བསྟན་འཛིན་བདེ་སྐྱིད།
————————
བོད་སྐད་ནི་ཐལ་འཚུབ་དཀྱིལ་གྱི་དབུགས་བསག་གི་ནད་པ་ཞིག་བཞིན་དུ་དབུགས་ཧལ་བཞིན་གནས་ཡོད། ས་བབ་ཀྱི་ཆ་ནས་ཐ་དད་ཡིན་པའི་ལྷ་ས་དང༌། དྷ་རམ་ས་ལཱ། ནིའུ་ཡོརྐ་བཅས་ཀྱི་ནང་སྐྱེས་པ་དང་འཚར་ལོང་བྱས་པའི་བོད་ཕྲུག་རྣམས་ཀྱིས་བོད་སྐད་དེ་ཁ་སྐད་དང་པོའི་ཚུལ་དུ་བེད་སྤྱོད་ཀྱིས་འཚར་ལོང་བྱེད་སྲིད་ཀྱང༌། ཁོང་ཚོས་བོད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་སྤྱོད་རྒྱུ་དེ་ཧ་ལམ་ངེས་པ་རེད། ཇི་སྲིད་བོད་དེ་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་གནས་པ་དེ་སྲིད་དུ་འདི་ལ་འགྱུར་བ་མི་ཡོང༌། ད་ལྟའི་ཆར་བོད་ནང་གི་བོད་ཕྲུག་སློབ་གཉེར་བ་ཚོའི་ཆེད་ལས་ལམ་ལྷོངས་ཀྱི་སྐད་ཡིག་དེ་རྒྱ་སྐད་ཡིན། ཕྱི་ལ་གནས་པའི་བོད་ཕྲུག་སློབ་གཉེར་བ་ཚོའི་སྐད་ཡིག་དེ་དབྱིན་སྐད་ཡིན། ལམ་སྲོལ་གྱི་གྱོང་གུན་གྱིས་རྐྱེན་པས་བོད་སྐད་དེ་ངེས་པར་དུ་སྣང་ཆུང་དུ་ལུས་ཡོད།
བོད་སྐད་དེ་ཁ་སྐད་ཀྱི་གནས་བབ་ནས་བསམ་ན་དོ་སྣང་མ་བྱས་པའི་འབྲས་བུ་དེ་ད་ལྟ་བར་དུ་ཆུང་ཆུང་རེད། ཁྱིམ་དང་ཐབ་ཀྱི་སྐད་ཅིག་ཡིན་པས་དེས་ང་ཚོ་བྱིས་པའི་དུས་ནས་བསྐོར་ཏེ་རང་གི་མ་སྐད་ཀྱི་ཚུལ་དུ་སྤྱད་དེ་ང་ཚོ་འཚར་ལོང་བྱེད་ཀྱི་ཡོད། འོན་ཀྱང་བོད་སྐད་དེར་ཡིག་སྐད་ཀྱི་ལམ་སྲོལ་ནས་བལྟས་ན། དོ་སྣང་མ་བྱས་པའི་འབྲས་བུ་དེ་གནོད་སྐྱོན་ཆེན་པོ་བྱུང་ཡོད། ང་ཚོའི་མི་རབས་ཀྱི་བོད་མི་ཚོས་འབྲི་ཀློག་ཡོད་ཚད་ཕལ་ཆེ་བ་ཕྱིའི་སྐད་ཡིག་ཅིག་གི་ལམ་ནས་བྱེད་པ་ལས་བོད་སྐད་ཀྱི་ཐོག་ཧ་ལམ་བྱེད་ཀྱི་མེད།
དགོན་པའི་ལམ་སྲོལ་གྱི་ཕྱི་ལོག་ཏུ་སློབ་གཉེར་བྱེད་མཁན་གྱི་བོད་རིགས་ན་གཞོན་གྲངས་འབོར་ཆེ་བ་དེ་དག་གིས་བོད་ཡིག་ཚད་ལྡན་ཞིག་འབྲི་མི་ཐུབ་པའམ། ཡང་ན་ལྕེ་ལེ་འཁྲིལ་ཐག་མ་ཐེབས་པར་བརྗོད་པ་གཅིག་གི་ནང་ནས་ཚིག་གསུམ་ཡང་ཐད་ཀློག་བྱེད་མི་ཐུབ་པ་དེས་ང་ཚོར་དཀའ་ངལ་ཞིག་ཡོད་པ་མཚོན་གྱི་ཡོད། བྱས་ན་ག་རེ་བྱེད་དགོས་སམ།
དཀའ་ངལ་གྱི་རྩ་བ་དེ་ཆུང་རྩག་རེད། ང་ཚོས་བོད་ཡིག་ཡག་པོ་འབྲི་མི་ཐུབ་པ་དེ་ང་ཚོས་བོད་ཡིག་ཧ་ལམ་རྩ་བ་ནས་མ་ཀློག་པའི་རྐྱེན་དང༌། ང་ཚོས་བོད་ཡིག་ཧ་ལམ་རྩ་བ་ནས་མི་ཀློག་པ་དེ་བོད་ཡིག་ཀློག་རྒྱུ་ཁག་པོ་ཡོད་པའི་རྐྱེན་གྱིས་རེད། བོད་ཡིག་ཀློག་རྒྱུའི་དཀའ་ངལ་དེ་དེ་མ་ཐག་ཏུ་ལས་སླ་རུ་གཏོང་བར་ཐབས་ཤེས་ཆུང་རྩག་ཅིག་ཡོད། དེ་ནི་ཚིག་འབྲུ་དབྱེ་བ་ཕྱེ་རྒྱུ་དེ་རེད། མིག་ལ་སྣང་རྒྱུར་དོན་དང་ལྡན་པ་གང་ཞིག་ལ་མིང་ཚིག་རེ་རེ་བཞིན་རང་ཚུགས་སུ་མཐོང་ཐུབ་པའི་ཆེད་དུ་མིང་ཚིག་རེ་རེའི་དབར་ལ་སྟོང་ཆ་རེ་བཞག་པ་དེས་བོད་ཡིག་ཀློག་རྒྱུའི་དཀའ་ཚེགས་དེ་མཚན་གཅིག་ལ་ལས་སླ་རུ་གཏོང་ཐུབ།
དོན་དམ་དུ་འདི་ནི་འཛམ་གླིང་ཁྱོན་ཡོངས་སུ་ཡི་གེའི་འབྲི་སྲོལ་གཞན་ཁག་ལ་མི་རྣམས་ཀྱིས་བེད་སྤྱོད་བཏང་ཡོད། གནའ་སྔ་མོའི་གྷིརིག་དང་ལེཊིན་དེ་དག་མིང་ཚིག་གི་དབར་ལ་བར་སྟོང་མེད་པར་ཡིག་འབྲུ་ཚང་མ་མུ་འཁྱུད་གཅིག་ཏུ་སྦྲེལ་ནས། ༼སྐིརིཔཊུརཱ། ཀོནཊིནུཝ།༽ ཞེས་པ་ཞིག་ནང་བྲིས་ཡོད། དུས་རབས་བར་མའི་ཡིག་འབྲིའི་ལམ་སྲོལ་ལ་དམིགས་བསལ་མཁས་པ། པཱོལ། སེནཇར། གྱིས་གསུངས་གསལ་ལ། དེ་ནི་དུས་རབས་བཅུ་བདུན་པའི་མཐའ་མ་ཁོ་ནར་ཨཱཡར་ལེཎཌིའི་གྲ་བ་དེ་ཚོས་དུས་རབས་བར་མའི་ཡིག་ཆ་ཁག་གི་ནང་དུ་མིང་ཚིག་དབར་གྱི་བར་སྟོང་དེ་དག་དར་ཁྱབ་གཏོང་རྒྱུ་འགོ་འཛུགས་བྱས་པ་དང༌། ལམ་སྲོལ་འདི་ཚད་ལྡན་དུ་དྭང་ལེན་བྱེད་རྒྱུར་བརྒྱ་ཕྲག་འགའ་ཤས་འགོར་ཡོད། ༼པཱོལ། སེནཇར་གྱིས་གསུངས་པ་གཞིར་བཟུང་བྱས་ན་དེང་སང་ང་ཚོས་ཁ་ཁུ་སིམ་པོར་ཀློག་རྒྱུའི་ལམ་སྲོལ་འདི་ཡིག་འབྲུའི་དབར་ལ་རླུང་བསྲེས་ཏེ་བཀླག་པ་དེ་ནས་དར་བ་རེད།༽ དཀར་པོའི་སྟོང་ཆ་ཡང་ཟེར་བའི་ཚིག་གི་དབར་གྱི་སྟོང་ཆ་འདི་ད་ཆ་ཡིག་འབྲིའི་ལམ་སྲོལ་དུ་མའི་ནང་མཐོང་ཆོས་སུ་ཡོད། ཐོན་མི་སམ་བྷོ་ཊས་བོད་ཀྱི་དབྱངས་གསལ་དང་ཡི་གེའི་འབྲི་སྲོལ་གསར་བཟོའི་གཞི་མ། སྔ་མོ་མུ་འཁྱུད་གཅིག་ཏུ་འབྲི་སྲོལ་ཡོད་པའི་དེབནཱགརིའམ། ཧིན་དྷི་ལའང་དེང་སང་བར་སྟོང་བཞག་ཡོད། སྔ་མོ་མུ་འཁྱུད་གཅིག་ཏུ་ཡོད་པའི་ཀོརིཡའི་ཧན་གྷུལ་ལ་ཡང་ད་ཆ་བར་སྟོང་བཅུག་ཡོད། བོད་ཡིག་གི་ཚེག་དང་འདྲ་བར་རྟགས་༼ཿ༽ འདི་བེད་སྤྱོད་བྱེད་པའི་ཨིཐོཔིཁ་ཡང་དེང་སང་ཤས་ཆེར་ཚིག་གི་དབར་ལ་བར་སྟོང་བཞག་ནས་འབྲི་གི་ཡོད།
དངོས་འབྲེལ་བྱས་ན་མིང་ཚིག་གི་དབར་ལ་བར་སྟོང་མེད་པ་དང༌། ཚིག་འབྲུ་དབྱེ་ཕྱིར་ཚེག་རྡོག་གཅིག་རང་ལྡན་པའི་ད་ལྟ་ང་ཚོས་འབྲི་རྒྱུ་དེ་བཞིན་ངག་གི་སྨྲ་བརྗོད་ཀྱི་མཚོན་རྟགས་ངོ་མ་རེད། གང་གིས་ཞེས་ན། སྨྲ་བརྗོད་ཀྱི་སྐབས་སུ་ང་ཚོས་ཚིག་གི་དབར་ལ་བར་མཚམས་མི་འཇོག་པར་བརྗོད་པ་ཞིག་གི་མཐའ་རུ་བར་མཚམས་འཇོག་གི་ཡོད། ཡིནའང་ཀློག་པ་པོ་ཞིག་ལ་མིག་སྣང་གི་བར་མཚམས་ཀྱི་ཚབ་མཚོན་པའི་བར་སྟོང་དེས་ཁྱད་པར་ཆེན་པོ་བཟོ་གི་ཡོད། དཀར་པོའི་བར་སྟོང་དེས་ཚིག་རྣམས་འབུར་དོད་དུ་མངོན་གསལ་དོད་པོ་བཟོ་བ་དང་ཚིག་དོན་རྣམས་མིག་དབང་གིས་འཛིན་བདེ་མ་ཟད་རྣ་དབང་གིས་བཟུང་སླ་བའང་ཡོང༌། རྣ་བས་ཐོས་པ་ལས་མིག་གིས་མཐོང་བ་དེ་མགྱོགས་པ་དང༌། དེར་བརྟེན་ཀློག་གི་གོ་སྟོབས་དེ་མྱུར་བ་དང་ལས་སླ་བ་ཡོད། བོད་ཡིག་ལ་ཚིག་གི་དབྱེ་མཚམས་བེད་སྤྱོད་མ་བྱས་ཙང་ཡི་གེའི་འབྲུ་དོན་རྟོགས་དཀའ་བ་དང༌། འབྲི་ཐབས་དེས་ཀློག་པོ་པོར་ཁུ་སིམ་མེར་ཀློག་རྒྱུ་ལས་སྐད་ཤུགས་ཆེན་པོར་ཀློག་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད། པཱོལ། སེནཇར་གྱིས་ ༼ཚིག་གཉིས་དབར་གྱི་བར་སྟོང་༽ ཞེས་པའི་ནང་དུ། ༼སྤྱིར་བཏང་ཚིག་མཛོད་སྙོབ་པའི་སྔ་རོལ་དུ་མཁོ་བའི་རིག་པའི་རྒྱུད་རིམ་ཉུང་དུ་གཏོང་བའམ། མེད་པར་བཟོ་བའི་རི་མོའི་ལམ་སྲོལ་གྱིས་ན་གཞོན་ཀློག་པ་པོ་ཚོར་ཁུ་སིམ་མེར་ཀློག་རྒྱུའི་གོམས་གཤིས་སྔ་ནས་འཇགས་ཐབས་བྱེད་པ་དང༌། ཡིག་སྐད་མགོ་རྙོག་ཅན་དེ་ཚོས་མིང་ཚིག་བཟོ་རྒྱུར་སྒྲ་གདངས་ཀྱི་གྲུབ་ཆར་ངག་ཐོག་ནས་བཟོ་བཅོས་བྱེད་དགོས་པ་བཟོ་གི་ཡོད།༽ ཅེས་དགོངས་ཚུལ་བཏོན་ཡོད། དེས་ན་བོད་ཡིག་དེ་སྡེ་ཚན་རྗེས་མ་དེའི་གྲས་སུ་ཡོད། ཁོང་གིས་མུ་མཐུད་དེ། ཡིག་འབྲིའི་ལམ་སྲོལ་རྗེས་མ་འདི་དག་ལ་སྒྲ་གདངས་བཏོན་ནས་ཀློག་པ་དང༌། ངག་ཐོག་ཏུ་བཟུང་བའི་ཁྱད་ཆོས་དང་བཅས་སྦྱོང་བདར་རྒྱུན་རིང་དགོས་པ་དང༌། སྐབས་རེ་ན་སོ་དར་མའི་དུས་སུའང་མུ་མཐུད་དགོས་པ་ཡོང་གི་ཡོད། ཅེས་གསུངས།
ཆེས་ཁྱད་དུ་འཕགས་པའི་བོད་ཡིག་གསར་གཏོད་པ་ཆེན་པོ་ཐོན་མི་སམ་བྷོ་ཊས་བརྒྱ་ཕྲག་བདུན་པའི་ནང་དུ་ཡིག་འབྲུའི་དབར་ལ་ཚེག་ཀྱི་དགོས་མཁོ་གསར་གཏོད་གནང་བ་དང༌། ཆབས་ཅིག་རང་ཉིད་གཅིག་པུས་བོད་ཡིག་འབྲི་སྲོལ་གསར་བཟོ་གནང་སྐབས་སུ་དགོངས་གཞི་དེ་འདྲ་ཡོད་ཀྱང་དེ་དག་དེང་སང་བདེན་པར་གནས་མེད།་ སྐབས་དེ་དུས་ཤོག་བུ་དང་ཏ་ལའི་ལོ་མ་དེ་དག་དཀོན་པོ་དང་རིན་གོང་ཆེན་པོ་རེད། དཀའ་ཚེགས་ཅན་གྱི་དཔར་སྐྲུན་དག་ཤིང་པར་ལས་བྱས་པ་དང༌། ཤོག་ཐོག་ཏུ་དོན་མང་ཤོངས་བའི་ཆེད་ཡིག་འབྲུ་རྣམས་མུ་འཁྱུད་གཅིག་ཏུ་བཅུར་ཏེ་པར་ཤིང་གི་སྟེང་དུ་ཚིག་མང་པོ་བསྐོས་པ་རེད། དེང་སང་དཔར་སྐྲུན་འཕྲུལ་རིག་ཡར་རྒྱས་ཕྱིན་པའི་བཀྲིན་ལས་དགོངས་གཞི་འདི་དག་འབྲེལ་མེད་དུ་གྱུར་ཡོད།
གནའ་སྔ་མོ་ཡིན་ན། ཡི་གེའི་རིག་པར་མཁས་པ་ཆགས་པར་ལོ་མང་གི་འབད་རྩོལ་ལ་བརྟེན་ནས་སྦྱོང་བདར་དགོས་པ་མི་དྲག་ཚོའི་ཁེ་དབང་ཞིག་ཏུ་ལྟ་བ་ལས། མང་ཚོགས་ཀྱིས་བཀོལ་སྤྱོད་དོན་དུ་མིན་པ་དེ་ང་ཚོས་བརྗེད་མི་རུང༌། གསལ་པོར་ཞུས་ན་འཛམ་གླིང་ནང་གི་ཡིག་འབྲིའི་ལམ་སྲོལ་ཕམ་མོ་ཆེ་མངའ་བདག་ཚོས་སྲིད་གཞུང་འཛིན་སྐྱོང་གི་ཆེད་དུ་ཡིན་པ་ལས། མང་ཚོགས་ཀྱིས་བཀོལ་སྤྱོད་དོན་དུ་བཟོས་མེད། དོན་དམ་དུ་མིང་ཚིག་ཡི་གེའི་གཟུགས་སུ་འབྲི་བའི་མི་ལོ་དྲུག་སྟོང་གི་ལོ་རྒྱུས་ཀྱི་ཆ་ཤས་མང་བའི་ནང་དུ་ཡིག་འབྲིའི་སྲོལ་མི་འདྲ་བའི་ཐད་ལ། ཡི་གེ་འབྲི་ཀློག་ལ་མཁས་པ་ཡོང་ཕྱིར་ལོ་མང་སྦྱོང་བདར་བྱས་པའི་ཡིག་འབྲི་བ་དག་ཚང་དགོས་པ་བྱུང་ཡོད། འདི་དང་ཕྱོགས་མཚུངས་བོད་ནང་དུ་ནང་ཆོས་དར་ཁྱབ་ཀྱིས་རྐྱེན་པས་གདན་ས་ཆེན་པོ་ཁག་གི་ལེགས་བྱང་བརྒྱུད་དེ་བོད་ཡིག་འབྲི་སྲོལ་དེ་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལག་ཆ་ལྟེ་བ་དེར་གྱུར་ཡོད། དགོན་སྡེ་ཁག་གི་སློབ་ཚན་གྱི་ནང་དུའང་ན་གཞོན་སློབ་གཉེར་བ་ཚོ་ཡེ་གེ་འབྲི་ཀློག་ལ་བྱང་ཆུབ་པའི་ཆེད་དུ་ལོ་མང་སྦྱོང་བདར་སྤྲོད་ཀྱི་ཡོད།
དེང་སང་དགོན་པའི་འགྲོ་སྟངས་དེ་ལས་ལོགས་སུ་དགར་ཏེ། སློབ་སྦྱོང་གི་བརྒྱུད་ལམ་ཤུགས་ཆེ་བ་རྒྱ་སྐད་དམ་དབྱིན་སྐད་གང་རུང་ཡིན་པའི་མང་ཚོགས་སློབ་གྲའི་ལམ་ལུགས་འདིའི་ནང་ང་ཚོར་དུས་ཡུན་རིང་པོ་སྦྱོང་བདར་ཐོག་གཏོང་རྒྱུའི་རྒྱས་སྤྲོས་བྱེད་པའི་གོ་སྐབས་མེད། དེས་ན་རྙོག་འཛིང་གང་འཚམ་ཡོད་པའི་བོད་ཡིག་འབྲི་སྲོལ་ཆད་ལྷག་བྲལ་བ་འདི་ལྟ་སྣང་ལ་མཛེས་པོ་ཡོད་ཀྱང་རང་ཉིད་ཀྱིས་རང་དབུགས་གསུབ་ཏུ་གཏོང་སྲིད། དག་ཆ་མི་འདྲ་བའི་རིགས་སྒྲ་གདངས་ཇི་བཞིན་ངག་ནས་བརྗོད་ཀྱི་མེད་པ་དང༌། མིང་ཚིག་རྣམས་བྲིས་པ་དང་མི་འདྲ་བར་ངག་ནས་བརྗོད་ཀྱི་ཡོད་པ་རེད། གལ་ཏེ་ཚིག་དབར་གྱི་བར་སྟོང་དེ་དབུགས་བསག་གི་ནད་པ་ཞིག་ལ་དབུགས་རྔུབ་ཀྱི་འཕྲུལ་ཆས་ལྟ་བུར་མ་འོངས་པའི་མི་རབས་ལ་བོད་ཀྱི་འབྲི་ཀློག་ཤེས་ཡོན་སླར་གསོ་ཐུབ་ན་དཀར་པོའི་སྟོང་ཆ་དེའི་རིན་ཐང་ག་ཙམ་ཡིན་ནམ།
