུག ལུང་རྟོགས་ལས་སོགས་ཁག་ཅིག་གིས་སྐྱོན་བརྗོད་དེ་དག་ལ་བསམ་ཤེས་དང་ངོས་ལེན་ནམ་ཡང་བྱེད་རྩིས་མེད་ཅིང་དེར་དགག་རྐྱང་བྱེད་ཀྱི་འདུག ངས་བལྟ་དུས་བསམ་བློ་གཏོང་གཞིའི་ཁྱད་པར་ལས་བྱུང་བ་རེད། ཅོ་རི་ལས་སོགས་ཀྱིས་གོང་ས་མཆོག་གིས་གནང་སྟངས་ལ་ཡིད་མ་ཚིམས་ནས་དགག་པ་བྱེད་པ་ནི། གོང་ས་མཆོག་གིས་ཕྱི་ཀུན་རྫོབ་ཆབ་སྲིད་ཀྱིས་དགོངས་པ་བཞེས་ཕྱོགས་ལ་ཡིད་མ་རངས་ནས་སྐྱོན་བརྗོད་བྱེད་ཀྱི་འདུག དེ་ནི་ཁོང་བོད་མིའི་ཆབ་སྲིད་པའི་དབུ་ཁྲིད་གནང་སྐབས་དང་ཁོང་བོད་མིའི་མགྲིན་ཚབ་ཡིན་པའི་ངོས་ནས་ཆབ་སྲིད་ཀྱི་ལྟ་བའི་བཞེངས་ཕྱོགས་ལ་ཡིད་མ་རངས་པར་རེད། དེས་ན་ཅོ་རི་ལས་སོགས་བོད་ཀྱི་ཆབ་འབང་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལ་སྐྱོན་འདོན་གྱི་སྨྲ་བརྗོད་རང་དབང་གི་ཐོབ་སྟང་ཀྱང་ཡོད་དགོས་ལ་བདེ་སྤྱོད་ཀྱང་བྱེད་ཆོག་གི་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁ་བརྡའི་དྲ་བདག་ནས་ཀྱང་མཁྱེན་པའི་ཐོག་ནས་བསམ་ཚུལ་ཤོད་མཁན་དེ་ཚོར་རྩོམ་དང་མཆན་འབྲི་བའི་གོ་སྐབས་བསྩལ་བ་རེད། ལུང་རྟོགས་ལས་སོགས་ཁག་ཅིག་གིས་དེར་ངོས་ལེན་མེད་པའི་ཐོག་དགག་པ་བྱེད་པ་ནི། གོང་ས་མཆོག་ཁོང་ཚོའི་འདི་ཕྱིའི་སྐྱབས་གནས་དང་རྩ་བའི་བླ་མ་ཡིན་པས་དག་སྣང་འབབ་ཞིག་ལས་སྐྱོན་གྱི་དྲི་མས་མ་གོས་པར་ངོས་འཛིན་གྱིས་དེ་དག་ལ་དགག་པ་རྐྱང་བྱེད་པ་དང། དེ་བཞིན་གོང་ས་མཆོག་ནི་ནང་སེམས་ཀྱི་བསླབ་བྱ་གནང་མཁན་གྱི་དབུ་ཁྲིད་ཡིན
པས་དོན་དམ་ཉམས་ལེན་གྱི་སྟེང་ནས་གོང་ས་མཆོག་ལ་སྐྱོན་གྱི་ཆ་ཡིས་མ་གོས་པར་ངོས་འཛིན་གྱིས་རེད། བྱས་ཙང་མདོ་དོན་གོང་ས་མཆོག་གིས་ཕྱི་ཀུན་རྫོབ་ཆབ་སྲིད་ཀྱིས་བཞེངས་ཕྱོགས་དང་ནང་དོན་དམ་དགོངས་པ་ཉམས་ལེན་གྱི་སྟེང་ནས་བསམ་བློའི་གཏོང་ཕྱོགས་གཉིས་མ་མཐུན་པ་ལས་བྱུང་བ་རེད་བསམ།
མཁས་དབང་ཨ་ནུ་ཐང་བསོད་ནམས་དང་ཅོ་རི་གཉིས་ཀྱིས་ཁ་ལག་ཟ་གྱི་ཡོད་ཅེས་བྲིས་ན་ཅོ་རི་མཁས་དབང་ལབ་ཀྱི་ཡོད་པར་ཨེ་རེད། ཅོ་རི་མཁས་དབང་གྲལ་དུ་དྲུད་པ་ཨེ་རེད། མཁས་དབང་སེང་གེ་དང་ལུང་རྟོགས་གཉིས་མཉམ་དུ་འགྲོ་སོང་ལབ་ན་ལོང་རྟོགས་ཡང་མཁས་དབང་རེད་ལབ་ཀྱི་ཡོད་པ་ཨེ་རེད། ཁྱོད་ཀྱིས་ལོག་འགྲེལ་ག་རེ་འདྲ་ཞིག་བརྒྱབ་བསྡད་ཀྱི་ཡོད་ཨ། རྩ་མ་ཚང་རང་རེད། ཡིན་ནའང་ཁྱོད་རང་ཡར་རྒྱས་ཏོག་ཙམ་ཕྱིན་སོང་་་ཁྱི་འབོད་སྐྱག་འབོད་འཐེན་གྱི་མི་འདུག ཡག་པོ་རེད།
ལོང་རྟོགས་ལགས། ༧གོང་ས་ཏ་ལའི་བླ་མས་སྤྱི་རྒྱ་ནག་གི་དམངས་གཙོ་དང་སྒེར་ཧོང་ཀོང་མི་དམངས་ཀྱི་དམངས་གཙོ་ལ་རྒྱབ་སྐྱོར་མ་བྱེད་ན་ཨ་རི་གཙོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གདོང་སྟོན་ཤེས་ཐབས་ཡོད་རེད་པེ། དམངས་གཙོའི་གསེར་གྱི་རྟགས་མར་ལེན་ཚར་པ། དེ་ལས་ཐེ་ཚོམ་མེད་པའི་ཐོག་ནས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་བྱེད་བཞག་ན་ག་འདྲ་ཡག་པོ། མ་གཏོགས་རྗེས་སུ་ནུབ་ཕྱོགས་སུ་ཕེབས་དུས་གསར་འགོད་པ་དེ་དག་གིས་ཀྱང་ཧོང་ཀོང་དམངས་གཙོ་ལ་རྒྱབ་སྐྱོར་ཡོད་དམ་ཞེས་འདྲི་ནས་བསྡད་བཅུག་གི་མ་རེད། དེ་དང་དེ་བཞིན་ནུབ་ཕྱོགས་པའི་དཔོན་རིགས་ཚོ་ཡིན་ད་ཡིན། ཨ་རིའི་གྲོས་འཚོགས་ཀྱིས་ཀྱང་བཙེར་གི་རེད། དེ་ལས་མ་བཙེར་པའི་སྔོན་ནས་ཐུགས་བསམ་བཞེས་ན་ཡག་གི་རེད་འདོད།
ངས་བསམ་ཚུལ་བྱས་ན་ང་ཚོས་ལངས་ཕྱོགས་བརྟན་པོ་འཛིན་དགོས་ཀྱི་འདུག དམར་ཕྱོགས་ཡིན་ན་དམར་ཕྱོགས་བརྟན་པོ། དམངས་གཙོ་ཡིན་ན་དམངས་གཙོ་བརྟན་པོ། ཅི་ཡིན་འདི་ཡིན་མེད་པར་གཞང་བཙོང་མའི་སྤྱོད་པ་འདྲ་ཞིག་ཁུར་ནས་བསྡད་ན་ཡག་པོ་ཡོང་གི་མ་རེད།
བོད་ས་མ་ཤོར་པའི་སྔོན་དུའང་འདི་འདྲ་རྐྱང་རྐྱང་བྱས་པའོ་ལོ་རྒྱུས། རྒྱ་གར་དབྱིན་གཞུང་གིས་དམག་བརྒྱབ་ཡོང་དུས་སོག་པོ་ལ་སྐྱབས་འཇུག་ཞུས། རྒྱ་ནག་མན་ཇུ་གོང་མས་དམག་བརྒྱབ་འོང་དུས་རྒྱ་གར་ལ་སྐྱབས་བཅོལ་བྲོས། ཡར་སྐྱབས་རེ་བཅོལ་མར་སྐྱབས་རེ་བཅོལ། མཐའ་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་ཞུགས་བྱས་མ་ཐུབ། རང་བཙན་ཤོར། བལྟོས་དང། འབྲུག་པ་ག་འདྲའི་སྤྱང་པོ་བྱུང་འདུག རང་མགོ་ཐོན་ནས་བསྡད་འདུག་ག རྒྱལ་ཚོགས་ནང་དུ་འཛུལ་ཞུགས་བྱས་འདུག རང་བཙན་ཡོད་པའི་རྒྱལ་ཁབ་ཤིག་ཟིན་ནས་བཞུགས་འདུག་ག
ད་ནི་་་སྐུ་ཚེ་རིང་་ག་དུས་ཡིན་ནའང་ཕར་ཕྱོགས་ཚུར་ཕྱོགས་ཚང་མ་ལ་ཡིན་མདོག་མདོག་ཤ་དག་མི་བྱེད་པའི་རེ་བ་ཡོད། དམངས་གཙོ་དང་དམར་ཕྱོགས་གཉིས་ཀྱི་ནང་ནས་དམངས་གཙོ་ནི་དར་ཁྱབ་ཆེ་ལ་ཕུག་རྒྱུང་རིང་། ང་རང་ཚོ་དམངས་གཙོའི་ཕྱོགས་སུ་བསྡད་ནས་རང་དབང་འཐབ་རྩོད་བྱེད་དགོས་པ་ལས་དམར་ཕྱོགས་པའི་ཕྱོགས་སུ་ལངས་ནས་རང་དབང་འཐབ་རྩོད་ཤིག་ཡོང་ཐབས་མེད།
སྐུ་ཚེ་རིང་་་རྡ་ས་ནས་ལངས་ཕྱོགས་བརྟན་པོ་ཞིག་འཛིན་པའི་རེ་བ་ཡོད། དམར་ཕྱོགས་པ་ལ་ཡང་ཡིན་མདོག་མདོག དམངས་གཙོའི་ཕྱོགས་ཁག་ལ་ཡང་ཡིན་མདོག་མདོག མཐའ་མ་སུ་གང་གི་ཕྱོགས་སུ་བརྟན་པོ་མེད་དུས་བདག་པོ་མེད་པར་གྲོགས་མེད་ཁེ་རྐྱང་ལྷག་གི་རེད། རྒྱ་ནག་དམངས་གཙོ་ལ་བསྒྱུར་བའི་ཉིན་མོར་ནི་བོད་མི་རིགས་ཀྱི་རང་དབང་འཐོབ་པའི་གོ་སྐབས་ཡག་ཤོས་རེད། དེར་དུས་རྒྱ་མི་རིགས་ཀྱི་རྒྱབ་སྐྱོར་གལ་ཆེན་པོ་རེད། ད་ལྟ་ནས་བསམ་བློ་བཏང་ནས་ལངས་ཕྱོགས་བརྟན་པོ་དགོས་གལ་ཆེན་པོ་རེད་འདོད་ཀྱི་ཡོད་དོ།།།
ཨ་ནུ་ཐང་བསོད་ནམས་ཀྱིས་ཉེ་ཆར་ཐོན་པའི་རྩོམ་ཡིག་འགའ་ལ་གཞིར་བཞག་ཏེ་བྲིས་པའི་༼ཧོང་ཀོང་གི་མང་གཙོ་དང་ཁྲོས་ཁྲོས། ཏཱ་ལའི་བླ་མ་བཅས་ཀྱི་མཛའ་འབྲེལ༽ རྩོམ་ཡིག་འདི་དཔྱད་རྩོམ་ཞིག་གི་ངོ་བོ་མི་འདུག ཐ་ན་དཔྱད་ཞིབ་ཀྱི་ཚུལ་དུ་བྲིས་པའི་མཇུག་སྡོམ་དེ་སྐྱུག་བྲོ་བ་ཞིག་རེད།
ཨ་ནུ་ཟེར་བ་དེ་ཡང་ཆབ་སྲིད་ཞེ་པོ་ཤེས་ཀྱི་ཡོད་པ་ནང་བཞིན་ད་ལྟ་བར་དུ་སྨྱོ་ལབ་ཁོ་ན་རྒྱབ་ནི་སྡད་སོང་ ཡིན་ན་ཡང་གནས་ཚད་འདི་འདྲ་ཞིག་གིས་ཐོག་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་ནི་དངོས་གནས་ཁྱོད་རའི་ཕ་མ་དང་དགེ་རྒན་སོགས་ཀྱི་རྐང་པ་ནས་འཐེན་པ་རང་རེད་ བོད་མི་རིགས་ཀྱིས་ཆེད་དུ་ཆབ་སྲིད་པ་ཞིག་བྱེད་འདོད་ན་དང་པོ་ལྷག་བསམ་སྦྱོང་དེ་ནས་ཕྱོགས་ཞེན་སྤོངས་དེ་གཉིས་ཤེས་འདོད་ན་༧གོང་ས་མཆོག་ལ་སློབ་སྦྱོང་གྱིས་འདི་ལས་ལྷག་གཅིག་མེད་ དེ་མིན་གཡོ་རྒྱུ་ཅན་གྱི་ཆབ་སྲིད་པ་ཞིག་བྱས་པ་ལ་ཡང་གནད་དོན་ག་རེའི་སྐོར་ལ་ཡིན་ན་ཡང་ཐིལ་ཕྱིན་པ་ཞིག་མ་རྟོག་པར་སྨྱོ་ལབ་རྒྱབ་པ་ཡིན་ན་སོ་སོའི་ལྟོ་ཕོགས་ཡང་རླག་མི་སྲིད་པ་མིན་ལ་གཞན་གྱིས་གཡོ་འོག་ལ་ཡང་ཚུད་མི་སྲིད་པ་མིན་
ཨ་ནུས་xxཤེས་བ་ཙམ་གྱིས་མཁས་བར་ཆགས་ཡོད་ན། xxxxའདི་འདྲ་མང་ནི་རེད།
ཕྱི་རྒྱལ་ཟེར་བ་དེ་སྡོད་ས་ལྷ་ཡུལ་འདྲ་འདྲ། ཕྱི་གཞུང་ཟེར་བ་དེ་གཏེར་མཛོད་འདྲ་འདྲ། ཕྱི་མི་ཟེར་བ་དེ་ཐུགས་རྒྱུད་དཀོན་མཆོག་འདྲ་འདྲ་ཞིག་ཡིན་རབས་བྲིས་འདུག།
ང་ཚོ་དེ་འདྲའི་ལྐུག་པ་ཁྱོད་འདྲ་བའི་ལྟ་སྟངས་ལས་མ་ཤེས་མཁན་དེ་འདྲ་མིན་ལོ།
