དགའ་ཉག་འཁྱམ་པོ།
ཉིས་སྟོང་བཅུ་བཞི་ཡི་ལྷ་རམས་པ་ཨང་དང་པོ་ཤར་རྩེ་བྱམས་པ་ཤེས་རབ་ལ་འཚམས་འདྲི་ཞུ།
དེ་རིང་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་གསེར་གྱི་གཟེངས་རྟགས་བཞེས་པའི་སྐལ་བཟང་དུས་བཟང་གི་དགའ་སྟོན་ཡིན་ལ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་ཀྱི་ཉིན་མོ་ཡང་རེད། ད་དུང་ལུང་དང་རིགས་པ་སྨྲ་བའི་ངེས་དོན་གྱི་གྲྭ་ཕྱག་དཔེ་བ་ཞིག་གིས་ལྷ་རམས་ཨང་དང་པོའི་མཚན་གྱི་ཅོད་པཎ་འཆང་བའི་དུས་ཚོད་ཀྱང་རེད་འདུག །
སྤྱིར་ན་དགའ་ཤར་ཕུ་ཁང་བྱམས་པ་ཤེས་རབ་ནི་གཞུང་ཆེན་བཀའ་པོད་ལྔ་ལ་ངེས་ཆ་ཆེ་ཞིང་གོ་དོན་གཏིང་ཟབ། ལྷག་པར་ཚད་མའི་རིགས་ལམ་གྱི་སོ་ཁ་ཤིན་ཏུ་རྣོ་བས། གདན་ས་གྲྭ་ཚང་ཁག་གི་ཆེན་པོར་རློམ་པ་དང་། ཆེན་པོ་ཡིན་པ་དག་ཀྱང་སོ་ཁ་དེ་ལས་ལྷོད་ལྷོད་ཀྱིས་ཐར་བ་ཤིན་ཏུ་ཉུང་། གདན་གསུམ་འཇང་དགུན་སོགས་སུ་”ཤར་རྩེ་ཤར་པ་སྒུར་སྐྱོག”དང་། “ཤར་རྩེ་ཀམ་པུ་ཊར”སོགས་མིང་འདོགས་མང་ཞིང་། ཀུན་གྱིས་དོ་སྣང་དང་། རྒོལ་སྔ་ཕྱི་དག་གིས་རྣམ་རིག་གྲུང་པོས་ཧ་ཅང་གིས་གཟབ་གཟབ་བྱེད་ཡུལ་ཞིག་ཡིན། རྒྱུན་དུ་མང་ཆེ་བས་”ཀ་གཡང་”ཞེས་འབོད། ནམ་རྒྱུན་སྒམ་ཚུགས་དང་ཆེ་མདོག་གིས་རྣམ་འགྱུར་བསྟན་ཏེ་སྨྲ་བ་ཉུང་བའི་མཐོ་སྙེག་པ་དེ་འདྲ་མ་ཡིན་པར། གྲྭ་རྐྱང་དཀྱུས་མ་ཚོ་དང་ཤིན་ཏུ་འདྲིས་ལ་འགྲོགས་བདེ་བ་ཞིག་གོ།
ད་ཐེངས་ཀྱི་ལྷ་རམས་ཨང་དང་པོ་འདི་རང་བྱུང་དང་ལམ་འགྲོ་ལྟ་བུ་མ་ཡིན་པར། ལོ་ངོ་དྲུག་གི་རིང་དཀའ་བ་བསྟེན་ཏེ་སྐད་གྲགས་ཆེ་བའི་དཔེ་ཆ་བ་མང་པོ་དང་འགྲན་བསྡུར་གྱིས་ལམ་ནས་འོང་བ་ཞིག་ཡིན། དཔེར་མཚོན་ན། སེར་བྱེས་མཁས་སྙན་གྲྭ་ཚང་གི་ངག་དབང་ཐོགས་མེད། མཁས་མང་བློ་གླིང་གྲྭ་ཚང་གི་ཕ་ར་སངས་རྒྱས། 1 བྱང་རྩེ་ནོར་གླིང་གྲྭ་ཚང་གི་ཤོག་དྲུག་བླ་མ་སོགས་རེད།
གལ་ཏེ་འདི་དམག་འཁྲུག་ཅིག་ཡིན་ན་ཁ་གཏད་ནང་དུ་དཔའ་བོ་སྐད་གྲགས་ཅན་དང་དམག་དཔོན་ཉམས་མྱོང་མང་བས་རྒྱལ་ཁ་ཐོབ་པར་ལས་སླ་པོ་རྩ་བ་ནས་མེད། འོན་ཀྱང་ཕ་ར་སངས་རྒྱས་འཛིན་གྲྭ་འོག་ཏུ་བསྡད། ཤོག་དྲུག་བླ་མས་ལོ་ངོ་བཞི་ཡི་རིང་ཨང་དང་པོ་བླངས་ཏེ། མཐའ་མའི་རྩོད་རྒྱུགས་སྐབས་སུ་ཐབས་མཁས་ཀྱི་མཛད་པས་རྩོམ་རྒྱུགས་སྤྲད་དེ། མཐར་སེར་བྱེས་གྲྭ་ཚང་གི་མཁས་པའི་མདུན་གྲལ་འཛིན་པ་ཐོགས་མེད་ལགས་ཀྱིས་ལྷ་རམས་ཨང་གཉིས་པ་དང་། ཤར་རྩེའི་བྱམས་པ་ཤེས་རབ་ཀྱིས་ཨང་དང་པོ་བླངས།
དེ་སྔོན་ཁོང་གིས་ལྷ་རམས་ཨང་དང་པོ་བླང་ཐུབ་མིན་ལ་སེམས་ཁྲལ་ཡོད། གང་ཡིན་ཟེར་ན། ཁོང་ལ་རྩ་བའི་ཆ་རྐྱེན་ཐོག་བཤད་རྒྱུ་མེད་ཀྱང་གཞན་མགུ་བར་བྱེད་པའི་ལུས་ཀྱི་བརྗིད་ཉམས་དང་། སྐད་ཀྱི་གདངས། དེ་བཞིན་སྨྲ་བརྗོད་སོགས་ལེགས་པོ་རང་མེད། ད་དུང་བསྟོད་པའི་མཐེ་བོང་ཡར་ལ་བསྒྲེངས་ནས་གནམ་ལ་འགྱོག་མཁན་གྱི་མི་ཚོགས་ཀྱང་ཉུང་ཉུང་ཡིན།
ཞོར་དུ་བདག་གི་ཕ་ཡུལ་གཅིག་པའི་གྲོགས་པོ་སེར་སྨད་ཐུབ་བསྟན་ཚུལ་ཁྲིམས་ལགས་ཀྱིས་བཀའ་རམས་ལོ་རིམ་དང་པོའི་ཨང་དང་པོ་དང་། སེར་བྱེས་འཇམ་དབྱངས་གྲགས་པས་སློབ་དཔོན་ཨང་དང་པོ་བཅས་བླངས་འདུག་པར་འཚམས་འདྲི་ཞུ།
པོད་ལྔའི་ཐང་ཆེན་ཡངས་པོ་ལ།།
རྣམ་དཔྱོད་གོམ་པ་གཞལ་བ་ཡིས།།
མཁས་སྙན་མཁས་པའི་རྩེ་མོར་བསླེབས།།
དེ་ཡང་བསྟན་པའི་རྒྱན་གཅིག་གོ །
རིགས་པ་སྨྲ་བའི་མིང་ཙམ་ཡོད་པའི་རྟོག་གེ་བ་དགའ་ཉག་འཁྱམ་པོས། གདན་ས་དགའ་ལྡན་ནས་ཕུལ།
ཟླ་མེད་མཁས་པའི་ཁྱུ་ཕྱོགས་དེ་ལ་དད་གུས་ཆེན་པོའི་བརྟེ་འབྲེལ་ཞུ། མི་བུ་ངོ་མ་རེད།
གཞུང་ཆེན་བྱང་དུ་ཆུབ་པའི་བརྩོན་པ་ཅན།
འདུས་མང་གྲལ་ན་བཞུགས་པའི་ཤེས་རབ་ཅན།
ལོ་དྲུག་རྩོད་ལ་ཞུགས་པའི་མཇུག་འབྲས་ཅན།
མྱིང་ཅན་ཁྱོད་ཅན་གངས་ཅན་པ་ཡི་རྒྱན།
ད་གཞུང་ཆེན་བཀའ་པོད་ལྔ་ཉམས་སུ་ལོངས། འཆི་ཁར་ཕན་པའི་ཆོས་ཤིག་ཏུ་འགྱུར་བར་མཛོད།
ལྷ་རམས་པ་དང་འབུམ་རམས་པ་གཅིག་པ་རེད། ད་རུང་ནང་པ་ཞིག་དང་ཆོས་པ་ཞིག་ཆགས་ཡོད་མེད་ཐག་རིང་པོ་རེད།
དོན་དམ་པའི་ནང་པ་ཞིག་ཆགས་ཡོད་ན་ཀླུ་སྨྱོན་ནང་བཞིན་དགོས་ངེས་རེད་་་་་་་་ཧི་ཧི་ཧི་་
ད་ཡག་པོ་རེད། ང་ཡི་ངོ་ཤེས་ཨ་རི་བ་ཞིག་གིས་ངས་དགེ་བཤེས་ལྷ་རམ་པ་ཨང་དང་པོ་ཡིན་ཟེར་མཁན་དང་མཉམ་དུ་བོད་དཔེ་དབྱིན་སྐད་དུ་བསྒྱུར་རྒྱུའི་ལས་འཆར་བརྩམས་པ་ཡིན། འོན་ཀྱང་ལས་ཀའི་དངོས་གཞི་ལ་འཇུག་དུས། ལྷ་རམ་པ་ལགས་ཀྱིས་བརྡ་སྤྲོད་ཀྱི་འགྲོས་མི་ཤེས་པ་དང་མིང་བརྡ་ཐ་སྙད་མང་པོ་མི་ཤེས་པ། ལོ་རྒྱུས་མི་ཤེས་པ་ལས་སོགས་ཀྱིས་དཀའ་ངལ་མང་དག་ཅིག་འཕྲད་ནས་ཁོང་དང་ལྷན་དུ་བོད་དཔེ་བསྒྱུར་རྒྱུ་མཚམས་འཇོག་མི་བྱེད་ཀ་མེད་བྱུང་ཞེས་བཤད་བྱུང། དེས་ན་ཀླུ་སྨྱོན་གྱིས་བཤད་པ་ལྟར་འབད་པ་གནང་རོགས།
ཀླུ་སྨྱོན་དང་ཁྱུང་སེ་གཉིས་ཆའི་བཤད་པ་བདེན།