དོན་དངོས་ཀྱི་སེམས་འཚབ་ཅིག་ནི་བར་སྟོང་ཅན་གྱི་ཚིག་འབྲུ་ཀློག་རྒྱུར་གོམས་པའི་འབྱུང་འགྱུར་གྱི་ཀློག་པ་པོ་ཚོས་འགྲན་ཟླ་བྲལ་བའི་བོད་ཀྱི་གཙུག་ལག་བཀའ་བསྟན་དག་ཀློག་དཀའ་བ་ཡོང་སྲིད། འོན་ཀྱང་ཆུ་ཚོད་འགའ་ཤས་ཀྱི་སྦྱོང་བདར་བྱས་པ་དེས་ཀློག་བཟང་པོ་ཡོད་པའི་མཁས་པ་རྣམས་ལ་ཡིག་ཆ་རྙིང་པ་ཀློག་རྒྱུར་དཀའ་ངལ་འཕྲད་མི་སྲིད། ཚིག་འབྲུ་དབྱེ་བ་དེས་ཡིག་ཕྲེང་རྣམ་པར་ཕྱེས་ཏེ་ཐོག་མའི་ཀློག་པ་པོ་ཚོ་ལ་གལ་གནད་ཆེ་བ་མ་ཟད། ཉམས་ཞིབ་ལ་འཇུག་པའི་མཁས་པ་ཚོ་ལའང་མཐོང་རྒྱ་བདེ་པོ་དང་ཁུ་སིམ་མེར་མགྱོགས་པོ་ཀློག་རྒྱུར་ཡང་ཕན་པའི་རོགས་སྐྱོར་ཞིག་ཡོང༌། དེས་དོན་གཉེར་གྱི་སྤྲོ་སྣང་ཞིག་དང་ལྷན་དུ་བོད་ཡིག་ཐོག་སྐད་ཕབ་སྒྱུར་དང༌། དག་ཆར་ཞུ་དག་བྱེད་པའི་མཉེན་ཆས་འཕྲུལ་འཁོར་སོགས་ཀྱི་བཟོ་སྐྲུན་ཡང་སྟབས་བདེ་རུ་གཏོང་ངེས།
བསམ་འཆར་འདིས་བོད་མི་དུ་མ་ཞིག་ལ་འཚིག་ཟ་དང་ཁོང་ཁྲོ་སློང་རྒྱུ་ཡིན་པ་ངས་ཤེས། གང་ཡིན་ཟེར་ན་ང་ཚོས་དུས་རྒྱུན་དུ་འགྱུར་བ་ལ་འགོག་རྒོལ་བྱས་ཡོད་ལ། ང་ཚོས་བརྒྱ་ཕྲག་དུ་མའི་རིང་ལ་འདི་ལྟར་བྲིས་ཏེ་བསྡད་པའང་རེད། འོན་ཀྱང་ཐུགས་དྲན་གསོ་འོས་པ་ཞིག་ལ་སྔ་མོའི་སྲོལ་རྒྱུན་དུ་དཔེ་ཆ་རྣམས་ཚིགས་བཅད་དུ་བྲིས་ཡོད་པས་བར་སྟོང་མེད་ཀྱང་ཀློག་པ་པོ་རྣམས་ཀྱིས་གང་དུ་བར་མཚམས་འཇོག་དགོས་པ་དེ་ཤེས་ཀྱི་ཡོད། དེང་སང་བོད་ཡིག་ཐོག་འབྲི་མཁན་མང་ཆེ་བས་ཚིག་ལྷུགས་ནང་བྲི་ཡི་ཡོད། ན་གཞོན་ཀློག་པ་པོ་ཚོས་ལྟ་ཙམ་བྱས་ཀྱང་ཡང་ཡང་འཁར་ནས་སྡོད་ཀྱི་ཡོད། སྐབས་རེ་ཙམ་ལ་མཁས་པ་ང་ཡིན་ཟེར་མཁན་ཚོ་ལའང་འཁར་ཐོགས་ཡོང་གི་ཡོད།
ཆོས་ཐམས་ཅད་མཉམ་པ་ཉིད་སོང་ཙང༌། ཚིག་དབར་ལ་བར་སྟོང་ཡོད་པ་དང༌། གོ་རྟོགས་སླ་བ་གང་དུ་ཡོད་ས་དེར་མི་མང་བས་དེབ་ཅིག་ལག་ཏུ་ལེན་གྱི་རེད། ངའི་གཅེན་པོ་བསྟན་རྡོར་དང་ང་གཉིས་ཀྱིས་ཚིག་གི་བར་སྟོང་གི་དགེ་མཚན་བརྟག་ཕྱིར་ནང་ཁུལ་བོད་མི་འགའ་ཤས་ལ་བརྗོད་བྱ་གཅིག་མཚུངས་ཡིན་པ་གང་ཞིག་ལ། གཅིག་མུ་འཁྱུད་དུ་བྲིས་པ་དང་གཅིག་ཤོས་ལ་བར་སྟོང་བཞག་སྟེ་བྲིས་ནས་ཀློག་ཏུ་བཅུག་པ་ཡིན། བརྗོད་མི་དགོས་པ་ཞིག་ལ་ཚོད་ལྟ་བྱས་པའི་བོད་མི་ཚང་མར་བར་སྟོང་བཞག་སྟེ་བྲིས་པའི་བོད་ཡིག་དེ་ཀློག་སླ་བ་དང་གོ་རྟོགས་སླ་བ་བྱུང་འདུག ང་ཚོས་དྲ་རྒྱ་བརྒྱུད་དེ་དཔྱད་ཞིབ་མུ་མཐུད་བྱས་ཏེ་དོན་གཉེར་ལྡན་པའི་ཆ་ཤས་ལེན་མཁན་ཚོ་ལ་གྲུབ་དོན་འབུལ་ཐུབ་པའི་རེ་བ་ཞུ་ཡི་ཡོད།
ལས་འགུལ་བ་དང་རོལ་ཆ་མཁན་ཡིན་པ་བསྟན་རྡོར་གྱིས་ལོ་གཅིག་གི་སྔོན་ནས་བོད་ཡིག་ལ་བར་སྟོང་དགོས་པའི་བསམ་ཚུལ་འགོ་འཛུགས་བྱས་ཡོད་ལ། རང་ཉིད་ཀྱི་སྐད་གཉིས་ལྡན་པའི་ཟིན་བྲིས།
བོད་གཞུང་ཤེས་རིག་ལྷན་ཁང་ངམ། ཡང་ན་དེ་མཚུངས་ཀྱི་སྒྲིག་འཛུགས་ཞིག་གིས་ཚིག་གི་བར་སྟོང་གི་དགེ་མཚན་ཡོད་མིན་གཞུང་འབྲེལ་གྱི་སྒོ་ནས་ཉམས་ཞིབ་གནང་དགོས་པ་རེད་སྙམ། དམའ་རིམ་འཛིན་གྲ་ནས་འགོ་འཛུགས་ཀྱིས་མཐོ་རིམ་བར་དུ་བོད་པའི་སློབ་གྲ་ཁག་ཏུ་རླུང་བསྲེས་ཀྱི་འབྲི་སྲོལ་དེ་གོང་རིམ་ནས་མར་ཕྱག་བསྟར་གནང་བ་དེས། ཕུགས་སུ་བོད་པའི་སྐད་ཡིག་གི་འཚོ་གནས་དང་འཕྲལ་གྱི་སླར་གསོ་ཟུང་འབྲེལ་ཡོང་ཐུབ། ད་ནས་ལོ་བཅུའི་ནང་དུ་བོད་པའི་སློབ་ཕྲུག་ཚོས་ངག་ནས་སྨྲ་བ་ནང་བཞིན་བོད་ཡིག་ལས་སླ་པོའི་ཐོག་ནས་ཀློག་ཐུབ་པ་དང༌། ཕྲུ་གུ་ཚོས་བོད་སྐད་དུ་བྲིས་པའི་རི་མོའི་སྒྲུང་དེབ་ལ་འདོད་པ་དང་དག་སྣང་ཤུགས་མ་ཐུག་གིས་སླེབས་པའི་དགོངས་པ་བཞེས་དང༌། གལ་ཏེ་ང་ཚོས་འབྲི་ཀློག་གི་ལེགས་བྱང་ལྡན་པ་གཞན་ཧ་ལམ་ཚང་མས་བརྒྱབ་ཚར་བའི་མདུན་མཆོངས་དེ་ནང་བཞིན་ད་རིང་ང་ཚོས་ཚིག་གི་བར་སྟོང་དེ་དྭང་ལེན་ཞུས་པ་ཡིན་ན་དེ་ལྟ་བུའི་མ་འོངས་པ་དེ་ངེས་པར་དུ་ཡོང་ངེས་པ་རེད།
ཅི་སྟེ་གོང་རིམ་ནས་མར་ཕྱག་བསྟར་གནང་རྒྱུ་དེ་ད་ལྟའི་ཆར་ཐལ་ཆ་ཡིན་པ་གཟིགས་ཀྱི་ཡོད་ན། བོད་མི་མང་ཚོགས་ཀྱི་ནང་དུ་ག་ལེར་དར་ཁྱབ་ཡོང་རྒྱུར་དམའ་ས་ནས་ཡར་འགྲོ་རྒྱུའི་འགན་ཁུར་གྱི་རེ་སྐུལ་ཞུ་བ་དེ་དོན་དངོས་དང་མཚུངས་ཆེ་བ་ཡོང་སྲིད། འདིའི་ཆེད་དུ་ངས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྩོམ་པ་པོ་དང༌། ཟིན་བྲིས་པ་རྣམས་ལ་ཚིག་གི་དབར་ལ་བར་སྟོང་བཞག་སྟེ་རླུང་བསྲེས་ཡི་གེའི་ཐོག་ལ་ཚོད་བལྟ་ཞིག་གནང་བའི་རེ་སྐུལ་ཞུ་ཡི་ཡོད།
བོད་ཡིག་འདི་རྩ་ཆེན་དང་ཁེ་དབང་ཅན་ཞིག་ཏུ་ལུས་སྲིད་ལ། ཡང་ན་ཚང་མས་སྙོབ་ཐུབ་པ་དང་ཡོངས་ཁྱབ་ཏུ་འགྲོ་ཡང་སྲིད། བཙན་པོ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་སྟེ་བོད་ཡིག་གིས་ཆོལ་ཁ་གསུམ་གཅིག་ཏུ་བཅིངས་ཡོད་ལ། གཞུང་འཕོ་འགྱུར་དང་རྒྱལ་ཁམས་སིལ་བུར་ཐོར་བའི་སྐབས་སུའང་བོད་ཡིག་གིས་བོད་མིའི་རང་བཞིན་གྱི་ཆིག་བསྒྲིལ་དམ་པོར་བཟུང་ཡོད། གངས་ཅན་པ་ཡོངས་ཀྱི་ཆེད་དུ་བཞག་པའི་ཐོན་མི་སམ་བྷོ་ཊའི་ཕྱག་རྗེས་བོད་ཡིག་དེས་ང་ཚོ་དུས་ནས་དུས་སུ་སྐྱབས་ཡོད། ད་ཆ་ཕྱག་རྗེས་འདི་སྐྱོབ་རྒྱུ་ང་ཚོའི་ལས་འགན་ཡིན། བོད་ཡིག་ལ་དབུགས་འབྱུང་རྔུབ་ཀྱི་གོ་སྐབས་སྤྲད་དེ་འཚོ་རུ་བཅུག་པས་མ་འོངས་པའི་མི་རབས་ཚོས་ང་ཚོར་བཀྲིན་རྗེས་དྲན་ཞུ་ཡི་རེད།།
(པདྨ་ཚེ་དབང་ཤཱསྟྲིས་ཕ་ཡུལ་དྲ་རྒྱའི་ནང་གི་དབྱིན་སྐད་མ་ཕྱི་ནས་བསྒྱུར། གལ་ཏེ་འགྱུར་གོ་མ་བདེ་བ་འདུག་ན། དབྱིན་སྐད་ལ་གཟིགས་གནང་ཞུ།)
དེ་ག་རང་ཡིན། རྒྱབ་སྐྱོར་ཡོད། བསྟན་འཛིན་བདེ་སྐྱིད་དང་བསྟན་འཛིན་ཉིན་བྱེད་གཉིས་ཀའི་ཚིག་གྲུབ་ལ་གཅོད་མཚམས་མེད་པར་རིང་སེ་ཞིག་རེད་མ་གཏོགས་དགོངས་ཚུལ་ཡག་པོ་གསུངས་འདུག
ང་ཚོའི་དཔེ་ཆ་འགའ་རེའི་ནང་ཐིག་ཕྲེང་ཁ་ཤས་ཤིག་ནང་གཅོད་མཚམས་གཅིག་མ་གཏོགས་མེད་པ་མཐོང་རྒྱུ་འདུག་ལ། ཤོག་ངོས་ཆ་ཚང་གཅིག་ནང་གཅོད་མཚམས་གཅིག་ཀྱང་མེད་པ་དེ་འདྲའང་མཐོང་མྱོང་། སྤྱིར་བཏང་དེ་རིགས་གནད་འགག་ཆེན་པོ་མ་རེད་ཀྱང་། གསར་སློབ་ལེའུ་དང་པོ་བ་ཚོར་མཚོན་ན་ཚིག་གི་གཅོད་མཚམས་ཚུན་ཆད་ལ་དོ་སྣང་བྱེད་དགོས་ངེས་སུ་མཐོང་།
རྩོམ་ཡིག་འདི་སྒྱུར་མཁན་པད་མ་ཚེ་དབང་ཟེར་བ་འདི་གསལ་བོར་མི་ཤེས་ཀྱང་། སྔོན་མ་ངེད་ཚོས་དམངས་གཙོ་ཚགས་པར་ནང་། སྡེ་ཚན་གཅིག་གི་ནང་ཚོད་ལྟའི་ཆེད་ཚིག་ལ་བར་སྟོང་བཞག་ནས་འབྲི་སྐབས་མིག་རྩ་དམར་པོ་ཆགས་མཁན་གཅིག་ཡིན་བསམས་སོང་།
ཆོས་མིང་་བསྟན་འཛིན་་འཇམ་དབྱངས་་ཅན་གྱིས་་བསྟན་འཛིན་་ཉིན་བྱེད་་ལགས་དང་། བསྟན་འཛིན་་བདེ་སྐྱིད་་ལགས་གཉིས་ཀྱིས་་བོད་ཚིག་་གཉིས་ཀྱི་་བར་ལ་་བར་སྟོང་རེ་་དགོས་འདུག་་གསུངས་པར་་ཐུགས་རྗེ་ཆེ། འོན་ཀྱང་་ངས་བྱས་ན་་ཚིག་གཉིས་བར་་ལ་་ཚེག་གཉིས་་ཡག་བགྱིད་་རེད་་ལབ་པ་ལ་་ཁྱེད་གཉིས་་གཙོས་པའི་་བོད་རིགས་་བོད་ཡིག་དང་་བོད་སྐད་ལ་་གཅེས་ཞེན་་ཡོད་པ་་ཁ་ཤས་ཀྱིས་་སྐྱོན་བརྗོད་དང་་རྒྱབ་སྐྱོར་་གཉིས་ཀ་ལ་་དགའ་བསུ་ཞུ་གྱིན་ཡོད།
བསྟན་འཛིན་བདེ་སྐྱིད་ཀྱི་བསམ་ཚུལ་བོད་ཡིག་བཅད་མཚམས་ལ་བར་སྟོང་འཇོག་རྒྱུ་དེར་མོས་མཐུན་ཡོད། རྒྱུ་མཚན་ནི་འབྲུག་པའི་ཡི་གེ་དང་འབྲས་ལྗོངས་ཀྱི་ཡི་གེ་༼བོད་ཡིག་དབུ་ཅན༽གཉིས་ཀྱི་འབྲི་སྟངས་དེ་གོང་ཞུས་དེ་ལྟར་བྱས་འདུག་ལ། སྐད་ཡིག་དེ་གཉིས་ཡིག་ངོ་ཀ་ངོ་ཅུང་ཆོད་ཚེ་བཅད་མཚམས་ལ་དཀའ་ངལ་གང་ཡང་མེད་པར་ཀློག་འགྲོ་བ་མ་ཟད་ནང་དོན་ཏག་ཏག་གོ་ཐུབ་ཀྱི་འདུག དེ་འདྲ་བྱུང་ཚེ་དགེ་མཚན་ཆེ་བར་མངོན གཞན་ཡང་ད་སྐབས་བོད་གཞུང་སློབ་གྲྭ་ཁག་ཏུ་འཛིན་གྲྭ་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་དུ་ཡིག་གཟུགས་གང་མང་ཞིག་བརྗེ་དགོས་པ་དང་། ལྷག་པར་དུ་འཛིན་གྲྭ་བཞི་པ་ནས་དབུ་མེད་དེ་དབུ་ཅན་དུ་འགྲོ་དགོས་པས་ཕྲུ་གུ་རྣམས་ལ་ཡིག་གཟུགས་གཅིག་བརྟན་པོ་མ་ངེས་གོང་གཞན་སྦྱང་རྒྱུ་དེས་དཀའ་ངལ་གཅིག་བཟོས་ཡོང་གི་འདུག ད་དུང་ཚུགས་རིང་དང་ཚུགས་ཐུང་སོགས་མི་ཚེའི་ནང་དེ་ཙམ་འབྲེལ་བ་མི་འདུག་ན་ཡང་ཨུ་ཚུགས་བྱས་ནས་འབྲི་ཀློག་བྱེད་བཅུག་པ་དེས་ཀྱང་བོད་ཡིག་དཀའ་ལས་ཁག་པོ་འདུག་ཅེས་པར་རམ་འདེགས་ལྟ་བུ་ཞིག་བྱས་ཡོང་གི་འདུག་ན་ཐུགས་ཞིབ་གནང་རོགས།
ཚིག་གཉིས་བར་ལ་ཚེག་གཉིས།
བར་སྟོང་་བཞག་ན། རེད། ཅེས་པ་དེ་་མ་རེད་ཅེས་་བཅོས་སླ་བའི་་སྐྱོན་སོགས་་ཡོད་རེད།
མི་སྨྲའི་་རྟུལ་ཞུགས་་བཟུང་མཁན་་ཚོར། ད་་ང་ལ་་མཐའ་མའི་་འདྲི་བ་་གཅིག་ཡོད་པ་་འདི་ལ་་གཞིས་བྱེས་་མཁས་པ་་སུས་་ལན་འདེབས་ཐུབ། ཚིག་གཉིས་་བར་ལ་་ཚེག་གཉིས་་མི་འདོད་ན།
ཕོ་་བྲང་ཆེན་་པོ་པོ་་ཏ་ལ། ཞེས་པའི་་སྒྲ་དེ་་བོད་གཟུགས་སུ་་ག་འདྲ་ཟེ་་བྲིས་ཐུབ་བམ།
ཕོ་བྲང་ཆེན་པོ་པོ་ཏ་ལ། ཞེས་་བྲིས་ན་་ནི་་མི་འགྲིག། །།
བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབྱིན་རྩོམ་ཨ་མ་དེ་ཕ་ཡུལ་དྲ་གནས་སྟེང་ནས་ཀློག་རྒྱུ་བྱུང་། བོད་ཡིག་གི་དར་སྤེལ་བྱ་གཞག་ཐད་ཀྱི་དགོངས་ཚུལ་གསར་པ་ཞིག་རེད། མི་རིགས་གཞན་པའི་སྐད་ཡིག་མང་པོ་ཞིག་བར་མཚམས་མེད་པ་ནས་ཡོད་པ་ཅན་དུ་གྱུར་འདུག་པས། བོད་ཡིག་སྦྱང་མཁན་ལས་དང་པོ་བའི་ཆེད་དང་ཡང་ན་བོད་ཡིག་སྤྱིའི་མ་འོངས་མདུན་ལམ་ཆེད་བོད་ཡིག་མཁན་པོ་ཚོས་འདིའི་ཐད་ཞིབ་དཔྱོད་དགོངས་བཞེས་ཤིག་གནང་རན་འདུག་བསམ།
གཅོད་མཚམས་སུ་ བར་སྟོང་བཞག་ནས་ ཀློག་ན་ མིག་ལའང་ དགའ་རབ་ཅིག་ ཕན་གི་འདུག མི་འདུག་གམ།
མི་མང་པོ་ཞིག་གིས་ ཚིག་གི་གཅོད་མཚམས་ མ་ཤེས་པར་ ཀློག་པར་བརྟེན་ དོན་གྱི་གོ་བ་ ལོན་གི་མེད་པ་ནི་ གསལ་པོ་རེད། སྔོན་མ་ཞིག་ལ་ ང་བོད་ན་ཡོད་དུས་ ངའི་ དགེ་གྲོགས་གཉིས་ཀྱིས་ ཁོང་གཉིས་ལ་ བོད་ཡིག་དཔེ་ཁྲིད་ བྱེད་རོགས་ཟེར། སྤྱིར་བཏང་ ཁོ་གཉིས་ཀྱང་ བོད་ཡིག་ ཡག་པོ་མེད་པ་ དེ་འདྲ་མ་རེད། བོད་ཡིག་གི་སྒྲུང་དཔེ་དང་ ཚགས་པར་རིགས་ ནམ་རྒྱུན་ཀློག་གི་ཡོད་པ་རེད། ཁོ་གཉིས་ཀྱིས་ དེབ་ཐེར་ དཔྱིད་ཀྱི་རྒྱལ་མོའི་ གླུ་དབྱངས་ གོ་གི་མི་འདུག་ དེ་ཁྲིད་རོགས་གནང་ ཟེར།
