བྱ་མདོ་སྐལ་རྒྱམ།
ཉེ་ལམ་ལྡན་མ་བློ་ཆོས་རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་དེ་དྲ་ལམ་དུ་མང་བོ་ཐོན་དང་འཐོན་བཞིན་ཡོད་ལ། དེ་དང་འབྲེལ་ནས་ཁོང་གི་འདས་ཟིན་པའི་ལོ་རྒྱུས་ཀྱང་མང་བོ་ཞིག་འགོད་ཀྱིན་འདུག ཁ་ཤས་ནས་ཁོང་ཉིད་དཀར་བོ་དཀར་རྐྱང་ཡིན་པར་སྒྲུབ་ལ། ལ་ལས་ཁོང་ཉིད་ནག་པོ་ནག་རྐྱང་དུ་གཏོང་བཞིན་འདུག
དེ་དག་ནི་ཕྱོགས་སུ་ལྷུང་པའི་བཤད་པ་སྟེ། ཁོང་ཉིད་ཀྱི་གསུང་གི་སྲས་སུ་སེར་འབྲས་དགེ་གསུམ་གྱི་ཆེན་པོ་ཕལ་ཆེར་མ་འདུས་པ་མེད་པ་འདི་ནི་མདོར་བསྡུས་ནས་བཤད་ན་ཁོང་གི་རྣམ་པར་དག་པའི་རྣམ་ཐར་ཡིན་ཟེར་ཆོག
ཡིན་ཡང་ལོ་ངོ་འགའི་སྔོན་ནས་ཁོང་ཉིད་ཐེ་ཝན་གྱི་དོལ་ཚོགས་ཤིག་ཏུ་གོང་ས་མཆོག་དང་ས་དེའི་དོན་གཅོད་ཀྱིས་བཀག་ཀྱང་མ་ཁོག་པར་ཕྱིན་པ་དང་། གཞན་ཡང་གོང་ས་མཆོག་གིས་དམིགས་བསལ་གྱིས་བསྐྱངས་ཀྱང་དྲིན་ཤེས་མ་བྱས་པས་མཇུག་འབྲས་སུ་གོང་ས་མཆོག་གི་གསུང་ཆོས་ལ་ཡོང་མི་ཆོག་པར་བཟོས་པ་དང་། ལྷག་པར་ཏུ་གོང་ས་མཆོག་ཐུགས་ཕམ་པའི་གསུང་སྟེ།
༼ལྡན་མ་བློ་ཆོས་ལ་ཆ་བཞག་པ་ཡིན་ན། རེ་བ་དང་ཡིད་ཆེས་བྱས་ནས་ཐ་ན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་བསྐོ་བཞག་བྱས་པ་ཡིན། བསྐོ་བཞག་གནང་དགོས་པ་དེ་ཡང་། རིན་པོ་ཆེ་མཚན་སྙན་མཛད་འཕྲིན་རྒྱས་པའི་ཆེད་དུ་དམིགས་ནས་ཡིད་ཆེས་བློ་འགེལ་བྱས་ནས་བསྐོ་བཞག་བྱས་པ་ཡིན། ཡིན་ན་ཡང་བར་སྐབས་ཤིག་ནས་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་དང་། ལྷག་པར་ཏུ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་ལམ་བྱེད་རྒྱུ་མིན་ཟེར་བའི་ཐོག་ལ། རིན་པོ་ཆེས་(ལྡན་མ་བློ་ཆོས)བར་བཞུགས་ཡིན་པ་འདྲ་བོ་བྱས་ནས་དེ་འདྲ་གནང་གི་འདུག དེར་བརྟེན་བར་བཞུགས་ཡིན་པ་དེས་ག་རེ་མཚོན་གི་ཡོད་པ་རེད་ཅེས་ན། ཕར་ལ་ཡང་འཁྱོག་མེད།་ཚུར་ལ་ཡང་འཁྱོག་མེད་ལབ་གི་ཡོད་པ་རེད། ཚུར་ཕྱོགས་སུ་རེད་དམ། རྒྱབ་སྐྱོར་མེད་ས་དེ་རྒྱལ་བ་རིན་པོ་ཆེ་རེད། མདོར་བསྡུས་ན། རྒྱལ་བ་རིན་པོ་ཆེའི་ཕྱག་ལས་ཐོག་ལ་རྒྱབ་སྐྱོར་མེད་ཟེར་གི་ཡོད་པས། རེ་བ་ནང་བཞིན་ཞིག་མ་བྱུང་བ་དང་། སྤྱིར་བཏང་རིན་པོ་ཆེ་ཐུགས་ཁག་མི་འདུག