ང་རང་ཚོའི་བོད་པའི་གོམས་གཤིས་ངན་པ་ཞིག་ཡོད་པ་ནི་། རང་ཉིད་ལས་གང་ཅིའི་ཐད་ནས་བཟང་བ་ཞིག་ཐོན་སྐབས་ལམ་སེང་རྐང་འདྲེན་བྱེད་རྒྱུ་དེ་རེད། འདིར་ཡང་རྩོམ་པ་པོར་རློམ་ཞིང་ཆོས་པ་ཡིན་མདོག་བྱེད་མཁན་ཀླུ་སྨྱོན་དང་ཞེ་པོ་མཁས་སྙམ་ཆེ་མདོག་བྱེད་མཁན་ཁྱུང་སེ་ཁོང་གཉིས་ལྟ་བུ་རེད། དེ་ཡང་ལེགས་བཤད་ལས། གཞན་ལ་བལྟ་བའི་མིག་ཡོད་ན། རང་ཉིད་མཐོང་བའི་མེ་ལོང་དགོས། ཞེས་པ་ལྟར་རང་ཉིད་འཇོན་རྒྱུ་གང་ཡང་མེད་པར་ཕྱི་རྒྱལ་དུ་དངུལ་ཁོ་ནར་བསམ་ནས་བསྡད། ད་དུང་གདན་ས་ཆེན་པོའི་ནང་གི་མཁས་པའི་དབང་པོ་རྣམས་ལ་འགྲེལ་བཤད་རེ་བྱས། ཁག་མེད་རེད། འདི་ནི་བོད་པ་ཚང་གི་གོམས་གཤིས་ངན་པ་དེ་རེད། འོན་ཀྱང་ཁོང་གཉིས་ལྟ་བུའི་མི་རྣམས་འཆི་བའི་རྗེས་སུ་བོད་པ་ཚང་དེ་ཇེ་བཟང་དུ་འགྲོ་བར་སྨོན། །
དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་འཛིན་གྲ་བཀའ་རམས་དང་གཉིས་དང་སློབ་དཔོན་དང་གཉིས་ལྷ་རམས་ད་གཉིས་ཀྱི་ཨང་དང་པོ་ནས་གནམངས་གསུམ་པ་བར་ངོ་སྤྲོད་ཅིག་གནང་རོགས།
ཨང་དང་པོ་ནས་གསུམ་པ་བར་
ལྷ་རམས་དང་གཉིས
ད་ལོའི་ལྷ་རམས་ཨང་དང་པོ་ལེན་མཁན་བྱམས་པ་ཤེས་རབ་ལགས་ལ་རྟེན་འབྲེལ་ཞུ་བ་དང་ཆབ་ཅིག་བསྟན་འགྲོའི་བྱ་བཞག་རླབས་ཆེན་སྐྱོང་བའི་མཛད་འཕྲིན་རྒྱས་པར་ཤོག
རང་གི་མིང་གི་དག་ཆ་ཙམ་ཡང་མི་ཤེས་པ་དང་བརྡ་སྤྲོད་ཀྱི་འགྲོས་ཙམ་ཡང་མི་ཤེས་པའི་ལྷ་རམས་པ་བོད་པ་ཚང་གི་ཞབས་འདྲེན་རེད། ད་རུང་ཨང་དང་པོ་ཡིན་ན་ཅིག དགོད་བྲོ་བ་རེད། རང་གིས་རང་བཀྱག སྐྱག་པས་རྐུབ་བཀྱག་ཟེར་བ་རང་རེད།
སྔོན་མར་ཡང་ གུང་ཁྲན་ལྷ་སར་སླེབས་པ་རེད། མེ་སྒྱོགས་པོ་ཏ་ལ་དང་ནོར་གླིང་སོགས་འཕེན་བསྡད་ཡོད་པའི་སྐབས་ཀྱང་སེ་འབྲས་དགའ་གསུམ་གྱི་རྟགས་བསལ་བརྩད་ནས་བཞུགས་འདུག་ས་་་་ཧ་ཧ་་་་ལྷ་རམས་པ་ཡ་་་ལྷ་རམས་པ་་་་ད་རུང་ཨང་དང་པོ་ཚོ་་་་་
དངོས་གནས་ང་ཚོས་སློབ་གཉེར་བྱེད་སྟངས་འདིར་ད་རུང་བསྒྱུར་བཅོས་ཅི་མེད་པ་གང་ཡིན་ན། དུས་རབས་ཉེར་གཅིག་པ་རེད། ད་རུང་་་་་་་་་་་་་ད་མི་བཤད་གྲྭ་རྒན་ཚོ་ཡང་་་་་་་་་་ད་གང་ལྟར་ཀྱང་བསམ་བློ་ཞིབ་ཏུ་ཐོངས་དང་་་་་་་་་་་་་་་་་་
ལྷ་རམས་པའི་ལག་འཁྱེར་རག་པ་ཙམ་ལ་དེ་ཙམ་གྱིས་འུད་བསྟོད་བྱེད་དགོས་ཡ་ཨ་ཡོད་ན། ལྷ་རམས་ལག་འཁྱེར་ཡོད་མཁན་དང་མཁན་པོའི་ལག་འཁྱེར་ཡོད་མཁན་དེང་སང་ང་དང་ང་འདྲ་བའི་ཨ་རིའི་ཟ་ཁང་དང་མོ་ཀྲའི་སྣུམ་བླུག་མཁན་དེ་བཞིན་ཐ་ན་ཤ་ཁང་ནང་ལའང་ལས་ཀ་བྱེད་མཁན་གྲངས་བོར་མང་པོ་འདུག་པས། ཀླུ་སྨྱོན་ལགས་ཀྱིས་གསུངས་པ་བཞིན་གཞུང་ཆེན་བཀའ་པོད་ལྔ་ཉམས་སུ་ལོངས་ནས་འཆི་ཁར་ཕན་པའི་ཆོས་ཤིག་གནང་རྒྱུ་གལ་ཆེན་པོ་རེད་འདུག་ལོ།
ལྷ་རམས་པ་ནི་ཚིག་རམས་པ། ལྷ་རམས་པ་ནི་བཤད་རམས་པ། ལྷ་རམས་ནི་རྩོད་རམས་པ། ལྷ་རམས་པ་ནི་ཤོག་རམས་པ།།
སྒོམ་རམས་པ་ནི་དོན་རམས་པ། ལམ་རམས་པ་ནི་དོན་རམས་པ། སྒྲུབ་རམས་པ་ནི་དོན་རམས་པ། དགེ་རམས་པ་ནི་དོན་རམས་པ། འོན་ཀྱང་ལྷ་རམས་ཡོན་ཏན་མང་།།
ལྷ་རམས་པ་ཐོན་པ་ནི་ཤིན་ཏུ་ནས་ལེགས་བོད་རང་གི་ཕ་ཆོས་ལོ་མང་རིང་ཉམས་ལེན་བྱས་པས་ཧ་ཅང་གི་བསྐལ་པ་བཟང་པོ་རེད་དོ།
ལྷ་རམས་ཨང་དང་པོ་ལེན་མཁན་བྱམས་པ་ཤེས་རབ་ལགས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་སྐུ་ཉིད་ཀྱིས་ཆོས་རའི་ནང་ལ་ལོ་མང་རྣམ་རིག་བཀྲབ་ནས་རིགས་པ་བསྦྱངས་པ་བཞིན་དེ་དག་ཐུགས་རྒྱུད་ལ་འབྱོར་ཐབས་དང་། དེའི་ཞོར་དུ་དེང་གི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དག་ལའང་ཐུགས་ཁུལ་གནང་རྒྱུ་མ་བརྗེད།
གོང་དུ་ཨ་ཁུ་ཀླུ་སྨྱོན་དང་། དབང་ཕྱུག་ནག་པོ། མིག་དམར་སོགས་ཀྱིས་གསུངས་པ་དག་ཉམས་མྱོང་གི་བསླབ་བྱ་ཁོ་ན་རེད། དེང་གི་སྤྱི་ཚོགས་འདི་འགྱུར་བཞིན་ཡོད་པས་ང་དགེ་བཤེས་དང་། ང་བླ་མ། ང་ལྷ་རམས་སོགས་གསུང་པར་མིས་བརྩི་འཇོག་དེ་ཙམ་མེད་ནི་རེད། ང་ཡང་དགེ་བཤེས་ལྷ་རམ་པའི་མིང་ཙམ་ཡོད་མཁན་ཞིག་ཡིན། འོན་ཀྱང་ལོ་འདི་དག་རིང་ནུབ་ཕྱོགས་ཁུལ་དུ་ཕན་པའི་ལས་འདི་ཞེས་མེད་པར་བོད་ཀྱི་གཏམ་དཔེར། མི་ནང་སོང་ན་གནག་དང་། གནག་ནང་སོང་ན་མི། ལྟ་བུའི་དུས་འདའ་ཞིང་ཡོད། ཡུལ་འདི་དག་ལ་རྟོག་གེའི་རིགས་པ་གཏོང་ས་མེད་ལ། ཚུལ་གསུམ་གྱི་ཐལ་བ་ཡང་དེ་བས་འཕེན་ས་མེད་ཀི།
མི་གཅིག་ཉིད་མཁས་སྒྲུབ་གཉིས་ལྡན་ཡིན་ན་ཤིན་ཏུ་ལེགས། དེ་མི་ན་ཡང་། མཁས་པ་ཙམ་དང་། སྒྲུབ་པ་ཙམ་གཉིས་སོ་སོར་ཙམ་ཡོད་པ་ཡང་ཡོད་པས། གུས་ཞབས་བྱེད་སྟངས་སོ་་སོར་དགོས་པ་ཡང་གལ་ཆེའོ།།
ལོ་སྔོན་མ་དགེ་ལུགས་རྒྱུས་སྤྲོད་ཀྱི་གྲུབ་འབྲས་དྲ་རྒྱ་ཐོག་ནས་གཟིགས་ཐུབ་ཀྱི་ཡོད་འདི་ལོ་མི་འདུག་གང་ཡིན་ནམ། ཁྱེད་རྣམས་ཀྱི་གཟིགས་ཐུབ་ཀྱི་ཡོད་གཟིགས་རོགས་གནང་ཁ་བྱང་འདི་རེད། http://gelukpauniversity.com/
ལྷ་རམས་དང་པོ་ཨང་དང་པོ། སྒོ་མང་བྱམས་པ་ཆོས་ལྡན། དུས་རྒྱུན་ཁོ་ལ་གུ་ངརུ་ལམ་བུ་ཞེས་འབོད།
ལྷ་རམས་དང་པོ་ཨང་གཉིས་པ་སྒོ་མང་དཔལ་ལྡན།
སློབ་དཔོན་དང་པོ་ཨང་དང་པོ་སྒོ་མང་བརྩོན་འགྲུས་རྒྱ་མཚོ།