ཕྱི་རྒྱལ་ཟེར་བ་དེ་ན། དཀའ་ལས་ཅི་ཙམ་གྱིས་བརྒྱབས་པའི་གླ་བཙའ་ལ་ཁྲལ་སྒོར་དེ་ཙམ་གྱིས་མཐོ་བ་ཡོད་པ་ཨ། ཟས་གོས་ལ་སོགས་འགྲོ་སྒོ་ཅི་ཙམ་བཏང་བ་ལ་ཡང་ཁྲལ་འཇལ་བྱེད་དགོས་བ་ཡིན་པ་ཨ། བསམ་བློ་ཐོངས་དང་། ཚུར་བསགས་དུས་ཁྲལ་བསྡུས། ཕར་གཏོར་དུས་ཁྲལ་བསྡུས། མི་ལོ་ཅོ་བརྒྱད་ནས་ལོ་རྒན་དྲུག་ཅུ་རེ་ལྔ་མ་ལོན་བར་དུ། ལོ་གཅིག་ནང་གི་བདུན་ཕྲག་ང་གཉིས་ལས་གོང་སང་བདུན་ཕྲག་ལྔ་མ་གཏོགས་མེད་པར་དམྱལ་བ་མྱངས་དགོས་ཡོད་པ་ཨ། དེ་འདྲའི་ཁྲལ་ཆེན་ཡོད་ས་ནས། མདོ་དོན་རང་གི་བསགས་ཁྲལ་ལས་རྒས་གསོ་དང་བུ་གུ་སློབ་གྲྭ་སོགས་ལ་གཏོང་ཐུབ་པ་ལས། ཕྱི་རྒྱལ་ཁག་ན། མགོ་མ་གཡུག་པར་ལྷ་འབབ་ཚུལ་ཞིག་མེད་པ་ཤེས་ཡོད། རྒྱལ་ཁབ་དེ་ཚོའི་འགྲོ་སྟངས་འགྲིག་མི་འདུག་བྱས་བ་མིན་ཡང་། ཡིན་ངོ་མ་དེ་འདྲ་ཞིག་ཡོད་པ་ཨ།
ང་ཚོའི་བཙན་བྱོལ་ན་ཁྲལ་ཞིག་དང་ཕར་བཞག། མཐའ་ན་བོད་མིའི་དང་བླང་ལག་དེབ་ཡང་སྤྲོད་ཀི་མེད་པ་ཨ། xxxxxx
ཧོང་ཀོང་གི་ངོ་རྒོལ་མཇུག་རྫོགས་སོང་། ད་རྩོད་ཡ་ཅང་མི་འདུག
དེ་ལ་རྒྱལ་སྦྱོར་བྱས་མ་བྱས་ད་ཁྱད་ག་རེ་འདུག
ཅོ་རིའི་སྐད་ཆ་ནི་ཅོ་རིའི་སྐད་ཆ་རང་རེད། སྤྱི་ཚོགས་ནང་ཡོངས་གྲགས་ཅན་གྱི་མཁས་དབང་ཟམ་གདོང་བླ་མ་མཁས་དབང་མ་རེད་ཟེར། དྲ་རྒྱའི་ནང་ཆོ་མེད་པའི་ལོག་རྩོམ་ཁོ་ན་སྤེལ་མཁན་ཨ་ནུ་ཐང་མཁས་དབང་རེད་ཟེར། ད་མི་འདིས་སྐད་ཆ་ལ་ཅང་གོ་རྒྱུ་འདུག་གམ། ཧཧཧ ངོ་མ་མི་འདིས་སྨྱོ་བཤད་ལོག་བཤད་ཅི་ཙམ་བྱེད་ཀྱི་ཡོད་པ་སྐད་ཆ་འདིས་གསལ་པོ་མཚོན་མི་འདུག་གམ། གོང་ས་མཆོག་གིས་ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་པ་ངས་གོང་དུ་གསལ་པོ་དྲངས་ཡོད་པས་འདིར་སྨྱོ་བཤད་ཅི་ཞིག་བྱེད་ཀྱི་ཡོད། དམངས་གཙོའི་གསེར་གྱི་རྟགས་མ་ལེན་མཁན་ནི་གོང་ས་མཆོག་མིན་ན་ཡང་མང་པོ་ཡོད། འོན་ཀྱང་ཁོང་ཚོས་ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས་རབས་ཤིག་གོ་རྒྱུ་མི་འདུག་ག གོང་ས་མཆོག་ཅིག་པུ་ལ་སྐྱོན་བརྗོད་བྱེད་དགོས་དོན་ཅི་ཡིན་ནམ། འདིས་རྒྱབ་ལོག་ལ་དྲི་མ་ངན་པ་ཞིག་སྦས་ཡོད་པ་མིན་ནམ།
རྩོམ་ཡིག་གི་ནང་དུ་སྐུ་མདུན་གྱིས་ཧོང་ཀོང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་རེད་ཅེས་བ་ལ། གནམ་དང་ལུང་རྟོགས་སོགས་ཀྱིས་སྐུ་མདུན་གྱིས་རྒྱབ་སྐྱོར་མི་གནང་ཚུལ་སོགས་ཀྱི་མཐུན་འགྱུར་གྱི་སྒྲུབ་མང་དུ་བཏང་འདུག ཧཧ
འབྲུག་པའི་དེ་ཨེ། འབྲུག་པའི་དེ་ལ་ངས་དགག་པ་བྱ་བགྱིད་མིན། ང་ཆེས་ཡིད་སྨོན་མེད་པ་ནི་འབྲུག་གི་བོད་དོན་བརླགས་པ་དེ་རེད། ལི་ཐང་ཨ་ཐར་དང་གུང་ཐང་ཚུལ་ཁྲིམས་ཟེར་བ་ཡོངས་གྱི་མཐུན་སྒྲིལ་ལ་རྒོལ་མཁན་དེ་ཚོའི་རྗེས་སུ་རྒྱུགས་བསྡད་ན་མཚམས་རེ་ལ་འབྲས་ལྗོངས་འདྲ་མོ། མཚམས་རེ་ལ་འབྲུག་པ་འདྲ་མོ། ཀ་ཤིར་འདྲ་མོ། མཚམས་རེ་ལ་ཡུ་ཁུ་རན་འདྲ་མོ་དེ་འདྲ་ཡོང་གི་རེད་དེ། བོད་མི་བསམ་བློ་བ་ཆབ་སྲིད་ཀྱི་དབུ་ཁྱིད་ཚོས་ཆོ་མེད་ཀྱི་རང་དབང་དུ་མཐོང་གི་ཡོད། བོད་དབུས་ཀྱི་གསེར་དང་འདྲ་བའི་དབུ་ཁྲིད་ཚོས་རང་གི་མདོ་ཁམས་སྨད་ཀྱི་སོ་ག་སྲུང་ཕྱིར་དུ། རང་ལ་བདག་པའི་ཆེས་མཐོ་བའི་གསེར་ཁྲི་དང་དངུལ་ཁྲི་མདོ་སྨད་པར་སྤྲད་ཡོད་ལ། ཆེས་བཀུར་འོས་པའི་མདོ་སྟོད་སྨད་ཀྱི་ཡུལ་ཁམས་འབྲུག་ལྟ་བུའི་སྐྱོ་གར་གྱི་ལུང་པར་མི་འགྱུར་ཆེད་རང་གི་སྲོག་དང་བསྡས་ཏེ་ཁ་ཐོར་ལ་རྒོལ་རྡུང་བཏང་ཡོད། ངའི་རེ་བར་ལྷ་རབ་བྱུང་ན་ཆོས་དང་། མ་བྱུང་ན་ཡང་ཆབ་སྲིད་ཀྱི་ལོ་རྒྱུས་དེབ་ཕྲེང་། ཡིག་འབྲི་ཁྲི་བདུན་མ་དང་། ངོས་ཀྱི་ཡུལ་དང་མི་དམངས། བོད་ནང་ལོ་བདུན་ལྟ་བུར་བལྟས་ལྟས་སྟེ་ནག་རལ་དུ་བཏང་མེད་ན། ཁ་རྩང་གི་བོད་ངོ་བོ་ངེས་ཟིན་གྱི་མེད་ན། xxxxxམ་མཐར་བསམ་བློ་གཏོང་བྱས་སྐད་ཆ་ཤོད་ཨ། xx
༼དཀའ་རྙོག་འདི་ཕྱོགས་གཉིས་དོན་ཕན་ལྡན་པ་དང་། ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་སླད། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་གི་ཡོད་ལུགས་གསུངས་གནང་འདུག༽ཧྥ་རན་སིའི་གསར་འགོད་པས་དྲི་བ་མ་བཏོན་བར་དུ་སྐུ་མདུན་གྱིས་དེ་དོན་ལ་དཀའ་མོལ་གནང་མེད་ཀྱང། བཀའ་མོལ་ཡང་ཕྱོགས་གཉིས་ཀ་ལ་མི་གནོད་པའི་ཚིག་གཅིག་བཀོད་པས་ཧོང་ཀོང་ལ་དམིགས་བསལ་གྱི་རྒྱབ་་སྐྱོར་གནང་མི་འདུག མེད་པ་གསལ་བོ་རེད། ངའི་རྩོམ་ཡིག་གི་ཁྲོད་དུ་རྡ་སའི་ཞི་རྟགས་མཛད་སྒོའི་སྟེང་དུ་སྐུ་མདུན་གྱིས་ཧོང་ཀོང་རྒྱབ་སྐྱོར་གྱི་གསུང་བཤད་གནང་རྒྱུག་ཁག་པོ་ཡིན་ཚུལ་ཞུས་ཡོད། ཁྱེད་ཀྱིས་ཀྱང་དེ་ལྟར་སྐུ་མདུན་གྱིས་དེ་ལྟར་གནང་མེད་པ་ངོས་ལེན་བྱས་ཡོད་པས་རྩོད་པ་མི་འདུག ཞི་རྟགས་ཀྱི་མཛད་སྒོ་ཧོང་ཀོང་གི་ལས་འགུལ་དང་འབྲེལ་བ་མེད་ཚུལ་གླེང་བ་ནི་ཧམ་བཤད་ལས་རྒྱུ་མཚན་མེད་དེ། ཞི་རྟགས་ནི་རང་དབང་དང་མང་གཙོ་གཉེར་བས་ཐོབ་པ་ལས་གཞན་དུ་མིན་པས། ཧོང་ཀོོང་གི་རང་དབང་དང་མང་གཙོ་གཉེར་བ་མཛད་སྒོ་དེ་དང་འབྲེལ་མེད་སྨྲ་བ་ནི་དྲང་མོ་རེད། ཡིན་ཏེ། ཧོང་ཀོང་ཡང་འཛམ་གླིང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པས། དེ་ཡི་མང་གཙོའི་ལས་འགུལ་ལ། ཁྲོས་ཁྲོས་ཀྱིས་གསུངས་བ་ལྟར་མང་གཙོ་ལ་འདོད་པ་ཡོད་མཁན་ཞིག་ཡིན་ན། རྒྱབ་སྐྱོར་བྱེད་པའི་ལས་འགན་ཡོད་ལ། ལྷག་པར་དུ་ཞི་བདེའི་དབུ་ཁྲིད་འབོད་མཁན་ཚོ་དེ་བས་ལས་འགན་ཡོད།
ཁག་ཅིག་གིས་ཨེ་རླུང་ཚང་ལ་གཞི་བཅོལ་ནས་ཀོང་གི་མང་གཙོའི་ལས་འགུལ་གཟའ་ཟླ་བའི་ཉིན་མཚམས་བཞག་པ་རེད་བརྗོད་ཀྱང་། དེ་ནི་ཨེ་ཤ་ཡ་རང་དབང་འཁྲུལ་བ་ཡིན་པ་ལས་མང་གཙོའི་ལས་འགུལ་དེ་རིང་ཡང་མཚམས་བཞག་མི་འདུག གཞུང་གིས་གཟའ་ཟླ་བའི་ཉིན་ལས་མཚམས་བཞག་ན་གཞུང་དང་གྲོས་མོལ་བྱེད་ཡོད་ཚུལ་བསྒྲགས་ཤིང་། དེ་ལྟར་མ་གནང་བ་མུ་མཐུད་དུ་ཧོང་ཀོང་མི་མང་གི་ལས་མཚམས་བཀག་པ་ཡིན་ན་འཇུག་འབྲས་ཡག་པོ་མེད་ཚུལ་བརྗོད་ཁར། ཧོང་ཀོང་གི་སྒེར་ཚོང་བ་མང་པོས་མང་གཅོ་ལས་འགུལ་གྱིས་ཁོང་ཚོའི་ཚོང་དང་ལས་ཀ་ལ་འགོག་རྐྱེན་བཏང་ཚུལ་གྱི་་སྐྱོན་བརྗོད་བྱས་པས། གཟའ་ཟླ་བའི་ཉིན་ཚོང་ཁང་དང་དངུལ་ཁང་། གཞུང་ཞབས་སོགས་རྒྱུན་ལྡན་ལྟར་ལས་ཀར་འགྲོ་རུ་བཅུག་པ་ལས་མང་གཙོའི་ལས་འགུལ་ད་དུང་ཡང་མཚམས་ད་དུང་བཞག་མེད། མེད་པ་འོག་གི་དྲ་ཐག་ལས་འཚོར་ཐུབ།
http://www.ibtimes.com/hong-kong-protests-2014-student-leaders-rally-protesters-numbers-dwindle-1699935
ལུང་རྟོགས་ལགས། དེ་ལྟར་ན་ཁྱེད་ཀྱིས་ཀྱང་ཚད་དཔགས་ཅམ་ལས་ཁྲོས་ཁྲོས་གདན་འདྲེན་ཞུས་མེད་པ་འཚོར་མི་འདུག དེ་ན་ཞི་རྟགས་ཐོབ་མཁན་ཁག་ཅིག་རྡ་ས་ལ་གཅར་འདུག་ཅིང་། དེ་དག་གདན་འདྲེན་ཞུས་ནས་སླེབས་པ་རེད་དམ། གལ་སྲིད་དེ་ལྟར་ཡིན་ན་ཁྲོས་ཁྲོས་མ་གནང་དགོས་དོན་ག་རེད་ཡིན་ནམ། གལ་སྲིད་གདན་འདྲེན་མ་ཞུས་ཤིང་རང་སྒེར་གྱི་སླེེབས་པ་ཡིན་ན་ཁྲོས་ཁྲོས་ག་རེ་བྱས་ན་མ་ཕེབས་པ་རེད་དམ། ཁོང་གིས་འགྲོ་རྒྱུ་མིན་ཞེས་གསུངས་འདུག ཁྲོས་ཁྲོས་རྒྱུན་རིང་ལྷན་འཇགས་སུ་བཞུགས་པའང་ལྕམ་སྐུ་Ebadiསོགས་ཀྱིས་སྐྱོན་བརྗོད་གནང་འདུག་ཅིང་། ཁྱེད་ཀྱི་ཞེན་འདོད་ལྟར་ན་ཁོང་ཚོ་ནོར་བ་ཡིན་པས་ཐོག་མར་ཁོ་ཚོ་ལ་སྐྱོན་བརྗོད་གནང་རོགས་ཞུ།
