བུ་མོབསྟན་འཛིན་ལྷག་པ། རང་ལོ་།༡༥ འཛིན་གྲྭ ༡༠
ཤེས་བྱ་ཡོན་ཏན་ཕྱུག་པའི་སློབ་གླེང་འདི་ཡི་ནང་།།
དགེ་ལས་སློབ་གསུམ་ཞི་བདེ་ལྷིང་འཇགས་གནས་སུ་ཡོད།།
དེ་བས་སློབ་མ་ང་ཚོར་ཉི་འོད་ཁྱེད་ཀྱིས་སྦྱིན།།
ཤེས་ཡོན་ཕྱུག་པའི་བོད་མི་བཟང་པོ་ཁྱེད་ཀྱིས་བསྐྲུན།།
ཨེ་མ། བོད་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་གནང་མཁན།་ བོད་མི་ཡོངས་ཀྱི་རྒྱབ་རི་སྨུག་པོ། བོད་ཕྲུག་ཡོངས་ལ་ཉི་མའི་འོད་ཟེར་སྦྱིན་མཁན་གྱི་མ་ཡུམ་སློབ་གྲྭ་ལགས། ཁྱེད་ནི་འཇིག་རྟེན་འདི་རུ་བྱོན་ནས་ལོ་ངོ་ཧྲིལ་པོ་དགུ་ཙམ་འཁོར་བ་དང་ཁྱེད་འདི་རུ་གནས་པའི་བོད་ཕྲུག་ཉམ་ཆུང་ང་ཚོར་ཤེས་ཡོན་སྦྱངས་པའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་རེད། དེ་བས་ཁྱེད་ཡོད་པས་བོད་ཕྲུག་ང་ཚོ་ཙམ་མ་ཟད་བོད་མི་ཡོངས་ཀྱི་བོད་སྐད་ཡིག་དེ་རྒྱུན་འཛིན་ལེགས་པོ་བྱས་ཐུབ། ཁྱེད་ནི་སྐད་ཡིག་རྒྱུན་འཛིན་གནང་མཁན་གྱི་ས་གནས་ལེགས་ཤོས་ཤིག་རེད་ཨང་།
དེ་མ་ཟད་མ་ཡུམ་སློབ་གྲྭ་ཁྱེད་ཀྱིས་བོད་ཕྲུག་ང་ཚོར་མུན་ནག་གི་ཁར་རྫོང་ལས་ཉི་འོད་ཁྲ་ལམ་གྱིས་སྦྱིན། དེ་བཞིན་མ་ཡུམ་སློབ་གྲྭ་ཁྱེད་ལས་བོད་ཕྲུག་ཉམ་ཆུང་ང་ཚོར་ཤེས་ཡོན་གྱི་གཞི་འམ་ཤིང་གི་ལོ་མ་ཐོག་མ་ཐོབ།
མ་ཡུམ་སློབ་གྲྭ་ལགས། ཁྱེད་ཁོ་ན་དཔེ་སྟོན་སློབ་མ་ང་ཚོའི་མ་ཡུམ་བཟང་ཤོས་ཤིག་རེད་ལ་ངས་དུས་ནམ་ཞིག་ཡིན་རུང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད། དེ་བས་མ་ཡུམ་སློབ་གྲྭ་ཁྱེད་ནི་ང་ཚོའི་ཤེས་བྱའི་རྭ་བ་བཟང་ཤོས་ཤིག་ཡིན། མ་ཟད་ཁྱེད་ཀྱིས་ཀ་ཁ་མི་ཤེས་པའི་བོད་ཕྲུག་ང་ཚོར་ཤེས་ཡོན་སྦྱིན་ལ་བྱམས་སྐྱོང་ཡང་སྦྱིན་བྱུང་། ཁྱེད་ནི་བརྗེད་དཀའ་བའི་མ་ཡུམ་སློབ་གྲྭ་ཞིག་ཡིན། མ་ཡུམ་ཁྱེད་འདི་རུ་གནས་པའི་བོད་ཕྲུག་ཕལ་མོ་ང་ཚོ་ཤེས་བྱ་ཡོན་ཏན་ཕྱུག་པའི་བོད་ཕྲུག་ཞིག་ཏུ་བསྐྲུན། དེ་བཞིན་མ་ཡུམ་ཁྱེད་ནི་ད་ཆ་གོ་ལ་འདི་རུ་སྙན་གྲགས་ཡོད་པས་ང་ཚོ་དཔེ་སྟོན་སློབ་མ་ཡིན་པར་ཧ་ཅང་སྤོབས།