སློབ་དཔོ་དང་པོའི་ཨང་གཉིས་པ་སྒོ་མང་རྗེ་བཙུན་རྡོ་རྗེ།
དཀའ་རམས་གཉིས་པའི་ཨང་གཉིས་པ་སྒོ་མང་བློ་བཟང་བསྟན་འཛིན།
དཀའ་རམས་དང་པོའི་ཨང་གཉིས་པ་དགའ་ཤར་སྐྱབས་རྗེ་ཟུང་རིན་པོ་ཆེ་བཅས་རེད་འདུག་
ད་ཡིན་ན། དུས་རབས་ཉེར་གཅིག་པ་སླེབས་ཚར་རེད། ནུབ་གླིང་གི་མཐོ་སློབ་ཁག་ཏུ་ཚན་རིག་གི་འཕེལ་ཁ་ཉིན་རེ་དང་སྐར་ཆ་རེ་ལ་གོང་འཕེལ་ཧ་ཅང་མྱུར་ཚད་ལྡན་པ་མངོན་གསལ་དོད་པོ་རེད། ཡིན་ན་ཡང་ང་ཚོ་བོད་ཀྱི་དགོན་པ་ཁག་ན་ནམ་ལངས་ལངས་དང་ས་རིབ་རིབ་ལ་རྩོད་པ་ཁོ་ན་གནང་བཞུགས་ཡོད་པ་དེ་ཡ་མཚན་པོ་རེད། སློབ་སྦྱོང་གནང་སྟངས་སོགས་ལ་ནུབ་ཕྱོགས་ཀྱི་མཐོ་སློབ་ཁག་ལྟར་ཡར་རྒྱས་གཏོང་ཐབས་འདྲ་མེད་པ་རེད་དམ། ཡང་ན་ཀླད་པ་ལྗང་ནག་དེ་ད་རུང་དོར་མ་ཐུབ་པ་རེད།
ངའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་རིག་གནས་དག་མཐའ་གཅིག་ཏུ་ཡག་པོ་མ་རེད་ལབ་ཀྱི་མེད། དུས་དང་བསྟུན་ནས་འགྲོ་དགོས་ཡ་དེ་གལ་ཆེན་པོ་རེད། དཔེ་ན་དགོན་སྡེ་ཁག་གི་སློབ་སྦྱོང་གནང་སྟངས་དེ་ཡང་དུས་རབས་དང་མཐུན་པ་ཚན་རིག་དང་མཐུན་པ་ཞིག་ཡོང་ན་བསམ་གི། དེ་མིན་ལྷ་རམས་པ་མི་ལོ་ཉི་ཤུ་ཙམ་ལ་སློབ་སྦྱོང་བྱས་ཟིན་པ་ཞིག་དང་། མི་ལོ་ལྔ་དྲུག་ཙམ་ནུབ་གླིང་གི་མཐོ་སློབ་ཁག་ནས་ཐོན་པའི་འབུམ་རམས་པ་གཉིས་མཉམ་བསྡུར་བྱས་དང་། སྐད་རིགས་དང་ཉམས་མྱོང་སྤྱི་ཚོགས་ཀྱི་འགྲོ་སྟངས་སོགས་ཕྱོགས་གང་ཐད་ནས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཡང་མངོན་གསལ་དོད་པོ་རེད་བ།
ཐུབ་བསྟན་མཆོག་སྒྲུབ་དང་ཐུབ་བསྟན་སྦྱིན་པ་ལྟ་བུ་རེ་གཉིས་དམིགས་བསལ་སྦྱོང་བརྡར་ཡོད་རེད། དེ་མིན་བོད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་གནང་སྟངས་དེས། བོད་ཀྱི་རིག་གནས་དང་རིག་གཞུང་ལ་མ་འོངས་བྱས་རྗེས་བཞོག་མིན་ཁག་སེ་རེད་འདུག་བ།
མིག་དམར་པོ་ཅན། མིག་ཚ་རུང་སྡུག་གྱོང་རེད་ལོ། སྐད་ཆ་ཡ་མཚན་དེ་འདྲ་མ་ཤོད་ལོ། ཤྭཀྱ་ཐུབ་བའི་ལམ་ལ་ཞུགས་སྟངས་ལ། དེང་རབས་དང་དུས་རབས་དང་མཐུན་པ་ཞིག་ཡོད་པ་མ་རེད་ལོ།
འབྲི་དགོས་བ་ཚང་མ་བསྟོན་པས་བྲིས་ཚར་རེད། དག་ཆ་མ་ཤེས་ན་གལ་ཡོད་པ་མ་རེད། གསུང་དགོས་བ་ཚང་མ་བསྟོན་པས་གསུངས་ཚར་རེད། གོ་བ་དང་ཉམས་སུ་ལེན་ཐུབ་སོང་ན། ཁྱེད་རང་ལ་སེམས་ཁྲུལ་ཁོ་རང་ཡོད་བ་མ་རེད། དད་པ་ཡོད་ན། དཀོན་མཆོག་གསུམ་ལ་མགོ་སྒུར་ནས། ཕྱག་འཚལ་ནས་འགྲོ་ཡ་རེད། དད་པ་མེད་ནི་ཞིག་ཡིན་ན། ཁོང་ཚོ་རྣམ་པ་ལ་ཕོག་མི་རྒྱག་རྒྱུ་ལས། གཞན་ཁ་གཏོང་ཡ་སོགས་ཀྱི་ལས་ངན་པ་བསགས་ན་ཆོད་ཡོད་པ་མ་རེད་ལོ།
འཛམ་གླིང་ན། ཆོས་ལུགས་མ་འདྲ་བ་སྣ་ཚོགས་ཡོད་བ་རེད། དེ་ཚོའི་ཁྲོད་ན། ཆོས་དཔོན་དགོན་པ་རང་ནས་བཞུགས་མཁན་གྱི་མཚན་རིག་ལ་མཁས་བའི་མི་སྣ་གཅིག་བཞག་དང་། མེད་པ་ཨ།
ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་བ་རེད། དེ་ཚོ་ལ་མཚན་རིག་ཞིག་དང་རྒྱུ་ནོར་ཞིག་གིས་ཅི་བྱེད།
ཆོས་བ་བྱེད་མི་ཐུབ་པ་དང་རྒྱུ་ནོར་འཚོ་མཁན་ཚོ་དགོན་པ་ནས་འབུད་ཆོག་པས་ན། ས་ཕྱོགས་གང་ཡིན་ན། གྲྭ་ལོག་དང་སྤྱོོད་ལོག། ངོ་ལོག། དད་ལོག་པ་རྒྱགས་ཚད་ཡོད་པ་རེད། ཁྱེད་རང་ལ་དགོས་འི་ཡོད་ན་ཚོལ་དང་ཅིག་རྙེད་སྲིད་པ་རེད།
དེ་མིན། གྲྭ་ས་དང་ཆོས་སའི་ཆོས་བ་ཚོ་ལ་ཅིག་བཤད་མ་སྡོད་ལོ།
མཚན་རིག་དང་དུས་རབས་ཀྱི་རྗེས་མི་ཆོད་ན། སོ་སོས་ཤུགས་རྒྱོབ་ཞིག་ལོ། དྲང་མོ་ཡིན། སོ་སོས་སོ་སོ་ལ་སྐལ་ཆད་དུ་མི་འཇུག་པ་ལས། གཞན་ལ་སེམས་འཚབ་བྱེད་དགོས་བ་དེ་ཚོ། རི་བོང་གནམ་རྡུབ་ཀྱི་སྡུག་བསྔལ་རེད་ལོ། ཁ་བྲོ།
གནམ་ལགས་ཀྱིས་སྐད་ཆ་ཁ་ཐུག་གིས་ཁ་བརྡུང་ཞེ་དྲག་གིས་བཏང་བཞག་བྱ། རྒྱུ་བཙལ་ནས་སྒྱུ་མ་ཆད་གྲབས་ཡོད་པ་རྐྱང་རེད།
རང་གིས་སྐད་ཆ་སྐོར་བྱས་བཤད་ན་དེ་ག་རེད། སྒོར་མོ་དང་ཟ་མ་ཡག་པོ་མེད་པར་ཤི་སོང་བའི་རྣམ་ཤེས་ཅན། འདི་ཚོས་སྡུག་པོ་མྱོང་ཡོད། གུང་ཁྲན་འོང་དུས་སུ་དངུལ་ཏཱ་ཡང་གྱིས་འགྱེད་རྒྱག་སྐབས་ཆོས་མེད་དད་མེད་དགྱ་ཡིས་གདུག་པོ་གཏོང་བས་མུག་ཤིར་ཐེབས་པའི་མི་ཧ་ཅང་མང་། ཧ་ཅང་མང་།ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི། ད་ནི་ཚང་མས་ནུབ་མཇལ་དང་ཕྱུག་པོར་འགྱུར་བའི་སྨོན་ལམ་ཡོད། ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།་ཨོཾ་མ་ཎི་པདྨེ་ཧཱཾི།
གནམ་གྱི་སྐད་ཆ་དང་གོང་ས་མཆོག་གི་བཀའ་སློབ་གཉིས་རྦད་དེ་རྒྱབ་འགལ་རེད་ཤག གོང་ས་མཆོག་གིས་དེང་རབས་ཀྱི་བླ་མ་བྱེད་དགོས། མི་དམངས་དང་མཉམ་གཤིབས་བྱས་ནས་ཐང་ལ་བསྡད་ནས་ཆོས་ཁྲིད་བྱེད་དགོས་་་་ཁྲི་མཐོན་པོའི་སྟེང་ནས་སྤམ་མདོག