ངས་ ཁོ་གཉིས་ལ་ དཔེ་ཆ་དེ་ ཁྲིད་མགོ་བཙུགས་པ་ཡིན། ངས་འགྲེལ་བཤད་ རྒྱབ་གི་རྒྱབ་གི་ ཕྱིན་པ་ཡིན། ཉིན་ཞིག་ ཁོ་གཉིས་ཀྱིས་ འགྲེལ་བཤད་ མ་རྒྱབ་ན་འགྲིག་ ཁྱེད་རང་གིས་ ཀློག་ཕྱིན་ན་ གོ་གི་འདུག་ཟེར། དེ་ནས་བཟུང་ ངས་ཀློག་ཕྱིན་པ་ཡིན། མཚམས་རེར་ མངོན་བརྗོད་དང་ བརྡ་རྙིང་རེར་ཕྲད་ན་ འགྲེལ་བཤད་རྒྱག་གི་རྒྱག་གི ཕྱིན་པ་ཡིན། ཚིག་གི་ གཅོད་མཚམས་དང་ དག་པར་ཀློག་རྒྱུ་དེ་ གནད་འགག་ཆེན་པོ་ཞིག་ ཡིན་པ་འདྲ།
ང་རང་ཆུང་དུས་སུ དཔེ་ཆ་ཀློག་སྐབས་ མཚམས་རེར་ ཐེངས་གཅིག་ཀློག་ན་ དོན་དག་ལ་ གོ་བ་ཡག་པོ་ ལོན་གྱི་མི་འདུག ཐེངས་གཉིས་ གསུམ་ ཀློག་པ་ཡིན་ན་ གོ་བ་གསལ་དུ་ འགྲོ་གི་འདུག ད་ལྟ་བསམ་བློ་བཏང་ན་ ཚིག་གྲུབ་རིང་དྲགས་པ་དང་ ཚིག་གི་ གཅོད་མཚམས་ཉེས་པ་ལ་ བརྟེན་ནས་ ཡིན་པ་འདྲ་བསམས།
གོང་གི་འདི་ལྟར་ བྲིས་ན་ ག་འདྲ་འདུག རྣམ་པ་ཚོས་ གཅིག་ ལྟོས་དང་།
བསྟན་འཛིན་བདེ་སྐྱིད་ ཀྱི་ རྩོམ་ཡིག་ འདི་ དང་ཐོག ངོ་དེབ་ སྒང་ནས་ བྐླགས་པ་ ཡིན། དེའི་རྗེས་སུ་ ཕ་ཡུལ་ དྲ་རྒྱའི་ སྒང་ནས་ བྐླགས་པ་ ཡིན། མདང་དགོང་ ཁ་བརྡའི་ སྒང་ལ་ སླེབས་འདུག ཚིག་ལ་ བར་སྟོང་ འཇོག་དགོས་ ཟེར་བའི་ གསར་བརྗེའི་ བསམ་བློ་ འདི་ དཀའ་ངལ་ ཞིག་ལ་ བརྟེན་ནས་ བྱུང་བ་ རེད། དཀའ་ངལ་ དེ་ ཚིག་གི་ གཅོད་མཚམས་ ཀྱི་ དཀའ་ངལ་རེད། བོད་ཡིག ཐོག་མར་ སྦྱོང་མཁན་ ཚོར་ ཐབས་ལམ་ འདིས་ ཕན་ཐོགས་ ཡོང་སྲིད། རྗེས་སུ་ དཀའ་ངལ་ འདི་ལས་ གྲོལ་བ་ ཡིན་ན། མུ་མཐུད་དུ་ འདི་ལྟར་ བར་སྟོང་ འཇོག་དགོས་ ཀྱི་ མ་རེད་དྲན། གང་ལྟར། ནུབ་ཕྱོགས་ སུ་ བོད་ཀྱི་ སྐད་ཡིག ལ་ དོ་སྣང་ བྱེད་མཁན་ གྱི་ བོད་རིགས་ གཞོན་སྐྱེས་ མང་དུ་ འགྲོ་བཞིན་པ་ འདི་ དགའ་འོས་བ་ ཞིག་རེད། གཞན། བསམ་ཚུལ་ འདི་ལ་ དགེ་སྐྱོན་ གཉིས་ཀ་འདུག དགེ་སྐྱོན་ ལ་ མ་བལྟོསབར། བསམ་ཚུལ་འདིའི་ རིགས་ལ་ བརྩི་བཀུར་ ཡོད། དེ་ཙམ་ཡིན། རྗེས་སུ་ ཁོམ་པ་ ཡོད་དུས། བསམ་ཚུལ་ མང་ཙམ་ འབྲི་གི་ ཡིན།
སློབ་སྦྱོང་ གང་ཞིག་ བྱེད་ནའང་། དང་པོར་ དགའ་སྣང་ཞིག་ རྒྱུད་ལ་གསོ་སྐྱོང་ བྱེད་རྒྱུ་དེ་ ཨང་དང་པོའི་ནང་གི་ དང་པོ་རེད། དང་པོ་ནས་ དགའ་སྣང་ གཅིག་ བརླག་ཚར་དུས་ན་ ད་རྗེས་མ་ནས་ ཐབས་ཤེས་ ག་ཚོད་འཐེན་ནའང་ ཕལ་ཆེར་ཁག་པོ་རེད་ ཅེས་བརྗོད་ཆོག་པ་རེད། དེ་ནི་ སེམས་ཁམས་ལ་ གྲུབ་པའི་ གནད་དོན་ ཞིག་རེད།
བོད་ཡིག་འབྲི་སྟངས་ལ་ བསྒྱུར་བཅོས་ཤིག་ བྱེད་དགོས་ཀྱི་འདུག་ ཅེས་ སྔོན་མ་ཞིག་ནས་ བཤད་བསྡད་ཀྱི་ཡོད། དེ་ནི་ ང་བཅོས་སྒྱུར་ལ་ དགའ་དྲགས་པ་དང་། སྲོལ་རྒྱུན་ལ་ སྡང་དྲགས་ནས་ མིན་པར། ལག་ལེན་ཁྲོད་ དཀའ་ངལ་ མང་པོ་ཞིག་ མཐོང་གི་ཡོད་པ་དང་། དཀའ་ངལ་དེ་ སེལ་བ་ལ་ བསམ་བློ་མང་པོ་ཞིག་ གཏོང་ཁུལ་བྱས་ནས་ བཤད་གི་ཡོད་མ་གཏོགས་ བསམ་བཏང་དྲན་སྐྱེན་དང་ མ་བརྟག་གཡམ་རྒྱུགས་ བྱས་ནས་བཤད་གི་ཡོད་པ་མ་རེད། གསར་ཞེན་ཆེ་མདོག་གིས་ བཤད་གི་ཡོད་པའང་མ་རེད།
མང་པོ་ཞིག་ལ་ བོད་ཡིག་ཀློག་པའི་ དགའ་སྣང་བརླག་གི་ ཡོད་པ་ དངོས་སུ་མཐོང་ན་ དེ་ལ་ཐབས་ཤེས་ཤིག་ བྱེད་དགོས་པ་རེད་མ་གཏོགས་ བོད་ཀྱི་བུ་གུའི་ སློབ་སྦྱོང་ རྐུབ་ན་ཡོད་ ཟེར་ནས་ རྒྱུག་རྡུང་བཏང་ནས་ ཡོང་ཐུབ་ཐབས་ ཁོ་རང་ ཡོད་པ་མ་རེད།
འོག་གི་ འདི་ལྟར་ བྲིས་ན། ག་འདྲ་ འདུག རྒན་པ་ཚོས་ ཅིག གསུངས་དང་།
སྔོན་མ་ ཨ་མྱེས་རྨ་ཆེན་གྱིས་དམངས་གཙོའི་ཚགས་པར་ཐོག་འདིའི་ཐད་བསམ་ཚུལ་དང་ཚོད་ལྟ་བྱས་ཡོད་པ་རེད། དེ་ན་ག་རེ་བྲིས་ཡོད་པ་དྲན་ནམ།
གཉིས་པ་དེ། ད་ལྟ་འདི་ན་གླེང་བཞིན་པ་དེ། བོད་ཡིག་འབྲི་ཕྱོགས་ཐད་ཀྱི་བསམ་ཚུལ་རེད། བོད་སྐད་དང་བོད་ཡིག་དཀའ་ངལ་ནི་དཀའ་ངལ་གཞན་ཞིག་རེད།
བོད་རིགས་ བྱིས་བ་ཚོ་ བོད་ཀྱི་སྐད་ཡིག ལ་ སྤྲོ་སྣང་ ཡོང་ཐབས་ཀྱི་ ལམ་ཁ་ གཅིག འདི་འདྲ་ རེད་དྲན།
གཞན། བརྙན་པར་ ཡོད་པའི་ སྒྲུང་ཐུང་ དང་ རི་མོའི་རིགས་ རེད་འདོད། དེས་ན། བོད་རིགས་ རྩོམ་པ་པོ་ རྣམས་ཀྱིས་ བྱིས་སྒྲུང་ མང་ཙམ་ འབྲི་ཐུབ་ན་།
མི་རབས་ རྗེས་མ་ཚོར་ ཕན་ཐོགས་ ཡོང་གི་ རེད་དྲན། ཨ་རིར་ རང་གི་ བུ་མོའི་ བོད་ཡིག་གི་ ཆེད་དུ། བྱིས་སྒྲུང་ བསྒྱུར་མཁན་གྱི་ ཕ་མ་ ཡང་ ཡོད་པ་རེད་། ཕ་མ་དེ་ཚོ་ རླབས་ཆེན་ རེད་དྲན། ད་མཚམས་ འཇོག་གི་ཡིན་། ངའི་ནང་ལས། ངའི་ལས་བྱ། ངའི་སང་ཉིན་། ད་། འགྲོ་གི་ཡིན།
དམངས་གཙོའི་ནང་ ཚེག་ཁྱིམ་གཉིས་དང་ གསུམ་གྱི་བར་ སྟོང་པ་བཞག་ནས་ བྲིས་ཡོད་བསམས།
རེད། འདི་ནི་འབྲི་སྟངས་ཀྱི་ ཐོག་ནས་ གོ་བདེ་ ཡོང་ཐབས་ཤིག་རེད། གཞན་དང་ གཞན་པའི་ཐོག་ནས་ གོ་བདེ་ གཏོང་ཐབས་ཀྱང་ ཡོད་པ་རེད།
སྐུ་ངལ་ལ་མ་བལྟས་པར་བསམ་ཚུལ་གླེང་བ་ཐུགས་རྗེ་ཆེ།
འདི་ལྟར་བྲིས་ན་ཡིག་ཀློག་ཡག་པོ་མེད་མཁན་དག་ལ་ཕན་སྲིད་ཀྱང་། མིག་ནང་ལ་མཛེས་པོ་རང་མི་འདུག
བྱུང་ན་བྱེས་པ་ཚོ་དགའ་སའི་སྒྲུང་དེབ་ཆུང་ཆུང་དེ་འདྲ་ཁ་ཤས་བྲིས་ནས་ཕན་མིན་ལྟོས་ན་ཡག་ནི་རེད། དེ་མིན་རང་སོར་བཞག་དགོས་པ་ལས་གང་བྱུང་བྱས་ན་འགྲིག་གིན་ཡོད་མེད་མི་ཤེས་ལགས།
འདི་ངའི་བསམ་ཚུལ་ཙམ་ཡིན།
བསམ་བློ་ཞིབ་ཙམ་བཏང་རྗེས་ངེད་ཀྱི་གཉིད་སངས་ཏེ། ཚིག་འདི་དག་ཕྱིར་འདོན་དགོས་པར་གྱུར། ཚིག་གཅིག་ནི་ལོ་རྒྱུས་ཤིག་ཡིན། སྔོན་མ་ང་དྷ་སར་སྡོད་སྐབས་མཁས་དབང་ཟླ་བ་ནོར་བུ་ཡང་དབྱར་ཁའི་གུང་གསེང་བསྟུན་དཔེ་མཛོད་ཁང་དུ་ཡོང་གི་ཡོད། ང་ཚོས་སྐད་ཡིག་གི་སྐོར་ལ་སྐད་ཆ་བཤད་ཡོད། འོན་ཀྱང་ངས་ཅི་ཞིག་བཤད་པ་དེ་ད་ལྟ་མི་དྲན། ཕྱིས་ཁོང་གི་དེབ་ཅིག་ཐོན་པའི་ནང་། ང་ནི་སྐད་ཡིག་གི་ཐད་སྲོལ་རྒྱུན་འཛིན་མཁན་གྱི་གྲས་རེད་ཅེས་བྲིས་འདུག་དྲན། སྐད་ཡིག་གི་ཐད་ནས་བོད་མིའི་བརྒྱ་ཆ་འབོར་ཆེན་ཞིག་ཀླད་པ་ལྗང་ཁུ་རེད། བོད་པའི་ཀླད་པ་ལྗང་ཁུ་ཚོ་ཨུ་ཚུགས་ཅན་ཤ་སྟག་ཀྱང་མ་རེད། བདེ་སྐྱིད་ལགས་ཀྱིས་བཤད་པའི་སྐད་ཆ་འདི་དག་གི་ནང་དོན་ཟབ་མོ་མང་པོ་འདུག བོད་མི་ཚོས་ཤེས་རིག་གི་ལས་ཀ་ཞིག་བྱེད་ན་འཚོ་རྟེན་གྱི་སྐད་ཡིག་དེ་རྒྱ་ཡིག་གམ་ཡང་ན་དབྱིན་ཡིག་ལ་བརྟེན་དགོས་ཡོད་ཅེས་པ་སོགས་རེད། འོན་ཀྱང་། ང་ཚོས་སྐད་ཡིག་གི་སྐོར་ལ་ཚན་རིག་དང་མཐུན་པའི་སློབ་སྦྱོང་དང་ཞིབ་འཇུག་ཅིག་གནང་མེད། ཧ་ལམ་བསམ་ཚུལ་གྱི་སྐད་ཆ་བཤད་གིན་ཡོད། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་དེའི་གྲུབ་འབྲས་འཁྱེར་ཡོང་ན། ཀླད་པ་ལྗང་ཁུ་ཚོས་ཁས་ལེན་སྲིད། མིག་མཐོང་གི་གནད་དོན་ཅིག་ནི། དེང་སང་བོད་ནང་གི་ཚགས་པར་དང་དེབ་དེ་ཚོ་ལ་རྩོམ་འབྲི་མཁན་དང་ཀློག་མཁན་ཕལ་མོ་ཆེ་ ༡༩༥༩ ལོའི་རྗེས་ལ་སྐྱེས་པའི་མི་རབས་རེད། ཁོང་ཚོ་ལ་ད་ལྟའི་བོད་ཡིག་འདི་འབྱོར་ཡོད་པ་རེད། རྒྱའི་སྲིད་བྱུས་འདིས་བོད་ཀྱི་སྐད་ཡིག་ལ་དོ་ཕོག་འགྲོ་གི་ཡོད་མེད་ཐད་ནས་ཧ་ལམ་དྲི་བ་ཡོད་མ་རེད། འོན་ཀྱང་། ཁོར་ཡུག་ཅིག་སྟེ། བོད་སྐད་འདི་ད་དུང་གསོན་པོར་འདུག་ཐུབ་པའི་ཁོར་ཡུག་ཅིག་ཡོད་པ་རེད། བོད་ནང་ལ་ཡོད་པ་རེད། དེ་མིག་མཐོང་ལག་ཟིན་རེད། ད་དེའི་རྒྱུ་མཚན་གང་རེད། གནས་སྟངས་གང་རེད་ཅེས་ཞིབ་འཇུག་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། དེ་ནས་བཙན་བྱོལ་དང་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་འདི་གནས་ཐུབ་མིན་ནི་དྲི་བ་གཞན་ཞིག་རེད། ཧ་ལམ་དཀོན་པོ་རེད། བོད་སྐད་ཀྱང་གནས་ཐུབ་མིན་དཀོན་པོ་རེད། ལུག་གི་སྤུ། གཡག་གི་སྤུ། ལུག་གི་རྐང་པ། གཡག་གི་རྐང་པ་སོགས་ཀྱི་ཐ་སྙད་འདི་འདྲ་བྱིས་པའི་བརྙན་དེབ་བོད་ཡིག་མ་དག་ན་མཐོང་རྒྱུ་འདུག སྔོན་མ་ང་ལ་ཡང་བློ་ཕམ་ཡོད། ད་ནི་ཧ་ལམ་བློ་ཕམ་ཡང་ཡོང་གི་མི་འདུག དེ་ནི། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པ་ལས་མ་འདས། ད་དུང་ཡང་དོན་འགའ་ཞིག་ཡོད་བསམས་ཀྱང་ད་དྲན་གི་མི་འདུག
བདེ་སྐྱིད་མིང་ཅན་ནས་དཀའ་ངལ་དུ་མའི་ཉམས་མྱོང་དང་འབྲེལ་ནས་རྩོམ་ཡིག་སྤེལ་བར་དགའ་བསུ་ཡོད། ད་ཆ་བོད་ཕྱི་ནང་གཉིས་ཀར་འཚར་ལོང་བྱེད་བཞིན་པའི་རང་རིགས་ལོ་ཆུང་བྱིས་པ་དག་ནི་ཡུལ་དུས་ཁོར་ཡུག་སོགས་ཀྱི་དབང་གིས་བོད་ཡིག་འདི་ཉིད་སྐད་ཡིག་གཉིས་པའི་ཚུལ་དུའང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་མེད་ཅི་རིགས་མཆིས། བོད་ཡིག་འབྲི་སྲོལ་བྱུང་མི་ལོ་ཆིག་སྟོང་སུམ་བརྒྱའི་རིང་ལ་བོད་མི་ཚོར་དཀའ་ངལ་འདི་ལྟར་ཕལ་ཆེར་འཕྲད་མེད་སྙམ། རང་རེའི་ཡི་གེའི་བྱེད་པོ་གིས་ཀྱང་དཀའ་ངལ་དེ་འདྲ་འབྱུང་རིགས་པར་དགོངས་ནས་རྒྱ་རིམ་པ་བདུན་གྱི་རྣམ་བཞག་གཏན་ལ་ཕབ་ཡོད། བོད་ཡིག་ལ་ཚེག་འབྲི་སྲོལ་ཡོད་པ་འདི་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། སྤྱིར་བཏང་ང་ཚོའི་སྐད་ཡིག་ལ་གསར་བརྗེའམ་སྐད་གསར་བཅད་དགོས་པ་དུས་ཀྱི་དགོས་མཁོ་ཡིན་ཡང༌། གསར་བརྗེ་བྱེད་སྟངས། དཔེར་ན། བོད་ མི་ ཚོ་ ཡར་ ལ་ ལོངས་ ཤོག་ལྟ་བུར་བྲིས་ན་མིག་ལ་མི་མཛེས་པ་དང༌། ཚེག་ལ་དགོས་པ་མེད་པ་དང༌། ལས་དང་པོ་བར་ཀློག་བདེ་བ་ལྟར་མངོན་ཡང་དོན་དུ་ཀློག་ཁག་ཏུ་སོང་བ་བཅས་ཀྱི་གནད་དོན་མཆིས་པས་ཚང་མས་ཞིབ་དཔྱད་ཡོང་བ་ཞུ།
ད་བྱས་ན་ནུབ་ཕྱོགས་ན་ཡོད་མཁན་ཚོས་ཁ་ཕྱིར་འཁོར་ནས་བོད་ནང་དང་བཙན་བྱོལ་ནང་གི་བོད་སྐད་ཡིག་འབྲི་སྟངས་ལ་གསར་བརྗེ་བྱེད་འདོད་ཡོད་པ་འདྲ། འགྲིག་གཱ