མ་ཡུམ་སློབ་གྲྭ་འདི་རུ་གནས་པའི་དགེ་ལས་སློབ་གསུམ་ནི་ཕན་ཚུན་མཛའ་མཐུན་ཆེ་ལ། ཕ་མ་གཅིག་གི་ཕྲུ་གུ་ལྟར་བདེ་སྐྱིད་ངང་གནས་བཞིན་ཡོད་། མ་ཡུམ་ཁྱེད་ནི་ཧ་ཅང་གཞི་རྒྱ་ཆུང་ཡང་ཤེས་བྱ་ཡོན་ ཏན་ཕུན་སུམ་ཚོགས་པ་ཡོད། དེ་བས་མ་ཡུམ་སློབ་གྲྭ་འདི་རུ་གནས་པའི་ཕྲུ་གུ་དག་ནི་སྐད་ཡིག་ལ་ཕྱུག་པའི་སློབ་ཕྲུག་ཁོ་ན་ཡིན། མ་ཡུམ་སློབ་གྲྭ་ཁྱེད་ནི་བཙན་བྱོལ་གནས་པའི་སློབ་གྲྭ་ཡོངས་ཀྱི་མིག་དཔེ་བལྟ་ས་བཟང་ཤོས་དང་ལེགས་ཤོས་ཡིན། དེ་མ་ཟད་མ་ཡུམ་ཁྱེད་ཀྱིས་ཅི་ཡང་མི་ཤེས་པའི་བོད་ཕྲུག་འགའ་ཞིག་ལ་ཤེས་བྱའི་གནད་ལ་འབད་པའི་ཤེས་ཡོན་གང་ཐུབ་སྦྱིན་ལ་ཤེས་བྱའི་ཕྱུག་པའི་བོད་མི་ཞིག་ཏུ་གྱུར།
དེ་བཞིན་འདི་རུ་གནས་པའི་དགེ་ལས་སློབ་གསུམ་གྱི་རང་དོན་ཁོ་ན་མིན་པར་། རང་དབང་། གཞན་ཕན་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་རྣམ་པའི་ཐོག་མདུན་ལམ་ལམ་སྟོན་གནང་གི་ཡོད་ལ་དེ་བས་སློབ་ཕྲུག་རྣམས་ནི་གུས་ཞབས་ ། བརྩི་བཀུར་དང་བཅས་མཐུན་སྒྲིལ་ཧ་ཅང་ལེགས་། མ་ཡུམ་ཁྱེད་ཀྱི་བཅངས་པའི་རེ་བ་དང་ཡིད་ཆེས་དེ་ནམ་ཞིག་ཡིན་རུང་བརླགས་མི་འདོད་ལ་བརྗེད་ཡང་མི་འདོད། དེ་བས་ད་ལོ་བུ་མོ་ང་ཙམ་མ་ཟད་ངའི་འཛིན་གྲོགས་ཀུན་ལ་ལོ་མཐའ་མ་ཡིན་པའི་མ་ཡུམ་ཁྱེད་ཀྱི་བཀའ་དྲིན་དེ་བརྗེད་མི་སྲིད། མ་ཡུམ་ཁྱེད་ཡོད་པས་བོད་མི་ང་ཚོས་སྐད་ཡིག་དེ་རྒྱུན་འཛིན་བྱེད་ཐུབ། དེ་བཞིན་མ་ཡུམ་སློབ་གྲྭ་ཁྱེད་ཡོད་པས་བོད་ཕྲུག་ང་ཚོ་ཤེས་བྱའི་གནད་ལ་འབད་ཐུབ།
མ་ཡུམ་ཁྱེད་ལ་བུ་མོ་ངས་རྗེས་སུ་ཡི་རང་ཡོད་ལ་ཁྱེད་འཇིགརྟེན་འདི་རུ་བྱོན་ནས་ལོ་ངོ་ཧྲིལ་པོ་དགུ་འཁོར་བའི་བུ་མོ་ངའི་དམར་ཆུང་སྙིང་དབུས་ནས་ཁྱེད་ལ་སྙན་ངག་འདི་ཕུལ། ཨེ་མ་མ་ཡུམ་སློབ་གྲྭ་ལགས་བཀའ་དྲིན་ཆེ་ལ། ཐུགས་རྗེ་ཆེ།
ཁྱེད་ནི་ངའི་མི་ཚེའི་གཞི་འཛིན་ས་ཡིན་པས་བཀའ་དྲིན་བརྗེད་མི་སྲིད་། དེ་བས་འདི་རུ་གནས་པའི་དགེ་ལས་སློབ་གསུམ་་ལ་ངས་དུས་ནམ་ཞིག་ཡིན་རུང་དགའ་བསུ་དང་རྗེས་སུ་ཡི་རང་ཡོད།
ཁྱེད་ཡོད་པས་བུ་མོ་ངར་ཤེས་ཡོན་གྱི་འདབ་གཤོག་སྐྱེས།།
ཁྱེད་ཀྱི་བཀའ་དྲིན་ཇོ་མོ་རི་བོ་གླང་མ་ལས་བརྗིད།།
ཁྱེད་ཀྱི་བྱམས་སྐྱོང་མཚོ་སྔོན་རྒྱ་མཚོ་གཏིང་ལས་གཟབ།།
མ་ཡུམ་ཁྱེད་ནི་ང་ཚོའི་རྒྱབ་རི་སྨུག་པོ་ཡིན།།
དེ་རིང་ཁྱོད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།།