བསྟན་ནས་བཤད་ན་མི་ལེགས། ནང་ཆོས་འདི་ཚན་རིག་དང་མཐུན་པའི་ཆོས་ལུགས་གཅིག་པོ་དེ་ཡིན་པས། ངེས་པར་དུ་ཚན་རིག་དང་མཉམ་གཤིབས་བྱེད་དེ་འགྲོ་དགོས། སྔོན་མ་དགོན་པ་ཁག་ལ་དགེ་ཕྲུག་དེ་ཚོར་དྲག་པོ་ཁོ་ནས་བསྐྱོང་གི་ཡོད་པས་དེང་སང་་་དུས་རབས་གསར་པ་ལ་དེ་འདྲ་མ་ཡིན་པར་རྩེད་མོ་དང་མཉམ་དུ་སློབ་ཁྲིད་བྱེད་དགོས་གསུངས་པ་སོགས་དང་ཡོངས་སུ་འགལ་འདུག ཕོ་རོག་དཀར་པོ་ཐོན་འདོད་ཡོད་ན་དེ་ག་རང་རེད། དེ་མིན་མི་ཡི་སྤྱི་ཚོགས་སུ་འདུག་དུས་མི
ཡི་སྤྱི་ཚོགས་དང་མཉམ་དུ་འགྲོ་ཐུབ་པ་བྱེད་དགོས་པ་མ་གཏོགས། བོད་ཀྱི་རིག་གནས་རབ་འབྱམས་པ་དགེ་བཤེས་ལྷ་རམ་པའམ་་་ཡང་ན་professor ཡིནནམཁན་རང་གི་མིང་བྱང་ཙམ་གྱི་དག་ཆ་མི་ཤེས་མཁན། ཤོག་ལྷེ་གཅིག་ཀྱང་རྩོམ་མ་མྱོང་མཁན། སྡེ་ཚན་ཆུང་ངུ་ཞིག་ལའང་ཉམས་ཞིབ་བྱས་པའི་དེབ་ཆུང་བཏོན་རྒྱུ་མེད་པའི་professor མཁས་དབང་ཟེར་བ་འཛམ་གླིང་རྒྱལ་ཕྱིའི་མཐོ་སློབ་ཀྱི་ལག་ཁྱེར་དང་ངོས་འཛིན་བྱེད་མཁན་ཡོད་དམ།
གྲྭ་བ་གྲྭ་རྐྱང་། ཐུག་པ་ཐུག་རྐྱང་འདི་ཚོ་ལ་ངོ་མ་དགའ་ལེ་ཡིན། བཀྲ་ཤིས་བདེ་ལེགས་དང་ལེགས་གསོལ་ཡོད། མ་འོངས་པར་ཁོང་དང་ལྷན་དུ་རྩོད་པ་ཡག་པོ་དེ་འདྲ་རྒྱག་རྒྱུའི་གོ་སྐབས་རགས་བར་ཤོག ། བོན་ཕྲུག་ཚོ་གཉིད་སད་ཤོག་ཨ། རྙིང་རུས་སྐྱེས་ཤོག་ཨ། མཁས་པ་སློབ་པའི་དུས་ན་སྡུག བདེ་བར་སྡོད་ལ་མཁས་མི་སྲིད། གསུངས་ཡོད་ལེ་རེད་ད། །
སྙིང་།
ལྷ་རམ་པ་ཨང་དང་པོར་ལོན་པ་ལས་སེམས་ཅན་ཐམས་ཅད་གྱི་འགྲོ་དོན་ཨང་དང་པོ་ལོན་ན་ལེགས།
གནམ་ཟེར་བའི་མི་ཁྱོད་འདྲ་བོ་སྙིང་རྗེ་ཡ་རེད། རྒྱུ་མཚན་ལྡན་པའི་སྐད་ཆ་ཤོད་དང་། ཏཱ་ལའི་བླ་མས་ཀྱང་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཞེས་བཀའ་སློབ་དེ་ཐེངས་ག་ཚོད་ལ་གསུངས་ཡོད་ཀྱི་རེད། ཁྱོད་ཀྱིས་ཚར་གཅིག་ཀྱང་གོ་མྱོང་མེད་པ་འདྲ།་སྐད་ཆད་དང་། བསོད་ཟད་ཟེར་བའི་བོད་པའི་ཐ་སྙད་དེ་ཚང་མ་ཁྱོད་ལ་འབུལ་དགོས་འདུག དགོངས་པ་མ་ཚོམ་ཨ་་་་ཧ་ཧ་ཧ་་་་་་་་་་་་
ད་ལྟ་མི་ཁོམ་རྗེས་ནས་ད་རུང་འབྲི་རྒྱུ་ཡོད།
ཁྱུང་སེ་དང་མྱིག་དམར་གཉིས་ཀྱིས་ཡག་པོ་བྱས་ཏེ་ཉོན།
༧རྒྱལ་བ་མཆོག་གིས་དེ་འདྲ་གསུངས་ཡོད། ཡོད་པ་དེ་ལ་གོ་དོན་ཡོད། མཚན་རིག་པ་ཚུར་ལ་བདན་དྲངས་ནས་། ང་ཚོའི་ཆོས་འདི་འདྲ་ཡིན། དེ་འདྲ་རེད། ཁྱེད་ཚོ་ལ་འདི་ལས་ལྷོག་པ་ཅི་ཡོད་ཟེར་ནས། ཕར་ལ་ཆོས་ངོམ་བརྒྱབས་ཡོད། ཚུར་ལ་གདམས་པས་སྐུལ་ཡོད། ཤེས་སོང་ངམ།
༧རྒྱལ་བ་མཆོག་གིས། མཚན་རིག་པ་ཟེར་བ་དེ་ཡ་མཚན་པོ་འདུག། ཕྱི་རྒྱལ་ཁག་ལ་ཕར་ལ་རྒྱུག་ནས། རྡུལ་རྫས་སྡེབ་སྟངས། འབར་ཁ་སྦྱོར་སྟངས། ཟླ་བར་འགྲོ་སྟངས། འཇིག་རྟེན་འབར་གས་ཆེན་མོ་སོགས་མཚོན་པའི། མཚན་རིག་གི་ཡན་ལག་ཆེ་མ་ཆུང་གསུམ་པོ་བླ་མ་གྲྭ་བའི་ཐུགས་རྒྱུད་ལ་བླངས་ནས་སངས་རྒྱས་སྟངས་ཞིག་དང་ཆོས་འཁོར་སྐོར་སྟངས་ཤིག་གང་ན་གསུངས་འདུག།
མགོ་འཐོམ་ཚོ། འགྲེལ་ལོག་དང་གོ་ལོག་གི་བར་ནས། མི་ཚེ་ཟད་དུ་མ་འཇུག་ལོ། མཐའ་མ་མྱངས་མཁན་ཚོ། ང་ཚོའི་སྐྱ་མིན་་སེར་མིན་ཚོ་ཆགས་འགྲོ་བས། གཞན་ལ་འུར་སློངས་དང་ཕྱོགས་འདྲོག་མ་བྱེད།
མཇེ་ནུས་ཉམས་པའི་རྗེས་སུ།།
མཛེས་མའི་ལམ་རོགས་རྙེད་པ།།
ནང་ཆོས་བརྗེད་པའི་ཕྱིས་སུ།།
ཚན་རིག་རྙེད་པར་འདྲ་བྱུང་།།
ཕྱི་དོན་ཕྱི་ཡི་འགྲིག་ཆས།།
ནང་དོན་ནང་གི་དོན་ཆེན།།
གཉིས་ཀ་འཛོམས་རྒྱུ་བྱུང་བས།།
བླ་མ་ལྷ་ལས་མཛེས་པ།།
ཕྱི་ནང་གཉིས་ཀ་མེད་པའི།།
ཨ་ལགས་ཀླུ་སྨྱོན་ངེད་གཉིས།།
མགོ་སྤུ་བྲེག་པའི་རྗེས་སུ།།
རྐུབ་སྤུ་འབྲེག་དགོས་བྱུང་སོང་།། ཧ་ཧ་གང་ཡང་མེད་ན་དཀའ་ལས་རེད་ཨ།
ནམ་མཁའ་སྟོང་པའི་སྐད་ཆ་བཤད་ཡོང་གི་འདུག བོད་པའི་གྲྭ་བ་ཨ་རིའི་ཚན་རིག་སློབ་གྲྭར་ཕྱིན་ནས་ཚན་རིག་ཚུར་སྦྱང་བ་རེད་མ་གཏོགས་་་་ཨ་རི་ལས་སོགས་ནུབ་ཕྱོགས་པའི་ཚན་རིག་པ་ཚུར་བོད་ཀྱི་དགོན་པར་སླེབས་ནས་ནང་ཆོས་སྦྱང་གི་མེད། བོད་ཀྱི་དགོན་སྡེར་་་ཚན་རིག་གི་སློབ་ཚན་བཞག་འདུག་མ་གཏོགས་ང་ཚོའི་ཆོས་འདི་འདྲ་རེད་ཟེར་ནས་བཤད་པ་བརྒྱབ་ས་མ་རེད་་་གནམ་སྟོང་པའི་གནམ་སྐད་བརྒྱབ་ཡོང་གི་འདུག་ག་་་ཧཧཧཧཧ
ལྷ་རམ་ཨང་དང་བོ་ཐོབ་པ་དངོས་གནས་རྗེས་སུ་ཡི་རང་ཡོད། དེའི་སྒང་ལ་ཉམས་ལེན་ཡག་པོ་ཞིག་བྱེད་ཐུབ་ན་མི་ཚེ་དོན་དང་ལྡན་པ་དེ་བྱུང་བ་རེད། མ་གཞི་ཉམས་ལེན་ཟེར་བ་དེ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གང་བྱས་ཀྱང་ཉམས་ལེན་དང་སྦྱར་ནས་འགྲོ་དགོས་རྒྱུ་ལས། འཛིན་གྲྭ་མཐར་ཕྱིན་ནས་འགྲོ་རྒྱུ་ཞིག་མ་རེད། འོན་ཀྱང་ཁ་ནས་བཤད་རྒྱུ་ལས་སླ་བོ་རེད། ལག་ལེན་ཏུ་སྟེར་རྒྱུ་ཁག་པོ་རེད་འདུག་གོ།
ཆོས་ཤེས་ནས་བཤད་ནའང་འདྲ། ཉམས་ལེན་བྱེད་ནའང་འདྲ། རྒྱ་བླ་བྱས་་ནའང་འདྲ། སྐྱ་བབ་ནའང་འདྲ། སྔགས་པ་འདོན་ནའང་འདྲ། གང་ལྟར་ཆོས་གཏིང་གཟབ་པར་ཤེས་པས་འགྲིགས་ཀྱི་འདུ