གཞན་ཡང་ཁག་ཅིག་གིས་ཏཱ་ལའི་བླ་མས་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་ན་ཕན་ཐོགས་མེད་ཚུལ་བརྗོད་ཀྱིན་འདུག དེ་ན་ཡོས་ཁི་རན་ལ་རྒྱབ་སྐྱོར་གནང་ཞིང་ཕོ་དྲིན་ལ་སྐྱོན་བརྗོད་གནང་ན་ཕན་ཐོགས་ག་རེརེད་དམ། ཁ་ཅིག་གི་ཞེན་འདོད་ལྟར་ན་ཏཱ་ལའི་བླ་མ་ནི་ཆོས་བའམ་དབུ་ཁྲིད་ཉམ་ཆུང་ཞིག་ཡིན་པས་སུ་ལ་སྐྱོན་བརྗོད་གནང་མི་ཉན་མཁན་ཞིག་ཏུ་འདོད་དགོས་ཀྱང་དོན་དངོས་དེ་ལྟར་ཁོ་ན་རེད་མི་འདུག་སྟེ། ཕན་དྲིན་ལ་སྐྱོན་བརྗོད་གནང་བ་ལྟར་རེད། བོད་ལ་རང་དབང་དགོས་ན་ཤར་ཡོས་ཁི་རན་ལ་ག་རེ་བྱས་ནས་རང་དབང་མ་དགོས་བ་རེད་དམ། མ་ཟད་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་བྱེད་སྐབས་མོ་སི་ཁི་ནང་དེ་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་བོད་དར་འཁུར་ནས་མཉམ་ཞུགས་བྱས་ཡོད། རྒྱུ་མཚན་ནི་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་དང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ལ་འདྲ་མཚུངས་མང་ཁར། བོད་ཀྱི་རང་ཐག་རང་གཅོད་ཀྱི་་ཐོབ་ཐང་རྩོད་སྟངས་འདྲ་བས་རེད།
https://m.youtube.com/watch?list=UUjX58COleIWwvc0_e9r_oMA&v=YJcgrJNLmAA
ལུང་རྟོགས་ལགས། དེ་ལྟར་ན་ཁྱེད་ཀྱིས་ཀྱང་ཚད་དཔགས་ཙམ་ལས་ཁྲོས་ཁྲོས་གདན་འདྲེན་ཞུས་མེད་པའི་དཔང་པོ་མི་འདུག དེ་ན་ཞི་རྟགས་ཐོབ་མཁན་ཁག་ཅིག་རྡ་ས་ལ་གཅར་འདུག་ཅིང་། དེ་དག་གདན་འདྲེན་ཞུས་ནས་སླེབས་པ་རེད་དམ། གལ་སྲིད་དེ་ལྟར་ཡིན་ན་ཁྲོས་ཁྲོས་གདན་འདྲེན་མ་གནང་དགོས་དོན་ག་རེད་ཡིན་ནམ། ཁོང་གིས་རྡ་ས་ལ་འགྲོ་རྒྱུ་མིན་ཞེས་གསུངས་འདུག ཁྲོས་ཁྲོས་རྒྱུན་རིང་ལྷན་འཇགས་སུ་བཞུགས་པ་ལ་ལྕམ་སྐུ་Ebadiསོགས་ཀྱིས་སྐྱོན་བརྗོད་གནང་འདུག་ཅིང་། ཁྱེད་ཀྱི་ཞེན་འདོད་ལྟར་ན་ཁོང་ཚོ་ནོར་བ་ཡིན་ས་རེད་ལ། ཏཱ་ཁྲོས་གཉིས་ཀྱི་བར་ལ་དཀྲུགས་ཤིང་བཟོས་བ་ཡིན་ས་རེད།
གཞན་ཡང་ཁག་ཅིག་གིས་ཏཱ་ལའི་བླ་མས་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་ན་ཕན་ཐོགས་མེད་ཚུལ་བརྗོད་ཀྱིན་འདུག དེ་ན་ཡོས་ཁི་རན་ལ་རྒྱབ་སྐྱོར་གནང་ཞིང་ཕོ་དྲིན་ལ་སྐྱོན་བརྗོད་གནང་ན་ཕན་ཐོགས་ག་རེ་རེད་དམ། ཁ་ཅིག་གི་ཞེན་འདོད་ལྟར་ན་ཏཱ་ལའི་བླ་མ་ནི་ཆོས་བའམ་དབུ་ཁྲིད་ཉམ་ཆུང་ཞིག་ཡིན་པས་སུ་ལ་སྐྱོན་བརྗོད་གནང་མི་ཉན་མཁན་ཞིག་ཏུ་འདོད་དགོས་ཀྱང་དོན་དངོས་དེ་ལྟར་རེད་མི་འདུག་སྟེ། ཕན་དྲིན་ལ་སྐྱོན་བརྗོད་གནང་བ་གོང་ལྟར་རེད།
བོད་ལ་རང་དབང་དགོས་ན་ཤར་ཡོས་ཁི་རན་ལ་ག་རེ་བྱས་ནས་རང་དབང་མ་དགོས་བ་རེད་དམ། མ་ཟད་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་བྱེད་སྐབས་མོ་སི་ཁོའི་ནང་དེ་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་བོད་དར་འཁུར་ནས་མཉམ་ཞུགས་བྱས་ཡོད། རྒྱུ་མཚན་ནི་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་དང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ལ་འདྲ་མཚུངས་མང་ཁར། བོད་ཀྱི་རང་ཐག་རང་གཅོད་ཀྱི་་ཐོབ་ཐང་རྩོད་སྟངས་འདྲ་བས་རེད། ཡོ་རོབ་པ་མང་པོས་ཀྱང་ཤར་ཡོས་ཁི་རན་གྱི་གནས་སྟངས་མཐོང་བས་བོད་འདི་རྒྱ་ནག་ལས་ལོགས་སུ་འགྲོ་རྒྱུ་དང་། བོད་ལ་རང་སྐྱོང་གི་ཐོབ་ཐང་མང་དུ་ཡོང་བ་འདོད་པ་མེད་མཁན་འབྱུང་བཞིན་ཡོད།
https://m.youtube.com/watch?list=UUjX58COleIWwvc0_e9r_oMA&v=YJcgrJNLmAA
ནོར་བཅོས། ལུང་རྟོགས་ལགས། དེ་ལྟར་ན་ཁྱེད་ཀྱིས་ཀྱང་ཚད་དཔགས་ཙམ་ལས་ཁྲོས་ཁྲོས་གདན་འདྲེན་ཞུས་མེད་པའི་དཔང་པོ་མི་འདུག དེ་ན་ཞི་རྟགས་ཐོབ་མཁན་ཁག་ཅིག་རྡ་ས་ལ་གཅར་འདུག་ཅིང་། དེ་དག་གདན་འདྲེན་ཞུས་ནས་སླེབས་པ་རེད་དམ། གལ་སྲིད་དེ་ལྟར་ཡིན་ན་ཁྲོས་ཁྲོས་གདན་འདྲེན་མ་གནང་དགོས་དོན་ག་རེད་ཡིན་ནམ། ཁོང་གིས་རྡ་ས་ལ་འགྲོ་རྒྱུ་མིན་ཞེས་གསུངས་འདུག ཁྲོས་ཁྲོས་རྒྱུན་རིང་ལྷན་འཇགས་སུ་བཞུགས་པ་ལ་ལྕམ་སྐུ་Ebadiསོགས་ཀྱིས་སྐྱོན་བརྗོད་གནང་འདུག་ཅིང་། ཁྱེད་ཀྱི་ཞེན་འདོད་ལྟར་ན་ཁོང་ཚོ་ནོར་བ་ཡིན་ས་རེད་ལ། ཏཱ་ཁྲོས་གཉིས་ཀྱི་བར་ལ་དཀྲུགས་ཤིང་བཟོས་བ་ཡིན་ས་རེད།
གཞན་ཡང་ཁག་ཅིག་གིས་ཏཱ་ལའི་བླ་མས་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་ན་ཕན་ཐོགས་མེད་ཚུལ་བརྗོད་ཀྱིན་འདུག དེ་ན་ཡོས་ཁི་རན་ལ་རྒྱབ་སྐྱོར་གནང་ཞིང་ཕོ་དྲིན་ལ་སྐྱོན་བརྗོད་གནང་ན་ཕན་ཐོགས་ག་རེ་རེད་དམ། ཁ་ཅིག་གི་ཞེན་འདོད་ལྟར་ན་ཏཱ་ལའི་བླ་མ་ནི་ཆོས་བའམ་དབུ་ཁྲིད་ཉམ་ཆུང་ཞིག་ཡིན་པས་སུ་ལ་སྐྱོན་བརྗོད་གནང་མི་ཉན་མཁན་ཞིག་ཏུ་འདོད་དགོས་ཀྱང་དོན་དངོས་དེ་ལྟར་རེད་མི་འདུག་སྟེ། ཕན་དྲིན་ལ་སྐྱོན་བརྗོད་གནང་བ་གོང་ལྟར་རེད།
བོད་ལ་རང་དབང་དགོས་ན་ཤར་ཡོས་ཁི་རན་ལ་ག་རེ་བྱས་ནས་རང་དབང་མ་དགོས་བ་རེད་དམ། མ་ཟད་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་བྱེད་སྐབས་མོ་སི་ཁོའི་ནང་དེ་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་བོད་དར་འཁུར་ནས་མཉམ་ཞུགས་བྱས་ཡོད། རྒྱུ་མཚན་ནི་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་དང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ལ་འདྲ་མཚུངས་མང་ཁར། བོད་ཀྱི་རང་ཐག་རང་གཅོད་ཀྱི་་ཐོབ་ཐང་རྩོད་སྟངས་འདྲ་བས་རེད། ཡོ་རོབ་པ་མང་པོས་ཀྱང་ཤར་ཡོས་ཁི་རན་གྱི་གནས་སྟངས་མཐོང་བས་བོད་འདི་རྒྱ་ནག་ལས་ལོགས་སུ་འགྲོ་རྒྱུ་དང་། བོད་ལ་རང་སྐྱོང་གི་ཐོབ་ཐང་མང་དུ་ཡོང་བ་འདོད་པ་མེད་མཁན་འབྱུང་བཞིན་ཡོད།
https://m.youtube.com/watch?list=UUjX58COleIWwvc0_e9r_oMA&v=YJcgrJNLmAA
རྣམ་དཔྱོད་ལྡན་པའི་ཅོ་རི་ཡིས་ཆོ་ག་དང་ཆོས་ལུགས་ཀྱི་ཕྱོགས་རིས་བྱེད་པ་ཞིག་ད་བར་མཐོང་མྱོང་མེད་ལ། དེ་ལྟར་དོགས་པ་ཟ་གཞི་ཞིག་ཀྱང་ཕྲན་ལ་རེག་མྱོང་མེད་པས། ཅོ་རི་ལ་ཆེད་མངགས་ཀྱིས་སྐྱོན་འཛུགས་བྱེད་མཁན་ནི་ཁོང་ཚོའི་ཞེན་འདོད་ལྟར་མ་ཕྱིན་པས་ཁོས་ཁ་གཅོད་འདོད་ལས་གཞན་དུ་མཐོང་མ་སོང་། དེ་ནི་གསལ་བཤད་ཙམ་ཡིན། དེ་ནས་གནས་ལུགས་ཡོད་ན་བགྲོ་གླེང་རིམ་གྱིས་འགྲོ། ཕེབས་ཤོག དེས་རང་རོགས་གཉིས་ལ་ཕན་ཐོགས་ངེས་རེད།
ཨ་ནུ་ཐང་གིས་གང་བྱུང་ཚོད་དཔག་དང་ལོག་རྩོམ་སྤེལ་བའི་འཇོན་ཐང་ནི་རང་ཉིད་ཀྱི་རིན་ཐང་བཙོང་པ་རང་ཡིན། དོན་དངོས་ཐོག་ད་ལྟའི་རྩོམ་འདིར་རིན་ཐང་ཅི་ཡང་མེད་པxxx་ཞིག་ཡིན་སྟབས་ཁ་འཛེར་སྣ་འཛེར་བྱེད་རྒྱུ་ལས་མེད་ཀྱང་། xxདེས་སྤྱི་ཚོགས་ཤིག་གི་འཁོར་ཡུག་ཀུན་ལ་དྲི་ངན་གྱིས་ཁྱབ་ནས་ཀུན་ཀྱང་མ་བདེ་བ་བཟོ་བཞིན་འདུག་པས། ད་ནི་གཙང་སེལ་བྱེད་རྒྱུ་ནི་བདག་གི་འོས་སུ་བབ་པར་མཐོང་། ཁོས་རང་ཉིད་ཀྱི་བསམ་བློ་ཐ་ཆད་དེ་འཁུར་ནས་སྐྱེས་བུ་དམ་པར་ཚོད་དཔག་བྱེད་བཞིན་རང་ཉིད་ཀྱི་རྨོངས་འཆར་རྣམས་ལ་གཞི་གཅིག་དང་ཁུངས་ཤིག་ཡོད་བཟོ་བསྟན་ནས་སྤྱི་ཚོགས་ནང་xརྩོམ་དེ་བཏང་འདུག དེ་ནི་ཆུང་ས་ནས་བཤད་ན་ཁོང་རྣམ་གཉིས་ལ་བརྙས་བཅོས་དང་མཐོང་ཆུང་ཡིན་ལ། ཆེ་ས་ནས་བཤད་ན་བོད་རྒྱ་ཆེའི་མི་དམངས་དང་ཧོང་ཀོང་རྒྱ་ཆེའི་མི་དམངས་ལ་ཚད་ལས་འདས་པའི་བརྙས་བཅོས་དང་མཐོང་ཆུང་རང་ཡིན། མ་གཞི་ནས་ཁྱོད་xxཞིག་གི་བསམ་རྒྱ་དང་སྐྱེས་བུ་དམ་པ་ཞིག་གི་བསམ་རྒྱ་མཚུངས་བསྡུར་བྱེད་པ་ནི་ཕོ་རོག་གིས་རྨ་བྱར་འགྲན་ཡ་བྱེད་པ་རང་ཡིན། དེས་ངོ་ཚ་མེད་པའི་ཁྱོད་ཀྱི་ཧམ་སེམས་དང་ང་རྒྱལ་རང་རློམས་ཆེ་བའི་ངན་གཤིས་ཐ་དག་ལྷང་ལ་འབུད་པ་ཡིན།
ཁྱོད་སོམས་དང་ཁྱེད་ཀྱི་བྱེད་བབ་དེ་ཅི་འདྲའི་ལྐུགས་རྟགས་ཆེ་ཨང་། xxxxxx