ཕྱག་དངུལ་ལ་དགའ་བོ་འདུག་པར་མ་ཟད། བར་སྐབས་རིན་པོ་ཆེ་(ལྡན་མ་བློ་ཆོས)ཐེ་ཝན་ལ་ཕེབས་པ་རེད། ཐེ་ཝན་ལ་ཕེབས་སྐབས་རྗེས་སུ་འབྲེལ་བ་བྱས་ནས་ཐེ་ཝན་གྱི་དགོན་པ་(དོལ་རྒྱལ་བསྟེན་མཁན།) ཞིག་ལ་ཕེབས་གི་ཡོད་པ་རེད་ཟེར། ངས་་་ཨོ་་་དགོན་པ་དེར་མ་འགྲོ་ན་ཡག་གི་རེད། དགོན་པ་དེ་གསེར་ཀོང་ཁྲི་སྤྲུལ་དང་འབྲེལ་བ་ཡོད་པའི་དགོན་པ་ཞིག་རེད་འདུག་ཅེས་བཤད་པ་ཡིན་མོད། ཐ་མ་རིན་པོ་ཆེ་(ལྡན་མ་བློ་ཆོས)དགོན་པ་དེར་ཕེབས་འདུག་པས་བློ་ཕམ་བྱུང་། འབྲས་སྤུངས་ཀྱི་གྲྭ་བ་རྒན་པ་མང་པོ་ཞིག་གི་ཐོག་ནས་རྒྱལ་བ་རིན་པོ་ཆེས་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་གཟིགས་ཕྱོགས་དེ་ཏག་ཏག་འགྲིག་གི་མི་འདུག་མདོག་མདོག་བྱས་ནས་རྣམ་འགྱུར་སྟོན་མཁན་འདུག་ཀྱང་། ལྡན་མ་བློ་ཆོས་རིན་པོ་ཆེ་ལ་རྣམ་འགྱུར་སྟོན་དགོས་པ་དེ་ངས་བཟོས་པ་མ་རེད། ཁོང་རང་གི་ངོས་ནས་ཆགས་པ་དེ་འདྲ་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེའི་ངོས་ནས་ནོར་འཁྲུལ་ཅི་ཡང་བྱས་མེད། མ་ཟད་སྤྱིར་བཏང་ནས་སྔོན་མ་བློ་ཆོས་རིན་པོ་ཆེ་ལ་ཧ་ཅང་ཡིད་ཆེས་བྱས་ཏེ་ནམ་ཡིན་ཡང་ག་དུས་ཐུགས་མོལ་གཏགས་པ་དང་བཀའ་མོལ་ཞུ་བ་དེ་འདྲ་བྱེད་གི་ཡོད། ཡིན་ནའང་བར་སྐབས་ཤིག་ནས་དེ་ཙམ་དེ་ཙམ་འབྲེལ་བ་བྱ་དགོས་པའི་རྒྱུ་མཚན་མ་མཐོང་བས། སོ་སོར་སྒམ་པོ་བྱས་ཏེ་བསྡད་ན་ཡག་ཤོས་རེད་མ་གཏོགས། འབྲེལ་བ་བྱེད་དགོས་པ་མེད། རྒྱལ་བ་རིན་པོ་ཆེའི་ངོས་ནས་གཟིགས་ཕྱོགས་བྱུང་དགོས་པ་ངའི་ངོས་ནས་ནོར་འཁྲུལ་གང་ཡང་མེད། ཡིན་ནའང་གང་ལྟར་ནང་ཆོས་ན་ཡོད་པ་བཞིན་སོ་སོས་བསགས་པའི་སྡིག་པ་སོ་སོས་བཤགས་ན་འདག་རྒྱུ་ཡོད་པ་བཞིན། སོ་སོས་བསམ་བློ་གཏོང་རྒྱུ་རེད།༽