འགའ་ཤས་ཀྱིས་ཉམས་ལེན་ཟེར་བཞིན་གཞན་ལ་མགོ་སྐོར་གཏོང་བ་འདི་ནོར་བ་རེད། ཆོས་མ་ཤེས་པར་ཉམས་ལེན་ག་རེ་བྱེད་དམ། དེང་དུས་ཕྱི་རྒྱལ་ལ་བཀའ་རྙིང་དགོན་པ་མང་པོ་ཞིག་ལ་དབང་མ་གཏོགས་ཆོས་བཤད་ཐུབ་མཁན་དཀོན་པོ་རེད། དཔཉར་ན། རིག་པ་ཟེར་བའི་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ལ་ཆོས་ཤེས་མཁན་མིན་འདུག ཚང་མས་བསོད་རྒྱལ་རིན་པོ་ཚེའི་བྱིན་རླབས་བརྒྱུད་ནས་སངས་རྒྱས་ཀྱི་གོ་འཕང་སྒུག་བསྡད་འདུག
རྙིང་མའི་མཁན་པོ་ཆོས་ཤེས་མཁན་དེ་ཚོར་རིག་པར་ཆོས་བཤད་བཅུག་གི་མིན་འདུག རྒྱུ་མཚན་ནི་རྒྱུ་དང་དབང་ཤོར་ཐོག་ནས་སེམས་འཕྲལ་བསླེབས་འགྲོ་གི་འདུག
དེར་བརྟེན་ཁོ་ཚོས་ཆོས་སྦྱང་མཁན་ཚོའི་རྒྱབ་ལ་ལྐོག་ཏུ་ཁོང་ཚོ་ཉམས་ལེན་མེད་ཟེར་ནས་སྐུར་འདེབས་བྱེད་པའོ།
དགེ་བཤེས་དང་མཁན་པོ་ཚོས་དཀའ་ལས་བརྒྱབ་ནས་ཕྱི་ནང་གཉིས་ལ་བསྟན་པ་སྤེལ་ན་བསྟན་པ་ལ་རེ་བ་ཡོད། དེ་མིན་སྤྲུལ་འགོག་དང་བླ་རྫུན་དེ་ཚོས་ཆོས་ཚོང་སྒྱུར་གྱི་རྫས་ལ་བཏང་ནས། སེམས་ཁྲིད་ཆུ་ཚོད་ལ་སྒོར་མོར་ཕབ་དུས་བསྟན་པ་གང་ལ་བསླེབས་མིན་གསལ་པོ་རེད། ད་ལྟ་མིང་འདོད་བྱེད་འདོད་མེད་པའི་བླ་རྫུན་འགས་དབྱིན་ཡིག་ནང་གི་ཐ་སྙད་རྫོགས་ཆེན་ཞེས་པ་འདིའི་ཚོང་རྟགས་ཀྱི་དབང་ཆ་ཉོ་བཞིན་པ་རེད་འདུག ཁྲིམས་དཔོན་བཞི་ལ་གླ་ཆ་སྤྲད་ནས་དེབ་སྐྱེལ་བྱེད་བཞིན་འདུག དབྱིན་ཇིའི་ནང་ལ་དེ་ལ་Patent ཟེར། ཁོང་ཚོའི་དམིགས་ཡུལ་བསྒྲུབས་ན། མི་གཞན་སུ་ཞིག་གིས་རྫོགས་ཆེན་ཟེར་བའི་ཐ་སྙད་དེ་ཆོས་ཚོགས་དང་ཁ་བྱང། བླ་མ་སོགས་ཀྱི་མིང་ལ་སྦྱར་མི་ཆོག དེ་ཉམས་ལེན་ཁ་ལ་ཤོད་མཁན་ཚོའི་བྱ་བ་རེད་དོ།
༼ད་ལྟ་མིང་འདོད་བྱེད་འདོད་མེད་པའི་བླ་རྫུན་འགས་དབྱིན་ཡིག་ནང་གི་ཐ་སྙད་རྫོགས་ཆེན་ཞེས་པ་འདིའི་ཚོང་རྟགས་ཀྱི་དབང་ཆ་ཉོ་བཞིན་པ་རེད་འདུག ཁྲིམས་དཔོན་བཞི་ལ་གླ་ཆ་སྤྲད་ནས་དེབ་སྐྱེལ་བྱེད་བཞིན་འདུག དབྱིན་ཇིའི་ནང་ལ་དེ་ལ་Patent ཟེར། ཁོང་ཚོའི་དམིགས་ཡུལ་བསྒྲུབས་ན། མི་གཞན་སུ་ཞིག་གིས་རྫོགས་ཆེན་ཟེར་བའི་ཐ་སྙད་དེ་ཆོས་ཚོགས་དང་ཁ་བྱང། བླ་མ་སོགས་ཀྱི་མིང་ལ་སྦྱར་མི་ཆོག དེ་ཉམས་ལེན་ཁ་ལ་ཤོད་མཁན་ཚོའི་བྱ་བ་རེད་དོ།༽
བླ་རྫུས་སྤྲུལ་རྫུས་མཁན་རྫུས་སུ་ཡིན་ནའང་མིང་འདོན་བྱས་ན་ཡག་པོ་འདུག ཁ་སངས་ན་གོ་བདེ། ནམ་སངས་ན་འགྲོ་བདེ། ཟེར་བ་ལྟར་རེད། ཧམ་པ་ཆེ་ཐག་ཆོད་རེད། མི་འདི་རིགས་ཀྱིས་ཉིན་ཅིག་སངས་རྒྱས་ཟེར་པའི་མིང་དང་ཐ་སྙད་ཀྱང་གཞན་གྱིས་བེད་སྤྱོད་བྱེད་མི་ཆོག་པའི་ཚད་ལ་སླེབས་ཡོད་ས་རེད། བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་སུ་དེང་སང་dance club ཚུགས་ནས་བསོད་རྒྱལ་རིན་པོ་ཆེ་རང་ཉིད་ཀྱིས་ཀྱང་dance འཁྲབ་བཞིན་པའི་གློག་བརྙན་ཡུ་ཊུབ་ནང་དུ་འདུག་ཟེར། ཧཧཧཧ་ད་དེང་སང་བླ་རྫུས་སྤྲུལ་རྫུས་འདི་ཚོར་ག་བྱེད་འདི་བྱེད་མི་འདུག
བསོད་རྒྱལ་རིན་པོ་ཆེས་ཞབས་བྲོ་ཞིག་ཁྲབ་པ་དེ་བོད་སྤྱི་ཚོགས་ནང་དུ་ག་འདྲ་གླེང་སློང་འདུག དོན་དུ་ཞབས་བྲོ་ཞིག་ཁྲབ་པ་དེར་སྐྱོན་ཞིག་ཅི་ཡོད། དེ་ནི་མདོར་བསྡུས་ནས་བཤད་ན་ལུས་རྩལ་རེད།
ཆོས་དང་འགལ་བ་གང་ཡང་རེད་མི་འདུག དེ་ཆོས་དང་འགལ་བ་རྩིས་ན་ཉི་མ་རེ་ལའང་གྲངས་ཀ་མེད་པ་རེ་བགྲང་རྒྱུ་ཡོད་པ་རེད། །
གཙུག་ལག་ཁང་དུ་བླ་མས་ཞབས་བྲོ་འཁྲབ། གཙུག་ལག་ཁང་དུ་སྤྲུལ་སྐུས་བག་སྟོན་བྱས། ད་དེ་རིགས་ཆོས་དང་མི་འགལ་བ་ཡིན་གྱི་རེད། དུས་ངན་ནི་དུས་ངན་རང་རེད།
ཕྱུག་པོས་འཁྲབ་ཚད་ཞབས་བྲོ། སྤྲང་པོས་འཁྲབ་ཚད་ཐལ་སློང། ཟེར་བ་དེ་རེད་
བོད་པ་ཚོས་ཞབས་བྲོ་ཟེར་དུས་ཆགས་སྤྱོད་ཀྱི་རིགས་ཁོ་ནར་ངོས་འཛིན་གྱི་ཡོད་པ་འདྲ། དགའ་བ་ཐམས་ཅད་དགེ་བ་ཡིན་པ་མ་ཤེས་སམ། ཞབས་བྲོ་ཁྲབ་པས་གཞན་ལ་སྤྲོ་སྣང་སྟེར་བ་མ་ཟད། ཞབས་བྲོ་ཁྲབ་པས་གཞན་ལ་གནོད་པ་དེ་བས་ཀྱང་མེད། དེ་ཡིན་པ་བསོད་རྒྱལ་རིན་པོ་ཆེས་མཁྱེན་ནས་སྤྱོད་པ་དེ་ལྟར་སྣང་བ་རེད། ལྟ་རྒྱ་དང་མཐོང་རྒྱ་ཁབ་མིག་ལས་དོག་པ་ཚོའི་བློ་ཡུལ་དུ་གང་ཡང་ཤོང་གི་མ་རེད། དེ་ནི་ངས་ཁ་མཚོན་བཅད་ནས་བཤད་ཐུབ་ཡ། དོན་ལ་འདིའི་རིགས་ནི་སྙིང་རྗེའི་ཡུལ་ཁོ་ནར་ངེས་སོ། །
ཧཧཧཧ་དགའ་བ་ཐམས་ཅད་དགེ་བ་ཡིན་ཟེར་ཁྱབ་ལོག་ལུང་པ་གང་འདྲགས་ཤག ཆགས་སྤྱོད་ཀྱི་དགའ་བ་ཐམས་ཅད་ཀྱང་དགེ་བ་རེད་པས། དེ་འདྲ་སེམས་ནས་དང་པོ་གྲྭ་བ་བྱས་དེ་ནས་ཐེག་པ་གོང་སྤར་ཡིན་ན་ཅིག་ཟེར་ནས་གྲྭ་ལོག་བྱས་ནས་གསང་ཡུམ་མཁའ་འགྲོ། བུ་སྤྲུལ་སྐུ། བུ་མོ་མཁའ་འགྲོ། ཆལ་ལ་ཆོལ་ལེ་ཡིས་སངས་རྒྱས་ཀྱི་བསྟན་པ་ལ་སྨ་འབྱིན་མཁན་ལུང་པ་བཀང་གྲབས་བྱེད་ཀྱི་འདུག་ག
ད་ཡིན་ན་གནམ་སྟོང་ཟེར་བ་ལགས།
ཁྱེད་མགོ་མཁྲེགས་ཤིག་ཡིན་པའི་མ་ཟད་མགོ་བྲེག་ཅིག་ཀྱང་ཡིན་ཚོད་འདུག་བ་ཧ་ཧ་ཧ་་་་་་་་་
