ཨེ་མ་ཧོ།
ན་མོ་གུ་རུ་བྷྱ།
ཀ་དག་རིག་འཛིན་བརྒྱུད་པའི་ཕ་ཆོས་མ་བརྗེད།།
ཁ་བའི་ལས་དབང་བཙན་པོའི་ཕ་ཡུལ་མ་བརྗེད།།
ག་སར་གང་དུ་ཕྱིན་ཀྱང་དྲན་ཤེས་མ་བརྗེད།།
ང་ཚོ་ཚང་མས་སྣོད་བཅུད་དག་གཙང་འབད་དགོས།།
ཅ་ཅོའི་བསྡུས་གྲྭ་ཙམ་ལ་མགོ་བོ་མ་འཁོར།།
ཆ་ལུགས་ཚུལ་འཆོས་ཙམ་ལ་སྙིང་པོར་མ་འཛིན།།
ཇ་འཐུང་ངོ་དགའ་ཙམ་ལ་བདེན་སྣང་མ་བལྟའ།།
ཉ་བ་རྒན་གཞོན་འཚོ་འདྲའི་རྟུལ་ཞུགས་སྤོང་རོགས།།
ཏ་ཐྰ་ག་ཏའི་བཤད་སྒྲུབ་ས་རྡོར་མ་བརྗེ།།
ཐ་དག་དངུལ་ལ་བཅོལ་བའི་འཁོར་འདས་མ་བསྟེན།།
ད་ལྟའི་དུས་རབས་གསར་བའི་ཆོས་དཔལ་སྤྱོད་ནས།།
ན་ཚོད་ཁྱད་མེད་མི་ཚེ་སྙིང་པོར་བླངས་མཛོད།།
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་མཛད་ནས།།
ཕ་མའི་རྒྱུད་སྡེའི་དགོངས་པའི་སྙིང་པོ་འཛིན་ནས།།
བ་ལང་ཕྱུགས་ལས་ལྷག་པའི་མི་ལུས་རིན་ཆེན།།
མ་སྨད་བསོད་ནམས་གསར་བའི་ལང་ཚོ་བསྐྲུན་ཤོག།
ཙ་ར་མ་ཆོད་གཞན་ཟེར་འུར་སྒྲོག་མ་བྱེད།།
ཚ་གྲང་དཀའ་སྤྱད་མཛད་པ་དོན་དང་ལྡན་ན།།
ཛ་ཡའི་བསྟན་པའི་ཡང་སྙིང་རྟོགས་པ་ཡིན་པས།།
ཝ་ལེར་ཐུགས་ལ་ཟུངས་ཤིག་སྙིང་གི་གྲོགས་རྣམས།།
ཞྭ་གོས་ཙམ་ལ་ཕྱོགས་ཞེན་འཐེན་ཁྱེར་མ་བྱེད།།
ཟ་ཉལ་སྤྱོད་ལམ་ཀུན་ལ་བག་ཡོད་གནང་ནས།།
འ་ཅག་འཇིག་རྟེན་ཆོས་དང་མི་འགལ་གནས་ན།།
ཡ་རབ་བསམ་སྤྱོད་ཞེས་ཀྱང་དེ་ཀ་ལགས་སོ།།
ར་རུ་འདྲ་བའི་ཆགས་སྡང་རྨོངས་གསུམ་བྲལ་ཞིང་།།
ལ་ལུང་ཀུན་ལ་ཞི་བདེའི་འཚོ་བར་རོལ་བཞིན།།
ཤ་ཁྲག་མི་ལུས་བླངས་པ་དོན་ལྡན་གནས་ན།།
ས་ཐོབ་སེམས་དཔའི་ཚོགས་ཀུན་དགྱེས་པར་ལགས་སོ།།
ཧ་ཅང་བྲེལ་བ་ཆེ་བའི་མཁན་ཆེན་བླ་མས།།
ཨ་ལགས་རིགས་མཐུན་ཡོངས་ལ་སྙིང་གི་གྲོས་འདེབས།།
ཨི་ལྡན་དབྱངས་གསལ་རྒྱུད་ནས་འཕྲིན་འདི་ཕུལ་བས།།
ཨུ་དུམ་བྰ་ར་ལྟ་བའི་མཆོད་འབུལ་ལགས་སོ།།
ཨེ་མ་ཧོ་ཡི་གླིང་ཀར་གནས་པའི་གྲོགས་དང་།།
ཨོ་རྒྱན་རིག་འཛིན་བརྒྱུད་པའི་ཆོས་མཆེད་ཡོངས་ལ།།
སེམས་ལ་གང་ཤར་རྣམ་རྟོག་རི་མོའི་མེ་ལོང་།།
རིགས་མཐུན་ཀུན་ལ་གབ་སྦས་མེད་པར་ཕུལ་ལོ།།
ཞེས་པ་རབ་རྒྱན་སྨིན་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པར་ཨེ་ཝཾ་རིག་པ་དང་མི་ཡུལ་གྱི་མགྲོན་པོ་སོགས་ཨེ་མ་ཧོའི་གླིང་གི་ཟག་མེད་སྡེ་ཉེར་གཅིག་གི་མཚོན་པའི་ནང་གྲོགས་ཡོངས་ལ་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝཾ་ཕྱག་ཆེན་རི་ཁྲོད་ནས་ཕུལ་བར་དགེའོ།། དགེའ།། དགེའོ།
ན་མོ་གུ་རུ་བྷྱ།
ཀ་དག་རིག་འཛིན་བརྒྱུད་པའི་ཕ་ཆོས་མ་བརྗེད།།
ཁ་བའི་ལས་དབང་བཙན་པོའི་ཕ་ཡུལ་མ་བརྗེད།།
ག་སར་གང་དུ་ཕྱིན་ཀྱང་དྲན་ཤེས་མ་བརྗེད།།
ང་ཚོ་ཚང་མས་སྣོད་བཅུད་དག་གཙང་མ་བརྗེད།།