གསུང་དུམ་འདི་ལ་བལྟས་ན་གོང་ས་མཆོག་གིས་གཟིགས་སྟངས་ཅི་འདྲ་ཡོད་མེད་གསལ་བོ་ཤེས་ཐུབ། འདི་ལས་ང་ཆོས་གསལ་བོར་ཤེས་ཐུབ་པ་ཞིག་ནི་གནད་འགག་གི་སྐབས་སུ་གོང་ས་མཆོག་ཁེར་རྐྱང་ཡིན་པའི་ཚོར་བ་ཞིག་ངང་གིས་སྟེར་བ་འདི་ཡིན། བླ་མ་དང་དགེ་བཤེས་རྒན་གྲས་རྣམས་ཀྱིས་བཤད་སྟངས་ཤིག་ནི། ཁོང་ཚོ་ཚང་མ་ཁྲི་བྱང་རིན་པོ་ཆེའི་སློབ་མ་ཡིན་པ་གཅིག་མཚུངས་ཡིན་ལ། ཁྲི་བྱང་མཆོག་གིས་དོལ་རྒྱལ་སྲོག་གཏད་བྱས་ནས་ཤུགས་ཆེར་བསྟེན་གསོལ་བྱེད་པ་ཡིན་ལ། གོང་ས་མཆོག་ཀྱང་ཁྲི་བྱང་རིན་པོ་ཆེའི་སློབ་མ་ཡིན་པས་བླ་མ་ལྷག་པའི་ཐག་གཅོད་ཅིག་བྱེད་རྒྱུ་མེད་ལ་བྱེད་མི་རུང་བ་ཞིག་ཀྱང་རེད་འདོད་པ་དེ་རེད།
འདི་ནི། གང་ཕྱིར་རྒྱལ་ལས་ཆེ་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ།། ཞེས་གསུངས་པ་བཞིན། ཞེ་ས་མ་ཞུ་བར་བཤད་ན་ཆོས་སྲིད་གང་གི་ཆ་ནས་ཀྱང་གོང་ས་མཆོག་གི་རྣམ་དཔྱོད་དང་ཕུགས་རྒྱང་རིང་བའི་བསམ་བློ། བོད་བསྟན་སྲིད་ལ་ཐུགས་ཁུར་དང་ཤ་ཞེན་སོགས། རང་ཉིད་ཀྱི་ཤེས་ཡོན་གོང་ས་མཆོག་དང་ན་མཉམ་ཡིན་པར་བརློན་པ་སུས་ཀྱང་འགྲན་དུ་མེད་པ་ནི་རྨོངས་ཞེན་ཙམ་མིན་ལ། རང་ཉིད་ལ་ལེགས་ཉེས་འབྱེད་པའི་བློའི་ནུས་པ་མེད་ན་འདི་ལྟ་བའི་མགོན་གྱི་རྗེས་སུ་འབྲངས་རྒྱུ་ནི་ལེགས་པའི་མཆོག་ཡིན་ནོ།།
གོང་དུ་བཤད་པ་བཞིན་ལྡན་མ་བློ་ཆོས་རིན་པོ་ཆེ་སྐུ་ཚེ་སྟོད་ཙམ་དུ་གདན་ས་སྤྱིའི་བླ་མ་ལྟ་བུར་གྱུར་བ་དང་གོང་ས་མཆོག་གིས་ཐུགས་རེ་ཅི་ཙམ་གནང་བ་སོགས་ནི་གོང་གི་གསུང་དུམ་དེ་ལས་ཀྱང་གསལ་བོར་ཤེས་མོད། དོལ་རྒྱལ་གྱི་རྙོག་གླེང་དེས་ཁོང་གི་མི་ཚེའི་རྣམ་ཐར་ལ་ནག་ཐིག་ཅི་ཙམ་གཏོད་ཡང་འདས་ཟིན་པའི་ལོ་རྒྱུས་སུ་གྲུབ་ཟིན་པས། སུས་ཀྱང་བསུབ་ཐབས་མེད་པས། རང་གི་བླ་མ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། འགེབ་ཐབས་བྱེད་པ་ནི་ལོ་རྒྱུས་ལ་འགན་མ་ཁུར་བ་དང་དངོས་ཡོད་གནས་ཚུལ་ལ་འགན་མ་ཁུར་བ། རྒྱལ་བ་དོན་གྱི་བདག་པོས་ལམ་སྟོན་ལས་བཤོལ་བ་ཡིན་པས། རང་ཉིད་གཟུར་བོར་གནས་པ་ཡིན་པར་འདོད་པ་དག་གི་བློ་ཕྱོགས་ལྷུང་གིས་དབང་དུ་མི་འགྲོ་བ་གལ་ཆེ་ལ། ལོ་རྒྱུས་མཁྱེན་པ་རྣམས་ལ་མདོར་བསྡུས་ནས་བཤད་ན་ཁོང་གི་བྱེད་སྟངས་འདི་ནི་རྒྱལ་དབང་བཅུ་པའི་སྐབས་ཕ་བོང་ཁའི་བྱེད་སྟངས་དང་གཅིག་མཚུངས་པས་དངོས་བྱུང་གི་ལོ་རྒྱུས་འདི་དག་སུས་ཀྱང་བསུབ་ཐབས་མེད།