རང་མཚང་ཕྱི་ལ་བསྟན་རང་རྐུབ་མི་ལ་ངོམ་མདོག་བྱེད་ཀྱི་འདུག་བ། རྒྱལ་བ་རིན་པོ་ཆེ་ཞེས་མ་ལབ་རོགས་ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཕར་ཟད་ཞལ་ཙམ་ཡང་མཇལ་མྱོང་མེད་པ་འདྲ། དགོན་སྡེ་ཁག་གི་གྲྭ་བ་ཁྱུ་དང་ཁྱུ་བྱས་དགེ་བཤེས་ལྷག་རྡོར་གྱིས་ག་རེ་གནང་གི་འདུག དེ་ཚོས་ག་རེ་བྱེད་ཀྱི་འདུག ཨ་རིའི་མེ་མོ་རེ་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ག་རེ་བྱས་སོང་། མགོ་མཁྲེགས་ཁྱེད་ཀྱིས་ད་རུང་ཨ་ཚུགས་བྱས་ནས་སྡོད་ཀྱི་ཡིན་ནམ། ཁྱོད་ཚོ་དགོན་སྡེ་ཁག་ན་འཁོར་གསུམ་ཟེར་བ་ཞིག་ཡོད་པ་དེ་དེ་རིང་ཁྱོད་ཀྱི་དབུ་ལ་མི་བསྐོར་ཐབས་མེད་ཆགས་སོང་བ་་་ཧ་ཧ་ཧ་་་་་་་་་་་་་་་་
རྟ་བདུན་དབང་པོ་སོགས་ལྷ་རམས་པ་ཞེས་ཧ་ལས་མདོག་དང་སྤྲེལ་ལད་མ་གནང་རོགས་ཞུ། ཧ་ལས་ན་ཁྱོད་ཀྱི་ལྷ་རམས་པ་དེ་ཁྲིད་ཤོག་དང་ནུབ་ཕྱོགས་ཀྱི་མཐོ་སློབ་ཁག་ནས་ཐོན་པའི་འབུམ་རམས་པ་ཞིག་དང་མཉམ་དུ་བསྡུར་དང་། ལྷ་རམས་པ་དེའི་ཞལ་ངོ་མཚལ་རྐོང་ཁ་ཕྱེ་བ་ལྟ་བུར་མ་ཆགས་ན་ངས་ཉི་མ་དེ་རིང་ནས་བཟུང་སྐད་ཆ་མི་བཤད་ཅེས་དམ་བཅས་ཆོག
ད་རུང་ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱིས་བཤད་པ་ངས་འདིར་མི་འདྲེན་ཁོང་ཚོ་ནི་བོད་པའི་གྲས་ནས་ཅུང་སྔོན་ཐོན་ཅན་གྱི་མི་སྣ་རེད། xxxxxxx
མིག་དམར་ལགས། ངས་བལྟས་ན་ཁྱོད་ཀྱིས་ནང་ཆོས་ལ་གཟིགས་མྱོང་མེད་པ་འདྲ་བོ་འདུག ལྷ་རམས་པ་དང་ནུབ་ཕྱོགས་ལུགས་ཀྱི་འབུམ་རམས་པ་བསྡུར་ཐབས་མི་འདུག་བསམ་བྱུང་། ནུབ་ཕྱོགས་ཀྱི་འབུམ་རམས་པ་ལོ་བཞི་ནས་དྲུག་གི་ནང་ལེན་ཐུབ་ཀྱི་ཡོད་པ་རེད། ལྷག་པར་དུ་བློ་འཛིན་མང་བོ་དགོས་ས་མ་རེད་བསམ་བྱུང་། ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱིས་ཅི་བཤད་ཀྱང་དེ་གཉིས་ཀྱི་ཡོན་ཏན་ལྷ་རམས་ཨང་དང་བོ་ཐོབ་མཁན་ཞིག་དང་བསྡུར་ཐབས་ཡོད་པ་མ་རེད། །ལྷ་རམས་ཨང་དང་བོ་ཐོབ་མཁན་ཞིག་གི་ཡོན་ཏན་ཆུ་དཀར་ཡོལ་གང་ཡིན་ན། ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱི་ཡོན་ཏན་ཆུ་ཁེམ་བུ་གང་ལྟ་བུ་རེད།།
ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་སྟངས་འཛིན་ནན་མོ་གནང་གི་ཡོད་ཚོད་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྟངས་འཛིན་དེ་ཡང་ཕྱོགས་སུ་མ་ལྷུང་བ་ཞིག་གནང་ན་ཡག་པོ་འདུག་བ། ཆོས་པ་ཚོ་དང་ལྷག་པར་དུ་དགེ་ལུགས་ཚོ་ལ་ཅིག་ལབ་དུས་ལབ་གསེང་བཀག་འགོག་དང་མཆན་བུ་ནག་བསུབ་གཏོང་བ་སོགས་གནང་བ་དེ་ཡག་པོ་མ་རེད། ངས་སྐད་ཆ་བཤད་ཚད་ལ་ཁུངས་མེད་པ་དང་དོན་མེད་བསྙོན་འཛུགས་བྱེད་པ་ཁྱོན་ནས་མེད།
སྔོན་མ་སྔོན་མ་ཞིག་ལ་ཁྱེད་རྣམས་པར་ཆོས་ལུགས་དགོས་རབས་མེད་པ། དེང་སང་ཆོས་ཕྱོགས་ལ་ཅིག་བཤད་བཏང་ན་འབར་འབར་བྱེད་པ་དེ་གང་རེད། ད་མང་པོ་མི་བཤད། མ་གཞི་ནས་ང་ཚོའི་སྤྱི་ཚོགས་འདིར་སྐད་ཆ་དྲངས་མོ་དང་གནས་ལུགས་ཅན་དང་དྲངས་བདེན་བརྡར་ས་མེད་པ་ངས་སྔར་ནས་ཤེས་ཡོད།
རྟ་བདུན་དབང་པོ་ལགས། ཧ་ཧ་་་་་་་་ ངས་བལྟས་ན་ཁྱོད་ཀྱིས་ནང་ཆོས་ལ་གཟིགས་མྱོང་མེད་པ་འདྲ་བོ་འདུག གང་ཡིན་ཟེར་ན་ཁྱབ་པ་ཐུར་ཁྱབ་ལེན་གྱི་འདུག་བ་་་་ཧ་ཧ་་་་“ལྷ་རམས་པ་དང་ནུབ་ཕྱོགས་ལུགས་ཀྱི་འབུམ་རམས་པ་བསྡུར་ཐབས་མི་འདུག་བསམ་བྱུང་།”ངས་ཀྱང་དེ་རང་ལབ་ཀྱི་ཡོད། “ནུབ་ཕྱོགས་ཀྱི་འབུམ་རམས་པ་ལོ་བཞི་ནས་དྲུག་གི་ནང་ལེན་ཐུབ་ཀྱི་ཡོད་པ་རེད། ལྷག་པར་དུ་བློ་འཛིན་མང་བོ་དགོས་ས་མ་རེད་བསམ་བྱུང་།”དེ་ག་རང་ཞུ་ཡི་ཡོད། འོན་ཀྱང་དེའི་རྗེས་ཀྱི་གནད་དོན་དང་གྲུབ་འབྲས་ཁྱོད་ཀྱིས་མི་གསུངས་པ་གང་རེད། ལྷ་རམས་པ་ཐོན་ཚར་དུས་བརྒྱ་ཆའི་དགུ་བཅུ་ཙམ་གྱིས་སོ་སོས་མིང་གི་དག་ཆ་ཙམ་ཡང་འབྲི་ཐུབ་ཀྱི་མེད་པ་དང་། ཐ་ན་བསྐུར་ཡིག་དང་སྙན་ཞུ་ཙམ་ཡང་འབྲི་ཐུབ་ཀྱི་མེད་པ་དེ་ཁྱོད་ཀྱིས་མི་གླེང་བ་གང་རེད། གླེང་མ་ཐུབ་པ་རེད། གླེང་རྒྱུར་ངོ་ཚ་བ་རེད།
ཉམས་ལེན་ཡིན་ན་ཅིག་ཟེར་གྱི་ཡོད་མོད། ཁ་བཤད་ཝུ་བ་ལྟར་ཡིན་པ། དེ་ལས་ད་རུང་ཝུ་བ་ལྟར་ཡིན་པའི་ལྷ་རམས་པ་ཚོ་འོ་ཙམ་རེད། མང་ཆེ་བ་ཞིག་ཁ་ལག་གཉིས་ཀ་ལྐུགས་པ་ཡིན་པ། མི་བདེན་ན་ཉམས་ཞིབ་དང་རྒྱུས་ལོན་བྱོས་དང་།
ནུབ་ཕྱོགས་ཀྱི་འབུམས་པ་ཚོ་དེ་འདྲ་མ་རེད། ཁ་ལག་གཉིས་ཀ་བྱང་ཐག་ཆོད་ཡོད་རེད། མ་ཟད་སྐད་རིགས་སྣ་མང་ལ་བྱང་ཆོད་པ། མ་མཐའ་འབུམ་པ་ཞིག་ན་མཐར་ཕྱིན་དཔྱད་རྩོམ་ཤོག་ངོས་༣༠༠ལས་བརྒལ་བ་ཙམ་ཡོད་ཡོད་པ་རེད། ལྷ་རམས་པ་ཨང་དང་པོ་དེ་ཚོ་ལ་ཤོག་ངོས་གཅིག་སྟོན་རྒྱུ་མེད་པ། ངས་ཁ་སང་ཞུས་པ་བཞིན་སྒྲོལ་མ་ཚར་གཅིག་ཡིག་ཐོག་ལ་དག་ཆ་མ་ནོར་བར་ཕབ་ཐུབ་ན་ངས་སྐད་ཆ་མི་བཤད་པར་དམ་བཅས་པ་བཞིན་རེད་དོ།
སྐད་ཆའི་གནད་དོན་དང་གོ་བརྡ་དེ་ཙམ་ཡང་མི་འཕྲོད་ན་དྲ་ཐོག་ཏུ་མ་ཕེབས་རོགས་ཞུ། ཁྱོད་ཀྱིས་“ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱིས་ཅི་བཤད་ཀྱང་དེ་གཉིས་ཀྱི་ཡོན་ཏན་ལྷ་རམས་ཨང་དང་བོ་ཐོབ་མཁན་ཞིག་དང་བསྡུར་ཐབས་ཡོད་པ་མ་རེད། །”དེ་རང་ལབ་ཀྱི་ཡོད། འཁོར་གསུམ་ལབ་ན་ཧ་ཨེ་གོ་་་་་སྙིང་རྗེ་ཡ་རང་རེད། ཁྱོད་ཀྱིས་ཚད་མ་རིག་པ་ཙམ་སྦྱངས་མྱོང་ཡོད་ན། དེ་ཧ་གོ་སྲིད། ཚ་བ་མདའ་སྨྱུག་དང་ཞོགས་དུང་གཉིས་ཀྱིས་བོད་མི་རིགས་མཛད་རྗེས་ག་ཚོད་བཞག་འདུག སེམས་ཤུགས་ག་ཚད་མི་འདུག ལྷ་རམས་ཨང་དང་པོ་་་་་དེང་གི་བསམ་བློ་མེད་པ། མི་རིགས་ཀྱི་ལར་ཞེན་མེད་པ་་་་་་གྲུབ་མཐའི་ཕྱོགས་ཞེན་ལ་ཤི་འཐམ་རོ་འཐམ་བྱས་བསྡད་ཡོད་པ་་་་ཡིད་མ་ཆེས་ན་་་་ཁྱོད་ཀྱིས་ལྷ་རམས་པ་དེ་ལ་་་་་རྟགས་མ་གྲུབ་་་ལབ་དང་་་་་ང་རྒྱལ་ག་ཚོད་མི་འདུག་་་་ཧ་ཧ་་་་་་་་་་་་་