ཨ་ནུ་ཐང་བསོད་ནམས། རྣམ་དཔྱོད་ལྡན་པའི་སྐད་ཆ་བཤད་འདུག ངོ་མ་དགའ་སོང་།
ཁྱད་པར་དུ་མཆན་སོ་གསུམ་པ་དེས་ཀླད་པའི་ནང་དུ་རྩྭ་སྐྱེས་ཡོད་པ་མང་པོ་ཞིག་དྲན་མེད་དུ་བརྒྱལ་བཅུག་ཡོད་ཐག་ཆོད་རེད།
བརྗོད་གཞི་འདི་བཞིན་ཆོས་འཇིག་རྟེན་གཉིས་ཐད་ནས་གལ་ཆེན་ཆགས་ཡོད་པས། བགྲོ་གླེང་ཞིབ་རྒྱས་གནང་བར་བཀའ་དྲིན་ཆེ་ཞུ།
གལ་སྲིད་ཧོང་ཀོང་མ་ཚུད་པའི་མ་གྱུར་སེམས་ཅན་ཞལ་ལ་བསྐྱོར་མཁན་ཞིག་ཡོད་ཚེ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པ་དག་གདམ་གསེས་ཅན་ནམ། ཁེ་བཟང་བརྩོན་ལེན་པར་གྱུར་ཚར་བ་རེད། འདི་ནི་ཆོས་ལུགས་པར་དག་ཐེར་ཞིག་ཀྱང་ཡིན་པ་ནི་གསལ་བོ་རེད།
རྒྱལ་བ་རིན་པོ་ཆེས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མ་བྱས་ན་དགའ། རྒྱབ་སྐྱོར་བྱས་ན་ཁོང་རི་བོ་རྩེ་ལྔར་ཕེབས་པར་འགོག་རྐྱེན་འཕྲད་ཡོང་གི་རེད་བསམ།
སྤྱིར་བཏང་ཆབ་སྲིད་ཟེར་བ་འདི་རྙོག་དྲ་ཚ་བོ་རེད། དྲང་བདེན་ཡིན་མིན་གང་ལྟར་ཡང་ཡིད་ལ་ཡོད་ཚད་ཁ་ནས་ཐོན་ཆོག་ཆོག་ཅིག་མིན། གལ་སྲིད་དེ་ལྟར་བྱས་ན་སྐབས་རེ་རང་གཞན་སུ་ལའང་ཕན་ལས་གནོད་ཆེ་བར་འགྱུར་སྲིད་ན་ཁོག་ཏུ་མེ་འབར་ཡང་ཁ་ནས་དུ་བ་མི་ཐོན་པར་སྡོད་དགོས། གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བ་དང་དྲང་བདེན་སྐྱོང་མཁན་ཡིན་པ་སོགས་ཀྱི་ཆ་ནས་ཧོང་གོང་ལ་རྒྱབ་སྐྱོར་གཏམ་བཤད་ངེས་པར་སྤེལ་དགོས་ན། འོ་ན་བོད་རང་བཙན་དེ་ཡང་ཅིའི་ཕྱིར་བློས་བཏང་བ་རེད་དམ། བདེན་པ་ཡོད་པ་ཙམ་གྱིས་མི་ཆོག་པར་ད་ལྟ་དང་འབྱུང་འགྱུར་གྱི་གནས་བབས་ལ་བསམ་དགོས་ཡོད་པས་ཡིད་ལ་གང་དྲན་ཁ་ནས་ཐོན་ཆོག་ཆོག་ཅིག་ག་ལ་ཡིན། ཕན་ཐོགས་ཆུང་བའི་ཚིག་གཅིག་གིས་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་གི་འདུན་ལམ་ལ་གནོད་བསྐྱལ་བ་རྣམ་དཔྱོད་ཅན་སུས་བྱེད་ནུས་སམ། སྐབས་རེ་བདེན་པ་རི་ཙམ་ཡོད་རུང་སྐབས་བསྟུན་ཐབས་མཁས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་སྐྱོང་རྒྱུ་དེ་ཡང་ཆོས་འཇིག་རྟེན་གང་ལའང་དགོས་ངེས་ཤིག་ཡིན་མོད་གཡག་ཞར་ལྟ་བུའི་རྩ་ཟ་མཁན་རིགས་ཀྱིས་དུས་ནམ་ཡང་ཕྱོགས་གཅིག་ཁོ་ནར་ལྟ་བར་བྱེད་པ་རེད།
གལ་ཏེ་རྒྱལ་བ་རིན་པོ་ཆེ་རི་བོ་རྩེ་ལྔར་ཕེབས་ཐུབ་པར་ཆ་བཞག་ནའང་། གཡོལ་ཐབས་མེད་པའི་དོན་དག་གཉིས་མདུན་དུ་ལྷགས་ཡོད།
༡ བོད་གདོད་མ་ནས་རྒྱ་ཁོངས་ཡིན་ཟེར་བར་ངོས་ལེན་ནམ། ཅི་ཡང་མི་སྨྲ་བར་མོས་མཐུན་ཡོད་ཉམས་སྟོན་དགོས།
༢ རྒྱལ་མཚན་ནོར་བུ་ལགས་བསུ་མར་ཕེབས་ངེས་ཡིན་ལ། དབུ་ཐོད་གཏུག་ནས་ཕན་ཚུན་བར་འཚམས་འདྲི་གནང་དགོས།
དེང་སྐབས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་བཞེས་ཀྱི་མེད་པས། སྔ་མ་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་མཛད་པར་བཤད་ཆོག་མོད། ཕྱོགས་གཅིག་ཁོ་ནའི་བཤད་སྟངས་ཙམ་དུ་གྱུར་ནས་ལོ་རྒྱུས་ཀྱི་རྩོད་རྙོག་ཅིག་ཏུ་གྱུར་ཡོད། ཕྱི་མ་དེ་བཞིན་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་པས། གཞོལ་ས་ལྷག་མེད་ལ་མ་འོངས་རྒྱལ་བའི་ཡང་སྲིད་ཐག་གཅོད་བྱེད་པར་ཁ་གཡར་ས་རྒྱ་དམར་གཞུང་གི་ལག་པར་ཤོར་ཡོད་པའི་ཁར། སྤྲུལ་སྐུའི་ལམ་ལུགས་ཁྱོན་ཡོངས་ནས་རྒུད་འགོ་ཚུགས་པར་ལྟ་ཆོག
སྐུ་ཞབས་ལྷ་སྡེ་ལགས་ཐུགས་ཁྲལ་མ་གནང་། རྒྱལ་བ་མཆོག་གིས་རི་བོ་རྩེ་ལྔར་གནས་གཟིགས་ཙམ་ཀྱི་ཆེད་དུ་བོད་ཀྱི་འདས་པའི་ལོ་རྒྱུས་ནག་གསུབ་ནམ་ཡང་གཏོང་གི་་མ་རེད། ཁྱེད་ཁོང་ལ་ཡིད་ཆེས་ཆེན་པོ་མེད་ཀྱང་འདི་ཙམ་ལ་མིག་བཙུམ་ནས་ཡིད་ཆེས་བྱེད་ཆོག་ཆོག་རེད
དཔྱད་རྩོམ་དཔེ་ཡག་པོ་བྲིས་འདུག་ ངོ་མ་རྣམ་དཔྱད་ཡོད་པའི་དཔྱད་རྩོམ་ལ་བསྔགས་བརྗོད་ཡོད་་་་རྗེས་སུ་ཡང་གང་མང་མང་ཡོད་པའི་རེ་བ་ཞུ།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་དཔྱད་བརྗོད་ཡག་པོ་སྤེལ་འདུག་པར་དགའ་བསུ་ཡོད།
xxxxདད་པ་མེད་པ་ཚོས། འདྲ་མཉམ་དང་འདྲ་མཉམ་ཟེར་ནས་གོང་ན་ཡོད་པ་འོག་ལ་འཐེན། འོག་ན་ཡོད་དུས་གོང་ལ་མཆོང་འདོད་ཀྱི་རེ་བ་དེ་ཚོ་ལ་གུས་ཞབས་བྱས་ན་འགྲིག་པ་རེད། ང་ཚོ་ཚང་མར་ཧམ་པ་ཡོད་པ་གཅིག་པ་རེད།
མི་ལོ་དྲུག་ཅུའི་རིང་གི་དམིགས་བྱ་དང་པོ་དེ་རི་བོ་རྩེ་ལྔ་ལ་སྐྱོད་རྒྱུ་དང་། གཉིས་པ་དེ། ཧང་ཀང་མི་མང་གི་བདེ་རྩའི་དོན་དུ། ད་སྔ་བར་དུ། ཐར་མོ་སྦྱར་ནས་ག་ས་གང་ལ་ཕྱིན་པ་རེད་བ་ཨ། ཆབ་སྲིད་དཔྱད་གླེང་བ་ཁྱེད་གཉིས་འདྲ་བོ་དེ་ལས་ཀྱང་ཅིག་མང་བ་ཡོད་རྒྱུ་ན། བོད་མི་ཚོས། ཕྱི་རྒྱལ་རྒྱལ་ཁབ་དག་ན་རྐུབ་གཡོག་ལ་འདུར་ནས་འདུག་དགོས་དོན་ཞིག་ག་ལ་ཡོད། བོད་བླངས། སྦེའུ་དཀར་ཕུག་ཚར་ཡོད་རྒྱུ་རེད། དུས་རབས་གསར་བའི་ཀླད་པོ་ཟེར་ནོ་དེ་ལ་འདྲ་འདྲ་ཞིག་མི་འདུག།
ཨ་ནུ་ལགས། གང་ལྟར་ཁྱེད་རང་གི་སྐད་ཆ་དེ་དག་ཀྱང་ཚོད་དཔག་ཁོ་ན་ལས་རྒྱུ་མཚན་ཡང་དག་ཅིག་ཀྱང་མི་འདུག ཁྱེད་ཀྱི་སྐད་ཆ་མང་པོ་ཞིག་ནི་གོང་དུ་བཤད་ཟིན་པ་ཡང་བཤད་བསྐྱར་བཤད་ཙམ་ལས་རྒྱུ་མཚན་གསར་པ་གང་ཡང་མི་འདུག་པས་ལེན་འདེབས་ཀྱི་ངལ་བ་རྟེན་དགོས་པ་མི་འདུག་ལ། འདིར་བཤད་དགོས་པ་ཅིག་ནི་རྡ་སའི་མཛད་སྒོ་དེ་ཞི་བདེའི་གཟེང་རྟགས་ཀྱི་མཛད་སྒོ་ཡིན་པ་ལས་དམངས་གཙོའི་གཟེང་རྟགས་ཀྱི་མཛས་སྒོ་མ་རེད། ཞི་བདེ་དང་དམངས་གཙོ་གཉིས་ནི་ཁྱད་པར་ཆེན་པོ་ཡོད་པ་རེད། ཞི་བདེ་ཞེས་པ་ནི་དམག་འཁྲུག་དང་འཚེ་བ་མེད་པའི་ལྡོག་པ་ནས་བཞག་པ་རེད་ལ། དམངས་གཙོ་ཞེས་པ་ནི་མི་མང་ལ་རང་དབང་ཡོད་པ་དང་གཙོ་བོ་ཡིན་པའི་ལྡོག་པ་ནས་བཞག་པ་རེད། དེས་ན་ཞི་རྟགས་ཀྱི་མཛད་སྒོ་དེ་དམངས་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་པར་བཤད་པ་ནི་བསམ་བཞིག་ཡག་པོ་མ་བྱས་པའི་སྐད་ཆ་ཞིག་རེད། གཉིས་ནས་རྡ་སར་ཞི་བདེའི་དེད་དཔོན་ཁ་ཤས་ཕེབས་པ་དེ་མགྲོན་འབོད་བྱས་ཡོད་པ་གསར་འགྱུར་རྒྱུད་ལམ་ནས་བཤད་སོང་། འོན་ཀྱང་ཞི་བདེའི་གཟེང་རྟགས་བཞེས་མཁན་ནི་མང་པོ་ཡོད་པས་དེའི་ནང་ནས་ཊུ་ཊུ་ཅིག་པུ་གདན་འདྲེན་མ་ཞུས་པ་ཡིན་ན་དོག་པ་སྐྱེ་འོས་པ་ཞིག་ཡིན་ཡང་། ཚང་མ་མཛད་སྒོའི་སྟེང་ལ་གནད་འདྲེན་ཞུ་རྒྱུའི་ཆ་རྐྱེན་བཙན་བྱོལ་སྒྲིག་འཛུགས་ལ་མེད་པ་གསལ་པོ་ཡིན་པས་ད་ལེན་ཊུ་ཊུ་གདན་འདྲེན་མ་ཞུས་པར་ཧང་སང་དགོས་པ་ཞིག་མ་རེད། གཞན་ཡང་གོང་ས་མཆོག་གིས་ཕུ་ཊིན་ལ་སྐྱོན་བརྗོད་གང་དུ་གནང་འདུག ཇི་ལྟར་གནང་འདུག་གསལ་པོ་བཟོ་རོག་དེ་བཟོ་རྒྱུ་མེད་ན་དེ་ཡང་ཧམ་བཤད་ལ་མ་རྩིས་རང་རྩིས་རེད།
“རྒྱ་ནག་ནི་ཚོང་འབྲེལ་གྱི་ཐབས་བྱུས་ལ་མཁས་ཤིང་ཏཱ་ལའི་བླ་མ་ནི་སྦྱིན་བདག་འཚོལ་སྒྲུབ་ཀྱི་རིག་པ་ལ་མཁས་པས། ཚོང་འབྲེལ་དང་སྦྱིན་བདག་འཚོལ་སྒྲུབ་ཀྱི་རིག་པ་གཉིས་འགྲན་རྩོད་བྱེད་སྐབས། དེང་གི་སྤྱི་ཚོགས་ཁྲོད་དུ་ཚོང་འབྲེལ་གྱི་རིག་པ་ལ་རྒྱལ་ཁ་འཛམ་གླིང་གང་སར་ཐོབ་བཞིན་ཡོད་པས། སྦྱིན་བདག་འཚོལ་སྒྲུབ་ཀྱི་ཐབས་ཇུས་ལ་ཕམ་ཁ་མྱོང་བཞིན་ཡོད། རྒྱུ་མཚན་ནི། དེང་སྐབས་ནི་ཚོང་གི་དུས་རབས་ཡིན་ཞིང་སྦྱིན་བདག་འཚོལ་སྒྲུབ་ཀྱི་ཆོས་ལུགས་ཀྱི་རིག་པ་རྙིང་བར་གྱུར་པས་རེད།།”
བཤད་སྟངས་འདིར་བལྟས་ན། ཨ་ཁུ་ཀླུ་སྨྱོན་དང་། ཨ་སྤྲུལ་མཁན་པོ་ཚོ་ད་མྱང་རྒྱུ་རེད་བཞག སྦྱིན་བདག་འཚོལ་སྒྲུབ་ཀྱི་དུས་ཚོད་རྫོགས་འདུག འདིར་སྤྲུལ་སྐུ་ཨ་ནུ་ཐང་གིས་ལུང་བསྟན་བརྒྱབ་འདུག