རེད་རེད། བར་སྐབས་ནས་རྙོགས་གླེང་ཅུང་ཟད་བྱུང་བ་ཡིན་ས་རེད། འོན་ཀྱང་རྗེས་ནས་དེའི་སྐོར་ནང་ལོགས་ནས་འགྲིགས་འཇགས་ཡག་པོ་བྱུང་ཡོད་པའི་གནས་ཚུལ་ཐོས། ཁྱད་པར་ཉེ་ཆར་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུས་ནས་དེ་ནས་སྐུ་གཤེགས་པ་སོགས་ཀྱིས་ཐ་མའི་དུས་ཚོད་གནད་འགག་གི་ཐོག་ཏུ་རྟེན་འབྲེལ་ལེགས་ལམ་དུ་འགྲིགས་པ་ཞིག་ཏུ་སྣང་བས་འདས་པའི་གནས་ཚུལ་མང་པོ་བསྐྱར་བསྔོགས་བྱས་ནས་སྐྱབས་མགོན་རིན་པོ་ཆེ་ཤ་ཚ་འདོག་བྱེད་པའང་དགེ་མཚན་དུ་ཆེར་མ་མཐོང་།
་་་་་་་་ རྒྱལ་བ་རིན་པོ་ཆེའི་ངོས་ནས་གཟིགས་ཕྱོགས་བྱུང་དགོས་པ་ངའི་ངོས་ནས་ནོར་འཁྲུལ་གང་ཡང་མེད། ཡིན་ནའང་གང་ལྟར་ནང་ཆོས་ན་ཡོད་པ་བཞིན་སོ་སོས་བསགས་པའི་སྡིག་པ་སོ་སོས་བཤགས་ན་འདག་རྒྱུ་ཡོད་པ་བཞིན། སོ་སོས་བསམ་བློ་གཏོང་རྒྱུ་རེད། ་་་་་་་་
མཚན་སྙན་དང་མཛད་འཕྲིན་གྱི་ཆེད་དུ་རྣམ་གྲྭའི་མཁན་པོར་བསྐོ་བཞག་བྱས་པ་ཡིན་གསུང་།
ངས་ལྡན་མ་བློ་ཆོས་རིན་པོ་ཆེའི་ལོ་རྒྱུས་ལ་རྒོལ་བ་མིན་ལ་ཁོང་གི་མཛད་འཕྲིན་ལ་སྡང་བ་དེ་བས་ཀྱང་མིན། དངོས་ཡོད་ལོ་རྒྱུས་འདི་དག་ལས་བསླབ་བྱ་དང་། གདོང་ལེན་བྱེད་དགོས་ངེས་རེད།
རྒྱལ་བ་རིན་པོ་ཆེའི་གསུང་ཡིན་ཟེར་བའི་ལུང་དེ་ངོ་མ་ཡིན་མིན་ཁུངས་སྐྱེལ་གནང་ཐུབ་མཁན་ཨེ་ཡོད།
དེ་ལ་དོགས་པ་མེད་དགའ་ལྡན་བླ་སྤྱི་ནས་གསུངས་པ་རེད། སྒྲ་འཇུག་ཀྱང་གསལ་བོ་བྱས་འདུག་པས་ངས་དངོས་སུ་ཐོས་པ་ཡིན།
བྱ་མདོ་སྐལ་རྒྱམ་གྱིས་ཁོང་གི་བཀའ་གསུང་ཞིག་དྲངས་པ་དེ་གོ་མྱོང་ཡོད། གྲོགས་མཁན་རྫ་ཚེ་བཀྲས་གསུངས་པ་དེ་གསར་བ་ཡིན། གང་ལྟར་འདི་གླེང་ན་དགེ་མཚན་ཆེར་མ་མཐོང་། སྙོག་དྲ་ཆེ་རུ་དང་མཐུན་སྒྲིལ་ལ་གནོད་ངེས་རེད། རྒྱུ་མཚན། དགེ་ཕྲུག་ཚོའི་དད་པ་དང་གཞན་ཚོའི་ལྟ་སྟངས་བསྡུར་ན་བགྲོ་གླེང་ལ་ལྷོད་ལྷོད་ཅིག་ག་ལ་སྲིད།
བྱ་མདོ་ལ་དྲི་བ། ལྡན་མ་བློ་ཆོས་རིན་པོ་ཆེ་༴༸གོང་ས་མཆོག་གིས་གསུང་ཆོས་གང་དང་ག་དུ་བཀག་པ་ཡིན་ནམ། ཡུལ་དུས་སོགས་ཁྱོད་ལ་གསལ་ཁ་ཡོད་པའི་རེ་བ་ཡོད།