གསར་བརྗེ་འདོད་མཁན་ཚོས་འོག་གི་དྲི་བ་ཆུང་ཚགས་འདི་རིགས་ལ་ལན་ཐུང་རེ་འཇོག་རོགས་གནང་ཞུ།
གཅིག བཙན་བྱོལ་དུ་བོད་པའི་བུ་ཕྲུག་ག་ཚོད་ཡོད་པ་དང་དེ་དག་ལས་གྲངས་ག་ཚོད་ཀྱིས་རྣམ་པ་ཚོ་བཞིན་བོད་ཡིག་ཀློག་ཁག་པོ་རེད། ཡི་གེ་གཉིས་གསུམ་གྱི་མཚམས་ནས་བར་སྟོང་བཞག་ན་ང་ལ་བོད་ཡིག་སློབ་སྦྱོང་བྱེད་པར་དབྱངས་འཕར་གི་འདུག་ཟེར། འདི་ལ་བརྟག་དཔྱད་ཞིབ་འཇུག་གནང་མཁན་རྣམ་པ་ཚོའི་ནང་ནས་སུ་ཞིག་ཡིན་ནམ།
གཉིས། གལ་སྲིད་རྣམ་པ་ཚོས་རང་རང་གི་བསམ་ཚུལ་ཙམ་བཤད་ཀི་ཡོད་ན་ནི་ཅང་བཤད་རྒྱུ་མེད། རང་གིས་ཡག་པོ་ཞིག་དང་དོན་དག་ཆེན་པོ་ཆེན་པོ་ཞིག་བཤད་ཀི་ཡོད་བསམ་ན་སྐད་རྒྱག་གི་ཡོད་ན་ནོར་འདུག་ཞུ་འདོད་བྱུང༌། ནོར་མེད་བསམ་མཁན་ཡོད་ཚེ། ལམ་ཁ་འདི་འདྲ་ཞིག་ལ་ཞུགས་སོང་ན་གནའ་ནས་ད་ལ་ཐུག་གི་བར་གྱི་བོད་སྐད་ཡིག་གི་སྒྲོམ་གཞི་ལ་འགྱུར་བ་བཏང་དང་མ་བཏང་ལ་ལན་ཐོབས།
གཞན། གོང་གི་གྲོགས་པོ་འགའ་ཞིག་གི་མཆན་བུར་བརྟགས་ན་ཕལ་ཆེར་གསར་བརྗེ་རང་བཞིན་གྱི་ཚོར་ཤུགས་ཤུགས་ཆེ་བ་ལས། ཕན་ཆེ་བ་དང་གོ་བདེ་བ། ཚོར་སླ་བ་ཅང་མཐོང་མ་སོང་ཞུ་འདོད་བྱུང༌།
རྩོམ་པ་མོ་བསྟན་འཛིན་བདེ་སྐྱིད་ཀྱི་བསམ་བློའི་ངར་ཤུགས་ལ་སེམས་ནས་བསྟོད་དོ།།
ལུག་གི་་སྤུ་ལ་་བལ། གཡག་གི་་སྤུ་ལ་་རྩིད་པ། ལུག་གི་་རྐང་པ་ལ་་སུག་ཏི། གཡག་གི་་རྐང་པ་ལ་་སུག་ཏི་་ལས་་གཞན་་ཤོད་སྲོལ་་ཡོད་དམ་་ང་རང་་འབྲོག་ཕྲུག་་ཡིན་ཀྱང་་ཕ་མས་་བསླབས་པའི་་སྐད་ལུགས་་རྗེད་འགྲོ་བཞིན་་་འདུག
ཀརྨ་རྡོ་རྗེ་ལགས།
ད་དུང་བཙན་བྱོལ་ན་བོད་སྐད་འདི་འདྲ་ཡང་ཡོད་པ་རེད། མི་གྲབ་གྲབ། མི་སྐམ་པོ་ཟེར་བའི་དོན་རེད། དེབ་རྒྱབ་པ། དེབ་མཐུག་པོ་ཟེར་བའི་དོན་རེད། ཤེལ་རལ་སོང༌། ཤེལ་ཆགས་སོང་ཟེར་བའི་དོན་རེད། འགྲོ་སོང་མི། མི་འགྲོ་སོང་ཟེར་བའི་དོན་རེད། ཟེར་བ་སོགས་མང་པོ་ཡོད་ནི་རེད།
སྐད་འདི་ལྟར་བཤད་མཁན་ལ་ཡི་གེའི་བར་སྟོང་བཞག་མ་བཞག་འབྲེལ་བ་འདྲ་ཨེ་ཡོད་ན།
གོང་གསལ་་དགོངས་འཆར་་བཟང་བོ་་མང་པོ་་བཀླགས་ནས་་རྨོངས་འཆར་ཅིག་་བློ་ལ་་ཤར་བ་ཞིག་་ཁ་ཐུག་ལ་་ཞུས་ན་་བསམས་བྱུང་། ང་ཚོས་་གཏོང་ཡིག་དང་སྙན་ཞུ། ཟིན་བྲིས་སོགས་་དབུ་མེད་་རྐྱང་རྐྱང་ལ་་འབྲི་་་མི་དགོས་པས། ང་ཚོའི་་སྲོལ་རྙིང་་ནང་ལ་་དབུ་མེད་་ཡིག་གཟུགས་ལ་་གཟབ་ནན་་ཆེ་དྲག་པ་་དེ། ནུས་ཤུགས་་དུས་ཚོད་་ཕྱེད་ཀ དབུ་ཅན་་ཡིག་གཟུགས་་འབྲི་སྟངས་ལ་་བཏང་ནས། འཛིན་གྲྭ་་དང་པོ་ནས་་དབུ་མེད་དང་་དབུ་ཅན་་འབྲི་ཀློག་་ཆ་མཉམ་དུ་་མ་བྱས་ན། ད་ལྟའི་་སློབ་སྟངས་་རང་ལ་་བཞག་ན། ད་ལྟའི་་འཛིན་གྲྭ་་བཞི་པར་་བཞག་ནས་་འགྲོ་མཁན་་དེ་ཚོ་་མ་འོངས་པར་་རྤོ་ལགས་་རྨོ་ལགས་་ཆགས་དུས་་དབུ་ཅན་ལ་་བྲིས་པའི་་ཁ་ཏོན་་དཔེ་ཆ་་ཀློག་་མི་ཤེས་པ་་ཆགས་སྲིད་པ་་དང་། འཛིན་གྲྭ་་བཅུ་བ་་ཐོན་ནས་ཀྱང་་སྙན་ཞུ་་མ་དཔེ་ལ་་བལྟས་ནས་་བཤུ་དགོས་ཡ་་དཀའ་ངལ་རྣམས་་སེལ་ཐུབ་་སྙམ།
བོད་ཡིག་བྱུང་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་རིང་དཀའ་ངལ་འདི་འདྲ་གླེང་མཁན་ཕལ་ཆེར་བྱུང་མེད་པ་འདྲ། སྐད་གསར་བཅད་ཐེངས་གསུམ་བྱས་པའི་སྐབས་ལའང་མཁས་དབང་རྣམ་པས་བར་སྟོང་འཇོག་དགོས་པའི་དཀའ་ངལ་ཞིག་མཐོང་མེད་པ་འདྲ།
བོད་རྒྱ་ནག་གི་འོག་ལ་ཤོར། བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར། དེ་ནས་ཁ་འཐོར་དུ་ཕྱིན། ནུབ་ཕྱོགས་སུའང་མི་ཚང་ཁྲི་ཕྲག་རེའི་བར་ན་བོད་པའི་ཁྱིམ་ཚང་གཅིག་རེ་བྱས་ནས་བསྡད་ཡོད། དེའི་རྐྱེན་གྱིས་བོད་སྐད་དང་བོད་ཡིག་ནི་བུ་ཕྲུག་ཚོར་ཁ་ཐག་ཇེ་རིང་དུ་གྱུར། ཐག་རིང་དུ་གྱུར་བ་དང་མཉམ་དུ་ཁ་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་སྐབས། ཁ་ཐག་ཇེ་ཉེར་གཏོང་ལ་བ་དཀའ་ངལ་ཇེ་ཆེར་གྱུར། བོད་ཡིག་ཇེ་ཁག་ལ་གྱུར། ཐབས་ཟད་པའི་མཐའ་མ་དེར་མིང་དང་ཕྲད་རྣམ་དབྱེ་རེ་རེའི་བར་དུ་བར་སྟོང་འཇོག་པའམ། ཡང་ན། མིང་ཚིག་གི་གཅོད་མཚམས་བར་དུ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་ཞིག་བསླེབས་འདུག
སྤྱིར་བཏང་དཀའ་ངལ་འཕྲད་ས་ངོ་མ་དེ་འདི་ཡིན་ན་ནི་དཀའ་ངལ་སེལ་ཐབས་བྱ་ལོས་དགོས་ཀྱང་། དེ་མིན་ཚེ་དོན་མེད་ཀྱི་འགྱུར་བ་ཞིག་གཏོང་དགོས་དོན་ཨེ་ཡོད་འདོད།
ངས་བལྟས་ན། ཚིག་གི་བརྗོད་པ་ sentence ཇེ་ཐུང་ལ་བཏང་ན་འགྲིག་གི་འདུག་བསམ། ང་ཚོར་འདིའི་དཀའ་ངལ་སེལ་སྤྱད་ལ་ཤད་ཅེས་པ་ཞིག་ཡོད། ཤད་ལའང་ཆིག་ཤད་དང་ཉིས་ཤད་སོགས་ཡོད་པ་རེད། འདི་དག་བེད་སྤྱོད་གཏོང་ཕྱོགས་འདི་ཡིན་ངོ་མ་ནི་དཀའ་ངལ་འདི་དག་སེལ་སྤྱད་དུ་བཟོས་པ་རེད་འདོད། ད་ནི་བསམ་ཚུལ་ཡོད་ན་ཚང་མས་གླེང་རོགས།
ལུང་རིགས་་རྒྱལ་་ལགས་སོགས་་བདེན་ཡང་།
ངས་་ལོ་ཉེར་གཅིག་་རིང་ལ་་ཕྱི་རྒྱལ་་སློབ་ཕྲུག་་དེ་ཚོ་ལ་་བོད་སྐད་དང་་བོད་ཡིག་་སློབ་ཁུལ་་འབད་བརྩོན་་བྱེད་དུས། ཤེས་ལ་་མ་ཤེས་སྐབས་ལ་་ཁོ་ཚོས་་རང་སྐད་དུ་་སྒྱུར་དུས། དང་པོ་་མིང་རྐྱང་་ཚང་མ་་ཟུར་སྟོན་་བྱེད་བགྱིད་་རེད། དེ་ཚོ་་ཁ་ཤས་་ཚིག་མཛོད་་ནང་ལ་་མི་རྙེད་ཙང་་རེད། གཞན་་ལྷག་མ་རྣམས་་ཚིག་མཛོད་ལ་་ལྟ་བ་་ལ་ཡང་་ཚིག་་གཅོད་འཚམས་་མ་ཤེས་ནས་་ཚིག་འགོ་་ཡར་བཞག་་མར་བཞག་་བྱས་ནས་་འཚོལ་དགོས་པའི་་དཀའ་ངལ་་ཡོད་པ་ནི། བོད་ཡིག་་ཆུ་ཚད་་དམའ་བས་་ཡིན་པ་་བཤད་་མི་དགོས་ཀྱང་། བོད་ཡིག་་ཡིག་གཟུགས་་རང་གི་་ངོས་ནས་་ཨིན་ཇི་དང་་ཧིན་རྡི་་ནང་བཞིན་་བར་སྟོང་་མེད་སྐྱེན་་གྱིས་་རེད་འདུག རྒྱུ་མཚན་་འདི་ལ་་བརྟེན་ནས། ཚིག་གཉིས་་བར་ལ་་ཚེག་གཉིས་་དགོས་འདུག་ཅེས་་རྨོངས་འཆར་་བཤད་ཀྱང་་ལག་ལེན་་སོ་སོའི་་རང་དབང་་རེད།
དཔེར་ན་ཁྱེད་རང་གི་སྨྱུག་མིང་དེ། ལུང་རིགས་་རྒྱལ་ཡིན་ནམ། ལུང་་རི་རྒྱལ་རེད།
ལུང་རིགས་་རྒྱལ་ཙམ་ཡིན་ན། ལུང་་རི་རྒྱལ་ག་འདྲ་ཟེ་འབྲི་ཐུབ་བམ། སོམས་ཤིག
ཀརྨ་རྡོ་རྗེ་ལགས་ཀྱིས་ མི་ལོ་ཉེར་གཅིག་རིང་ཕྱི་རྒྱལ་ལ་བོད་སྐད་སློབ་པའི་ཉམས་མྱོང་ཐད་ནས་ཞེས་གསུངས་འདུག ཐུགས་རྗེ་ཆེ། ང་ཚོ་འདིར་འཛོམས་མཁན་ཚོས་ དེ་ལྟར་བཀའ་མོལ་གནང་ན་ དངོས་ནས་སེམས་ལ་འབབ་པ་ཞིག་འདུག བསམ་ཚུལ་དུམ་བུ་དེ་ཚོ་ཡང་རྩ་ཆེན་པོ་ཆགས་འགྲོ་གི་འདུག ཁ་སང་ངས་རོབ་ཙམ་ཞུས་པ་ཡིན། ང་ཚོས་བོད་ཡིག་འབྲི་ཕྱོགས་ཐད་ཀྱི་དཀའ་ངལ་ད་ལྟ་གླེང་བཞིན་པ་འདི་ བོད་ནང་ན་ཡོད་མེད་མ་གོ གལ་སྲིད་བོད་ནང་ན་ཡང་དཀའ་ངལ་འདི་གླེང་གི་ཡོད་ན། དེའི་ཡིག་ཆ་སོགས་མཁོ་སྤྲོད་གནང་རོགས། བོད་ནང་ན་སྐད་ཡིག་གཅིག་གྱུར་དང་ཐ་སྙད་འཚོལ་བསྡུའི་ཐད་ཀྱི་དཀའ་ངལ་ ཡིག་སྒྱུར་གྱི་དཀའ་ངལ་སོགས་ལ་རྩོམ་ཡིག་མང་པོ་མཐོང་བྱུང་། དེ་མིན་ཡི་གེ་འབྲི་ཕྱོགས་ཐད་འདི་འདྲའི་གླེང་སློང་མཐོང་མ་བྱུང་། གལ་སྲིད་ངེད་ཀྱི་མཐོང་ཚུལ་འདི་བདེན་པ་ཡིན་ན། ང་ཚོས་གླེང་བཞིན་པའི་དཀའ་ངལ་འདི་འཕྲད་མཁན་དག་ནི་ བཙན་བྱོལ་བོད་རེད་མ་གཏོགས་བོད་མ་རེད། བྱས་ཙང་། བཙན་བྱོལ་བོད་ཀྱི་ཆེད་དུ་ འདི་འདྲའི་འགྱུར་བ་ཞིག་དགོས་མིན་མ་ཤེས།
ད་གོ་དཀའ་བ་དང་གོ་སླ་བའི་གནད་དོན་དེ་རེད། འདི་ཡིག་གཟུགས་འབྲི་ཕྱོགས་གཅིག་པུའི་དཀའ་ངལ་མ་རེད། འདི་སྐད་ཡིག་སློབ་ཕྱོགས་ཀྱི་དཀའ་ངལ་ཞིག་རེད། ཡིན་སྟབས། ང་ཚོའི་བརྡ་སྤྲོད་རིག་པ་ལ་འགྱུར་བ་དང་སྣོན་པ་བྱེད་དགོས་པ་རེད་དྲན། ངས་དཔེ་མཚོན་གྱི་ཚིག་གྲུབ་འགའ་འབྲི
“རྗེ་རིན་པོ་ཆེ་མ་འཁྲུངས་གོང་དུ་བོད་ལ་དགེ་ལུགས་པའི་བསྟན་པ་ཟེར་བ་མེད།”
“རྗེ་རིན་པོ་ཆེ་དབུས་སུ་མ་ཕེབས་པར་མདོ་སྨད་དུ་བཞུགས་ཡོད་ན་ དགེ་ལུགས་པའི་བསྟན་པ་འདི་དར་ཡོད་མེད་མི་ཤེས།”
གོང་གི་ཚིག་གྲུབ་འདི་གཉིས་ལ་ད་ཡོད་སུམ་རྟགས་ཀྱི་གཞུང་ན་འགྲེལ་བཤད་ལེགས་པོ་ཞིག་མེད། དེ་བས། ཕྱི་རྒྱལ་གྱི་སློབ་མ་དང་། ཡང་ན་བཙན་བྱོལ་བོད་ཕྲུག་ལ་བོད་སྐད་དང་བོད་ཡིག་སློབ་སྐབས་དཀའ་ངལ་ཞིག་ཡོང་གི་ཡོད་པ་རེད།
ད་ འུ་ཐུག་ཐབས་ཟད་ཀྱི་ལས་ཀ་གང་འདྲ་ཡོད་པ་རེད་ཅེ་ན། ང་ཚོ་བོད་མི་ཚོ་གནད་དོན་འདི་དང་བརྗོད་གཞི་འདི་ལ་ཧ་ཅང་སྒྱིད་ལུག་པའི་རྐྱེན་གྱིས། ཕྱི་རྒྱལ་གྱི་མིས་ འདིའི་སྐོར་ལ་དེབ་བྲིས་ཡོང་གི་ཡོད། དེབ་དེ་ཚོ་ནི་ཧ་ལམ་སྣང་བ་གང་ཤར་འདྲ་ཞིག་བྲིས་ཡོང་གི་ཡོད། དག་ཆ་ཚུན་ནས་ བོད་ཡིག་དང་བོད་སྐད་ལ་ གཏོར་བཅོམ་བྱེད་པའི་ལག་ཆ་འདྲ་ཞིག་བཟོས་ཡོང་གི་ཡོད། འདིའི་ནང་བོད་མི་བོད་ཡིག་མི་ཤེས་མཁན་དག་གིས་ཀྱང་ཆ་ཤས་བླངས་ཡོད། ཐུགས་འདོད་ཡོད་ན་ ངས་དེབ་རེ་རེ་བཞིན་ངོ་སྤྲོད་ཞུས་ཆོག
བོད་ཡིག་གི་རྗོད་ཚིག་ལ་བར་སྟོང་བཞག་ན་ཀློག་བདེ་བར་འགྲོ་བ་དང་། དེ་ལ་བརྟེན་ནས་བོད་པ་གཞོན་སྐྱེས་ཁྲོད་དུ་བོད་ཡིག་ཀློག་མཁན་མང་དུ་འགྲོ་རྒྱུ་ཡིན་ན། རྙིང་ཞེན་པ་འགའ་རེ་མི་དགའ་ན་ཡང་བར་སྟོང་ལོས་འཇོག བར་སྟོང་མ་བཞག་པར་སྐད་ཡིག་ཤི་རུ་འཇུག་པ་ལས་བར་སྟོང་བཞག་ནས་སྐད་ཡིག་གསོན་དུ་འཇུག་པ་དོན་དང་ལྡན་པ་ཞིག་ཡིན།
ཡིན་ན་ཡང་སྐད་ཡིག་ཅིག་ཤེས་པ་ལ་རྗོད་ཚིག་ལ་བར་སྟོང་འཇོག་པ་ལས་དུས་ཚོད་མང་པོ་གཏོང་དགོས་པ་འདི་མ་བརྗེད་རོགས། དུས་ཚོད་མ་བཏང་ན་བར་སྟོང་བཞག་ཀྱང་ཤེས་རྒྱུ་མ་རེད། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་མཁྱེན་པའི་དབྱིན་ཡིག་ལ་བར་སྟོང་ཡོད་པ་རེད། དེ་ཤེས་པ་ལ་ཁྱེད་ཀྱིས་རང་གི་མི་ཚེའི་ནང་གི་དུས་ག་ཚོད་བཏང་འདུག རྩིས་ཤིག་རྒྱོབ་དང་། ཡང་སྐྱར་ཁྱེད་ནས་བོད་ཡིག་ཤེས་ཐབས་ལ་ཁྱེད་རང་གི་མི་ཚེའི་ནང་གི་དུས་ཚོད་ག་ཚད་བཏང་འདུག རྩིས་ཤིག་རྒྱོབ་དང་།