རྒྱལ་བ་རིན་པོ་ཆེ་ནི་ཆེ་བཤད་ཆུང་བཤད་ཅི་བྱས་ཀྱང་ལོ་རྒྱུས་སྲོལ་རྒྱུན་གྱི་དབང་དུ་བཏང་ན་རྒྱལ་ཁབ་ཅིག་གི་དབུ་ཁྲིད་དང་། ཆོས་ལུགས་ཤིག་གི་དད་རྟེན། མི་རིགས་ཤིག་གི་མཚོན་རྟགས་རེད། འཛམ་གླིང་སྤྱི་ཚོགས་ཀྱི་ལམ་སྟོན་པ་ཡིན་ཚུལ་སོགས་ཀྱང་དྲིལ་སྒྲོག་བཞིན་པ་རེད། ཁར་སང་དེ་རིང་རི་བོ་རྩེ་ལྔ་ལ་’གནས་སྐོར་བ་’ཞིག་གམ་’རྒྱ་བླ་’ཞིག་གི་ངོ་བོའི་ཐོག་ནས་འགྲོ་ཐུབ་དང་མི་ཐུབ་ཀྱི་ཆེད་དུ་ཀྲུང་ཧྭ་མི་མང་གི་དམངས་གཙོའི་འཐབ་ཕྱོགས་དང་བོད་མི་རིགས་ཀྱི་རྩ་དོན་བློས་བཏང་བ་ཡིན་ན་ད་བར་དུ་འཛམ་བུ་གླིང་ལ་ཁ་འཁོར་ནས་མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་གོང་མཐོར་གཏོང་དགོས་པའི་ཞལ་ཕོ་དེ་ཚོ་བསམ་བཞིན་དུ་ནག་བསུབ་བྱས་པ་རེད་བསམ། བོད་མིའི་གཏམ་དཔེར། རང་གིས་རང་བཞོག་ན་རང་ཕྲ་སྤྱད་དང་། རང་གིས་རང་གཏུབ་གཏུབ་ན་རང་ཐུང་སྤྱད། ཟེར་བའི་དཔེ་བཞིན་དུ་གྱུར་པ་མ་རེད་དམ།
མཁྱེན་དཔྱོད་ཡང་བའི་རྩོམ་པ་པོ་དུ་མ་ཞིག་གིས་རང་གི་དགོངས་ཚུལ་དང་ཞིབ་དཔྱོད་སྤེལ་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་འབུལ་ཞུ་དང་ལྷན་དུ། ལུང་རྟོགས་ལ་ཞུ་ཡ་ཞིག་ལ། ཞི་རྟགས་ཀྱི་མཛད་སྒོ་ལས་མང་གཙོའི་མཛད་སྒོ་མིན་པ་བདེན་ཡང་། ཧོང་ཀོང་གི་མང་གཙོའི་ཆར་གདུགས་ཀྱི་གསར་བརྗེ་དེ་ཡང་རྡ་སའི་ཞི་རྟགས་མཛད་སྒོ་དང་སྟབས་འཁེལ་སྟབས། ཞི་རྟགས་ཀྱི་མཛད་སྒོའི་སྐབས་ཆར་གདུགས་གསར་བརྗེ་དང་འབྲེལ་བ་མེད་པ་གཏན་ནས་མེད་པ་འདོད་མི་འོས་ཏེ། གཅིག་ནས་དུས་ཚོད་ཀྱིས་སྟབས་འགྲིག་པ། གཉིས་ནས་ཧོང་ཀོང་དང་བོད་གཉིས་ཀ་རྒྱ་ནག་གིས་དབང་འོག་ནས་ཡོད་པ་འདྲ་ཁར། རང་དབང་དགོས་བའི་རེ་བ་གཅིག་པ། གསུམ་ནས་ཧོང་ཀོང་གི་ལས་འགུལ་དེའང་ཞི་བའི་ལས་འགུལ་ཡིན་པ་ལས་དྲག་པོའི་ལས་འགུལ་མིན་པས་ཞི་བ་འདོད་མཁན་རྣམས་ཀྱིས་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཧ་ཅང་འོས་ཤིང་། མ་བྱས་བ་ཡིན་ན་མཐའ་མ་ལས་འགུལ་བ་རྣམས་འུ་ཐུག་ནས་དྲག་ལམ་དུ་འགྲོ་བར་སྐུལ་འདེད་བྱེད་སྲིད་ལ། ལྷག་པར་དུ་འཛམ་གླིང་ཐོག་ཞི་ལས་སྤེལ་མཁན་རྣམས་ཞི་བ་ལ་ཨ་ཐང་ཆད་ཅིང་། དྲག་སྤྱོད་ལས་ཞི་བའི་ལས་འགུལ་ལ་མི་མོས་མཁན་མང་དུ་འགྲོ་བས་ཡིན། ཡིན་ཏེ། གྲུབ་འབྲས་མེད་པའི་ལས་འགུལ་ཞིག་ལ་སུ་ཡིན་ཡང་། ཞུགས་རྒྱུའི་འདོད་པ་བྱེད་མི་སྲིད་པས་ཡིན། དེང་སྐབས་འཛམ་གླིང་ཐོག་ཞི་བ་ལ་དོན་སྣང་དང་རྒྱབ་སྐྱོར་བྱེད་མཁན་སྲིད་གཞུང་དང་ཚོགས་པ་ཉུང་བས། ཞི་ལས་སྤེལ་མཁན་མང་པོ་ཞིག་ཞི་རྒོལ་ལ་ཨ་ཐང་ཆད་པའི་སྐབས་འདི་རུ་ཞི་ལས་ལ་མོས་མཁན་ཞིག་ཡིན་ན། དེ་བས་ཞི་བ་ལ་རྒྱབ་སྐྱོར་བྱེད་དགོས་བ་མ་ཡིན་་ནམ། ཕྲན་ལ་མཚོན་ན་སྐུ་མདུན་གྱིས་ཧོང་ཀོང་ལ་རྒྱབ་སྐྱོར་གནང་དང་མ་གནང་བ་དེ་གནད་འགག་མ་རེད། གནད་དོན་གཙོ་བོ་ནི་འཇིག་རྟེན་འདིར་རང་ལ་ཁེ་ཕན་མེད་ན་སུས་ཀྱང་རྒྱབ་སྐྱོར་བྱེད་མཁན་དཀོན་པའི་དེ་ཉིད་ཕྱི་རོལ་ཏུ་སྟོན་པ་མ་ཟད། གནས་ལུགས་འདི་ངེསས་བར་དུ་བོད་པོ་དང་དཀའ་ངལ་མྱོང་མཁན་གྱི་མི་རིགས་ཚོས་རྟོགས་དགོས་བའི་གནད་དོན་གལ་ཆེན་ཞིག་ཡིན་པས་ཡིན། རང་ལ་ནུས་བ་མེད་ན་སུས་ཀྱང་སྐྱོབ་མཁན་དཀོན་ཞིང་སྤྱན་རས་གཟིགས་ཡིན་ཡང་མི་སྐྱོབ་པའི་དེ་ཉིད་རྟོགས་དགོས་བ་ཁ་གསལ་དུ་ཞུ་འདོད་བྱུང་། དེ་བརྟེན། རྒྱལ་ཁབ་གཞན་གྱིས་ཀྱང་ཁོང་ཚོས་ཁེ་ཕན་ཆེད་དུ་བོད་ལ་རོགས་སྐྱོར་མ་གནང་བ་ཡང་། བོད་མི་རྣམས་ཡ་མཚར་མི་དགོས་ཤིང་། ཐ་ན་ཞི་རྟགས་ཐོབ་མཁན་ཁག་གཅིག་གིས་ཀྱང་། ཁོང་ཚོའི་ཁེ་ཕན་དང་མ་མཐུན་ན་ཁི་སིམ་སྒོམ་པ་དེས་གསལ་བཤད་བྱས་ཡོད། དེ་བརྟེན། བོད་པ་རྣམས་ཀྱིས་ལས་དོན་གང་ཞིག་སྒྲུབ་ཀྱང་། སྡུག་སྨྲས་གཙོ་བོའི་འདོན་ནས་རྒྱབ་སྐྱོར་བཙལ་རྒྱུ་མ་ཡིན་པ་རང་ཉིད་ལ་རེ་བ་གཙོ་བོ་བཅོལ་ཞིང་། རང་ལ་དེ་ལྟར་སྒྲུབ་པའི་ནུས་བ་དང་ཆོད་སེམས་ཡོད་པ་གསལ་སྟོན་གྱིས་རྒྱབ་སྐྱོར་བཙལ་ཞིང་། བཙལ་བ་དེའང་ཚོང་འབྲེལ་དང་ལྟ་གྲུབ། ཁེ་ཕན་མཉམ་སྤྱོད་ཀྱི་རྩ་དོན་གཞི་རྩར་བཞག་ནས་མཐུན་ཕྱོགས་བཙལ་ནས་ལས་དོན་སྤེལ་རྒྱུ་ནི་རང་ཉིད་འགྱེད་ས་ནས་ལངས་བའི་སྔོན་འགྲོ་རུ་མཐོང་།
མཁས་དབང་ཨ་ནུ་ལགས་ཀྱིས་་བོད་པ་རྣམས་ཀྱིས་ལས་དོན་གང་ཞིག་སྒྲུབ་ཀྱང་། སྡུག་སྨྲས་གཙོ་བོའི་འདོན་ནས་རྒྱབ་སྐྱོར་བཙལ་རྒྱུ་མ་ཡིན་པ་རང་ཉིད་ལ་རེ་བ་གཙོ་བོ་བཅོལ་ཞིང་། རང་ལ་དེ་ལྟར་སྒྲུབ་པའི་ནུས་བ་དང་ཆོད་སེམས་ཡོད་པ་གསལ་སྟོན་གྱིས་རྒྱབ་སྐྱོར་བཙལ་ཞིང་། བཙལ་བ་དེའང་ཚོང་འབྲེལ་དང་ལྟ་གྲུབ། ཁེ་ཕན་མཉམ་སྤྱོད་ཀྱི་རྩ་དོན་གཞི་རྩར་བཞག་ནས་མཐུན་ཕྱོགས་བཙལ་ནས་ལས་དོན་སྤེལ་རྒྱུ་ནི་རང་ཉིད་འགྱེད་ས་ནས་ལངས་བའི་སྔོན་འགྲོ་རུ་མཐོང་།ཞེས་གསུངས་པའི་བཀའ་མོས་འདི་ནི་ཉམས་ལེན་བྱེད་འོས་པའི་བཀའ་མོས་རེད་བསམས་ཀྱི་འདུག
ཧོང་ཀོང་དང་ཐད་ཝན། མ་ཁོ་དང་ཡུར་གུར། སོག་པོ་དང་བོད་པ། དེ་དང་དེ་བཞིན་རྒྱ་ནག་ནང་གི་དམངས་གཙོ་དོན་གཉེར་བ། འདི་ཚོ་ཚང་མའི་རང་གི་ཁེ་ཕན་རང་དབང་འཐོབ་ཆེད་དུ་དམངས་གཙོའི་འཐབ་རྩོད་དང་ཞི་བའི་ངོ་རྒོལ་ལ་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རྒྱབ་སྐྱོར་བྱ་དགོས།
འདི་དག་ཚང་མ་ལ་དམངས་གཙོའི་རང་དབང་མེད་པར་གཅིག་པ་རེད། གཅིག་གིས་གཅིག་ལ་རྒྱབ་སྐྱོར་མ་བྱེད་ན་གྱོང་རེག་མཁན་རང་དབང་མེད་པའི་མི་དམངས་རྣམས་དང་། ཁེ་རེག་མཁན་གུན་ཁྲན་དམར་ཕྱོགས་པ་ཚོ་རེད། ངས་སྔོན་ནས་ལན་གཅིག་བཤད་ཡོད། གྲངས་ཉུང་མི་རིགས་འདི་དག་གིས་ཁྱི་ཧན་ན་ཡིས་རི་དྭགས་བརྒྱབ་པ་ལྟར་འཐབ་རྩོད་བྱེད་ན་རྒྱལ་ཁ་འཐོབ་ངེས་རེད་ཅེས་བཤད་མྱངས་ཡོད།
དེང་སང་ཧོང་ཀོང་མི་དམངས་ལངས་ནས་དམངས་གཙོའི་རང་དབང་འཐོབ་ཆེད་དུ་འཐབ་རྩོད་བྱེད་བཞིན་པའི་སྐབས་འདི་ལ་གཞན་དག་རྣམས་ཀྱིས་རྒྱབ་སྐྱོར་མ་བྱས་ན་ཧོང་ཀོང་མི་དམངས་ཀྱི་འཐབ་རྩོད་ཀྱི་ནུས་པ་རྒྱས་མི་ཐུབ། ཚང་མས་རྒྱབ་སྐྱོར་བྱེད་ན་ཧོང་ཀོང་མི་དམངས་ཀྱིས་རྒྱལ་ཁ་འཐོབ་ཐུབ།
འཛམ་གླིང་གི་ཆབ་སྲིད་ཀྱི་འཐབ་ར་ཆེན་མོ་འདིའི་ནང་དུ་ལྟ་བ་མཐུན་མཁན་ཚོས་དཔང་སྒྲིག་དང་ཚོང་འབྲེལ་ཡོད་མཁན་ཚོས་མཉམ་ལས། ཁེ་ཕན་མཉམ་སྤྱོད་ཀྱི་ཐབས་ལམ་གྱི་ཐོག་ནས་གཅིག་རྒྱབ་གཅིག་ལངས་དང་ཤོས་ཁ་དཔང་སྒྲིག་བྱས་དང་བྱེད་བཞིན་པའི་དེང་རབས་འདི་ལ་བོད་མི་རྣམས་ཀྱིས་ཀྱང་ཕྱོགས་ནས་གོ་ཆོད་པ་བྱ་དགོས། ལངས་ཕྱོགས་བརྟན་པོ་ཡོད་དགོས།