དགའ་ལྡན་ནས་བཀའ་བཀྱོན་གནང་བ་དངོས་ཡོད་རེད། དེའི་་རྗེས་བཞི་་པར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་༸གོང་ས་མཆོག་གིས་འཇིགས་བྱེད་བཅུ་གསུམ་མའི་བཀའ་དབང་གནང་བ་རེད་ལ། སྐབས་དེ་དུས་བློ་ཆོས་རིན་པོ་ཆེ་གསུང་ཆོས་ལ་དངོས་སུ་བཅར་ཡོད་པ་ཙམ་དུ་མ་ཟད་བཞུགས་ཁྲིའི་ཉེ་འཁོར་བླ་ཆེན་མི་ཆེན་ཚོ་བཞུགས་གནས་ནས་ཀྱང་༸གོང་ས་མཆོག་དང་ཧ་ཅང་ཐག་ཉེ་སར་བཞུགས་ཡོད་པ་རེད།
སྤྱི་ལོ་༢༠༡༤ཟླ་བ༡༠ཚེས༢༣ཉིན་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་རྗེ་བཙུན་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོ་དཔལ་བཟང་པོ་མཆོག སྐྱེ་འགྲོ་རྟག་འཛིན་ཅན་དག་རྣམ་དཀར་དགེ་བའི་ཕྱོགས་སུ་བསྐུལ་ཕྱིར་དུ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་མཛད་ནས་བཟུང་། འཛམ་གླིང་ཕྱོགས་གང་སར་ནས་དད་ལྡན་འཁྲི་འབུམ་མང་པོས་གདུང་སེམས་མཉམ་བསྐྱེད་དང་། མཆོད་འབུལ་སྨོན་ལམ་བསམ་ཡུལ་ལས་འདས་པ་ཞིག་གནང་བཞིན་སྐབས་འདིར། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་གྲྭ་ཚང་གཉིས་ནས་ཀྱང་ཁུང་སོ་སོའི་ཟ་ཁ་དང་། ཚོང་ཁང་། ལས་ཁུང་ཡོངས་རྫོགས་ལས་མཚམས་འཇོག་ནས་སྒོ་རྒྱག་ཡོད་པ་དང་། དགེ་མདུན་སྟོང་ཕྲག་མང་པོས་འབྲས་སྤུངས་ཚོགས་ཆེན་དང་། དེ་བཞིན་གྲྭ་ཚང་སོ་སོར་དང་། ཁང་མཚན་མི་མཚན་བཅས་ནས་གཞུང་ཆེན་པོ་ཁག་གི་རྩ་འགྲེལ་གསུངས། ལྷག་པར་དུའང་མཁས་མང་བློ་གསལ་གླིང་གི་སྤྲུལ་སྐུ་ལྷན་ཚོགས་ནས་དམིགས་གསལ་ཐུགས་འགན་བཞེས་ཏེ་དམ་པ་ཁོང་གི་གཟིམས་ཤག་ཏུ་འཇམ་མགོན་༸རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་དུ་དེང་རབས་ཀྱི་པཎྜིཏཱ་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་། གཞན་ཡང་རྒྱལ་སྲས་བླ་སྤྲུལ་དང་། མཁན་ལས་ཟུར་ཆེ་ཁག་ཁྱུ་གཅིག་ནས་གསོལ་འདེབས་མཆོད་འབུལ་ཟབ་རྒྱས་གནང་ཡོད། དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