“ལྷ་རམས་ཨང་དང་བོ་ཐོབ་མཁན་ཞིག་གི་ཡོན་ཏན་ཆུ་དཀར་ཡོལ་གང་ཡིན་ན། ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱི་ཡོན་ཏན་ཆུ་ཁེམ་བུ་གང་ལྟ་བུ་རེད།།”ལྡོག་ཕྱོགས་ཀྱི་དཔེ་་་་་་་་་་་་་་་་
སྔོན་ཆད་དགེ་བཤེས་དང་ལྷ་རམས་པ་ཁ་ཅིག་གིས་ཐ་སྙད་རིག་གནས་ལ་དོ་སྣང་མ་བྱས་པའི་གནས་ཚུལ་བྱུང་འདུག དམ་ཉམས་ཁྱོད་ཀྱི་སྣང་ངོར་དགེ་བཤེས་དང་ལྷ་རམས་ཡོངས་རྫོགས་ལ་ཡོན་ཏན་གང་ཡང་མེད་པ་ལྟར་སྣང་འདུག དེ་ནི་ཁྱོད་ཀྱི་ལས་དབང་ཞིག་ཡིན་པ་སྨོས་ཅི་དགོས། ལུང་དང་རྟོགས་པ་གཉིས་ཀྱི་ཆ་ནས་བཤད་ན་ལུང་གི་ཡོན་ཏན་ནི་དགེ་བཤེས་དང་ལྷ་རམས་པ། དཀའ་བཅུ་བ། མཁན་པོ་སོགས་ལ་མེད་ན་སུ་ཞིག་ལ་ཡོད། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་དབང་མང་བོ་ཞིག་གིས་པོ་ཏི་མཛོ་ཁལ་ཙམ་རེ་རྩོམ་མཁན་ཚང་མ་འདིའི་ལམ་ཁ་བརྒྱུད་ནས་སླེབས་པ་ཁྱོད་ཀྱི་མིག་ལྡོངས་པ་མ་ཡིན་ནམ། སུམ་རྟགས་དང་སྙན་ངག་ལོ་གཅིག་གི་ནང་དུ་གྲུབ་འབྲས་ཐོན་ཐུབ་ཀྱི་ཡོད་པ་རེད། དགེ་བཤེས་དང་ལྷ་རམས་པ་ཚོས་སྦྱང་བྱའི་གཞུང་ཆེན་དེ་དག་ལ། གལ་ཏེ་འཇམ་དབྱངས་ཀྱི་སྤྲུལ་བ་ཞིག་ཡིན་ན་མ་གཏོགས་ལོ་གཅིག་གི་ནང་དུ་གར་ཡང་ཕྱིན་གྱི་མ་རེད། ཁྱོད་ཀྱི་མིག་ལྡོངས་ཅིང་རྣ་བའི་བུ་ག་ལ་ཆས་བཅད་ནས་ཡོད་ན་མ་གཏོགས་བོད་གངས་ཅན་ན་དེ་མི་ཤེས་མཁན་སུ་ཞིག་ཡོད། གོང་ནས་མཆན་ཁ་ཤས་ཀྱིས་ལྷ་རམས་པར་ཡོན་ཏན་མི་འདུག་ཟེར་བཞིན་ཡོད་པ་མ་རེད། ལྷ་རམས་པར་ཉམས་ལེན་དགོས་ཀྱི་འདུག་ཟེར་བཞིན་ཡོད་པ་རེད། ཡོན་ཏན་དེ་ཙམ་ཞིག་སྦྱངས་ནས་ཉམས་ལེན་མ་བྱས་ན་སྙིང་བོ་མི་འདུག་ཟེར་བཞིན་ཡོད་པ་ལས། བླུན་པོ་ཐ་ཆད་ཁྱོད་ལྟ་བུ་ཡིན་ན་མ་གཏོགས་ལྷ་རམས་ཨང་དང་བོ་ཐོབ་མཁན་ཞིག་ལ་ཡོན་ཏན་མི་འདུག་སུ་ཞིག་གིས་སྨྲ་སྤོབས། །
ལྷ་རམས་པ་ཡང་ཐུག་མྱོང། འབུམ་རམས་པ་ཡང་ཐུག་མྱོང། དྲ་རམས་པ་ཡང་ཐུག་མྱོང། རིག་རམས་པ་ཡང་་་། རྡོ་རམས་པ་ཡང་ཐུག་མྱོང། ཚོགས་རམས་པ་ཡང་ཐུག་མྱོང། སྨན་རམས་པ་ཡང་ཐུག་མྱོང། གང་ལྟར་ཡང་རེ་ལ་ཡོན་ཏན་མི་འདྲ་བ་རེ་རེ་འདུག་མ་གཏོགས་གཅིག་ལ་ཆ་ཚང་ཚང་བ་ཞིག་ནི་མི་འདུག དེས་ནས་ལྷ་རམས་པ་ལ་འབུམ་རམས་པའི་ཡོན་ཏན་མེད་ན་ཡང་ལྷ་རམས་པའི་ཡོན་ཏན་ཡོད་པ་རེད། མི་དམར་པོ་ལགས། ཁྱེད་ཞེ་སྡང་ཅན་ལ་དགོས་པའི་ཡོན་ཏན་ཡང་ལྷ་རམས་པའི་ལག་ན་ཡོད། སྨན་རམ་པའི་ལག་ན་མེད། དེས་ན་ཁྱེད་ལྷ་རམས་པ་མཐའ་མ་ཞིག་དང་ཉིན་ཁ་ཤས་འདྲིས་པར་བྱེད་དང་ཞེ་སྡང་གོ་གནོན་པ་ཞིག་འབྱུང་ངེས། དེང་སང་གདན་ས་ཁག་ནས་དགེ་བཤེས་ལོ་རེར་བརྒྱ་ཕག་ལྷག་མཐོན་གྱིན་ཡོད་པ་དེ་དག་ལས་མེད་ཁྱམ་པོ་གཅིག་ཀྱང་ལྷག་མེད་པ་མ་ཟད། ད་དུང་དགེ་བཤེས་ལྷ་རམས་པ་མ་རག་པའི་དཀའ་མངལ་ཡོད་པ་རེད་དེ་ལྷ་རམས་པའི་ཡོན་ཏན་རེད་ཧ་གོ་སོང་ངས།
ཚ་བ་མདའ་སྨྱུག་དང་ཞོགས་དུང་སོགས་ཀྱི་ཡོན་ཏན་དེས་སུ་ལ་འཕན་སོང། མཐའ་ན་མི་ཚེ་གཅིག་གི་མདུན་ལམ་ཙམ་ལ་ཡང་ཕན་ཡོད་པ་མ་རེད་ཧ་གོ་སོང་ངས།
ལྷ་རམ་པ་ཨང་དང་པོ་ལོན་པ་ཞིག་གི་ཆེད་དུ་ཁྱེད་རྣམས་ནས་བོད་པ་ཚང་གི་བླ་སྤྲུལ་དགེ་ཤེས་རྣམས་ལ་མཚན་སྨད་སྣ་ཚོགས་ཞིག་བྱས་འདུགས་པས་རངགི་ལས་འབྲས་རང་གིས་འཁྱེར་དགོས་པས་ཁྱེད་རྣམས་ནང་པ་སངས་རྒྱས་པ་ཡིན་ན་ལས་འབྲས་ལ་ོབསམ་ལོ་གཏོང་ལག་པ་བདག་པོ་བརྒྱབ་ཞབས་འདྲེན་མ་ཞུ་།
ཨ་ཁ་ནང་པ་བ་འདི་ཚོས་ཚིག་ངན་པ་གཅིག་ཙམ་ལའང་བཟོད་བསྒོམ་བྱེད་མི་ཐུབ་སྟངས་འདི་ལ་ལྟས་ན་་་་ངོ་མ་ནང་པ་ཡང་དག་པ་ཞིག་འཛམ་གླིང་འདི་ན་ཡོད་དམ་བསམ་པའི་འཕྱང་མོ་ཉུག
ཡང་དག་པའི་ནང་པ་ཡིན་མིན་ནི་སེམས་ལ་རག་ལས་པ་ཞིག་རེད་
རྟ་བདུན་དབང་པོ་ལགས། མཆན་བུ་དེ་ཙམ་གྱི་གོ་དོན་ལེན་མི་ཐུབ་ན་དྲ་ལམ་དུ་མ་ཕེབས་རོགས་ཞེས་ངས་སྔོན་ནས་ཞུས་ཟིན་པ། བོན་པོའི་མཁས་དབང་མཐུ་སྟོབས་མཆོག་སྒྲུབ་དང་བན་དེ་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་གཉིས་ཕར་ཕུད་དེ་ནས་དེང་གི་ལྷ་རམས་པ་ཨང་ཀི་དང་པོ་ཟེར་བ་ཚོའི་ཁ་ལག་གཉིས་ཀ་ལྐུགས་པ་རེད། ཉམས་ལེན་ད་ཨ་ཅང་ཅང་། ཐ་ན་ཉལ་ཕྱག་ལངས་ཕྱག་ཙམ་ཡང་མེད་པར་རྟ་ཉལ་ཉལ་དང་མཛོ་ལངས་ལངས་བྱེད་ཀྱི་ཡོད་པ་ཧ་མ་གོ་བ་ཡིན་ནམ།
ད་རུང་ཁོ་རང་ཚོའི་གསང་བའི་མཛད་རྣམ་ཁག་ངས་འདྲེན་གྱི་མེད། ཉིན་གཅིག་༼ནང་པའི་དགོན་སྡེ་ཁག་གི་གསང་བའི་སྒྱུ་རྩལ་གྱི་བསྟན་བཅོས་ཆེན་མོ།༽ ཟེར་བ་ཞིག་མི་འགྱངས་པར་ཁྱེད་ཀྱིས་མིག་གིས་མཇལ་རྒྱུ་དང་རྣ་བར་གཟན་རྒྱུ་ཡོད་པ་འཛམ་གླིང་དུ་གྲགས་ཚེ་ཁྱེད་དང་ཁྱེད་འདྲ་བའི་ནང་པ་ཚོའི་ངོ་གདུང་སྤྲེའུའི་རྐུབ་དང་མཚལ་རྐོང་ཁ་ཕྱེ་བ་ལྟར་མ་ཆགས་དུས་ཨ་ཙ་མ་་་་་་་་་་་་་་་་་་་་་་་་་
