ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༢ ནས་༡༥ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རཱག་(Prague) ཏུ་ ༢༠༠༠ གླེང་སྟེགས་(Forum 2000) ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་༡༨ པའི་ནང་མཉམ་ཞུགས་གནང་གཏན་འཁེལ་ཡོད། དེ་ཡང་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་འདྲ་མིན་ནས་ཆབ་སྲིད་དང་། ཤེས་ཡོན། གསར་འགྱུར་བརྒྱུད་ལམ། ཚོང་ལས། ཆོས་ཕྱོགས་བཅས་ལས་རིགས་འདྲ་མིན་ཐོག་གི་དབུ་ཁྲིད་གྲངས་༢༠༠ ཙམ་མཉམ་ཞུགས་གནང་རྒྱུ་ཡིན་འདུག
འདི་ལོའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི། དེ་སྔ་ལྕགས་ཀྱི་ཁྲ་ཡོལ། Iron Curtain ཞེས་པའི་དུས་སྐབས་དང་། གནམ་བདེ་སྒོར་མོའི་དོན་རྐྱེན་ Tiananmen བྱུང་ནས་ལོ་ངོ་༢༥ སོང་རྗེས་མང་གཙོའི་ལམ་ལུགས་དང་དེའི་ཞན་ཆ། ”Democracy and Its Discontents: A Quarter-Century After the Iron Curtain and Tiananmen’ཞེས་པ་ཡིན་འདུག
དེར་བརྟེན་ལྷན་ཚོགས་འདི་བརྒྱུད་ནས་འདས་པའི་མི་ལོ་ ༢༠།༣༠ རིང་མང་གཙོའི་འཕེལ་རིམ་དང་ད་ལྟའི་གནས་བབ། མ་འོངས་པའི་གོ་སྐབས་སྐོར་སོགས་གནད་དོན་མང་དག་ཅིག་ཐོག་དྲན་བསྐུལ་དང་བློ་སྐྱེད། འཆར་སྣང་སོགས་ཐོག་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་འདུག ལྷན་ཚོགས་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གི་བཟང་སྤྱོད་ལ་གཞི་བཅོལ་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ཀྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་བཞིན་སྐབས་དེར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ཐེབས་རྩ་ཁང་གི་ཚོགས་གཙོ་སྐུ་ཞབས་ཀལ་གར་ཤི་མན་ Carl Gershman ལགས་ཀྱིས་གཙོས་བྷེ་ལ་རུ་སུ་དང་། ཁུ་བྷ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་རིའི་གཞུང་ཚབ་པ་མཆོག་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་ཡང་ ༢༠༠༠ གླེང་སྟེགས། ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་འདི་བཞིན་ཕྱི་ལོ་༡༩༩༦ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝལ་ Václav Havel མཆོག་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧི་ས་ས་ཀ་བ་ Yohei Sasakawa ལགས། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨེ་ལི་ཝེ་སེལ་ Elie Wiesel ལགས་བཅས་ཐུན་མོང་གིས་དབུ་འཛུགས་གནང་བ་ཞིག་ཡིན་འདུག
ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝལ་མཆོག་ཁོང་གིས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ། སྤྱི་ཚོགས་ཀྱི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུ། ཆོས་ལུགས་དང་མི་རིགས། རིག་གཞུང་འདྲ་མིན་ཕན་ཚུན་འཆམ་མཐུན་དང་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་བྱས་རྗེས་རྒྱུན་སྐྱོང་གནང་རྒྱུ་བཅས་ཡིན་འདུག
བཀྲ་ཤིས་བདེ་ལེགས། བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།
ཧ་ཅང་གི་གཏམ་བཟང་ཞིག་རེད། ཡིན་ནའང་ཤར་ཁུག་ལ་སོགས་པའི་རྡ་སའི་xxxxདེ་ཚོས་བཀག་ཐབས་བྱེད་སྲིད། ཐ་ན་སྲིད་སྐྱོང་གི་པར་ཡན་ཆོད་ལ་དགག་པ་རྒྱབ་ཀྱི་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་དམ་ཟེར་ན་རྨོངས་དད་དང་སྒེར་སྤྱོད་རིང་ལུགས་པའི་རྙིང་དྲི་ད་དུང་རུལ་དྲི་ཐུ་ལེ་བ་མཇུག་གནས་ཡོད་རྟགས་རེད། རྙིང་ཞེན་ཅན་ཁོ་ཚོ་ནི་སོ་སོའི་ཆོས་ལུགས་དང་མི་སྒེར་རེ་ཟུང་ཁེ་བཟང་ལ་ཐུག་ན་མི་རིགས་དང་རྒྱལ་ཁབ་རྩ་མེད་འགྲོ་ནའང་འགྲོ་བསམ་མཁན་གྱི་ཕོང་འདྲེ་དེ་ཚོ་རེད།
ཨ་ཁ། མངའ་རིས་འཕྲིན་ཅན་ཟེར་བ་འདི་དངོས་གནས་སྙིང་རྗེ། ཁ་གྲགས་པ་དང་ལྕེ་རྩེར་རུལ་དྲིའི་ཁེངས་འདུག
གྲུབ་འབྲས་རེད། ནམ་ཞིག་ཉི་མ་མཉམ་འབྲེལ་རྒྱལ་ཚོགས་སུ་བཅར་ནས་སྲིད་འཛིན་ཞི་ཅིན་པིན་གྱི་གམ་ནས་འདུག་ཐུབ་པའི་སྨོན་ལམ་ཡོད།
འདི་གཏམ་བཟང་རེད་ལ་ང་ཚོའི་རྒྱལ་ཁ་ཆུང་ཆུང་ཞིག་ཀྱང་ཡིན་པས་བཀྲ་ཤིས་བདེ་ལེགས་ཞུ།
སྤྱིར་བཏང་ཡིན་ན་བཀྲ་ཤིས་བདེ་ལེགས་ཞུ་དགོས་པ་ཧ་ཅང་ཅང། ཡིན་ནའང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆབ་སྲིད། བོད་ནང་གི་གནས་སྟངས། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས། ཐ་ན་ཁོང་གིས་འབུམ་རམས་པ་བཏོན་པའི་ཁྲིམས་ལུགས་ལའང་ཚད་ལྡན་གྱི་སློབ་སྦྱོང་ཞིག་ཐོབ་མེད་ཙང། ལྷན་ཚོགས་འདི་འདྲར་ཕེབས་པ་ཡིན་ན་ང་ལ་སེམས་ཁྲལ་ཞེ་དྲག་འདུག གང་ཡིན་ཞེ་ན། གཞིས་ཆགས་ཀྱི་གཞིས་མི་དང་སློབ་གྲྭའི་བུ་གུ་ཚོར་གཏམ་བཤད་གནང་གནང་བྱས་ན་འགྲིག་གི་མ་རེད་ཝ། སྲིད་སྐྱོང་མཆོག་ལ་ལྗིད་ཁོག་ག་ཚོད་ཅིག་ཡོད་མེད་ད་བོད་པ་ཚང་མས་ཧ་གོ་ཚར་འདུག་གཱ བྱས་ཙང་འདི་འདྲའི་ཚོགས་འདུའི་སྐབས་ག་རེ་ལབ་ཀི་ཡོད་ན། ག་འདྲ་ཟིག་ལབ་ཡོང་བསམས་ནས་སེམས་ཁྲལ་ཞེ་དྲག་འདུག དཀོན་མཆོག་གསུམ་པོ་མཁྱེན།།
སེམས་ཁྲལ་མ་བྱེད་ཁྱུང་ཆེན་ལགས།
མནོ་བསམ་ཏོག་ཙམ་གུ་ཡངས་གྱིས།
ཁོང་གི་མདུན་ན་༧གོང་ས་བཞུགས།
ཁོང་གི་རྗེས་ན་བོད་མི་ལངས།
གཏམ་བཤད་ཐམས་ཅད་སྲིད་བྱུས་རེད།
གང་ལས་ཐམས་ཅད་མཛད་པ་རེད།
ང་ཚོར་དགོས་པ་ཁེ་ཕན་ཡིན།
ང་ཚོར་མི་དགོས་སྟོང་བཤད་ཡིན།
ནེ་ཙོ་གཟབ་ཏུ་བཅུག་དོན་ཁ།
རྨ་བྱ་བདག་ཏུ་འཛིན་དོན་སྒྲོ
མཛེས་བའི་འཇའ་ཚོན་སྟོང་བ་ཡིན།
དགོས་བའི་ནོར་བུ་གཏིང་ན་གདའ།
གོང་ལ་བཀུར་དང་འོག་ལ་བྱམས།
འགྲང་རྒྱས་སྟུ་སྒོར་ག་ལེར་འཇུག
ཆབ་སྲིད་པ་ཡི་རང་ལུགས་ཡིན།
སྙིང་སྟོབས་ཞེན་ལ་གོ་སྐབས་མེད།