ཁྱེད་ཀྱིས་ཉི་མ་རྟག་པར་བོད་ཡིག་ཐོག་ལ་དུས་ཅི་ཙམ་གཏོང་གི་ཡོད། ཉིན་རེར་བོད་ཡིག་ཀློག་པ་ལ་སྐར་མ་བཅུ་ཐམ་པ་གཏོང་ཐུབ་ན་ལོ་གསུམ་གྱི་ནང་ལ་བར་སྟོང་མེད་པའི་བོད་ཡིག་ཀློག་ཐུབ་ཀྱི་འདུག འདི་ངའི་ཉམས་མྱོང་རྗེན་པ་ཡིན། ངའི་བུ་མོ་ད་ལོ་ལོ་བརྒྱད་ཡིན། མོ་ལོ་ལྔ་ཡི་ཐོག་ནས་ངས་བོད་ཡིག་གི་ཀློག་བསླབས་པ་ཡིན། ཀློག་ཐུན་རིང་ན་སུན་སྣང་སྐྱེས་ཏེ་སློབ་རྒྱུན་ཆད་རྒྱུ་རེད་བསམས་ཏེ་ངས་ཉིན་རེར་ཆ་སྙོམས་ཀྱི་སྐར་མ་བཅུ་རེ་མ་གཏོགས་བསླབས་མེད། ལོ་གསུམ་འགོར་བའི་དེ་རིང་དཔེ་དེབ་གང་ཞིག་མདུན་དུ་བཞག་ན་ཡང་ཁྱར་ཁྱོར་རེ་ཀློག་ནས་འགྲོ་ཐུབ། བྱིས་པའི་ཀློག་དེབ་འདྲ་ཡིན་ན་ཚིག་དོན་ཐར་ཐོར་རེ་ཡང་འཐུ་ཐུབ་གི་འདུག འདི་ནི་མོའི་ཉིན་གཅིག་གི་དབྱིན་ཡིག་གི་དུས་ཚོད་ཀྱི་བཅུ་ཆའི་གཅིག་ཀྱང་ཡིན་རྒྱུ་མ་རེད།
མགོན་པོ་ཕྱག་གཉིས་ནས་གསུངས་པ་བཞིན། སྔོན་མ་དམངས་གཙོ་ཚགས་པར་ནས་དེའི་ལེ་ཚན་མངར་མོ་སྐྱུར་མོ་ཟེར་བའི་ལེ་ཚན་དེའི་ཚིག་རྗོད་ལ་བར་སྟོང་བཞག་ནས་ཚོད་ལྟ་ཞིག་བྱས་པ་རེད། དེ་ལྟར་བྱས་ནས་བོད་ཡིག་དེ་འདྲ་མི་ཤེས་མཁན་གྱི་ཀློག་མཁན་ཇེ་མང་དུ་མ་སོང་བས་མི་ཚད། བོད་ཡིག་ཤེས་མཁན་མང་པོ་ཞིག་ནས་སྐྱོན་བརྗོད་བྱས་ནས་མཚམས་བཞག་པ་རེད།
བསམ་ཚུལ་འདི་གསར་པ་ནི་མ་རེད། སྔོན་མ་ཚོད་ལྟ་ཞིག་ཀྱང་བྱས་ནས་ཕམ་པ་རེད། ཚོད་ལྟ་ཐེངས་གཅིག་ཕམ་པ་དེས་བསམ་ཚུལ་ནོར་བ་ཡང་མཚོན་གྱི་ཡོད་པ་མ་རེད། ཁྱེད་ཚོས་འདི་ལ་ཡང་སྐྱར་ཚོད་ལྟ་ཞིག་བྱས་ན་མ་རེད་དམ། ད་ལྟ་འདི་བསམ་ཚུལ་ཞིག་ཡིན་པའི་དུས་སྐབས་ནས་བོད་ཡིག་ལ་གསར་བརྗེ་བྱེད་དགོས་ཀྱི་འདུག་ཟེར་ནས་བོད་ཡིག་གི་དཔེ་དེབ་དང་དུས་དེབ་ཚང་མའི་ཚིག་རྗོད་ལ་བར་སྟོང་འཇོག་དགོས་དོན་ཡོད་པ་མ་རེད། དང་པོ་ཁྱེད་རང་ཚོ་བོད་ཡིག་གི་ཚིག་རྗོད་ལ་བར་སྟོང་མེད་ནས་ཀློག་ཁག་པོ་འདུག་སྙམ་མཁན་རྣམས་ནང་ཁུལ་དུ་བོད་ཡིག་གི་དྲ་རྒྱ་ཞིག་གམ་དུས་དེབ་ལྟ་བུ་བཏོན་ནས་ཁྱེད་ཚོའི་འདོད་པ་དེ་ལ་ཚོད་ལྟ་ཞིག་བྱོས་དང་། དེ་ལྟར་བྱས་པ་བརྟེན་ནས་འབྲས་བུ་རེ་ཡག་པོ་རེ་བྱུང་ན་ཁྱེད་ཚོའི་འདོད་པ་དར་ཁྱབ་ཏུ་འགྲོ་རྒྱུ་རེད།
འདིའི་སྐོར་ལ་ད་དུང་བསམ་ཚུལ་འགའ་རེ་ཡོད་ཀྱང་རྗེས་མ་ཡང་སྐྱར་གླེང་འདོད་ཡོད།
མིང་ཚིག་རེ་རེའི་བར་སྟོང་ཆ་བཞག་ནས་བྲིས་ན་མིག་ལ་ཕན་མོད། ཀློག་ཡ་ལས་སླ་བོར་འགྲོ་མིན་བཤད་དཀའ། ད་དུང་ཀློག་ནོར་ཡོང་གི་འདུག མིང་ཚིག་གི་གཅོད་མཚམས་བར་ལ་སྟོང་ཆ་བཞག་ན་ཀློག་ཡ་སྟབས་བདེ་པོ་འདུག
བོད་ཡིག་ཀློག་སྟངས་དང་འབྲི་སྟངས་སོགས་ལ་དུས་དང་འཚམས་པའི་བསྒྱུར་བཅོས་གཏོང་དགོས་ལ། རྒན་མདའ་ཚན་པའི་གསུང་པ་བཞིན་ “སློབ་སྦྱོང་ གང་ཞིག་ བྱེད་ནའང་། དང་པོར་ དགའ་སྣང་ཞིག་ རྒྱུད་ལ་གསོ་སྐྱོང་ བྱེད་རྒྱུ་དེ་ ཨང་དང་པོའི་ནང་གི་ དང་པོ་རེད།” དེ་འདྲ་ཞིག་བྱེད་པར་ང་ཚོས་ཐམས་བརྒྱ་ཇུས་སྟོང་འཐེན་དགོས། ཡིན་ནའང་དཀའ་ངལ་འདི་ཚོ་ཕྱི་པགས་པའི་དཀའ་ངལ་ཙམ་རེད།
དགེ་འདུན་རབ་གསལ་གྱི་མཆན་༡༡པར་དོགས་སློང་བྱས་པ་ནང་བཞིན། ང་ཚོའི་སྐད་ཡིག་གི་དཀའ་ངལ་དེ་ང་ཚོའི་སྐད་དང་ཡི་གེའི་འཁོར་ཡིག་ཏེ་བོད་གངས་ཅན་བཙན་དབང་དུ་ཚུལ་ཡོད་པ་དེར་ཐུག་བསྡད་ཡོད། རྒྱ་ནག་བཙན་རྒྱལ་གྱི་ཆབ་དཔལ་རིག་གསུམ་གྱི་སྲིད་ཇུས་སྤེལ་སྟངས་དང། སྒྲིག་འཛུགས་ལམ་ལུགས་སོགས་ལག་ལེན་བྱེད་སྟངས་ལ་རག་ལས་ཡོད། ཚིག་གི་གཅོད་འཚམས་སོགས་ལ་བར་སྟོང་འཇོག་དགོས་མིན་སོགས་མནོ་བསམ་ཡག་མོ་གདའ། འོན་ཀྱང་གཙོ་བོ་དེ། རྒྱའི་བཙན་འོག་ནས་ང་ཚོས་བོད་ཡིག་གང་འདྲ་བྱས་ནས་སྲུང་སྐྱོབ་དང་རྒྱུན་འཁྱོང་བྱེད་རྒྱུ་ཡིན་ནམ། སྔོན་གྱི་མཁས་དཔང་དམ་པ་ཚོའི་བཀའ་དྲིན་གྱིས་བོད་ཡིག་འདི་རྒྱའི་བཙན་འཛུལ་སྐབས་དང་རིག་གསར་མུན་ནག་ཁྲོད་ཤི་ཡོད་པ་མ་རེད། ད་ལྟ་རྒྱའི་སྲིད་ཇུས་ལག་ལེན་བྱེད་སྟངས། ཡུལ་གྱར་བའི་གནས་སྟངས། དང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་འགྲོས་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་མིད་པ་བཙན་གྱིས་བཙུར་ཡོང་གི་ཡོད་པ་རེད། བོད་ཡིག་སྦྱང་ན་མི་རིགས་ཀྱི་ལ་རྒྱའམ་སེམས་ཤུགས་གཅིག་པོས་མ་ཡིན་པར། ལྟོ་གོས་གཏམ་གསུམ་ལ་ཁེ་ཕན་ཡོད་པ་ཞིག་གང་འདྲ་སེ་སྐྲུན་གྱི་ཡིན་ནམ། མཐའ་དོན་འཚོ་ཐབས། སྐད་རིགས། མི་རིགས་ཀྱི་མདུན་ལམ་ཚང་མ་སྤྲེལ་བསྡད་ཡོད་པས། དཀའ་ངལ་སེལ་ཐབས་ལ་བསམ་གཞིགས་ཡང་ཐད་ཕྱོགས་འདི་དག་བརྒྱུད་ནས་གཏོང་དགོས་སྙམ།
དགེ་འདུན་་རབ་གསལ་ལགས་ གནད་དོན་་འདིའི་་ཐོག་ལ་་འདིར་ཕེབས་པ་་་དགའ་བསུ་ཡོད།
དགེ་རབ་་ལགས་ཀྱིས། ་་་ང་ཚོའི་བརྡ་སྤྲོད་རིག་པ་ལ་འགྱུར་བ་དང་སྣོན་པ་བྱེད་དགོས་པ་རེད་དྲན། ངས་དཔེ་མཚོན་གྱི་ཚིག་གྲུབ་འགའ་འབྲི
“རྗེ་རིན་པོ་ཆེ་མ་འཁྲུངས་གོང་དུ་བོད་ལ་དགེ་ལུགས་པའི་བསྟན་པ་ཟེར་བ་མེད།”
“རྗེ་རིན་པོ་ཆེ་དབུས་སུ་མ་ཕེབས་པར་མདོ་སྨད་དུ་བཞུགས་ཡོད་ན་ དགེ་ལུགས་པའི་བསྟན་པ་འདི་དར་ཡོད་མེད་མི་ཤེས།”
གོང་གི་ཚིག་གྲུབ་འདི་ གཉིས་ལ་ད་ཡོད་སུམ་རྟགས་ཀྱི་གཞུང་ན་འགྲེལ་བཤད་ལེགས་པོ་ཞིག་མེད།་་་་ ད་ཡོད་་སུམ་རྟགས་ཀྱི་་གཞུང་ན་་འགྲེལ་བཤད་་ལེགས་པོ་ཞིག་་མེད་ཚུལ་་གསུངས་ན་་ཕན་ཐོགས་་མེད་དམ།
ཡང་། ་་་་་་་ཕྱི་རྒྱལ་གྱི་སློབ་མ་དང་། ཡང་ན་བཙན་བྱོལ་བོད་ཕྲུག་ལ་བོད་སྐད་དང་བོད་ཡིག་སློབ་སྐབས་དཀའ་ངལ་ཞིག་ཡོང་གི་ཡོད་པ་རེད།་་་་་
ངའི་་དམིགས་ཡུལ་་ནི། བོད་ཡིག་་ཀློག་བདེ་རུ་་ཕྱིན་ན། ཀློག་མཁན་དང་་བོད་སྐད་་རྒྱག་མཁན་་མང་དུ་་ཕྱིན་ནས་་བོད་ཞེན་ཅན་་བོད་སྐད་་ཆོལ་ཁ་་དྲུག་ལྷག་ལ་་སྐྱར་གསོ་དང་་དར་སྤེལ་་ཡོང་རེ་་བྱས་པ་་ཡིན།
ཡང་་དགྲ་སྟ་ལགས་་ལ་་ཞུ་ཡ་ལ། བལ་ལ་་སྤུ་་ཟེར་བ་་འཁོར་ཡུག་གིས་་སྐྱེན་དང་། མི་་སྐམ་པོ་ལ་་མི་ཀྲབ་ཀྲབ་་ལབ་དགོས་པ་་དེ་ཡང་་བར་སྟོང་་ཚེག་གཉིས་་སོགས་་མེད་སྐྱེན་ཡང་་ཡིན་སྲིད།
མི་མང་པོ་ཞིག་ ཡོང་ནས་ བསམ་ཚུལ་ ལྷུག་པར་ གསུངས་འདུག་པས་ སེམས་པ་སྤྲོ། ཁ་སང་ཡང་ བསམ་ཚུལ་ཅུང་ཟད་ སྤེལ་བ་ལྟར། འདིར་ཡོང་ནས་ སྣང་བ་གང་ཤར་ བཤད་གི་མེད། ཀརྨ་རྡོ་རྗེ་ལགས་ནས་ཀྱང་ ཉམས་མྱོང་ གཞིར་བཞག་ནས་ བཤད་གི་འདུག ངས་ཀྱང་ བོད་ནང་དུ་ དགེ་རྒན་ བྱས་པ་ཡིན། རྒྱ་གར་དུ་ དགེ་རྒན་ བྱས་པ་ཡིན། ཕྱི་རྒྱལ་དུའང་ དགེ་རྒན་ བྱས་པ་ཡིན། ཉམས་མྱོར་ གཞིར་བཞག་ནས་ བཤད་གི་ཡོད། རང་ཐོག་གི་ ཉམས་མྱོང་། གཞན་གྱི་ཉམས་མྱོང་། ཚོད་ལྟ་སོགས་ གཞིར་བཟུང་ནས་ བཤད་གི་ཡོད།
དེ་ནས་རབ་འབྱོར་ལགས་ཀྱིས་ ཨ་མྱེས་རྨ་ཆེན་གྱི་ ཚོད་ལྟ་ཕམ་པ་རེད་ ཟེར་བ་དེར་ ང་ལ་ངོས་ལེན་མེད། དེ་ལྟར་བྲིས་ན་ གོ་བདེ་བོ་འདུག་ ཟེར་མཁན་ ཁ་ཤས་ཤིག་ལ་ ཐུག ཤེས་མཁན་ནང་ནས་ ངོ་རྒོལ་ བྱེད་མཁན་ བྱུང་བ་དེ་ བདེན་པ་རེད།
གཞན་ རབ་འབྱོར་ལགས་ཀྱིས་ རང་གི་བུ་མོ་ལ་ ཀློག་སློབ་སྟངས་ཤིག་ དཔེ་མཚོན་དུ་ དྲངས་པ་དེ། གོ་བདེ་མིན་གྱི་ དཔེ་མཚོན་དུ་ མི་འགྲོ་བ་འདྲ། ཚིག་མཚམས་ བཅད་མ་བཅད་དེ་ ཀློག་སློབ་སྟངས་ལ་ ཁྱད་པར་ཡོད་མེད་མི་ཤེས། ཚིག་དོན་གྱི་ གོ་བ་ལེན་སྟངས་ ལ་ ཁ་སང་བྲིས་པ་ལྟར་ ཁྱད་པར་ ཏན་ཏན་ འདུག་སྙམ།
དེ་མིན་ སྒང་ནེ་ལགས་ནས་ དོན་དག་ མགོ་ཚོས་ མི་འདུག ཡི་གེ་རེ་རེའི་བར་ གཅོད་མཚམས་བཞག་ན་ དེ་གཅོད་མཚམས་ མ་བཞག་པ་དང་ གཅིག་པ་རེད། གཅོད་མཚམས་ འཇོག་པ་དེ་ དཔེ་ཆ་ཀློག་སྐབས་ གཅོད་མཚམས་ མ་ནོར་བའི་ཆེད་ ཀློག་པ་པོར་ རོགས་རམ་གྱི་ཚུལ་དུ་ གཅོད་མཚམས་ འཇོག་གི་ཡོད་པ་རེད།
སྟབས་བདེ་རུ་ གཏོང་གི་ ཡོད་པ་རེད། ད་ག་རེ་ ཡིན་ན་མིན་ན་ ཁྱེད་ཚོས་ རང་གི་སློབ་མ་ཚོར་ ཚོད་ལྟ་ཞིག་གནང་དང་། དང་པོར་ ཁོ་ཚོས་ གོ་ལ་མ་གོ་བའི་ སྒྲུང་ཞིག་ཀློག་ཆུག ཅིག་ལྟོས། དེ་ནས་ སྒྲུང་དེ་ ཚིག་གཉིས་གསུམ་རེ་བྱས་ནས་ གཅོད་མཚམས་ ལེགས་པོར་ཕྱེ་ལ་ ཐེངས་གཅིག་ཀློག་ཆུག དེ་ནས་ གང་གོ་བདེ་ མིན་ སྐད་ཆ་ཞིག་དྲིས། དེ་ནས་ཁྱེད་རང་གི་ ཡིད་ལ་ཨ་ལེ་ བསམ་ནས་ འཆར་རྒྱུ་ཞིག་ ཡོད་མདོག་ཁ་བོ་རེད།
ཉམས་མྱོང་དང་ ཚོད་ལྟ་སོགས་ གཞིར་བཞག་ནས་ བདེན་པ་ངོ་སྤྲད་ཀྱང་ ད་རུང་རྩོད་པ་རྒྱབ་ འདུག་དགོས་པ་འདི་ བཟང་རྟགས་ཤིག་ཡིན་ནམ་ ཡང་ན་ངན་རྟགས་ཤིག་ཡིན་ ཧ་གོ་གི་མི་གདའ།
དགེ་འདུན་རབ་གསལ་ལགས་ཀྱིས།
ཡང་། ་་་་བོད་ནང་ན་སྐད་ཡིག་གཅིག་ གྱུར་དང་ཐ་སྙད་འཚོལ་བསྡུའི་ཐད་ཀྱི་དཀའ་ངལ་ ཡིག་སྒྱུར་གྱི་དཀའ་ངལ་སོགས་ལ་རྩོམ་ཡིག་མང་པོ་མཐོང་བྱུང་། དེ་མིན་ཡི་གེ་འབྲི་ཕྱོགས་ཐད་འདི་འདྲའི་གླེང་སློང་མཐོང་མ་བྱུང་།་་་་་ འདིའི་་ནང་གི་་སྐད་ཡིག་་གཅིག་གྱུར་གྱི་་དོན་དེ་་ཡུལ་ལུང་་སོ་སོའི་་སྐད་ལུགས་་དེ་་ཡིག་ཐོག་ཏུ་་འགོད་པ་་ལ་་ཟེར་ན་་དཀའ་ངལ་་ཅང་་ཨ་ཡོད། མདོ་དབུས་་ཁམས་་གསུམ་ཀ་ལ་་ཁྱབ་པའི་་སྐད་གཅིག་་ཡོད་ལ་་དེ་་ཡིག་གེར་་གཅིག་གྱུར་་བྲིས་པ་ལ་་གཅིག་ལ་་ཟེར་ན་་དེ་ནི་་ཤིན་ཏུ་དཀའ་ལ་་རླབས་ཆེན་གྱི་་བྱ་བ་ཞིག་་ཡིན་པས། ངས་ཀྱང་༼བོད་རིགས་སྤྱི་སྐད་༽ཞེས་་མིང་་བཏགས་ནས་་དཔྱད་རྩོམ་་བྲིས་པ་་ཡིན། ཨུ་ཚུགས་་རྒྱག་བགྱིད་ཡོད། མ་ཤི་་བར་དུ་་ཁྱབ་སྤེལ་་བྱ་བགྱི་ཡིན། སྐབས་དོན་་སྐོར་ལ་་ཡང་སྐྱར་་དཔེ་ཅིག་་ཞུས་ན། བོད་རིགས་་སྤྱི་སྐད་དུ། ༼ཁོང་ངའི་མ་མ་རེད།༽ ཅེས་་ཨིན་སྐད་དུ་་སྒྱུར་དང་། ཚིག་འཚམས་་གཅོད་སྟངས་་གཉིས་ཀྱིས་་དགག་ཚིག་ཏུ། ཁོང་་ང་་སྐྱེས་སའི་་ཨ་མ་་དེ་་མ་རེད་། ཅེས་་གོ་ལ། སྒྲུབ་ཚིག་ཏུ། ཁོང་་ང་་གསོ་སྐྱོང་་བྱེད་མཁན་་མ་མ་་དེ་རེད། ཅེས་་གཉིས་སུ་་གོ་བ་འདིས་ཀྱང་་བོད་ཡིག་ལ་་བར་སྟོང་་མེད་པས་་ཚེག་གཉིས་་དགོས་པའི་་དགོས་པའོ།། །།