ཨ་ནུ་ལགས། ཞི་བ་འདོད་མཁན་ཞིག་ཡིན་ན་ཞི་བའི་ལས་འགུལ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་དགོས་པ་ཞིག་དང་མ་བྱས་ན་མི་འགྲིག་པ་ཞིག་ཡིན་མིན་མི་ཤེས་ལ། གལ་ཏེ་ཡིན་པའི་དབང་དུ་བཏང་ཡང་ཁྱེད་རང་ལ་འདི་ལྟར་བཤད་པའི་འོས་བབ་མེད་པ་རེད། གང་ཡིན་ཟེར་ན་ཧོང་ཀོང་གི་མི་མང་ནི་རྒྱ་རིགས་རེད་ལ་ཁོང་ཚོའི་རྒྱ་ཆ་དགུ་བཅུའི་བོད་རང་བཙན་ལ་ཁས་ལེན་བྱེད་ཀྱི་མེད་པ་ཧ་ཅང་གསལ་པོ་ཡིན་པས། ཁྱོད་ཚོ་ཁ་རང་བཙན་དང་མི་འབྲལ་མཁན་ཚོས་ཧོང་ཀོང་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་འོས་པ་ཞིག་མ་རེད། གཉིས་ནས་ཁྱེད་ལྟ་བུ་ཁ་ཆེའི་དྲག་སྤྱོད་པ་ལ་ཡིད་སྨོན་ཆེ་ཞིང་བོད་པའི་ཞི་རྒོལ་ལ་འདོད་པ་མེད་མཁན་ཚོས། ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དགོས་རབས་དང་དེ་ལྟར་མ་བྱས་ན་ཞི་བའི་ལས་འགུལ་བ་ཉུང་དུ་འགྲོ་བའི་སེམས་ཁྲལ་དགོས་དོན་མེད་པ་རེད་ལ་ཞི་བའི་ལས་འགུལ་བ་ཉུང་དུ་སོང་ན་ཁྱོད་རང་གི་འདོད་དོན་འགྲུབ་སོང་བ་རེད། དེས་ན་དེ་རིང་རྡ་སའི་ཞི་རྟགས་ཀྱི་མཛད་སྒོའི་སྟེང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མ་བྱས་པ་དེ་ལ་དངོས་གནས་བྱས་ན་ཁྱེད་རང་གིས་དགའ་བསུ་ཞུ་དགོས་པ་ཞིག་རེད་འདོད། འོན་ཀྱང་གོང་ས་བསྟན་འཛིན་རྒྱ་མཚོས་ཅི་ཞིག་གནང་ཡང་སྐྱོན་ཁོ་ན་མཐོང་མཁན་གྱི་མི་ཁྱེད་ཚོས་སྐྱོན་བརྗོད་མ་བཏོགས་བྱེད་མི་སྲིད་པ་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོས་ད་བར་དུ་བོད་མི་རིགས་དང་འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལས་གྲངས་མེད་སྐྱོན་པ་སུས་ཁེ་ཕན་གྱི་ཆེད་དུ་ཡིན་མིན་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་པས་ཁྱེད་རང་གིས་འབྲེལ་བཤད་དགོས་དོན་མི་འདུག་ཅེས་གསལ་པོ་ཞུ་རྒྱུ་ཡིན། གང་ལྟར་འཛམ་གླིང་འདིར་ཞི་བདེ་དང་དྲང་བདེན་གླེང་མཁན་དང་དེའི་ཆེད་དུ་སྐུ་ལས་སྐྱོན་མཁན་ནི་ཞི་རྟགས་ཐོབ་མཁན་རྣམས་ཡིན་པ་ལས་ཨ་རི་མིན་ལ་ཡུ་རོབ་དེ་འས་ཀྱང་མིན་པས་ང་ཚོས་གུས་སྐུལ་ཞུ་ཡུལ་ནི་ཁོང་ཚོ་ཡིན་ལ་རྒྱབ་སྐྱོར་ཞུ་ཡུལ་ཡང་ཁོང་ཚོ་ཡིན། བོད་པ་ཚོས་རང་ཉིད་ལ་རེ་བ་གཙོ་བོ་གཅོལ་དགོས་ན་ནུས་པ་དང་འཇོན་ཐང་ལྡན་པའི་རང་གི་དབུ་ཁྲིད་ལ་རྩི་སྐུར་ཞུ་དགོས་པ་ལས་དེ་དག་ལ་མཚན་སྨོད་ཁོ་ན་ཞུ་བ་ནི་རེ་འདོད་དང་མཐུན་པ་ཞིག་མ་རེད།
ཞོར་དུ་སྤོབས་པ་ལགས་ལ་བཤད་རྒྱུ་ཞིག་ཡོད་པ་ནི། གོང་ས་མཆོག་དགུང་ལོ་བཅུ་དྲུག་ནས་ད་ལྟ་བརྒྱད་བཅུའི་བར་དུ་བོད་མི་རིགས་ཀྱི་རྩ་དོན་དང་འཛམ་གླིང་ཞི་བདེ་ལ་རྩོན་མཁན་ཞིག་གིས་གནས་སྐོར་གྱི་ཆེད་དུ་རྒྱ་མིའི་དམངས་གཙོ་དང་བོད་མིའི་རྩ་དོན་བློས་གཏོང་མི་སྲིད་པས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་དེ་མ་གནང་རོག་ཞུ་ཡ་ཡིན། ལར་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལྟ་བུའི་འཛམ་གླིང་ཆེ་དགུ་ཡོངས་ཀྱིས་གུས་བཀུར་དང་ཡིད་ཆེས་ཞུ་ཡུལ་གྱི་ཉི་མ་ལྟ་བུའི་སྐྱེས་བུ་ཞིག་ལ། བོད་པའི་མིང་ཁུར་མཁན་ཞིག་གིས་ཡིད་ཆེས་འདི་ཙམ་ལས་ལས་མེད་པ་དང་གདེང་འཇོག་བྱེད་སྟངས་འདི་འདྲ་ཞིག་ཡིན་པ་ནི་ངོ་མ་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ལ་རང་གི་དེ་ཉིད་ཀྱང་ཕྱིར་སྟན་འདུག
དུས་རྒྱུན་ཨ་ནུ་ཐང་དང་ཅོ་རི་ཉི་མས་ཆོས་ཕྱོགས་ཀྱི་ལྟ་བ་གླེང་དུས་ཕྲན་ལ་མོས་མཐུན་དེ་ཙམ་མེད་ཀྱང། སྐབས་འདིར་འཇིག་རྟེན་མཐུན་པ་ཞི་བདེ་སྟེ། དམངས་གཙོ་དང་ཞི་བའི་ལས་འགུལ་གཙོར་བྱས་ནས་གླེང་དུས་མོས་མཐུན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཞུ་རྒྱུ། བསམ་ཚུལ་མདོར་བསྡུས་ནས་བཤད་ན་དམངས་གཙོའམ་ཞི་བའི་ལས་འགུལ་ཆེད་དུ་ཞི་བདེའི་དེད་དཔོན། ཞི་བདེའི་རྟགས་མ་ཐོབ་མཁན་༧གོང་ས་མཆོག་གཙོས་པའི་གནད་ཡོད་མི་རྣམས་མདུན་དུ་ཐོན་ནས་ཞི་བདེ་ཁ་ཙམ་མ་ཡིན་པར་དོན་དངོས་ཐོག་ཞི་བདེ་དང་དམངས་གཙོ་ཡང་དག་ཞིག་ལག་ལེན་ཏུ་འགྲོ་ཐུབ་པའི་ཆེད་དུ་བཀའ་སློབ་ལམ་སྟོན་དུས་ཐོག་ཏུ་ཆར་བབ་པ་བཞིན་ཡོང་བའི་རེ་བ་ཡིན།
རང་བཙན་མ་གཏོགས་མི་བརྗོད་མཁན་དང་དྲག་སྤྱོད་ལ་མོས་ཚུལ་བརྗོད་པ་ནི་ཁྱེད་ཀྱིས་ང་ཚོ་མཐོང་བའི་གཟུགས་བརྙན་ཡིན་པ་ལས་དོན་དངོས་དེ་ལྟར་མིན། ལྷག་པར་དུ་ཕྲན་ལྟ་བུ་ཡིན་ན་ཞི་དྲག་གཉིས་དང་། དེ་གཉིས་ཟླ་སོགས་གང་གིས་ཕན་ན་དེ་ལྟར་འགྲོ་དགོས་ཡ་ལས་མཐའ་གཅིག་ཏུ་ཆོས་ལུགས་ཀྱི་དག་སྣང་དང་དད་པ་སྒོམ་ཡུལ་ལྟར་དེ་ལ་མ་འགྲོ འདི་ལ་སོང་ན་ཡག་ཚུལ་གྱི་ཕྱོགས་རིས་བའི་ལྟ་ཚུལ་བཟུང་བ་ནི་ནམ་ཡང་མི་འོས་བ་འདོད། དེ་ལྟར་འདོད་པ་ཁོ་བོས་དེ་སྔོན་ནས་མང་དུ་བརྗོད་མྱོང་ཡོད། རྒྱུ་མཚན་ནི་ནད་ལ་སྨན་སྣ་གང་དང་། ཐབས་ལམ་གང་གིས་ཕན་ན་གནས་བབ་དང་སྟུན་ནས་དེ་སྤྱོད་རྒྱུ་ལས། ཚ་སྨན་དང་གྲང་སྨན་གཉིས་ཕྱོགས་རིས་བྱས་ཤིང་། ཚ་སྨན་ཡིན་ན་ཡག་ཚུལ་དང་། གྲང་སྨན་ཡིན་ན་སྡུག་ཚུལ་བརྗོད་པ་ནི་ནད་ཀྱི་གནས་བབ་དང་མ་སྟུན་པའི་བྱེད་ལས་རེད། གཙོ་བོའི་ནད་ཀྱི་འབྱུང་བ་དང་འགྱུར་འགྲོས་བཅས་ལ་སྟུན་ནས་ཚ་སྨན་དང་གྲང་སྨན། ཡང་ན་དེ་གཉིས་ཟླ་སྒྲིག་སོགས་གང་གིས་ཕན་ན་དེ་ལྟར་བཅོས་དགོས་བ་ལས། ཚ་སྨན་ཁོ་ན་སྤྲད་ན་ཡག་ཚུལ་གྱི་ལྟ་ཚུལ་བཟུང་ན་མི་འགྲིག་ལ། དེ་བཞིན་བོད་ཀྱི་རྩ་དོན་འགྲུབ་ཡ་ལ་ཞི་དྲག་དང་། དེ་གཉིས་ཟླ་སྒྲིག་སོགས་གང་ཞིག་གིས་ཕན་ན་དེ་ཡིས་གནས་བབ་དང་སྟུན་ཏེ་སྤྱོད་དགོས་བ་ལས། ཞི་བ་ཡིན་ན་ཡག་ཚུལ་དང་དྲག་པོ་ཡིན་ན་སྡུག་ཚུལ་གྱི་ཕྱོགས་རིས་བའི་ལྟ་སྟངས་བཟུང་བ་ཡིན་ན། ནད་གཞི་འམ་གནད་དོན་དེ་གཅོང་ནད་དུ་བཏང་བའི་གཞི་མ་ཡིན་པ་འདོད་ཀྱིན་ཡོད། འོན་ཀྱང་། ད་ལྟ་བོད་ཀྱི་ཆོས་དཔོན་ཚོ་དང་དེ་ཚོའི་རྗེས་འཇུག་པ་ཚོའི་གནང་ཕྱོགས་ལ་ལྟས་ན་དྲག་པོ་མི་མཚམས་པ་ཁོ་བོ་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད། རྒྱུ་མཚན་ནི། ཆོས་དཔོན་ནམ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཚོས་བོད་ཀྱི་ཆེད་དུ་དམག་འཁྲུག་བྱེད་རྒྱུ་ལྟ་ཅི། ཐ་ན་ཁག་ཅིག་གིས་བོད་དོན་ནི་ཆབ་སྲིད་རེད་ཅེས་ན་གང་ཐུབ་ཀྱིས་རྒྱང་དུ་འགྲོ་མཁན་དང་། མི་མང་གི་མདུན་དུ་གསུངས་ཡ་ལ་འཚེ་སྣང་སྐྱེས་མཁན་ཡོད་པས། ཁ་ནས་བརྗོད་མི་ཕོད་མཁན་ཞིག་གིས་ལག་ལེན་དུ་སྟར་རྒྱུ་དེ་བས་ཁག་པོ་རེད། ལྷག་པར་དུ་བོད་ཀྱི་ཆོས་དཔོན་ནམ་སྤྲུལ་སྐུ་ཚོ་ལ་ཆོས་ལུགས་སམ། རང་ཉིད་ཀྱི་དགོན་སྡེ་དང་སྦྱིན་བདག གྲྭ་འབོར་མང་དུ་བཏང་རྒྱུ་ནི་བོད་དོན་ལས་ཀྱང་གལ་ཆེན་དུ་འཛིན་པས། ཆོས་རྒྱུད་བཞི་ཡི་བླ་ཆེན་སུ་ཞིག་གིས་བོད་ཀྱི་ཆེད་དུ་དམག་འཁྲུག་བྱེད་མི་སྲིད། མི་བྱེད་དེ། མི་བྱེད་པ་བཙན་བྱོལ་སླེབས་པ་དང་མཉམ་དུ། གློ་བ་དམག་སྒར་གཡུག་ནས་དགོན་པ་གསར་བརྒྱགས་གཙོ་བོ་གནང་བ་དེས་གསལ་བཤད་བྱས་ཡོད། དེ་འདྲའི་གནད་འགག་གི་ཆུ་ཚོད་ཅིག་གི་ནང་དུ་ཁོང་ཚོས་ཆ་ཤས་བླངས་ནས་བོད་དོན་དུ་མ་འཐབ་པ་ཡིན་ན། མ་འོངས་བ་ལ་དེ་བས་ཆ་ཤས་ལེན་རྒྱུ་ནི་གནམ་གྱི་མེ་ཏོག་རེད། དེ་བརྟེན། ད་ལྟ་བོད་པ་དྲག་ལམ་དུ་སྐྱོད་རྒྱུའི་ནུས་བ་མེད། དྲག་ལམ་དུ་སྐྱོད་མཁན་བྱུང་ན། ཕྱི་དགྲ་ལྟ་ཅི། ནང་དགྲ་འབྱུང་ཞིིང་བོད་ཀྱི་ཆོས་དཔོན་དང་། དེ་དག་གི་རྗེས་འཇུག་ཚོས་ཁོང་ཚོའི་སྦྱིན་བདག་འཚོལ་རྒྱུ་དང་། ཆོས་ལུགས་སྤེལ་རྒྱུ་ལ་འགོག་རྐྱེན་བཏང་བ་སེམས་ནས་རྒོལ་རྡུང་ཕོགས་ངེས་རེད། ལས་དོན་གང་ཞིག་ཡིན་ཡང་སྤྱི་ཚོགས་དེའི་མང་ཚོགས་དང་། ལྷག་པར་དུ་གནད་དོན་གྱི་མི་དཔོན་ཚོས་རྒྱབ་སྐྱོར་མེད་ན། ལས་འགུལ་དེ་མངོན་འགྱུར་ཡོང་བ་དཀའ་ལ། མི་རེ་ཟུང་ཞིག་དྲག་ལམ་དུ་ཞུགས་པ་དེས་མ་རོལ་བ་འདུལ་རྒྱུ་ལྟ་ཅི། ཐ་ན་ལས་འགུལ་་རྒྱུན་གནས་ཡོང་བ་ལ་མི་རྒྱུ་གཉིས་ཀྱི་མཐུན་རྐྱེན་མི་འདང་བའི་དཀའ་ངལ་འཕྲད་པས། ལམ་འགྲོ་ཡོང་ཐབས་མེད་པས། བོད་ལ་དྲག་པོ་མི་མཚམས། འགྲིག་ཀྱང་མ་འགྲིག་ཀྱང་ཞི་ལམ་གདམ་ཀ་མེད། དེ་ལྟར་མེད་པ་བཟོ་མཁན་གཙོ་བོ་བོད་པ་བཟོོ་མཁན་བོད་ཀྱི་དབུ་ཁྲིད་རྣམས་རེད། འོན་ཀྱང་། ཁ་ཆེའི་དྲག་སྤྱོད་པའི་དཔའ་མཛངས་ལ་འཛམ་གླིང་མི་མང་ཧང་སང་ཡོད་ཅིང་། ཁོང་ཚོ་ལ་དཔའ་མཛངས་ལྡན་པ་དངོས་ཡོད་ཡིན་པས། དངོོས་ཡོད་བརྗོད་པས་ཁྱེད་ཉིད་མ་མོས་ན་ཐབས་ལམ་གཞན་དུ་མ་མཆིས། ཐ་ན་ཨ་རིའི་དམག་དོན་ཉམས་པ་མང་པོ ISIS ཐབས་ཇུས་ལ་ཧ་ལས་འདུག ལོ་ངོ་གསུམ་གྱི་ནང་ཁོང་ཚོ་དེ་ལྟར་སྟོབས་ཆེན་ཞིག་ཆགས་པ་ཉེར་རབས་འཛམ་གླིང་གི་ལོ་རྒྱུས་ཀྱི་ཁྲོད་ཐོག་མ་ཡིན་པ་འགྲེལ་གྱི་འདུག