་ཡོད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ཕེབས་བཞིན་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་རྣམས་ཀྱིས་སྣེ་ཁྲིད་འོག་རྡ་སའི་ཁྱབ་ཁོང་གི་དགོན་སྡེ་སོ་སོའི་ནང་དུ་ཡོད་པའི་གྲྭ་ཚང་རང་ཁུངས་ཀྱི་དཔེ་ཁྲིད་རྒན་རྣམ་པ་དང་། སློབ་གྲྭ་ཁག་གི་སློབ་དགེ གཉུག་མར་གནས་པའི་དགེ་འདུན་པ་དང་བཙུན་མ། དེ་བཞིན་མི་རིགས་འདྲ་མིན་གྱི་དད་ལྡན་བརྒྱ་ཕྲག་དུ་མས་ཉིན་དང་པོར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པ་བརྗོད་པ་དང་། ཉིན་གཉིས་པར། བསྟན་བཅོས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། ཉིན་གསུམ་པར། རྗེའི་གསུང་ལྟ་བའི་རྣམ་བཤད་ཆེན་པོ་ལྔའི་ནང་མཚན་ནས་དྲང་ངེས་ལེགས་བཤད་སྙིང་པོ་སེམས་ཙམ་པའི་བར་དང་། ཉིན་བཞི་པར། རང་རྒྱུད་པ་ནས་ཐལ་འགྱུར་བའི་གཞུང་ཕྱེད་ཙམ་དང་། ཉིན་ལྔ་པ་ནས་རིམ་བཞིན་ལེགས་བཤད་སྙིང་པོ་དང་། བླ་མ་མཆོད་པ་སོགས་ཀྱི་སྒོ་ནས་དམ་པ་ཁོང་ཉིད་འོད་གསལ་མཉམ་ཉིད་ཀྱི་དབྱིངས་ལས་མ་གྲོལ་བར་དུ་མཆོད་འབུལ་སྨོན་ལམ་གནང་རྒྱུའི་གྲ་སྒྲིག་ཡོད་འདུག སྐབས་འདིར་འབྲས་སྤུངས་བློ་གསལ་གླིང་མཁན་པོ་ལས་ཐོག་པ་དགེ་བཤེས་བློ་བཟང་ཡེ་ཤེས་མཆོག་དང་། མཁན་ཟུར་བྲག་གཡབ་རྟོག་ལྡན་རིན་པོ་ཆེ་དཔོན་སློབ་འཁོར་བཅས་ས་གནས་སུ་དངོས་སུ་ཆེད་ཕེབས་གནང་འདུག དེ་མིན་ས་གནས་སུ་ཡོད་པའི་དམ་པ་གང་གིས་དངོས་སློབ། གདན་ས་གསུམ་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་ཧ་ཅང་མང་པོ་ཉིན་རེ་བཞིན་མཉམ་ཞུགས་གནང་བཞིན་པ་དང་། ད་དུང་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒོ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་ཚོས་འགན་གཙང་བཞེས་གནང་བཞིན་པ་སོགས་ཀྱི་གནས་ཚུལ་སྙིང་བསྡུས་ཙམ་ཡིན་ནོ།།