བོད་ཡིག་གི་རྗོད་ཚིག་ལ་བར་སྟོང་འཇོག་དགོས་ཟེར་བ་འདི། བོད་ཀྱི་གཞོན་ནུ་ཚོར་དམིགས་ཀྱི་ཡོད་ན་ནི་མོས་མཐུན་མེད། ལོ་ཆུང་བྱིས་པ་ཚོའི་ཆེད་དུ་ཡིན་ཟེར་ན་ནི་རྒྱབ་སྐྱོར་ཡོད། ཡིན་ནའང་བོད་ཀྱི་བྱིས་པ་ཚོས་ཐོག་མར་བོད་ཡིག་འབྲི་ྐློག་བྱེད་འགོ་ཚུགས་དུས། དགེ་རྒན་རྣམས་ཀྱིས་དང་པོར་གསལ་བྱེད་སུམ་ཅུ་དང་། དབྱངས་ཡིག དེ་ནས་ར་བཏགས་ལ་བཏགས་སོགས། རིམ་གྱིས་མིང་ཚིག་གཅིག
དེ་ནས་ཚིག་གྲུབ་སྟབས་བདེ་རེ་ངོ་སྤྲོད་བྱེད་ཀྱི་ཡོད་པ་མ་གཏོགས། ཐོག་མ་ཉིད་ནས་བྱིས་པ་ཚོའི་མིག་མདུན་དུ་ཚིག་གྲུབ་རིང་པོ་རེ་དང་ཚིག་གྲུབ་མཁྲེགས་པོ་རེ་འཇོག་གི་ཡོད་པ་མ་རེད། བོད་ཡིག་སློབ་པའི་བརྒྱུད་རིམ་འདི་བརྒྱུད་མྱོང་མཁན་ཞིག་ཡིན་ན་བོད་ཡིག་རྗོད་ཚིག་ལ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་འདི་བག་ལ་ཞ་བར་འགྱུར།
ཐོག་མར་བོད་ཡིག་འབྲི་ྐློག་བྱེད་དུས། བོད་ཡིག་མཁྲེགས་པོ་དང་མགོ་རྙོག་འདུག་ཅེས་སྐད་ཡིག་གཞན་པར་འཇུས། སོ་སོའི་རྣམ་དཔྱོད་ཀྱི་ཞག་རྩི་ཡོད་ཚད་སྐད་ཡིག་གཞན་གྱི་ཐོག་ཏུ་བཏང་། སྐད་ཡིག་གཞན་པར་ཉན་གོམས་བསམ་གོམས་སུ་སོང་། དེ་ནས་གཏིང་བརྗེད་དུ་གྱུར་པའམ་གོམས་ལོབས་སུ་སོང་མེད་པའི་རང་གི་སྐད་ཡིག་ལ་ཕྱིར་ལྟ་དུས། ཇི་འདྲའི་ཆ་མེད་ཅིག་རེད་ཨང་སྙམ་ཚོར་སྣང་ཡོང་གི་ཡོད་པ་རེད། དེ་ནི་རང་ཉིད་ཀྱིས་རང་གི་སྐད་ཡིག་རབ་རིབ་ཏུ་བཏང་བ་ལས། རང་གི་སྐད་ཡིག་གིས་རང་ཉིད་ལ་རབ་རིབ་ཅིག་བསྟན་པ་མ་རེད་འདོད།
ད་དུང་བསམ་ཚུལ་འགའ་ཡོད། ཆུ་ཚོད་འགའའི་རྗེས་ནས་ཕྱིར་འཁྱུག་ཙམ་ཡོང་གི་ཡིན།
ཀརྨ་རྡོ་རྗེ་ལགས་ཀྱི་དྲི་བ་ཁ་ཤས་གནང་འདུག་པའི་ལན་དུ་རིམ་བཞིན།
“རྗེ་རིན་པོ་ཆེ་མ་འཁྲུངས་གོང་དུ་བོད་ལ་དགེ་ལུགས་པའི་བསྟན་པ་ཟེར་བ་མེད།” ཅེས་པ་འདི་ནི་ སྔོན་དང་རྗེས་ ཡང་ན་ གོང་དང་གཞུག་ཅེས་པའི་ཚིག་ཕྲད་འདི་ བྱ་ཚིག་དང་ལྷན་དུ་སྦྱོར་སྐབས་སྦྱོར་ལུགས་དང་སྦྱོར་སྟངས་གང་འདྲ་རེད་ཅེས་པའི་རྣམ་གཞག་ད་ལྟའི་བརྡ་སྤྲོད་ཀྱི་གཞུང་ན་གསལ་ཁ་མེད་ཅེས་ཞུས་པ་ཡིན།
བྱ་ཚིག་དུས་དང་བསྡེབས་པའི་ཚེ།།
སྔོན་དང་གོང་ཞེས་དུས་ཀྱི་ཕྲད།།
བྱ་ཚིག་འདས་པའི་རྗེས་སུ་སྦྱོར།།
དགག་སྒྲ་མ་ཡིས་བྱ་ཚིག་དྲངས།
མ་སྐྱེས་གོང་ལ་ཞེས་པས་མཚོན།།
རྗེས་དང་གཞུག་གི་དུས་ཀྱི་ཕྲད།།
བྱ་ཚིག་འདས་པའི་རྗེས་ལ་སྦྱོར།།
བདག་སྒྲ་འབྲེལ་སྒྲ་རོགས་སུ་འདྲེན།།
སྐྱེས་པའི་རྗེས་སོགས་རིགས་བསྒྲེའོ།། ཚོད་ལྟ་ཡིན་ལགས།
ཡང་གཤམ་གསལ་གྱི་རྗོད་པ་འདི་ལ་མཚོན་ན།
“རྗེ་རིན་པོ་ཆེ་དབུས་སུ་མ་ཕེབས་པར་མདོ་སྨད་དུ་བཞུགས་ཡོད་ན་ དགེ་ལུགས་པའི་བསྟན་པ་འདི་དར་ཡོད་མེད་མི་ཤེས།”
བྱ་བ་གཅིག་བཀག་ནས་བྱ་བ་གཞན་ཞིག་སྒྲུབ་པའི་རྗོད་པ་སྟོན་པ་ཡིན་ལ། དེ་ལ་ཡང་།
བྱ་ཚིག་དགག་སྒྲུབ་གཉིས་སྟོན་པར།།
བྱ་བ་དང་པོ་འདས་པས་བཀག།
བདག་སྒྲ་དང་ནི་ལ་དོན་བསྣན།།
དེ་ནས་བྱ་བ་གཉིས་པ་སྒྲུབ།།
དཔེ་མཚོན་གོང་དེས་ཤེས་པར་བྱ།།
ལྟ་བུས་ཀྱང་རུང་ངོ།།
ད་ནི། སྤྱི་སྐད་སྐོར་དེ། “བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་སྒྲིག མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ “ཅན་དེ་ངས་དྲངས་པའི་ཁུངས་ཡིན། འདི་ན་སྤྱི་སྐད་ཀྱི་སྐོར་ལ་རྩོམ་མང་པོ་འདུག་པའི་ཁྲོད་ འདས་པོ་རི་ཁ་བློ་བཟང་བསྟན་འཛིན་གྱི་རྩོམ་ཞིག་ཀྱང་འདུག
བོད་ཡིག་ལ་གཅོད་མཚམས་དགོས་ལུགས་བཤད་པ་དབྱིན་ཡིག་གི་བག་ཆགས་དང་བོད་ཡིག་ཀློག་སྟངས་སླ་རུ་གཏོང་ཁུལ་འདྲ། འོན་ཀྱང་སློབ་སྦྱོང་ཅུང་ཙམ་མ་བྱས་འདྲ། བོད་ཡིག་ཀློག་སྟངས་དཔེ་ལས་སླ་བོ་ཡོད་རེད། ཡིག་འབྲུ་གཉིས་གཉིས་ཆ་འབྱར་ལྟ་བུ་རེད། བོད་ཡིག་ཀློག་གི་ཡིན་ན། དང་པོ་ཡིག་འབྲུ་གཉིས་གཉིས་མཉམ་དུ་ཀློག་དགོས་པ་སྦྱངས་ནས་བྱང་བ་ཡིན་བར་སྟོང་འཇོག་དགོས་པ་མ་རེད། དཔེར་ན། དཔེར་ན་ཁྱོད་ཚོས་བོད་ཡིག་གི་ཀློག་སྟངས་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས་གཞི་ནས་བོད་ཡིག་ཀློག་སྟངས་གསར་བ་བཟོ་དགོས་མིན་ཤོད་དང་ཉན་ཆོག དེའང་བར་མཚམས་བཞག་ནའང་འདི་འདྲ་རེད། དཔེར་ན་ ཁྱོད་ཚོས་ བོད་ཡིག་ ཀློག་སྟངས་ ལ་ རྒྱུས་ལོན་ ཟབ་མོ་ བྱས་རྗེས་ གཞི་ནས་ བོད་ཡིག་ ཀློག་སྟངས་ སྐོར་ མཁས་མདོག་ ཁ་བོ་ བཤད་ན་ གང་འདྲ་ འདུག་གམ། གོང་ལྟར་བོད་ཡིག་ཀློག་དུས་ཕྲད་སོགས་སྐབས་ཆེ་ཉུང་ཉུང་ཞིག་ལ་མ་ཡིག་འབྲུ་གཉིས་མཉམ་ད་ཆ་བྱས་ནས་ཀློག་དགོས་པ་ཤེས་ནས་བར་སྟོང་གི་དགོས་པ་མེད་ཤེས་འགྲོ། བར་སྟོང་ནི་འཁྱུག་བྲིས་དང་དབུ་མེད། ལག་བྲིས་སོགས་ལ་དཀའ་ལས་འཕར་མ་བཟོ་གི་རེད།
བོད་ཡིག་ལ་གཅོད་མཚམས་དགོས་ལུགས་བཤད་པ་དབྱིན་ཡིག་གི་བག་ཆགས་དང་བོད་ཡིག་ཀློག་སྟངས་སླ་རུ་གཏོང་ཁུལ་འདྲ། འོན་ཀྱང་སློབ་སྦྱོང་ཅུང་ཙམ་མ་བྱས་འདྲ། བོད་ཡིག་ཀློག་སྟངས་དཔེ་ལས་སླ་བོ་ཡོད་རེད། ཡིག་འབྲུ་གཉིས་གཉིས་ཆ་འབྱར་ལྟ་བུ་རེད། བོད་ཡིག་ཀློག་གི་ཡིན་ན། དང་པོ་ཡིག་འབྲུ་གཉིས་གཉིས་མཉམ་དུ་ཀློག་དགོས་པ་སྦྱངས་ནས་བྱང་བ་ཡིན་ན་བར་སྟོང་འཇོག་དགོས་པ་མ་རེད། དཔེར་ན་ཁྱོད་ཚོས་བོད་ཡིག་གི་ཀློག་སྟངས་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས་གཞི་ནས་བོད་ཡིག་ཀློག་སྟངས་གསར་བ་བཟོ་དགོས་མིན་ཤོད་དང་ཉན་ཆོག དེའང་བར་མཚམས་བཞག་ནའང་འདི་འདྲ་རེད། དཔེར་ན་ ཁྱོད་ཚོས་ བོད་ཡིག་ ཀློག་སྟངས་ ལ་ རྒྱུས་ལོན་ ཟབ་མོ་ བྱས་རྗེས་ གཞི་ནས་ བོད་ཡིག་ ཀློག་སྟངས་ སྐོར་ལ་ མཁས་མདོག་ ཁ་བོ་ བཤད་ན་ གང་འདྲ་ འདུག་གམ། གོང་ལྟར་བོད་ཡིག་ཀློག་དུས་ཕྲད་སོགས་སྐབས་ཉུང་ཉུང་ཞིག་ལ་མ་གཏོགས་ཡིག་འབྲུ་གཉིས་མཉམ་དུ་ཆ་བྱས་ནས་ཀློག་དགོས་པ་ཤེས་པ་ཡིན་ན་བར་སྟོང་གི་དགོས་པ་མེད་པ་ཤེས་འགྲོ། བར་སྟོང་ནི་འཁྱུག་བྲིས་དང་དབུ་མེད། ལག་བྲིས་སོགས་ལ་དཀའ་ལས་འཕར་མ་བཟོ་གི་རེད།
གོང་དུ་ངས་བོད་ཡིག་གི་རྗོད་ཚིག་ལ་བར་སྟོང་འཇོག་དགོས་པ་འདི། ལོ་ཆུང་བྱིས་པ་ཚོའི་ཆེད་དུ་དམིགས་ཀྱི་ཡོད་པ་ཡིན་ན། དེ་ལ་མོས་མཐུན་ཡོད་ཟེར་བ་ནི། ལོ་ཆུང་བྱིས་པ་ཚོས་ཚིག་གྲུབ་རིང་པོ་རེ་ཤར་མར་ྐློག་པ་ལ་དབུགས་ཀྱིས་འདང་གི་མེད་པ་དང་། དེ་ནས་ཚིག་གྲུབ་ཀྱི་བརྗོད་སྙིང་རིག་པས་འཆུན་གྱི་མེད་སྟབས། རྗོད་ཚིག་ལ་བར་སྟོང་ཡོད་ན་བྱིས་པ་ཚོས་ྐློག་བདེ་བོ་ཡོད་པ་དང་། དེ་ནས་རྗོད་ཚིག་གཅིག་ཡག་པོ་ཤེས། དེ་ནས་རྫོད་ཚིག་གཉིས་པ། གསུམ་པ་སོགས་རེ་རེ་བཞིན་ཤེས་ན་ཚིག་གྲུབ་ཀྱི་ནང་དོན་ཡག་པོ་ཤེས་པ་ལ་ཕན་ཐོགས་ཆེན་པོ་ཡོད་པ་འདྲ། ལོ་གཅིག་དེ་ལྟར་སྦྱངས། ལོ་གཉིས། ལོ་གསུམ། ལོ་བཞི། རིམ་གྱིས་བོད་ཀྱི་སྐད་ཡིག་ཀྱི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། བོད་ཡིག་རྗོད་ཚིག་ལ་བར་སྟོང་མེད་ནའང་། དཀའ་ངལ་དེ་ཙམ་ཡོད་ཀྱི་མ་རེད་སྙམ།
ཕྱོགས་གཞན་པ་ཞིག་ནས་བཤད་ན། སྔོན་ཆད་ངེད་རང་སློབ་ཆུང་དུ་ཡོད་དུས། དགེ་རྒན་བཀའ་དྲིན་ཅན་ཚོས་མིང་ཚིག་མང་པོ་ཞིག་ངོ་སྤྱོད་བྱས་པ་དྲན་གྱི་འདུག སྐབས་དེར། བརྙན་འཕྲིན་དང་། རྒྱ་མཚོ། རྒྱུ་སྐར་ཟེར་བ་འདི་རིགས་ངོ་སྤྲོད་བྱས། ངས་ཁ་ནང་ནས་སྐྱོར་བ་ཙམ་ལས་ཇི་འདྲ་ཞིག་ཡིན་མིན་མི་ཤེས། མང་པོ་ཞིག་ལོ་མང་རིང་གཏིང་བརྗེད་དུ་གྱུར་པ་རེད། ནུབ་ཕྱོགས་ཀྱི་དགེ་རྒན་འདི་ཚོས་བྱིས་པ་ཚོར་མིང་ཚིག་རེ་ངོ་སྤྲོད་བྱེད་དུས། མིང་ཚིག་དང་མཉམ་དུ་པར་རེ་སྟོན། སྐབས་རེར་བྱིས་པ་ཚོར་རྒྱ་མཚོ་ཟེར་ན་ཇི་འདྲ་ཡོད་པ་རེད་ཅེས་དྲིས་ན། མཚར་ཉམས་དང་བཅས་ཏེ་ཆུ་ཆེན་པོ་ཡོད་པ། མདོག་སྔོན་པོ་ཅན་ཞིག་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད། ཐར་ལམ་འདི་ནི་བྱིས་པ་ཚོའི་ཤེས་རྒྱ་སྐྱེད་བྱེད་དང་། ཡིད་འཛིན་གྱི་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོད། དེ་ནས་བྱིས་སྒྲུང་ྐློག་རྒྱུ་སོགས་མང་པོ་ཡོད་པ་རེད། ང་ཚོས་ཀྱང་འདི་འདྲའི་ཕྱོགས་ལ་བསམ་བློ་ཏན་ཏན་དགོས་ཀྱི་ཡོད་པ་འདྲ།
གོང་དུ་ངས་བྲིས་པ་དེ་བར་མཚམས་བཞག་ནས་བྲིས་པ་ཡིན་ནའང་ཡིག་འབྲུ་གཉིས་མཉམ་དུ་ཆ་བྱས་ནས་འབྲི་ལས་གཞན་གང་ཡང་ཡོད་པ་མ་རེད། དཔེར་ན། བོད་ཡིག་ལ་ གཅོད་མཚམས་ དགོས་ལུགས་ བཤད་པ་ དབྱིན་ཡིག་གི་ བག་ཆགས་དང་ བོད་ཡིག་ ཀློག་སྟངས་ སླ་རུ་ གཏོང་ཁུལ་འདྲ ། འོན་ཀྱང་ སློབ་སྦྱོང་ ཅུང་ཙམ་ མ་བྱས་འདྲ། བོད་ཡིག་ ཀློག་སྟངས་ དཔེ་ལས་ སླ་བོ་ ཡོད་རེད། ཡིག་འབྲུ་ གཉིས་གཉིས་ ཆ་འབྱར་ ལྟ་བུ་རེད། བོད་ཡིག་ ཀློག་གི་ ཡིན་ན། དང་པོ་ བོད་ཡིག་ ཡིག་འབྲུ་ གཉིས་གཉིས་ མཉམ་དུ་ ཀློག་འདོན་ དགོས་པ་ སྦྱངས་ནས་ བྱང་བ་ ཡིན་ན་ བར་སྟོང་ འཇོག་དགོས་ མ་རེད། དཔེར་ན་ ཁྱོད་ཚོས་ བོད་ཡིག་གི་ ཀློག་སྟངས་ལ་ རྒྱུས་ལོན་ ཟབ་མོ་ བྱས་རྗེས་ གཞི་ནས་ བོད་ཡིག་ ཀློག་སྟངས་ གསར་བ་ བཟོ་དགོས་མིན་ ཤོད་དང་ ཉན་ཆོག དེ་འང་ བར་མཚམས་ བཞག་ནའང་ འདི་འདྲ་རེད། དཔེར་ན་ ཁྱོད་ཚོས་ བོད་ཡིག་ ཀློག་སྟངས་ ལ་ རྒྱུས་ལོན་ ཟབ་མོ་ བྱས་རྗེས་ གཞི་ནས་ བོད་ཡིག་ ཀློག་སྟངས་ སྐོར་ལ་ མཁས་མདོག་ ཁ་བོ་ བཤད་ན་ གང་འདྲ་ འདུག་གམ། གོང་ལྟར་བོད་ཡིག་ཀློག་དུས་ཕྲད་སོགས་སྐབས་ཉུང་ཉུང་ཞིག་ལ་མ་གཏོགས་ཡིག་འབྲུ་གཉིས་མཉམ་དུ་ཆ་བྱས་ནས་ཀློག་དགོས་པ་ཤེས་པ་ཡིན་ན་བར་སྟོང་གི་དགོས་པ་མེད་པ་ཤེས་འགྲོ། བར་སྟོང་ནི་འཁྱུག་བྲིས་དང་དབུ་མེད། ལག་བྲིས་སོགས་ལ་དཀའ་ལས་འཕར་མ་རེད།
ཚིག་བཅད་དང་སྙན་ངག་མགུར་གླུ་སོགས་སུ་ཚིག་གི་གཅོད་མཚམས་ཞིབ་མོ་བཤད་ཡོད་པ་རེད།
