ཐེ་བོ་སངས་རྒྱས་ཀྱིས་བོད་བསྒྱུར་བྱས།
སྔོན་དུས་མཁས་པ་ཞིག་མཚོ་འགྲམ་དུ་བསྐྱོད་ཅིང་རྩོམ་ཡིག་འབྲི་བར་བྱེད། ལས་ཀ་མགོ་མ་བཙུགས་གོང་ཁོ་མཚོ་བརྒྱུད་དུ་འཁྱམས་འཁྱམས་འགྲོ་བའི་གོམས་གཤིས་ཤིག་འཇགས་ཡོད། ཉིན་ཞིག་ཁོ་རྒྱ་མཚོ་དང་ས་གཞི་དབྱེ་མཚམས་བརྒྱུད་དེ་སྐྱོད་བཞིན་པའི་སྐབས། ཁོས་མཐོང་རྒྱང་གི་མཚོ་འགྲམ་དུ་བལྟས་ཙ་ན། མི་ཞིག་གི་གཟུགས་དབྱིབས་ཞབས་བྲོ་འཁྲབ་པ་ལྟར་འགུལ་སྐྱོད་བྱེད་ཀྱིན་པ་མཐོང་། ཁོ་རང་ཁོང་དགོད་ཅིག་ཤོར་ཏེ། སུ་ཞིག་གིས་ཉིན་མོ་འདི་ལ་ཞབས་བྲོ་འཁྲབ་ཀྱིན་ཡོད་དམ་སྙམ། དེར་བརྟེན་ཁོའི་གོམ་སྟབས་ཇེ་མགྱོགས་ཀྱིས་མདུན་སྐྱོད་བྱས། ཐག་ཉེར་སླེབས་དུས་དེ་ནི་ཕོ་གསར་ཞིག་ཡིན་འདུག་ལ། ཕོ་གསར་དེས་ཞབས་བྲོ་འཁྲབ་ཀྱིན་མེད་ཀྱང་། ནོར་དོན་ནི་མི་དེས་བྱེ་འདམ་ཐོག་ལག་པ་སྙོབ་ཙམ་སྙོབ་ཙམ་གྱིས་ཅི་ཞིག་བསྒྲུགས་ཏེ། ཧ་ཅང་ལྷོད་འཇམ་ངང་རྒྱ་མཚོའི་ནང་འཕེན་པར་བྱེད་པ་དེ་རེད།
ཁོ་གསར་བུ་དེའི་ཉེ་འགྲམ་དུ་ཅུང་བཅར་ནས་”ཞོགས་པ་བདེ་ལེགས། ཁྱེད་རང་གིས་ག་རེ་གནང་གིན་ཡོད་”ཅེས་སྐད་གསངས་མཐོན་པོས་དྲིས། ཕོ་གསར་དེས་ལས་མཚམས་བཞག་ནས་ཡར་ལྟ་བཞིན་”ཉ་སྐར་མ་1)རྒྱ་མཚོར་འཕེན་གྱི་ཡོད་”ཅེས་ལན་བཏབ། མཁས་པའི་སེམས་སུ་ད་དུང་ཁོ་ལ་གཅིག་འདྲི་དགོས་དྲན། ག་རེ་བྱས་ནས་ཁྱེད་ཀྱིས་ཉ་སྐར་མ་རྒྱ་མཚོར་འཕེན་གྱི་ཡོད། “ཉི་མ་ཤར་བ་ན་མཚོ་རླབས་ཕར་ནས་ཕར་འགྲོ་བས། གལ་སྲིད་ངས་འདི་དག་རྒྱ་མཚོའི་ནང་མ་གཡུགས་ན་འཆི་རྒྱུ་ཉག་ཅིག་རེད།”
“ཕོ་གསར་ལགས། ཡིན་ནའང་མཚོ་བརྒྱུད་ས་ལེ་དབར་ནས་ལེ་དབར་དུ་ཡོད་ཅིང་། ཉ་སྐར་མ་ཡང་དེ་བཞིན་ཡོད་པ་ཁྱེད་ཀྱིས་མ་རྟོགས་སམ། ཁྱོད་ཀྱིས་ཕན་ནུས་ཤིག་ཐོན་མི་སྲིད་པ་རེད།” ཕོ་གསར་དེས་གུས་ཞབས་ངང་ཉན་རྗེས། ས་ལ་བསྒུར་ཅིང་ཉ་སྐར་མ་གཞན་ཞིག་བླངས་ནས་རྒྱ་མཚོར་འཕངས། མཚོ་རླབས་ཕར་སྐྱོད་པའི་དུས་མཚམས་སུ་བཤད་རྒྱུར། འཕངས་མ་ཐག་པའི་ཉ་སྐར་མ་དེ་དེ་རང་ལ་ཕན་ནུས་ཐོན་པ་རེད།”
མཆན། 1) ཉ་སྐར་མ། starfish.