ཨ་ནུ་ཐང་དང་རྣམ་ལོ་གཡག ཅོ་རི་སོགས་ལ་གྲོས་འདེབས་ཉུང་ཉུང་ཤིག་བྱེད། ཁྱེད་ཚོས་༧རྒྱལ་བ་རིན་པོ་ཆེ་རྒྱ་ནག་རི་བོའི་རྩེ་ལྔར་གནས་གཟིགས་དུ་ཕེབས་རྒྱུའི་ཐུགས་རེ་གནང་བཞིན་པ་ལ་མ་དགའ་བ་དང་སྡང་ཟུག་ཤུགས་ཆེན་པོ་བྱེད་བཞིན་པ་ནི་ཕྲག་དོག་གི་ཀུན་སློང་གིས་ཁུངས་མེད་ཀྱི་གཏམ་འཆལ་སྨྲ་རྒྱུར་ཞེད་སྣང་མེད་པ་ཤེས་སུ་བཅུག་པ་ཙམ་ལས། ཁོང་རྒྱ་ནག་རི་བོའི་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུའི་ཐུགས་རེ་གནང་བཞིན་པ་དེ་སྐུ་སྒེར་གྱི་ཁེ་ཕན་ཤ་སྟག་ཅིག་ཡིན་པ་མངོན་ཤེས་མེད་མཁན་སུས་ཀྱང་ཐག་བཅད་ནས་བཤད་མི་ཐུབ། འོན་ཀྱང་རྒྱལ་གཅེས་དཔའ་པོ་ཁྱོད་ཚོས་རི་བོའི་རྩེ་ལྔར་གནས་མཇལ་དུ་ཕེབས་འདུན་ཡོད་པ་དེ་སྐུ་སྒེར་གྱི་ཁེ་ཕན་ཁོ་ན་ཡིན་པ་དང་། སྐུ་སྒེར་གྱི་ཁེ་ཕན་དེ་འགྲུབ་ཆེད་༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཡོད་ཚད་རྒྱ་ནག་གཞུང་ལ་བཙོང་ཟིན་པའི་ནག་ཉེས་ཀྱང་བཀལ་བའི་མ་ཚད། ཁ་བརྡུང་དང་མཚན་སྨད་ཡིད་ལ་ཤོངས་ཚད་ཞུས་དང་ཞུ་བཞིན་འདུག གལ་སྲིད་ཁྱེད་ཚོར་དེ་རིང་དབང་ཤུགས་ཡོད་ན་༧གོང་མཆོག་ལ་རྒྱལ་ཚོང་བའི་ནག་ཉེས་བཀལ་བ་མ་ཟད། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་ནའང་རྒྱལ་ཚོང་བ་ཞིག་ལ་མང་ན་སྲོག་ཆད་དང་ཉུང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་ཀི་རེད། དེའི་ཕྱིར་ཁྱེད་ཚོས་ཀྱང་༧གོང་ས་མཆོག་ལ་ཉེས་ཆད་དེ་ཡང་བ་ཞིག་གཅོད་མི་སྲིད། འོན་ཀྱང་ཁྱེད་ཅག་གིས་༧གོང་ས་མཆོག་ལ་ བཀལ་བའི་ནག་ཉེས་དེ་ལྕི་དྲགས་པ་མ་ཟད། ཆེས་སྔ་དྲགས་པའི་ཁྲིམས་ཆད་ཅིག་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་ད་དུང་ཡང་གནས་གཟིགས་དེར་ཕེབས་ཐུབ་མེད་པ་མ་ཟད། མ་འོངས་པར་ཡང་ཕེབས་ཐུབ་རྒྱུ་སྲིད་མཐའ་ཙམ་རེད། དེའི་ཕྱིར་ཁྱོད་ཚོས་ད་ལྟ་ནས་༧གོང་ས་མཆོག་ལ་རྒྱལ་ཚོང་བ་ཟེར་ནས་ཁ་བརྡུང་དང་འཐབ་རྩོད་ཀྱི་འགོ་བརྩམས་པ་ནི་ཆེས་མུ་ནག་དང་སྡུག་རྩུབ་ཆེ་བའི་བྱ་སྤྱོད་ཅིག་རེད། ཁྱེད་རང་ཚོས་དང་བླངས་ཀྱི་ངོས་ནས་ཁྲིམས་འགལ་གྱིས་བྱ་སྤྱོད་འདི་ལ་རང་ཚོད་བཟུང་ན་ཡག་པོ་རེད། དཔེར་ན་མི་ཉེས་མེད་ཅིག་ལ་མ་འོངས་པར་ཁྱེད་མི་གསོད་མཁན་རེད། ཁྱེད་ལ་ད་ལྟ་ནས་མི་བསད་པའི་ནག་ཉེས་ཡོད་ཟེར་ནས་སྲོག་ཆད་བཀལ་ནས་ཁ་བརྡུང་དང་འཐབ་རྩོད་དྲག་པོ་བྱེད་བཞིན་པ་ཆེས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། མི་བསོད་རྒྱུའི་ཀུན་སློང་ཙམ་ཡང་མེད་མཁན་ཞིག་ལ་ལག་དམར་བ་ཡིན་པའི་ནག་ཉེས་བཀལ་ནས་ཆེས་སྔ་མོ་ནས་འཐབ་རྩོད་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་ཁྲིམས་ལུགས་ལ་རྩ་འགལ་མ་རེད་དམ།
ཁྱོད་ཚོས་བཤད་པ་ལྟར་༧གོང་ས་མཆོག་རྒྱ་ནག་རི་བོའི་རྩེ་ལྔར་ཕེབས་ཆེད་ཁོང་གིས་ཡོད་ཚད་ཐུགས་བློས་བཏང་ནས། རྒྱ་ནག་གཞུང་གི་རེ་འདོད་ཡོངས་རྫོགས་ཁས་ལེན་གནང་གི་ཡོད་པ་བདེན་ན། གནའ་སྔ་མོ་ནས་༧གོང་ས་མཆོག་རྒྱ་ནག་རི་བོའི་རྩེ་ལྔར་ཕེབས་རྒྱུའི་ཐུགས་རེ་ད་དུང་ཡང་འགྲུབ་མེད་པའི་རྒྱུ་མཚན་ལ་བསམ་བློ་བསམ་མྱོང་ངམ། ད་ལྟ་ཁོང་དགོང་ལོ་བརྒྱད་ཅུ་ཟིན་ཡོད་ཀྱང་ད་དུང་ཡང་ཁོང་རི་བོའི་རྩེ་ལྔར་གནས་གཟིགས་དུ་ཕེབས་མ་ཐུབ་པར་ལུས་ཡོད་པའི་རྒྱུ་མཚན་གང་ལ་ཐུག་པ་ཤེས་སམ། ༧གོང་ས་མཆོག་གིས་ཁོང་གི་གནས་གཟིགས་དེའི་ཆེད་དུ་རྒྱ་ནག་གཞུང་གི་རེ་འདོད་ཡོངས་རྫོགས་ཁས་བླངས་ནས་བོད་རྒྱ་ལ་བཙོང་གི་ཡོད་པ་བདེན་ན། རྒྱ་ནག་གཞུང་གིས་སྐད་ཅིག་དང་པོ་ཉིད་ལ་༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་གཟིགས་དུ་གདན་འདྲེན་མི་ཞུ་བའི་རྒྱུ་མཚན་ཅི་རེད། རྒྱ་ནག་གཞུང་ལྐུག་དྲགས་ནས་ཁེ་ཕན་ངོས་མ་ཟིན་པར་ལུས་པ་རེད་དམ། ཨ་ནི་ཐང་བསོན་ནམས་སོགས་ཀྱིས་“རྒྱ་ནག་ནི་ཚོང་འབྲེལ་གྱི་ཐབས་བྱུས་ལ་མཁས་”ཟེར་བ་མིན་ནམ། ཡང་ན་༧གོང་ས་མཆོག་གནས་གཟིགས་ལ་ཕེབས་ཐུབ་པ་ཡིན་ན་རྒྱ་ནག་གཞུང་ལས་ཀྱང་བོད་རང་ཉིད་ལ་ཁེ་ཕན་དང་རྒྱལ་ཁ་ཆེ་བ་ཐོབ་ཀི་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་གནས་གཟིགས་ཏུ་ཕེབས་རྒྱུའི་ཚོང་དེ་དང་ལེན་བྱེད་མ་ཕོད་པ་རེད་དམ། ལོ་ག་ཚོད་འགོར་ནའང་གནས་གཟིགས་ཀྱི་ཚོང་འདི་འགྲིག་ཡ་གཏན་ནས་མེད་པ་༧གོང་ས་མཆོག་ཚོང་བ་སྐྱོ་དྲགས་པའི་ལན་པ་རེད་དམ།
གཞན་ཡང་གནམ་ལོ་ཡག་ལ་ཞུ་རྒྱུར། ཁྱེད་ཀྱི་སངས་རྒྱས་བསད་པ་ཟེར་བའི་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་དཔེ་དེབ་ཅིག་བྲིས་པ་མ་རེད་དམ། ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེ་སངས་རྒྱས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ན། ༧གོང་ས་མཆོག་ཀྱང་སངས་རྒྱས་ཡིན་པའི་ཡིད་ཆེས་བྱེད་ཆོག རྒྱལ་བ་པཎ་ཆེན་བོད་ཀྱི་ཉི་ཟླ་གཉིས་ཡིན་ཟེར་བ་མ་ཟད། དམིགས་བསལ་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཉི་མ་རེད། ཁྱེད་ཀྱིས་ཟླ་བ་ངོ་ཤེས་ནས་ཉི་མ་ངོ་མི་ཤེས་པ་ཁྱེད་མུ་ནག་གི་ཁྲོད་དུ་རྒྱུ་བའི་འབྱུང་བོ་སྲིན་བྱའི་རིགས་ཤིག་ཡིན་པ་ལས། ཉི་མོར་སྐད་སྙན་སྒྲོག་པའི་ལྷ་བྱའི་རིགས་མིན་པ་གསལ་བོ་རེད།
བོད་མི་རྣམས་ཀྱིས་སྙིང་བཅོལ་སའི་སངས་རྒྱས་གཉིས་ཡོད། རྒྱལ་བ་པཎ་ཆེན་གཉིས་རེད། བོད་ཀྱི་སངས་རྒྱས་གཅིག་རྒྱ་དམར་གཞུང་གིས་ལྐོག་གསོད་བཏང་བ་ཁྱེད་ཀྱིས་ཀྱང་གླེང་གི་འདུག བོད་ཀྱི་སངས་རྒྱས་གཞན་དེ་ཁྱེད་ཀྱིས་རྒྱལ་ཚོང་བའི་ཉེས་མིང་གཡོག་ནས་གསོད་ཉེན་འདུག ཁྱོད་ཀྱིས་རྒྱལ་ཚོང་བའི་ཉེས་མིང་བཙན་འགེལ་བྱེད་བཞིན་པའི་སངས་རྒྱས་དེ་བོད་ཀྱི་སངས་རྒྱས་ལྷག་མ་གཅིག་པོ་དེ་རེད། ཁོང་ཁྱེད་དང་དོལ་ཚོགས་གང་རུང་གི་ལག་དགྲ་མི་འབྱུང་བའི་སྨོན་ལམ།། གལ་སྲིད་ཁོང་དགྲ་ལག་ཏུ་འཇིག་པ་ཡིན་ན། མགོ་ནག་བོད་འདི་མགོན་མེད་སྐྱབས་མེད་དུ་གྱུར་བ་རེད། ཚོང་ཁེ་ཁོ་ནར་མ་གཏོགས་ལྡིང་ཆ་མི་ཐོབ་པའི་ད་ལྟའི་རྒྱལ་སྤྱི་ཐོག་གི་བོད་ཀྱི་སྐད་སྒྲ་འཇིག་ཚར་བ་རེད། རྣམ་ལོ་ཡག་ཁྱེད་རང་སྐབས་འཚོལ་བ་ཞིག་ལས་བོད་ཀྱི་སངས་རྒྱས་བསད་པའི་དོན་རྐྱེན་གླེང་རྒྱུ་ཁྱེད་ལ་འོས་བབ་མེད་པ་མཐོང་།
པཎ་ཆེན་རིན་པ་ཆེས་བོད་ཀྱི་ཆེད་དུ་མཛད་པ་རླབས་པོ་ཆེ་རྣམས་སྐྱོང་བའི་སྐབས་སུའང་། ཁྱོད་ཀྱི་རིགས་སུ་གཏོགས་པའི་རྒྱལ་གཅེས་པ་ཚོས་པཎ་ཆེན་རིན་པོ་ཆེར་རྒྱ་མིའི་བླ་མ་དང་ཚོང་བ་རྒྱགས་པ་སོགས་ཟེར་ནས་གེག་དང་བར་ཆད་མང་པོ་བཟོས་པ་རེད། ཁོང་གི་མཚན་སྙན་ལ་འཐབ་རྩོད་དྲག་པོ་བྱས་པ་མ་ཟད། ཁོང་གི་མཛད་རྒྱས་ལ་དྲི་ནག་དང་སྐྱག་པ་བྱུག་པའི་མུ་ནག་གི་བྱ་སྤྱོད་དེའི་མཇུག་འབྲས་ངན་པ། ད་ལྟ་གཞིས་ལུས་བོད་མི་རྣམས་ཀྱི་མྱོང་བཞིན་ཡོད། ད་ལྟ་ཁྱོད་ཅག་གིས་བོད་ཀྱི་སངས་རྒྱས་ལྷག་མ་གཅིག་པའི་མཚན་ཐོས་པ་དང་། གསུངས་ཚིག་རྣ་བས་གོ་བའམ་ཡང་ན་ཁོང་གི་གཟུགས་སྐུའི་གྲིབ་མ་ཙམ་མཐོང་ནའང་འཁོན་འཛིན་གྱིས་གློ་སྙིང་གཟེར་ཡོང་བའི་ཆེས་འཇིགས་སུ་རུང་བའི་གནས་སྟངས་འདི་ལ་ལྟོས་ན། བོད་ལ་གྱ་དགུ་ལོའི་ཉི་ནག་དེ་སླར་ཡང་ཤར་ལ་ཉེ་བའི་ལྟས་ངན་མཐོང་།།