ཕྲད་མང་ཆེ་བ་ཆ་སྔ་མ་དང་མཉམ་དུ་ཀློག་ཆོག་གི་འདུག
བྱིས་པ་ཚོར་དང་པོ་ཡི་གེ་སློབས། ད་ནས་མིང་སློབས། དེ་ནས་ཚིག་སློབས། དེ་ལྟར་བྱོས་དང་དབུགས་མ་འདང་བའི་དཀའ་ངལ་མི་ངེས། གློ་ནད་ཅན་ཡིན་ཁག་མེད།
ཚེ་རིང་ལགས། ཁྱེད་ཀྱིས་སྙན་ངག་དང་མགུར་གླུའི་སྐབས་ཀྱི་ཚིག་གི་གཅོད་མཚམས་དེ་ཀློག་མྱོང་མེད་པའམ་ཀློག་ནས་བརྗེད་སོང་བ་འདྲ།
གངས་དཀར་དཀར་གྱི་རྩེ་མོ།།
གནམ་སྔོན་པོ་ལ་ཐུག་འདུག།
སྤངས་སེར་སེར་གྱི་མཆུ་འདབ།།
མཚོ་སྔོན་པོ་དང་འདྲེས་འདུག།
གངས་དཀར་ཤེལ་གྱི་རྩེ་མོ།།
བར་སྣང་ཁམས་ལ་ཟུག་འདུག།།
་་་་་་་་་་་་་་་་་་་་་་་་་་་་་
འདི་ཚོ་ཀློག་དང་ཁྱད་ག་རེ་འདུག
ཚེ་རིང་། ཁྱེད་རིང་ཕྲུ་གུའི་དབུགས་མི་འདང་ན། ཡི་འབྲུ་གཉིས་རེ་མཉམ་དུ་ཀློག་རྗེས་ངལ་གསོ་ཐེངས་རེ་བརྒྱག་དུ་འཇུག་དགོས་པ་རེད། དེ་འདྲ་བྱས་ན་དབུགས་འདང་བ་མ་ཟད་བོད་ཡིག་གི་ཀློག་སྟངས་ཏག་ཏག་འགྲིག་ཡོད་པ་རེད། ཕྲད་སོགས་འགའ་རེ་དམིགས་བསལ་ཡོང་གི་རེད།
དཔེ་ལས་ སླ་པོ་རེད་ཟེར་ན་གོ་གི་མི་འདུག དཔེ་ ལས་སླ་པོ་ རེད་ཟེར་ན་གོ
ཡ་ཡ། ད་བསམ་ཚུལ་རྐྱང་རྐྱང་བཤད་ནས་མ་བཞུགས། ངས་སྐད་ཡིག་སྐོར་ལ་དམུ་དགེ་བསམ་གཏན་ཚང་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རྩོམ་ཡིག་ཡོད་པ་དེ་སང་ཉིན་ཁ་བརྡ་ལ་འཇོག་གི་ཡིན། སྔོན་གྱི་མཁས་པས་གསུངས་པ་དེ་ལ་མིག་བཙུམས་ནས་མུན་ནག་འདོམ་འཇལ་ཡང་བྱེད་མི་འོས།
གོང་དུ་ཉམས་མྱོང་ཅན་ཤ་སྟག་གི་དགོངས་ཚུལ་གསུང་པར་དགའ་བསུ་ཡོད། ཕལ་ཆེར་མཆན་འདེབས་མཁན་ཚང་མའི་ནང་ནས་ཉམས་མྱོང་དམན་ཤོས་དེ་ང་རང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། མཆན་འདེབས་པ་ཚང་མའི་དགོངས་ཚུལ་ཀྱི་ནང་དུ་ལེགས་ཆ་མི་འདྲ་བ་དང༌། དཀའ་ངལ་མི་འདྲ་བ་དུ་མ་ཞིག་ཐེར་འདོན་གྱིས་ཞིབ་བཀོད་གནང་འདུག་པས་ཡག་པོ་འདུག རྩོམ་པ་པོ་ལུང་རིགས་རྒྱལ་གྱི་དགོངས་ཚུལ་ལྟར་ང་ཚོས་བོད་ཡིག་འབྲི་སྐབས་ཚིག་གྲུབ་བམ་བརྗོད་པའི་ཕྲེང་བ་ཐུང་དུ་བཏང་ན་དཀའ་ངལ་དེ་དག་སེལ་བ་མ་ཟད། བོད་སྔ་རབས་པ་དག་གི་འབྲི་སྲོལ་དང་མཐུན་པ་ཡིན་སྙམ། དེང་སང་རྩོམ་ཡིག་ཁ་ཤས་ཀློག་སྐབས་ངོས་ཤོག་རེར་དབུགས་ཐེངས་རེའི་ནང་ཀློག་དགོས་པ་དེ་འདྲ་མང་པོ་འདུག་པས། ཀློག་པ་པོར་དབུགས་སེང་གི་གོ་སྐབས་མེད་པའི་དཀའ་ངལ་འདུག སྔོན་གྱི་རྩེ་དྲུང་དང་གཞུང་ཞབས་རྙིང་གྲས་གྱི་ཕྱག་སྲོལ་ལ་གཅོད་མཚམས་དང་དུམ་མཚམས་སོགས་དམིགས་བསལ་ཁྱད་ཆོས་ལྡན་པས། དེ་ལྟར་སྤྱད་ན་དགེ་མཚན་ཆེ་བར་མཐོང༌།
ང་ཚོ བོད་སྐད་ བཤད་མཁན་ ཚང་མས་ སེམས་ལ་ གང་ཤར་ སྣང་མེད་ བྱས་ནས་ མི་བཤད་པར། སྐད་ཡིག་ ཞིབ་འཇུག་ གཏིང་ཟབ་ བྱས་རྗེས་ གཞི་ནས་ ཁ་གྲགས་ན་ སྤྱི་ལ་ ཕན་གྱི་ རེད་དོ།། བོད་ཡིག་གི་ཀློག་སྟངས་འདི་ལྟར་ཡིག་འབྲུ་གཉིས་ཆ་བྱས་ནས་ཀློག་གི་ཡོད་པ་རེད། དེའི་ཕྱིའི་བར་མཚམས་བཞག་པ་ལས་འགྲོ་སྟངས་འདི་ཙམ་བྱང་བ་ཡིན་ན་འགྲིག་འགྲོ་གི་རེད། བར་སྟོང་བཞག་ན་ཡིག་འབྲུ་གཅིག་གཉིས་རེ་བྲིས་པ་སྨྱུག་རྩེ་ཐེངས་རེ་སྤོར་དགོས་པས་དཀའ་ལས་དང་དུས་ཚོད་དང་ཤོག་ངོས་ཀྱི་འགྲོ་སོང་ཆེན་པོ་རེད། དེ་ལྟར་བྱས་ན་ད་ལྟའི་དཔེ་ཆ་ཤོག་ངོས་ཆིག་སྟོང་ཅན་ཞིག་བར་སྟོང་བཞག་ནས་པར་བསྐྲུན་བྱས་ན་ཤོག་ངོས་སྟོང་ཕྲག་གཉིས་ཡར་མར་ཆགས་འགྲོ་གི་རེད། འོན་ཀྱང་ཤོག་ངོས་ཉིས་སྟོང་ལས་ཆིག་སྟོང་སྟོང་པའམ་བར་སྟོང་དེས་བཟུང་ཡོད་པ་རེད། བརྗོད་བྱ་ཉུང་ཉུང་དང་ཤོག་གྲངས་མང་པོ་མང་པོ་ཆགས་འགྲོ་གི་རེད། མཉམ་ཞིབ་དང་རྒྱུས་ལོན་གང་ཡང་མི་བྱེད་པར་ཆེན་པོ་ཆེན་པོ་བཤད་མཁན་ཚོས་ད་དུང་སློབ་སྦྱོང་བྱོས་ལོ།།
བཀའ་འགྱུར་དང་བསྟན་འགྱུར་རྣམས་བར་སྟོང་བཞག་ནས་པར་ན་དཔེ་གཟུགས་ད་ཡོད་ལས་ལྡབ་གཉིས་ཆགས་འགྲོ་གི་རེད། གློག་ཀླད་ནང་བར་སྟོང་བཞག་ནས་ཡིག་ཆ་བྲིས་ནས་ཉར་བ་ཡིན་གློག་ཀླད་ནང་གི་ཀླད་ཁམས་ཀྱི་རྒྱ་ཁྱོན་ཡང་ཆེ་བ་ཟ་གི་རེད།
དགེ་འདུན་རབ་གསལ་ལགས་ཀྱིས་ངའི་དྲི་བར་ལན་འདེབས་གནང་བར་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞུ།
བོད་ཡིག་ཚིག་གཉིས་བར་ལ་ཚེག་གཉིས་སམ་བར་སྟོང་བཞག་པའི་རེ་བ་ང་ལ་མེད་ཀྱང་། གལ་སྲིད་དེ་ལྟར་བྲིས་མཁན་བྱུང་ན། དེའི་མགོ་ལ་རྒྱུག་པ་དང་ཁྲིམས་ཀྱི་ཉེས་ཆད་མི་ཕོག་པའི་རེ་བ་ཡོད།
ང་ཚོས་ཆུང་དུས་ཡི་གེ་ཝ་ དང་བ། དབའ་གསུམ་སོ་སོའི་སྒྲ་གདངས་ཁྱད་པར་དབྱེ་བྱེད་གསལ་པོར་བྱས་ཐུབ་པ་ལ་དུས་ཚོད་ག་ཚད་འགོར་ཡོད་མེད་བརྗེད་ཚར་ནས། ཨིན་སྐད་ལ། དབྱིན་བྱི་ཞེས་འབྲི་ན་སྐད་ཡིག་ཕྱུག་མདོག་ཁ་བོ། གཡིན་ཇི་ཞེས་འབྲི་ན་ཁྱད་མཚར་པོ། ཨིན་ཇི་ཞེས་འབྲི་ན་སླ་འདྲ་བོར་མཐོང་བའི་རྙིང་ཞེན་འདིས་བོད་སྐད་བོད་མིའི་ ལྕེ་རྩེར་སླེབ་པར་འགོར་ཡུན་རིང་བར་བྱས་པ་དང་ཚིག་གཉིས་བར་ལ་་ཚེག་གཉིས་་ལའང་དེ་དང་མཚུངས་སོ།
ད་ནི་ གྲོགས་པོ་པད་མ་ལགས་སུ་འགྱུར་གྱི་སྐོར་ལ་དྭོགས་འདྲི་ཞིག་བྱེད་འདོད་བྱུང་།
BREATHING SPACE: How Word Separation Can Save the Tibetan Language
ཞེས་པ་འདི་ཕྲན་གྱི་བསམ་ཚུལ་ལ། དབུགས་རྔུབ་སའི་སྟོང་ཆ། ཚིག་ཁ་ཕྲལ་བས་བོད་སྐད་ཇི་ལྟར་སྐྱོབ་ཐུབ་ཚུལ། ལྟ་བུ་ཞིག་ལ་བསྒྱུར་དགོས་པར་དྲན། སྐུ་ཉིད་ཀྱིས། བོད་སྐད་ཇི་ལྟར་སྐྱོབ་པའི་འབྱུང་རྔུབ་ཀྱི་བར་སྟོང་། ཞེས་བསྒྱུར་གནང་འདུག ཁྱད་པར་ཡོད་དམ། དྲི་བ་ཞིག་ཡིན་ལགས།
ངས་ ཀྱང་ འགྱུར་རྩོམ་ འདིའི་ མིང་བྱང་ གི་ འགྱུར་ བདེ་བོ་ མེད་པ་ ཀློག་ མི་བདེ་བ་ ཞིག་ ཚོར་ བྱུང་། དགེ་རབ་ ཀྱིས་ ཡག་པོ་ ཞིག་ བསྒྱུར་ འདུག་ སྙམ། འགྱུར་ སྔ་མའི་ འབྱུང་ ཞེས་པ་ འབྱིན་ ཞེས་ བསྒྱུར་ན་ འཐད་ལྡན་ དུ་ མཐོང་།
སྤྱིར་ བྱེས་གྱུར་ བོད་ཕྲུག་ ཚོའི་ བོད་ཡིག་ ཤེས་ཚད་ མཐའ་ འདི་འདྲ་ ཞིག་ལ་ སླེབས་པའི་ རྒྱུ་རྐྱེན་ གཅིག་ ནི་ བོད་ལུགས་ སློབ་གྲྭའི་ གཞི་རྩའི་ སློབ་ཁྲིད་ བྱེད་སྲོལ་ ལ་ འགྱུར་བ་ ཞིག་ གཏོང་ དགོས་ ཀྱི་ འདུག སྐད་ཡིག་ གང་ ཞིག་ སྦྱང་གཉེར་ སློབ་ཁྲིད་ བྱེད་པར་ བཤད་ ཀློག་ ཉན་ འབྲི་ བཅས་ རྩ་བའི་ ཐབས་ལམ་ བཞི་ བེད་སྤྱོད་ དང་། སློབ་ཁང་ དུའང་ ལེགས་སྦྱར་ སྤྲོད་ ཀྱི་ ཡོད་པའི་ བཟོ་འདྲ་བོ་ དགེ་རྒན་ ཁོ་ནས་ ཅི་ཞིག་ བཤད་ནས་ དུས་ཚོད་ སྐྱེལ་བ་ ལྟ་བུ་ མ་ཡིན་པར། སློབ་ཐུན་ དུས་ཚོད་ ཆ་བགོས་ཀྱིས་ དང་པོ་ དགེ་རྒན་ གྱིས་ སློབ་ཁྲིད་ ངོ་སྤྲོད་ སྐར་མ་ ཉི་ཤུ་ཙམ་ བྱས། དེ་ནས་ སློབ་མ་ རང་ལ་ སྐུལ་ལྕག་ གིས་ དགེ་རྒན་ གྱིས་ བསླབ་པ་ དེ་ ཕན་ཚུན་ སྦྱང་བཤད་ དང་ འབྲི་བ། ཉན་པའམ་ ཀློག་ དུ་ བཅུག་ན་ དགེ་རྒན་ ལ་ སློབ་ བདེ་ ཞིང་ སློབ་བུའི་ རྒྱུད་ ལ་ འབྱོར་ བདེ་བོ་ ཞིག་ ཡིན།
བོད་ཡིག་ཚིག་རེའི་བར་ལ་ཚེག་གཉིས་རེ་རྒྱབ་རྒྱུའམ་བར་སྟོང་བཞག་རྒྱུའི་སྐོར་ལ་ང་ཡང་མཆན་བུ་ཞིག་འདེབས་ན་འདོད། ང་ཚོའི་གཏམ་དཔེར་ལུགས་བཟང་དགྲ་ལ་ཡོད་ཀྱང་ལེན། །ལུགས་ངན་ཕ་མས་བསྟན་ཀྱང་སྤོངས། །ཟེར་བ་ལྟར་ལེགས་ཆ་རྣམས་གཞན་གྱི་རིག་གཞུང་ནས་བླངས་འོས་པ་ཞིག་ཡིན་ཀྱང་རང་གི་རིག་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཉམས་སྲུང་བྱེད་རྒྱུ་ཡང་གལ་ཆེན་པོ་རེད།
གང་ལྟར་དེ་འདྲ་ཞིག་འབྲི་ན་གང་འདྲས་འབྲི་དགོས་རེད། འབྲི་སྟངས་ཀྱི་ཁྲིམས་ལུགས་ཤིག་ཀྱང་དགོས་ངེས་རེད། དཔེར་ན་དབྱིན་སྐད་ལ་གཞི་བཞག་ནས་དབྱིན་སྐད་ཀྱི་ཚིག་རེའི་དབར་ལ་བར་སྟོང་རེ་བཞག་གི་ཡིན་ནམ། བོད་ཀྱི་ཚིག་རེའི་དབར་ལ་བར་སྟོང་བཞག་དགོས་ན་དེ་ནི་སྔར་ལས་ཀྱང་ཀློག་མི་བདེ་བ་ཆགས་འགྲོ་རྒྱུ་ལས་དགེ་མཚན་གང་ཡང་མི་ཡོང་སྙམ།
ཁྲིམས་མེད་པར་གང་བྱུང་བྱུང་འབྲི་ན་བོད་ཀྱི་རིག་གཞུང་དེ་གང་བྱུང་བྱུང་ཡིན་པ་ཞིག་ཆགས་འགྲོ་གི་རེད། དཔེར་ན་འབྲུག་པའི་ཡི་གེ་ལ་བར་སྟོང་བཞག་ནས་འབྲི་གི་ཡོད་ཀྱང་བར་སྟོང་གང་འདྲས་བཞག་རྒྱུའི་ཁྲིམས་ལུགས་འདི་འདྲ་ཡིན་ཟེར་བ་ཞིག་མེད། དེ་ཡིན་དུས་རྩོམ་པ་པོ་སོ་སོས་ཡི་གེ་རེ་འབྲི་ཡོང་གི་ཡོད་ཙང་འབྲུག་པའི་རིག་གཞུང་དེ་གང་བྱུང་བྱུང་ཞིག་ཆགས་ཚར་ཡོད་རེད།
འབྲུག་པའི་རྩོམ་པ་པོ་ཞིག་ལ་བར་སྟོང་བཞག་ཚུལ་གང་འདྲས་རེད་ཟེར་དྲི་བ་བཀོད་ན་དེ་ལྟར་རེད་ཅེས་ལན་བཤད་སྲིད། ཡིན་ན་ཡང་ཁོ་རང་གིས་བྲིས་པའི་རྩོམ་ལ་བལྟས་ན་ཁོ་རང་གིས་བརྗོད་པའི་ཁྲིམས་དང་འགལ་བའི་ཡི་གེ་མང་དག་ཅིག་རྙེད་ངེས་རེད།
གཅིག་བྱས་ན་རིག་གཞུང་གང་བྱུང་བྱུང་ཞིག་ཆགས་འགྲོ་དུས་ཕན་རླབས་ཆེན་པོ་འདྲ་ཞིག་ཀྱང་མཐོང་གི་འདུག རྒྱུ་མཚན་ནི་རིག་གཞུང་གང་བྱུང་བྱུང་མིན་ན་ངས་ཅི་གང་བྱས་ཐུབ་ཀྱི་མ་རེད། རིག་གཞུང་གང་བྱུང་བྱུང་ཆགས་ནས་ད་ང་ཡང་འབྲུག་གི་རྩོམ་པ་པོ་ཞིག་ཆགས་ཡོད་རེད། བོད་ཀྱི་རིག་གཞུང་ཡང་གང་བྱུང་བྱུང་བཟོ་ན་སྤྱད་མཁན་མང་དག་ཅིག་འབྱུང་སྲིད། ང་ཡང་བོད་ཀྱི་རྩོམ་པ་པོའི་གྲལ་དུ་ཚུད་སྲིད། ཧ་ཧ་
བོད་རིགས་གཞུང་ཟེར་བ་དེ་མི་ཞིག་གི་མི་ཚེས་ནང་བསྐྲོན་ཐུབ་པ་དང་ཡང་ན་ཁ་སུ་བདེ་བྱེད་ནས་ཉན་ཚགས་བྱོད་པ་ཞིག་མ་རེད་་་་་་་་་ གོང་གི་བརྡ་སྤྲོད་རིགས་པར་ཆག་བཞག་པ་ཡིན་ན་ཐུན་མི་གཙོ་བྱེད་པས་སེར་བསྡུ་རིན་པོ་ཆེན་སོགས་མཁས་དབང་དག་གིས་བདག་འཛིན་ཁུངས་སྤྲོད་བཞག་པ་ལྟར་དཔེལ་དེ་ལྟ་བོད་ཀྱིས་རིགས་གཞུང་ཆེ་ཆུང་ཡོངས་རྫོགས་མེས་པོས་དག་གིས་ཡིན་པས་ངོ་འཛིན་བྱོས་ན་ལེགས་པ་སྣམ་་་་་་
བཀྲ་ཤིིས་བདེ་ལེགས་