སྲིད་སྐྱོང་བློ་བཟང་སེང་གེ་ལ།
སྐྱོན་ནི་ལོས་ཡོད་གང་ཟག་རེད།
རྒྱབ་སྐྱོར་གྱིས་དང་བོད་ལ་ཕན།
ཡི་རང་བྱོས་དང་སེམས་ལ་ཕན།
སྙིགས་མ་བདོ་བའི་སྤྱི་ཚོགས་ནང་།
དང་པོ་རང་སེམས་ལེགས་པར་སྲུང་།
དེ་ནས་སྨྲ་བ་དོན་ལྡན་གྱིས།
མི་ཚེ་བདེ་སྐྱིད་དེ་ནས་བྱུང་།
ཀླུ་སྨྱོན་ཆགས་པས་རབ་ཏུ་སྨྱོས།
ཧོར་གཙང་ཕྱོགས་ཞེན་མེ་རོ་འབར།
ཚ་སྨྱུག་དྲང་བདེན་བཤད་དྲག་ནས།
ད་ལྟ་རིག་རྒྱུ་མེད་ལ་སོམས།
གང་ལྟར་ད་དུང་བཤད་རྒྱུ་ཡོད།
ང་ནི་མི་འདུག་འགྲོ་རྒྱུ་ཡིན།
ཐིག་ལེ་འདྲེན་པའི་དུས་ལ་བབས།
ཞག་གཅིག་སངས་ཞིག་རྒྱ་རེ་རན།
དགའ་བསུ་ཚད་མེད་ཞུའོ།
དགའ་བ་ལ་སྐྱིད་པ་ལ།
འདི་ནི་སྲིད་སྐྱོང་མཆོག་གི་བྱས་རྗེས་དང་། མཛད་འཕྲིན་བླ་ན་མེད་པར་གོ རྙིང་ཞེན་ཅན་རྣམས་ཕྲག་དོག་སྤོངས་ཤིག
ངོ་མ་དགའ་དགོས་རེད། སྲིད་སྐྱོང་རྒྱལ་གྱུར་ཅིག
སྲིད་སྐྱོང་འདི་འདྲ་ས་མི་འདུག
སྲིད་སྐྱོང་མཆོག་ལ་དགའ་བསུ་གྲངས་མེད་ཞུ།
རྒྱལ་སྤྱིའི་གང་གཙོའི་ལས་འགུལ་གྱི་ཚོགས་འདུ་ནི་ཝ་ཚི་ལ་ཧྥུ་ཧ་ཝཱ་ཡིས་རྒྱལ་སྤྱིའི་ནང་དུ་མང་གཙོ་གོང་འཕེལ་དུ་ཡོང་ཆེད་དུ་བཟུང་བའི་དེ་སྔོན་གྱི་ཆི་ཁིའི་ཕྱི་འབྲེལ་གྱི་སྲིད་ཇུས་རེད་ལ། ཚོགས་འདུ་དེ་རྒྱུད་ནས་རྒྱལ་སྤྱི་དང་ལྷག་པར་དུ་ཨེ་ཤར་ཡའི་ཁུལ་དུ་མང་གཙོ་དར་སྤེལ་བཏང་རྒྱུ་རེད། དེ་བཏང་ཆེད་དུ་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཚོ་གཙོ་བོའི་གྱུར་བའི་མང་གཙོའི་རྒྱལ་ཁབ་གཞན་ཚོས་ཀྱང་། མང་གཙོ་ཡི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་གང་ཟག་སྒེར་བ་དང་། ཚོགས་སྡེ། མི་རིགས་ཀུན་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐུལ་མ་བྱེད་རྒྱུ་དེ་རེད། རྒྱུ་མཚན་ནི། མང་གཙོ་ལ་དགའ་མཁན་ཞིག་གིས་མང་གཅོའི་ལས་འགུལ་ལ་རྒྱབ་སྐྱོར་མ་བྱས་བ་ཡིན་ན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གར་སྟེགས་ཁྲོད་དུ་རང་གིས་རང་སྲོག་བཅད་པ་ཡིན་པ་ཧ་ཝཱ་ཡིས་ངོས་འཛིན་བྱེད་ཀྱིན་ཡོད་པས་རེད། སྲིད་སྐྱོང་དང་གལ་ཆེན་གྱི་མི་སྣ་གཞན་དག་གི་གསུངས་བཤད་འོག་ཏུ་གཟིགས་ཐུབ།
https://m.youtube.com/watch?index=3&v=VrDFiEaqzgI&list=PLlnyrbDqulTMEjYAQrNxDfTgZcSKiMWnP
ཁྱེད་རྣམས་པས་སྲིད་སྐྱོང་ལ་བཀྲིས་བདེ་ལེགས་གྲང་མེད་ཞུས་འདུག་ངས་ལྟས་ན་སྲིད་སྐྱོང་མཆོག་ནུབ་ཕྱོགས་ནང་སྤྲོ་འཆམ་ལ་འགྲོ་ཡས་མང་དྲག་འདུགས་དེ་ན་བོད་ཀྱི་གནས་དོན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གི་དབུ་འཁྲིད་རྣམས་དང་གྲོས་མོལ་གནང་དགོས་པ་དང་རྒྱ་ནག་ནང་ཡོད་རྒྱ་མི་རིགས་ཡོངས་ལ་བོད་པའི་གནས་འཚུལ་གསལ་པོ་བཟོ་རྒྱུ་གལ་ཆེན་ཡིན་དེ་མིན་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་ཟེར་བ་དང་གཅིག་པ་རེད་ཚང་མས་བསམ་བློ་གཏོང་