མིག་དམར་ལགས། ཁྱོད་ཀྱིས་གོ་བ་ལོག་པ་རེད། ལྷ་རམས་པ་དང་ནུབ་ཕྱོགས་ལུགས་ཀྱི་འབུམ་རམས་པ་བསྡུར་ཐབས་མི་འདུག་བསམ་བྱུང་ཞེས་པ་ནི། ལྷ་རམས་པར་ཡོན་ཏན་ཆེ་བ་རེད་ཟེར་བ་ཡིན། ཡིན་ནའང་ལོག་ལྟ་ཅན་ལ་གཉེན་པོ་ཡོད་པ་མ་རེད། ཁྱོད་ཀྱིས་བཤད་ལྟངས་ལ་བལྟས་ན་དགེ་འདུན་པར་ཞེ་འཁོན་ཡོད་པ་འདྲ་བོ་མཐོང་སོང་། གང་ལྟར་ཀྱང་གྲྭ་བ་ཡིན་ཀྱང་སྐྱོན་ཡོད་པ་རེད། གང་ཡིན་ཞེ་ན་ད་དུང་ཉོན་མོངས་སྤངས་ཚར་མེད་པ་རེད། དང་བོ་ཁ་ནང་དུ་ཕྱོགས་ལ་རང་ལ་སྐྱོན་དེ་དག་ཡོད་མེད་ལ་བསམ་བློ་ཡག་པོ་ཞིག་གཏོང་དང་དེ་ནས་ཤེས་ཡོང་། །
སྟངས་བཅོས་རོགས
རྟ་བདུན་དབང་པོ་ལགས། ད་ཁྱོད་ལ་ལན་རེག་གི་མི་འདུག་བ་་་་གནས་ལུགས་བརྡར་ན་ཁྱོད་ལ་ལན་ཡོད་བ་མ་རེད་ཁག་མེད། ཁྱོད་ཀྱིས་ང་དགེ་འདུན་པར་ཞེ་འཁོན་ཡོད་པ་འདྲ་བོ་མཐོང་བ་དེ་ཁྱོད་རང་དེའི་ཕྱོགས་གཏོགས་སུ་གྱུར་སོང་བས་རེད། ཧ་ཧ་་་་་་་་་་་བདེན་པ་རེད་བ་་་་་་
སྤྱིར་ཁྱོད་ལ་ར་འཕྲོད་ཀྱི་མི་འདུག་མ་གཏོགས་ང་ལ་མང་པོ་བཤད་ཀྱི་ཡོད། ཚད་ལྡན་གྱི་དགེ་འདུན་པ་ཡང་མང་པོ་ཡོད་རེད། ཚད་ལྡན་གྱི་ལྷ་རམས་པ་ཡང་ཡོད་རེད། དེ་དག་གོང་དུ་རེ་གཉིས་བགྲང་ཟིན་ཡིན་པ། ངས་འདིར་དེང་སང་ལྷ་རམས་པ་ཡིན་ཟེར་ནས་ཁ་ལག་གཉིས་ཀ་སྟོང་པ་ཡིན་མཁན་ཚོ་ལ་བཤད་ཀྱི་ཡོད། ཆོས་པ་ཡིན་ཟེར་ནས་ཁྱོད་འདྲ་བོ་གྲྭ་རྫུན་སྤྲུལ་རྫུན་བླ་རྫུན་ཚོའི་ཉེས་སྐྱོན་ཐེར་འདོན་བྱེད་ཀྱི་ཡོད།
དེ་མིན་བོད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་བྱེད་སྟངས་ལ་ཡང་འགྱུར་བ་གཏོང་དགོས་ཟེར་གྱི་ཡོད། དུས་རབས་ཉེར་གཅིག་པ་དང་བསྟུན་ནས་སློབ་གཉེར་བྱེད་དགོས་ཟེར་གྱི་ཡོད། ད་མ་གཞི་ངས་མང་པོ་མང་པོ་བཤད་ན་ཁྱོད་དང་ཁྱོད་འདྲ་བོ་ཀླད་ལྗང་ཚོས་གང་ཡང་ཧ་གོ་ས་མ་རེད།
མི་དམར་ལགས། ང་གད་མོ་ཞིག་དབང་མེད་པར་ཤོར་སོང་། ངས་གྲྭ་བ་ཆོའི་བཟང་ངན་ལ་དཔྱད་པ་གང་ཡང་གཏོང་གི་མེད། དགོན་པར་གནས་ནས་ཆོས་ལ་སློབ་གཉེར་དང་གྲྭ་བའི་གཟུགས་བརྙན་ཙམ་འཛིན་ཐུབ་ནའང་བསོད་ནམས་རེ་ཆེ་སྙམ་བཞིན་ཡོད། གང་ཡིན་ཞེ་ན་ང་རང་ནི་སྐྱོན་གྱིས་ཕུང་བོ་ཅན་ཞིག་ཡིན་པ་དང། བདུན་ཕྲག་གཅིག་ལའང་དགོན་པར་གནས་དཀའ་བའི་ཕྱིར་ཡིན། སྤྱིར་ནང་ཆོས་ལ་ངེས་པ་ཇི་ཙམ་རྙེད་པ་ཙམ་གྱིས་གཞན་ལའང་དག་སྣང་དེ་ཙམ་རྙེད་པ་རེད། རང་ཉིད་ནམ་ཡང་མཆོག་ཏུ་འཛིན་པ་དང་། གཞན་རྣམས་སྐྱོན་གྱི་ཕུང་བོ་འབའ་ཞིག་ཏུ་མཐོང་བ་ནི། རང་གི་ནང་ན་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད། སྔོན་དྭགས་པོ་ལྷ་རྗེས་རྗེ་བཙུན་མི་ལར། ཚོགས་པ་སྐྱོང་བའི་དུས་ནམ་ཡིན་ཞུས་པས། མི་ལའི་ཞལ་ནས། ནམ་ཞིག་ན་ཁྱོད་ཀྱིས་ཕ་རྒན་ང་སངས་རྒྱས་དངོས་སུ་མཐོང་། དེ་དུས་ཚོགས་པ་སྐྱོངས་གསུངས་པ་རེད། རང་ཉིད་ལ་ཡོན་ཏན་ཆེ་རུ་ཆེ་རུ་སོང་ན། གཞན་ལ་སྐྱོན་བརྗོད་ཉུང་དུ་ཉུང་དུ་འགྲོ་བ་རེད། ཧ་གོ་སོང་ངམ། ང་ལ་མང་བོ་འབྲི་རྒྱུ་ཁོམ་པ་མི་འདུག །
མྱིག་དམར་ཁོ།
༼ཐ་ན་ཉལ་ཕྱག་ལངས་ཕྱག་ཙམ་ཡང་མེད་པར་(རྟ་ཉལ་ཉལ་)དང་(མཛོ་ལངས་ལངས)་བྱེད་ཀྱི་ཡོད་པ་ཧ་མ་གོ་བ་ཡིན་ནམ།༽ འདི་འདྲའི་གཏམ་དཔེ་ཞིག། ཁྱོའི་ཁ་ནང་ལ་འདྲེ་སུས་བཞག་སོང་། ཁ་ཚིག་ནང་ན་ནང་དོན་མེད་པའི་སྐད་ཆ་འདྲ་ནི་མི་གོ་བར་ཤོག།
མ་ཤེས་ཤེས་མདོག་དང་མ་མཁྱེན་མཁྱེན་མདོག་བྱེད་རྒྱུ་བཞག་ན་ཡག་ནི་རེད། ཁྱོད་འདྲ་མོས་སོ་སོའི་མི་ཚང་གི་ཁ་སོས་འི་བཅུག་དང་། གདན་ས་སེར་འབྲས་དགའ་གསུམ་གྱི་ཆོས་ཕྱོགས་དགེ་ཕྱོགས་ནི་ཁྱོད་ལ་མ་བབ་ནིའི་ཇུས་གཏོགས་རེད། གོ་སོང་ངམ།
ཡ་ར་མ་ལུག་ཚོ་གདན་ས་ཆེན་པོའི་བླ་སྤྲུལ་དགེ་ཤེས་མཁས་དབང་རྣམས་ལ་ཇུས་མེད་ཇུས་ཏོག་མ་བྱེད་དེ་ལས་འུ་ཅག་བོད་པ་ཚང་གི་བདེ་འདུག་ལ་བསམ་བློ་གཏོང་རང་གཞན་གཉིས་ཕུང་གི་ལས་ངན་མ་བྱེད་ཧ་གོ་སོང་བས་་།་?
རྟ་བདུན་ལགས། སྟོན་པ་ཐུབ་པའི་དབང་པོས་་་་་་་“དཔྱད་པར་བྱ་ཡི་གུས་ཕྱིར་མིན།” ཞེས་གསུངས་ཡོད་པ་གང་ལ་ཟེར་གྱི་ཡོད་རེད། ཁྱོད་འདྲ་བའི་ཀླད་ལྗང་དག་སྣང་རྫུན་མས་ར་བཟི་བ་རྣམས་ལ་གདམས་པ་རེད། ཧ་གོ་བར་གྱིས། ཁོམ་གྱི་མེད་ན་ཚིག་ཉུས་དེས་འཐུས་པར་བྱོས།
གནམ་སྟོང་ལགས། བོད་རང་གི་སྲོལ་རྒྱུན་གྱི་གཏམ་དཔེ་ཙམ་དེས་ཀྱང་ཧ་ཡ་མི་གོ་ན་ད་རུང་དག་ཡིག་མིང་གཞི་སོགས་ལ་ཡག་པོར་སྦྱོང་། དེ་ནས་དྲ་ཐོག་ཏུ་ཕེབས་ནས་ཚོགས་གཏམ་ཐོངས། དེ་མིན་ཁྱོད་ལ་ཚོགས་གཏམ་གཏོང་རྒྱུའི་ཆ་རྐྱེན་མི་འདུག་ལོ།
ཕོ་ཉ་ལགས། ང་ལ་བྱུས་གཏོགས་མེད། ཁྱོད་ལ་བྱུས་གཏོགས་མེད། ཁོ་ལ་བྱུས་གཏོགས་མེད། དེ་ནས་སུ་བྱུས་གཏོགས་ཡོད་རེད། བོད་སྤྱི་བའི་དོན་ཀྱང་དེ་བཞིན་དུ་བརླག་པ་རེད། ཤ་ཞེན་དང་ལ་རྒྱ་སེམས་ཤུགས་སྤུ་ཙམ་མེད་པ་ཁྱོད་ལུང་པ་དེའི་ཡིན་པ་ཡང་ཧ་གོ་གི།