མུ་ནག་གི་ཁྲོད་ཀྱི་སྲིན་བྱའི་སྐད་སྒྲ་མཚམས་ཆད་ཆད་བར་རྩོད་གླེང་བྱེད་རྒྱུའི་ཆུ་ཚོད་མེད་པས་འདི་ལན་འདེབས་སོགས་མི་བྱེད་སྲིད། གསེར་ལས་དཀོན་པའི་ཆུ་ཚོད་རྣམས་མི་ངན་འདི་དག་དང་མཉམ་བཏང་ན་འགྱོད་པ་ས་ཐོག་ལ་ཤོངས་དཀའ།།
ཁྱེད་ཚོས་བོད་ཀྱི་ངོ་བོ་མ་བརླག་པའི་སྔོན་དུ་རྒྱ་ནག་དམངས་གཙོ་ཆགས་རྒྱུ་ཡིན་པ་མ་ཟད། མ་འོངས་པའི་རྒྱ་ནག་གི་དམངས་གཙོའི་གཞུང་དེ་དྲང་པོ་ཡིན་པ་དང། མ་འོངས་པའི་རྒྱ་ནག་དམངས་གཙོའི་གཞུང་དེས་བོད་རང་བཙན་སྤྲོད་རྒྱུ་ཡིན་པ་སོགས་མངོན་ཤེས་ཐོགས་པ་མེད་གསུངས་འདུག འོ་ན་ཐེ་ཝན་ཀོ་མིན་ཏིང་ནི་ལོ་རྒྱུས་ཀྱི་ཐོག་གི་རྒྱ་ནག་གི་བདག་པོ་ཡིན་པ་མ་ཟད། ད་ལྟ་ཐེ་ཝན་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུའང་གྱུར་ཟིན་པས། ཐེ་ཝན་གྱིས་ལས་སླ་བོའི་ཐོག་ནས་བོད་ནི་རྒྱལ་ནག་གི་ཆ་ཤས་མ་རེད་འོས་ཀྱང་དེ་ལྟར་མ་ལབ་པ་མ་ཟད། ཕོག་སྤྲད་ནས་བོད་པ་ནང་ཁུལ་ལ་དཀྲུགས་བསླངས་མྱོང་བར་འགྲེལ་བཤད་ག་རེ་ཡོད་དམ། རྒྱ་ཡང་རེད། དམངས་གཙོའང་རེད། ད་དུང་ཧང་ཀོང་མི་མང་དང་མ་འོངས་པའི་རྒྱ་ནག་གི་དམངས་གཙོའི་གཞུང་དེ་བོད་ཀྱི་ཐོག་ལ་ཡག་པོ་ཡོད་པ་ཁྱེད་ཚོས་ཤེས་འདུག་པས་ཡ་མཚན་རེད། ཁྱེད་ཚོ་ནི་ཀླད་མེད་ངག་འཆལ་བཤད་མཁན་རྐྱང་མ་ཡིན་པར། སངས་རྒྱས་དང་ཆོས་ཁས་མི་ལེན་པའི་དམར་པོ་མངོན་ཤེས་བཤད་མཁན་རྐྱང་ཡིན་འདུག ཨ་ལ་ལ་ལ།
ད་དུང་ཨ་ནི་བསོད་ཐང་གིས་རྒྱལ་ལོ་དོན་འགྲུབ་དང་༧གོང་ས་མཆོག་སོགས་ལ་ཉེས་འཛུགས་བསམ་བསམ་འདོད་འདོད་མང་པོ་བྱས་པའི་མཐའ་ལ། ཆུ་བཞི་སྒང་དྲུག་གི་དམག་ཟུར་མི་རྒན་ཁ་ཤས་ལ་དྲིས་ན་ཤེས་ཟེར་བའམ་། ཡང་ཆུ་སྒང་གི་དམག་ཟུར་མི་རྒན་ཞིག་གིས་ལབ་ཀི་འདུག་ཟེར་ནས་ཁུངས་བསྐྱེལ་བྱས་འདུག འདི་ནི་ཁུངས་བསྐྱེལ་བྱེད་སྟངས་ཅི་འདྲའི་སྟབས་བདེ་བོའང་ཡང་ན་ཉམས་སྐྱོ་བོ་ཞིག་རེད་མི་འདུག་གམ། འདི་ནི་ཐོག་ཁང་ཆེན་པོ་ཞིག་ལ་རྩྭ་ཐུར་གྱི་ཀ་བ་འཛུགས་པ་དང་ཨ་ན་མ་ན་རེད། དེ་ལ་ཞིབ་ཏུ་གླེང་སློང་བྱེད་རིན་མི་འདུག
ཨ་རོ་སྟག་སྨྱོན། ཨ་རག་ཏོག་ཙམ་བཞེས་དང་ནི་མིན་ན། གང་ལྟར་ད་ཐེངས་བར་དུ་མི་འདི་རེད་ཅེས་པ་ཞིག་ཐོན་པ་དང་པོ་རེད། དེའི་ཆ་ནས་བསྔགས་བརྗོད་ཡོད། དེ་མིན་ཁྱེད་རང་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་གཞན་ལ་དོགས་པ་ཟ་བའི་ཐོབ་ཐང་ཡོད་ནི་རེད། ཐ་ན་སྟོན་པ་ཤཀྱཱ་ཐུབ་པས་ཀྱང་ཁོང་ལ་དོགས་པ་ཟ་ཆོག་གསུངས་ཡོད་པ་མ་རེད་དམ། ཡིན་ནའང་། ཁྱེད་ཀྱིས་གཞན་ལ་ཚིག་ཐག་ཆོད་པོས་ལམ་ནས་སྐབས་འཚོལ་བ་ཞིག་རེད་ཅེས་བརྗོད་སྐབས། རང་ཉིད་ནི་སྐབས་འཚོལ་བ་ཞིག་མ་ཡིན་པ་ཇི་ལྟར་ཁུངས་སྐྱེལ་བྱེད་རྒྱུ་ཡིན་ནམ། འདི་གཅིག་ཡིན།
སྤྱིར་ཞིབ་འཇུག་པ་ཚོས་མ་འོངས་པར་ལྟ་སྐབས། བྱ་བ་གང་རུང་ཞིག་གི་མཇུག་འབྲས་ཀྱིས་ཤུགས་རྐྱེན་གང་རུང་ཁྱེར་ཡོང་མིན་ལ་སྔོན་དཔག་བྱེད་རྒྱུ་གཙོ་བོར་བཟུང་ཡོད་པ་རེད་ལ། ཚིག་ཐག་བཅད་ནས་བཤད་ཟིན་པའི་ཆ་གཅིག་ཀྱང་ཡོད་པ་མ་རེད། མང་ཆེ་བ་རྟག་པ་མཐའ་བཟུང་གི་ཚིག་བེད་སྤྱོད་བཏང་ཡོད་པ་རེད།
ཡིན་ནའང་། ཁྱོད་ཀྱིས་གཞན་ལ་ཚིག་ཐག་ཆོད་པོས་རྒྱལ་བ་རིན་པོ་ཆེར་ཉེས་འཛུགས་བྱས་འདུག་ཅེས་བརྗོད་སྐབས། རང་ཉིད་ཀྱིས་གཞན་ལ་ཉེས་འཛུགས་བྱེད་པར་བསམ་བློ་ཅི་ཡང་གཏོང་མི་དགོས་པར་བཤད་ཆོག་ཆོག་ཅིག་དང་། གཞན་གྱིས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་ལྷགས་སྲིད་པའི་ཉེན་ཁའམ། དོན་རྐྱེན་དག་ལ་དབྱེ་ཞིབ་བྱེད་མ་ཆོག་པའི་གནས་ལུགས་ཤིག་གང་ནས་བརྙེད་
པ་ཡིན་ནམ།
ངས་ཁྱེད་ལ་དཔེ་གཅིག་བཤད། ༢༠༠༨ལོར་བོད་ནང་གི་གྱེན་ལངས་ལ་རྐྱེན་བྱས་རྒྱལ་ཁབ་མང་བོའི་དབུ་ཁྲིད་རྒྱ་ནག་གི་ཨོ་རྩལ་ལ་མཉམ་ཞུགས་གནང་གི་མིན་ལབ་ནས་རྒྱ་གཞུང་གིས་ཁས་ལེན་གང་རུང་ཞིག་ཡོང་བར་གནོན་ཤུགས་སྤྲོད་སྐབས། གར་བྱུང་འདིར་བྱུང་མེད་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོགས་པ་ཟེར་བ་ཞིག་པེ་ཅིང་ལ་འབྱོར་འཕྲལ་བྱ་ཚང་ཟེར་བའི་ལུས་རྩལ་ར་བ་གཟིགས་བསྐོར་ལ་ཕེབས་པ་འཛམ་གླིང་གི་གསར་ལམ་ཁག་ལ་ཐོན་པར་མ་ཟད། ཨོ་རྩལ་ལ་མཉམ་ཞུགས་མི་གནང་ཟེར་མཁན་དབུ་ཁྲིད་ཚོ་ཁ་སྐྱེངས་དགོས་ཐུག་པར་མ་ཟད། སྐབས་དེའི་བོད་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གོ་སྐབས་ཆ་ཚང་ཐལ་བར་བཏང་བ་ལྟ་བུ་རེད། དེ་བས། རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་ཀྱི་དབུ་ཁྲིད་ཟུར་བ་ཞིག་ཡིན་མོད། བོད་དོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་སྟབས། བོད་པ་མི་རེ་ངོ་རེ་ཡིས་ཁོང་གིས་བོད་དོན་ཐད་སྤེལ་བཞིན་པའི་མཛད་པ་ཁག་ལ་དབྱེ་ཞིབ་བྱས་ཆོག་པ་ཞིག་དང་། རྒྱལ་བ་རིན་པོ་ཆེ་ནི་དོགས་སློང་བྱེད་ཆོག་པའི་ཆོས་ལུགས་ཤིག་གི་རུ་འདྲེན་པ་ཡིན་པས། བོད་པ་ཞིབ་འཇུག་པ་དག་གིས་བརྙེད་པའི་དཔྱད་འབྲས་ཀྱང་གླེང་ཆོག་པ་ནི་གསལ་བོ་རེད། ཡིན་ནའང་། ནམ་ཞིག་གི་ཉིན་མོར་རྒྱལ་བ་རིན་པོ་ཆེ་སྐུ་དངོས་ནས་ངོས་ལ་དོགས་སློང་བྱེད་མི་ཆོག་གསུང་སྐབས། བསམ་བློ་གཏོང་ཡ་རེད་མ་གཏོགས་ད་ལྟ་སྔ་དྲགས་པ་རེད་འདོད།
གནམ་ལོ་ཡག་གིས་གསལ་བཤད་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
གནམ་ལོ་ཡག རྒྱལ་བ་རིན་པོ་ཆེའི་མཛད་པ་ལ་དབྱེ་ཞིབ་བྱེད་ཆོག་ཀྱང་། ཁྱོད་ཚོའི་དབྱེ་ཞིབ་བྱེད་སྟངས་ནི་ཁོང་ལ་ཞྭ་མོ་ནག་པོ་ཞིག་གཡོག་ཐབས་ཁོ་ན་ལས་མེད་པ་འདི་དབྱེ་ཞིབ་བྱེད་སྟངས་ཡང་དག་ཅིག་མ་རེད། དངོས་གནས་དབྱེ་ཞིབ་པ་ཚད་ལྡན་ཞིག་ཡིན་ན་བཟང་ཆ་དང་ངན་ཆ་གཉིས་ཀ་བཤད་དགོས་ཀྱང་། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེའི་ངན་ཆ་ཁོ་ན་ལས་བཟང་ཆ་བཤད་པ་ཞིག་ནམ་ཡང་མཐོང་ཐོས་མེད།
ལུང་རྟོགས། ཁྱེད་ཀྱིས་ང་ཚོ་དྲག་ཤུགས་ལ་མོས་ཚུལ་བརྗོད་ཀྱིན་འདུག་ཀྱང་དེ་ནི་ཉིད་ཀྱིས་ཞེན་འདོད་ཀྱིས་སྒྲུབ་པ་ཡིན་པ་ལས་དོན་དངོས་དེ་ལྟར་མིན་ལ། ལྷག་པར་དུ་ང་རང་ལྟ་བུ་ཡིན་ན་བོད་པ་ཚོ་ལ་ཁ་ཆེ་ལྟར་དྲག་སྤྱོད་སྤེལ་བའི་ནུས་བ་མེད་མཐོང་བཞིན་ཡོད། རྒྱུ་མཚན་ནི་བོད་ཀྱི་བསམ་བློ་འཛིན་གྱིས་ཆོས་དཔོན་ཚོས་དེ་དོན་ལ་མཐུན་འགྱུར་མི་བྱེད་པས། ལམ་ལྷོང་འགྲོ་མི་སྲིད་པས་ཡིན། ང་རང་འདོད་པ་མེད་ཤོས་ནི་བོད་དོན་ལ་ཞི་དྲག་གཉིས་ཀས་གང་གིས་ཕན་དེ་འགྲོ་དགོས་བ་ལས་ཕྱོགས་རིས་བྱེད་པ་ལ་མོས་བ་མེད་པ་བརྗོད་ཀྱིན་ཡོད་ལ། དེ་ལྟར་གནང་ན་བོད་འདི་འགྱེལ་ས་ནས་ལངས་དཀའ་བ་འདོད་ཀྱིན་ཡོད། ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་མིན་ནི་བཟང་སྤྱོད་དང་དྲང་བདེན་ལ་འབྲེལ་བ་ཡོད་པ་ཞིག་ལས་ང་ཚོའི་འདོད་མོས་ཡོད་མེད་ཀྱི་གནད་དོན་མིན་པས། ཉིད་ཀྱིས་སྐུ་མདུན་གྱི་ཧོང་ཀོང་ལ་རྒྱབ་སྐྱོར་མ་གནང་བ་ང་ཚོའི་དགའ་བསུ་ཞུ་དགོས་བ་ནི་འབྲེལ་མེད་ཅིག རྒྱབ་སྐྱོར་མི་བྱེད་བསམ་ན་ཁ་གཡར་ས་ག་དུས་ཡིན་ཡང་ཡོད་ཡོད་པ་རེད།