བོད་སྐད་སྐོར་བཀའ་མོལ་གནང་གི་ཡོད་ཙང་བསམ་ཚུལ་ཞིག་ཞུ་འདོད་བྱུང་། བོད་རྗེ་སྲོང་བཙན་སྒམ་པོའི་བཀོད་སྒྲིག་འོག་ཐོན་མི་སམ་བྷོ་ཊས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་སྐད་ཡིག་གསར་གཏོད་མཛད་དེ་བོད་ཧྲིལ་པོས་མ་ཚད་པར་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་དང་བཅས་པས་འབྲི་ཐུབ། ཀློག་ཐུབ། གོ་ཐུབ་པའི་སྐད་ཡིག་འདི་བེད་སྤྱོད་མི་བྱེད་པར་སློབ་གྲ་མེད་པའི་ལུང་ཁུག་ཆུང་ཙག་གི་ལོག་སྐད་ལ་དང་དོད་ཀྱིས་བེད་སྤྱོད་གཏོང་ཐབས་བྱས་ན་དེང་སང་༧གོང་ས་སྐྱབས་མགོན་ཆེན་པོས་བསྟོད་བསྔགས་མཛད་བཞིན་པའི་བོད་ཀྱི་སྐད་ཡིག་འདི་ཁུངས་གཏུགས་ས་མེད་པའི་སྐད་ཡིག་སླ་པོ་ཞིག་ཆགས་ཀྱི་མ་རེད་པས།། དེ་བཞིན་བཀའ་འགྱུརདང་། བསྟན་འགྱུར། བོད་ཀྱི་མཁས་པ་མང་པོས་མཛད་པའི་བསྟན་བཅོས་དེ་ཚོ་ཡང་ལོག་སྐད་འདྲེས་པའི་དཔེ་ཆ་ཞིག་ཏུ་འགྱུར་དགོས་པ་ཆགས་ཀྱི་མ་རེད་པས།། ལོག་སྐད་ནི་བོད་རྒྱ་ཁྱབ་ལ་གྲངས་ལས་འདས་པ་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ནི་བོད་ལ་སློབ་གྲ་མང་པོ་མེད་པའི་སྐྱོན་དང་། འགྲུལ་བཞུད་ཀྱི་མཐུན་རྐྱེན་ལེགས་པོ་མེད་ཙང་ཕན་ཚུན་འབྲེལ་གཏུགས་ཡང་ཡང་མེད་པའི་སྐྱོན་ལས་བྱུང་བའི་ཞན་ཆ་ཞིག་ཡིན་པ་ལས་ལེགས་ཆ་ཡིན་པར་ངོས་ལེན་བྱེད་མཁན་ཨེ་ཡོད།
ཡང་མང་གཙོའི་སྤྱི་ཚོགས་ནང་རན་པོའམ། འཚམས་པོ་མེད་པའི་ཐ་སྙད་ཕྱིས་སུ་དར་ཁྱབ་བྱུང་བ་སྐུ་ངོ་དང་། སྐྱེ་དམན་སོགས་གྲལ་རིམ་དང་། ཕོ་མོ་དབྱེ་འབྱེད་སོགས་ཀྱི་མིང་ཚིག་དེ་གྲས་ལ་དང་དོད་མ་བྱས་ན་ལེགས་པ་མེད་དམ། དེའི་སྐོར་ ༡༩༦༠ ནང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དམངས་གཙའི་ལམ་ལུགས་སུ་བསྒྱུར་གནང་མཛད་རྗེས་འགོ་བརྗོད་སྐུ་ངོ་ཞེས་པ་འདི་འགྱུར་བཅོས་དགོས་པའི་བཀའ་སློབ་ཀྱང་སྩལ་ཡོད། དེ་བཞིན་ཞྭ་སྒབ་པ་བདེ་ལྡན་དབང་ཕྱུག་མཆོག་གིས་བརྩམས་བསྒྲིགས་གནང་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་གཞུང་ཞབས་པ་མཐོ་དམའ་མང་པོའི་མཚན་བཀོད་ཡོད་ཀྱང་ཆབ་སྲིད་ཀྱི་དགོས་མཁོར་གཟིགས་ཏེ་འགོ་བརྗོད་སྐུ་ངོ་ཞེས་པ་མཐོང་རྒྱུ་མི་འདུག། དེ་བཞིན་བོད་ནང་དུ་གནས་དུས་ལ་བརྟེན་ནས་སེར་སྐྱ་ཕོ་མོ་སྐྱིད་སྡུག་དྲག་ཞན་དང་། གོ་གནས་མཐོ་དམའ་མེད་པར་གུས་ཞབས་ཀྱི་ཚུལ་དུ་མིང་གི་འགོ་བརྗོད་དང་། མིང་ཚབ་ཏུ་རྒན་ལགས་དང་། སྐུ་ཞབས་ཟེར་བ་ལས་སྐུ་ངོ་ཟེར་མཁན་སུ་ཡང་མི་འདུག། འོན་ཀྱང་ང་ཚོ་རང་དབང་ལུང་པར་ཡོད་པའི་མི་རབས་རྒན་པ་ཚོར་གོམས་གཤིས་ཀྱི་ཆ་ནས་དེ་སྔ་སྐུ་ངོ་ཞུ་ཡུལ་གྱི་བགྲེས་སོང་ཚོར་སྐུ་ངོ་མི་ཞུ་ཐབས་མེད་ཀྱི་ཚོར་བ་ཞིག་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། གལ་སྲིད་མི་རབས་གསར་པ་ཚོས་ཆབ་སྲིད་ཀྱི་དགོས་མཁོར་བསམས་ཏེ་སྐུ་ངོ་གསར་པ་མ་བཟོས་ན་མི་རབས་རྙིང་པ་རྫོགས་ལ་ཉེ་བས་དཀའ་རྙོག་མི་འདུག། མ་གཞི་ནས་གུས་ཞབས་ཀྱི་ཚུལ་དུ་འགོ་བརྗོད་དང་། མིང་ཚབ་ཏུ་སྐུ་ཞབས་ཞེས་སེར་སྐྱ་ཕོ་མོ་དྲག་ཞན་མཐོ་དམའ་མེད་པར་འཇུག་ཏུ་འོས་པའི་ཐ་སྙད་སྔ་དུས་ནས་ཡོད་བཞིན་པ་འདི་དག་བེད་སྤྱོད་བྱས་ན་མ་འོ ས་པ་ག་རེ་འདུག་གམ། ཨ་རིའི་སྲིད་འཛིན་ལ་སྐུ་ཞབས་ཨོ་བྷ་མ་ཟེར་གྱི་ཡོད་པ་ལས་སྐུ་ངོ་ཨོ་བྷ་མ་ཟེར་གྱི་མི་འདུག་ག། དེ་བཞིན་བུད་མེད་དང་། ཆུང་མར་སྐྱེ་དམན་ཟེར་རྒྱུར་དང་དོད་མི་བྱེད་པར་རང་རེའི་སྐད་ཡིག་ནང་སྔ་དུས་ནས་ཡོད་བཞིན་པ་བུད་མེད་ལ་བུད་མེད་དང་། ཆུང་མར་ཆུང་མའམ། ཕོ་མོ་གཉིས་ཀར་འཇུག་ཏུ་འོས་པ་བཟའ་ཟླ་དང་། བཟའ་ཚང་སོགས་དོན་དངོས་དང་མཐུན་པའི་ཐ་སྙད་དེ་ཚོ་ཁ་རྒྱུན་དུ་འཇགས་ན་དགེ་མཚན་ཆེ་བ་མ་ཡིན་ནམ།། ཤེས་འཇོན་གང་ཡང་མེད་པའི་རྒས་འཁོག་ལས་མེད་ང་ལ་དུས་ཚོད་མང་པོ་ཡོད་ཙང་དུས་ཚོད་སྐྱེལ་བ་དང་། དྲན་ཤེས་མ་བརླག་པའི་ཆེད་དུ་སྐད་ཆ་མང་པོ་བཤད་པ་འདྲ་ཞིག་ཆགས་སོང་ཡང་དགོངས་འགལ་མེད་པ་ཞུ།། ཐུགས་རྗེ་ཆེ།།
གུས་ཞབས་ཀྱི་ཚིག་དགོས་མི་དགོས་སྐོར་བསམ་བློ་གཏོང་དགོས་པ་ཞིག་འདུག སྐྱེས་དམན་ཞེས་པ་ནི་དེ་སྔར་སྐྱེས་སྨན་ཞེས་མིན་ནམ་སྙམ་པ་ཡོད། ངས་སྤྱི་ལོ་༡༤༥༠ ཙམ་ལ་བྲིས་པའི་ཡིག་རྙིང་ཞིག་ལ་སྐྱེས་སྨན་ཟེར་བ་ཞིག་མཐོང་བྱུང་བས་དེ་ལ་ཁུངས་གཏུགས་ནས་དེང་སང་ངས་སྐྱེས་སྨན་ཞེས་བེད་སྤྱོད་ཀྱིན་ཡོད། སྒྲ་དོན་འགྲེལ་བཤད་རྒྱག་དགོས་ན་ཡང་སྐྱེ་རྒྱུར་སྨན་པས་སྐྱེས་སྨན་དང་ཡང་ན་སྐྱེས་པ་ལ་སྨན་པས་སྐྱེས་སྨན་ཞེས་འགྲེལ་ཆོག་པ་འདུག དེས་ན་གཞན་དག་རྣམས་ཀྱིས་ཀྱང་སྐྱེས་དམན་དེ་དོར་ནས་སྐྱེས་སྨན་ཞེས་སྤྱད་ན་མི་ཆོག་པ་ཨེ་འདུག
སྐུ་ཞབས་གཡུ་འབྲུག་སྔོ་ན་མོ་ལགས་ནས་༼ སྐྱེ་དམན་མ་རེད། ་སྐྱེས་སྨན་རེད་ ༽ ཅེས་པའི་འགྲེལ་བཤད་སྙེང་རྗེ་པོ་ཞིག་སྐྱོན་གནང་འདུག་པར་དངོས་གནས་དགའ་པོ་བྱུང་། དེ་མིན་ཕྱིས་སུ་བཟོས་པའི་ཚིག་མཛོད་འགའ་རེའི་ནང་༼ སྐྱེ་དམན་ ༽ཞེས་པྲིས་འདུག་པ་ ༼ སྐྱེས་སྨན་༽ དུ་བསྒྱུར་ཐུབ་ན་ཡག་པོ་འདུག་ག།།
ཐུབ་བསྟན་ཕྱོགས་གླང་ལགས་ནས་གསུངས་པ་བཞིན། ཚིག་མཛོད་སོགས་སུ་ཡོད་པའི་སྐྱེས་དམན་རྣམས། ཕྱིས་སུ་སྐྱེས་སྨན་ཞེས་བསྒྱུར་ཐུབ་ན་ཡག་པོ་ཡོད་ཚོད་འདུག ཡིན་ན་ཡང་། གོང་དུ་ངས་སྐྱེས་དམན་མ་རེད་སྐྱེས་སྨན་རེད། ཅེས་ཞུས་པ་དེའི་ཁུངས་གཏུགས་ཀྱི་ཡིག་ཆ་དེ་ལ། ཁུངས་ཐུབ་ཨེ་ཡོད་མི་ཤེས། ཡིག་ཆ་དེ་ནི། འབྲུག་རང་རྒྱལ་ནས་ཐོན་ཅིང་། འབྲུག་པ་ཞིག་གིས་བྲིས་པ་ཞིག་རེད།
གང་ལྟར། དེང་སང་སྐྱེས་པ་དང་བུད་མེད་ཀྱི་དབར་ལ། སྲིད་ཕྱོགས་ནས་ཁྱད་པར་མེད་ཚུལ་བརྗོད་ཀྱང་། ནང་ཆོས་ཀྱི་སྟེང་ནས་ཡིན་ན། ངེས་པར་དུ་ཁྱད་པར་ཡོད་རྒྱུ་རེད། དེ་ཡང་། སྟོན་པས་འདུལ་ཁྲིམས་ཀྱི་བཅས་པ་མཛད་དུས། དགེ་སློང་ཕ་ལ་འདུལ་ཁྲིམས་༢༥༣ དང་། དགེ་སློང་མ་ལ་༣༥༠ མཛད་ཡོད་པ་དེ། ཕོ་མོའི་དབར་གྱི་ཁྱད་པར་ལ་བརྟེན་ནས་ཡིན་ཅིང། དེ་ལྟར་མིན་ན། སྟོན་པ་ལ་ཉེ་རིང་ཡོད་པར་བརྗོད་དགོས་པར་འགྱུར་རོ་བསམ།
དེ་ཡིན་དུས་ནང་ཆོས་ཀྱི་ཐོག་ནས་བསམ་བློ་གཏང་དུས། བུད་མེད་དང་སྐྱེས་པའི་བར་ལ་ཁྱད་པར་ཡོད་པ་རེད་མེད་པ་རེད། དེའི་སྐོར་ལ་དྲ་གྲོགས་ཚོས་དགོངས་འཆར་གསུངས་རྒྱུ་ཡོད་ན་གསུངས་རོགས། ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་པ་སོང་ཙང་། ནང་པ་སངས་རྒྱས་པའི་ལུང་རྣམས་ཁས་མི་ལེན་རང་ལེན་རེད། དེ་ཡིན་དུས། སྲིད་ཕྱོགས་ནས་ཕོ་མོའི་དབར་ཁྱད་པར་མེད་པར་བསྒྲུབ་དགོས་ན། དེ་ལྟར་མ་བསྒྲུབ་གོང་དུ། ནང་ཆོས་ཀྱི་སྟེང་དུ་ཁྱད་པར་ཡོད་ཚུལ་གསུངས་པ་རྣམས། དགོངས་པ་འགྲེལ་དགོས་རེད། དེ་ཡིན་དུས་དྲ་གྲོགས་ཚོས་དགོངས་པ་འགྲེལ་རོགས་གནང་ཞུ།
མ་ཎི་བགྲངས་འདོད་མེད་ན། གཤམ་གྱི་ཚིག་རྣམས་བློ་ལ་སྐྱོར་རོགས།
(བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། ཡིག་ནོར་ལ་དེ་བས་སྣང་མེད་གཏོང་མི་རུང་།)
(བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། ཡིག་འབྲུ་རེ་རེ་འབྲི་བའི་ཚེ་ན་ཡང་འགན་ཁུར་གྱི་བསམ་བློ་ཡོད་དགོས།)
(བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་སྐད་དང་གཞན་སྐད་ལྷན་དུ་བསྲེ་མི་རུང་།)
(བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་ཉིད་ཀྱི་མིང་རྟགས་ཚུན་ནས་དོ་སྣང་བྱ་དགོས།)
(བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་ཉིད་ཀྱིས་རང་ཉིད་ངེས་པར་ངོ་ཤེས་དགོས།)
བོད་པ་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཆབ་སྲིད་དང་ཁོར་ཡུག་གི་མཐུན་རྐྱེན་གཉིས་ཀ་མ་ཚང་བ་ཙམ་དུ་མ་ཟད་ཡོད་ཚད་དེའི་འགལ་ཟླ་རྐྱང་རྐྱང་རེད་འདུག། དཔལ་འབྱོར་གྱིས་ཡོངས་རྫོགས་དབང་འོག་དུ་བསྡུ་བའི་དུས་རབས་འདིའི་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡང་སྐད་ཡིག་དང་རིག་གཞུང་གྲངས་མེད་པ་མང་པོ་ཉམས་དང་ཉམས་བཞིན་པའི་ནང་གི་ཆ་ཤས་ཆུང་ཆུང་ཞིག་རེད། དེ་བཟང་ངན་གང་ཡིན་ཡང་དངོས་ཡོད་ཀྱི་གནས་ཚུལ་ནི་རེད། རྒྱ་ནག་དབང་འཛིན་པའི་འོག་ནས་ཐར་ནའང་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ཟེར་བ་འདིའི་འོག་ནས་སུ་ཡང་ཐར་ས་མེད་པའི་དུས་རབས་འདིའི་ནང་། བོད་པས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་ཀླད་པ་གཡུག་ནས་གང་འདྲ་སེ་བྱེད་དགོས་བསྐོར་ལ་བསམ་ཚུལ་བརྗེ་རེས་བྱེད་ན་གོ་རྟོགས་འཕེལ་རྒྱུར་ཕན་ས་རེད། རྗེས་སུ་མཇལ་ཡོང་།།
བསྟན་འཛིན་བདེ་སྐྱིད་ཁོང་རང་ཉིད་ཀྱི་རྩོམ་ཡིག་དེ་དབྱིན་ཡིག་ནང་དུ་བྲིས་པ་དེས་གནས་ཚུལ་མང་པོ་གསལ་བཤད་ཐུབ་ཀྱི་ཡོད། དང་པོ་ནི། ཁོང་གི་བོད་ཡིག་གནས་ཚད་ཇི་ཙམ་ཡོད་པ་དེ་གསལ་བཤད་ཐུབ་ཀྱི་ཡོད། གཉིས་པ། ཁོང་བོད་ཡིག་སྦྱོང་སྐབས་ཏན་ཏན་དཀའ་ངལ་གང་ཙམ་ཕྲད་པ་དང་། དེ་ལས་ད་དུང་ཡང་རྣམ་པར་རྒྱལ་མ་ཐུབ་པར་ལུས་ཡོད་པ་དཔོག་ཐུབ།
ཡི་གེའི་བཤད་པ་མཁས་ཁ་རྒྱན་དུ། ཀློག་ཕྱེད་གོ་བས་ཤེས། ཞེས་གསུངས་ཡོད། དེའི་གོ་དོན་ནི། བོད་ཡིག་ཀློག་པའི་ཚེ། གང་བཀླག་རྒྱུའི་ཚིག་དེའི་གོ་དོན་མ་ཤེས་ཚེ། སྐབས་སྐབས་སུ་ཀློག་ནོར་ཐེབས་ཀྱི་ཡོད། དཔེར་ན། འགྲོ་བ། ལྟ་བུའི་ཚིག་ལ་མཚོན་ན། ཚིག་སྒྲུབ་ཡོངས་རྫོགས་ཀྱི་གོང་འོག་ལ་བལྟས་ནས་བྱ་ཚིག་ཡིན་དང་མིང་ཚིག་ཡིན་ཐོག་མར་ཤེས་རྟོགས་བྱ་དགོས། རྒྱུ་མཚན་ནི་ཀློག་སྟངས་མི་འདྲ་བ་ཡིན་པས་སོ།། དེས་ན་ཚིག་སོ་སོའི་བར་སྟོང་པ་བཞག་ཀྱང། སྤྱིར་བོད་ཡིག་གི་གནས་ཚད་མ་ལོན་ཚེ་དཀའ་ངལ་མུ་མཐུད་དེ་གནས་རྒྱུར་ངེས་སོ།། །།
speak tibetan, talk tibetan, think tibetan, wear tibetan, drink tibetan, sleep tibetan, walk tibetan, eat tibetan, gone mad in Tibetan!