ཡོང་ཁུངས། བོད་ཀྱི་དུས་བབ།
བོད་པའི་སྤྲུལ་སྐུ་ཞིག་གི་ཡང་སྲིད་ལ་ངོས་འཛིན་བྱས་ཡོད་པའི་ཨ་རིའི་དཔར་པ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་ཡོད་སྟབས་ད་ལྟ་ཨ་རིར་སྨན་བཅོས་བྱེད་བཞིན་ཡོད་འདུག ཟླ་འདིའི་ཚེས་༦ ཉིན་ཨ་རིའི་ཆེད་གཏོང་གནམ་གྲུས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་ནས་ཨ་རིའི་མི་སེར་ལ་ཨི་བྷོ་ལ་ནད་ཡམས་ཕོག་ཡོད་མཁན་གྱི་ནད་པ་ལྔ་པ་དེ་ཨ་རིའི་ནང་སྨན་བཅོས་བྱེད་དུ་འཁྲིད་ཡོང་ཡོད་འདུག
དབྱིན་ཡིག་གི་གསར་ལམ་ཁག་ནང་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིར་ཨ་རིའི་མི་སེར་ཡིན་པའི་ཨི་བྷོ་ལ་ནད་ཡམས་ཕོག་མཁན་ལྔ་པ་དེ་ནི། གནས་ཚུལ་རྒྱས་པ་འདི་ནས་གཟིགས། http://www.tibettimes.net/news.php?showfooter=1&id=9390
ཨ་ཤོ་ཀ་སྨུག་པོར་ཨི་རྦོ་ལའི་འགོས་ནད་བྱུང་བའི་སྐོར་ལ་དབྱིན་ཡིག་གི་གསར་འགྱུར་འདིའི་ནང་དུ་འཁོད་འདུག་ཀྱང་། དེར་ཨ་ཤོ་ཀ་སྨུག་པོ་ཁོ་ནི་བོད་ཀྱི་བླ་མ་ཞིག་གི་སྐྱེ་སྤྲུལ་ཞིག་ཡིན་རབས་འཁོད་མི་འདུགhttps://gma.yahoo.com/ex-ebola-patient-kent-brantly-donates-blood-fight-113000736–abc-news-topstories.html
(༡༩༦༨ ལོར་ཁོའི་ཨ་མ་དྷེ་ནཱ་སྨུག་པོ་ལོ་ ༡༥ སོན་སྐབས་དགུང་ལོ་ ༢༨ ཡིན་པའི་དྲུང་པ་རིན་པོ་ཆེར་ཐུག་སྟེ་ཆང་ས་བརྒྱབ་ཡོད་ཅིང་། ཁོང་གཉིས་ལ་བུ་ཕྲུག་གཉིས་བྱུང་ཡོད་པ་ལས་གཅིག་གི་མིང་ལ་ས་སྐྱོང་མི་ཕམ་རིན་ པོ་ཆེ་དང་། གཞན་དེའི་མིང་ལ་གེ་སར་སྨུག་པོ་ (Gesar Mukpo)ཞེས་པར་འབོད་ཀྱི་ཡོད་འདུག།)
དུས་བབ་ཚང་གིས་གནས་ཚུལ་མ་དག་པ་མང་པོ་ཐོན་ཡོང་གི་འདུག། དཔེར་ན། གོང་བཀོད་དུ་དྷེ་ནཱ་སྨུག་པོ་དང་དྲུང་པ་རིན་པོ་ཆེ་གཉིས་ལ་བུ་ས་སྐྱོང་མི་ཕམ་རིན་པོ་ཆེ་ཞུ་བ་ཞིག་མེད། ས་སྐྱོང་མི་ཕམ་རིན་པོ་ཆེ་ནི་(ཨ་ནེ)ཨ་མ་དཀོན་མཆོག་དཔལ་ལྡན་དང་དྲུང་པ་རིན་པོ་ཆེ་གཉིས་ཀྱི་བུ་རེད། མོ་དེ་སྔོན་ཨ་ནེ་དང་དྲུང་པ་རིན་པོ་ཆེ་གྲྭ་པ་ཡིན་པའི་སྐབས་སུ་ལུས་འབྲེལ་གྱི་བུ་དེ་རྒྱ་གར་ལ་སྐྱེས་པ་རེད། དེང་སྐབས་བུ་དེ་ནི་དྲུང་པ་རིན་པོ་ཆེའི་ཆོས་ཚོགས་ཡོངས་ཀྱི་དབུ་བླ་ཡིན་འདུག།
༼ཕྱིར་དྲན༽
གཏམ་དང་གོམ་པའི་རང་ཚུགས་མ་ཟིན་གོང་།།
བྱིས་དུས་སྣང་བའི་དྲན་པ་རླུང་གིས་སྐྱོམ།།
གཞོན་པའི་ལང་ཚོ་འདབ་ལག་རྒྱས་པའི་ཚེ།།
དྲན་སྣང་འཁྲིལ་བག་རྒོད་པོར་མཐུ་རྩལ་བརྟས།།
ཀྱག་ཀྱོག་འཚོ་བའི་གྲུ་ག་བགྲོད་པའི་ཚེ།།
དར་མའི་སྣང་བ་དགའ་སྡུག་ཚོར་བས་བསྐྱལ།།
འཇིག་རྟེན་འཚོ་བའི་སྣང་བརྙན་སྐྱོང་བའི་ཚེ།།
རྒན་པོའི་སྣང་བའི་མྱོང་བ་ཁད་ཀྱིས་རྫོགས།།
མི་རྟག་འཇིག་རྟེན་འཁོར་བའི་ཟློས་གར་འདི།།
བཙན་ཕྱུག་དབང་ཐང་སྟོབས་ལ་མི་ལྟོས་པར།།
བསླུ་མེད་ལས་ཀྱིས་བསྐོས་པའི་རྟེན་འབྲེལ་ཞིག།
མཐོ་དམན་སྐྱེ་བོས་མྱོང་བ་ཆོས་ཉིད་གཅིག།
2014-10-9ཉིན་་་་་རང་དབང་བས།