ང་ཚོས་ད་བར་དུ་དག་སྣང་སྦྱང་སྟངས་མ་ཤེས་པར་དག་སྣང་ལོག་པ་གནང་ནས་ཡོང་བའི་ལག་རྗེས་ལ་ནོར་འཁྲུལ་མང་པོ་ཞིག་ཡོང་གི་ཡོད་པ་གསལ་བོ་རེད། རང་གི་དགེ་རྒན་དང་བླ་མ་ལ་དག་སྣང་སྦྱང་དགོས་པར་མ་ཟད། སྲང་ལམ་གྱི་ཁྱི་ཕག་ལ་ཡང་དག་སྣང་སྦྱང་དགོས་པ་གསུང་རབ་སོགས་སུ་མང་པོ་ཡོད། འོན་ཀྱང་དག་སྣང་གནང་ཤེས་དགོས་པ་ལས་རང་གི་བླ་མས་ནོར་ག་རེ་གནང་ཡང་ཡང་དག་པ་དང་། ཡང་ན་སྦས་བཞག་ན་དེ་ནི་དག་སྣང་མ་རེད་ནོར་འཁྲུལ་རེད། དཔེར་ན་རང་གི་བླ་མར་ན་ཚ་སྡུག་ཅག་ཅིག་ཕོག་ཡོད་ན། ན་ཚ་དེ་ན་ཚ་སྡུག་ཅག་ཡིན་པ་ཤེས་པའམ་ངོས་འཛིན་ཐུབ་པའི་ཐོག་ནས་སྨན་པར་བསྟེན་དགོས་པ་ལས་ངའི་བླ་མ་སངས་རྒྱས་ཡིན་སངས་རྒྱས་ལ་ན་ཡ་ཚ་ཡ་ཡོད་པ་མ་རེད་བསམ་ནས་དག་སྣང་སྦྱོང་ན་དེ་ནི་དག་སྣང་ནོར་འཁྲུལ་རེད། ལོག་པ་རེད། ཡང་ན་བླ་མ་ལ་ན་ཚ་སྡུག་ཅག་ཅིག་ཕོག་ཡོད་ན་དེའི་རྐྱེན་གྱིས་བླ་མ་ལ་དད་པ་དང་དམ་ཚིག་ཆུང་རུ་འགྲོ་བ་དང་བརྩེ་འདང་མེད་པ། མཐོང་མེད་པ་ཆགས་ན་དེ་ཡང་ལམ་ལོག་ལ་འགྲོ་ཚར་བ་རེད།
དཔེ་དེ་བཞིན་དུ་རང་གི་བླ་མས་ནོར་འཁྲུལ་ཅན་གྱི་ཕྱག་ལས་ཞིག་གནང་བའམ་ནོར་བ་ཞིག་བྱུང་ཡོད་ན་ངོས་འཛིན་ཐུབ་པ་དང་ངོས་ལེན་གནང་ཐུབ་པའི་ཐོག་ནས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་དང་བླ་མ་རང་ལ་དད་པ་དམ་ཚིག་གཡོ་མེད་ངང་གནས་ཐུབ་ན་དེ་ནི་དག་སྣང་ངོ་མ་དེ་ཡིན། དེ་ལྟར་སྤྱོད་འཇུག་སོགས་སུ་གང་ཟག་དང་གང་ཟག་གི་ནོར་འཁྲུལ་གཉིས་དབྱེ་འབྱེད་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་གནང་བ་དང་ཡོངས་སུ་མཐུན་པའི་ཚན་རིག་གི་བལྟ་སྟངས་ཞིག་རེད། ང་ཚོའི་ནང་བ་མང་པོ་ཞིག་གིས་ཆོས་ལ་དད་ཡོད་ན་ཡང་ཆོས་མི་ཤེས། རང་གི་བླ་མ་ལ་དག་སྣང་དང་དད་པ་ཡོད་ན་ཡང་དག་སྣང་སྦྱོང་སྟངས་མ་ཤེས་ནས་རང་གི་བླ་མ་སྙུང་ནས་ཉལ་ས་ནང་ནས་ལངས་མ་ཐུབ་པར་བསྡད་སྐབས་བླ་མ་གཉིད་ཀྱི་ཉམས་ལེན་གནང་གི་ཡོད་པ་རེད་ཟེར་ནས་སྨན་པ་སར་མ་ཁྲིད་པ་དེ་འདྲ་མང་པོ་མཐོང་རྒྱུ་ཡོད་པ་རེད།
གོང་གི་དེ་དང་དེ་ཚོ་རིགས་གཅིག་རེད་དག་སྣང་སྦྱོང་སྟངས་ཤེས་དགོས་པ་ལས་ཞེན་ཁོག་ཁོ་ན་གནང་བསྡད་ན་བླ་མས་མཛད་འཕྲིན་ལ་ཡང་གནོད་གི་རེད།
རྩོམ་ཡིག་འདིས་ལྡན་མ་བློ་ཆོས་རིན་པོ་ཆེའི་སློབ་བུ་རྣམས་ལ་ཕོག་ཐུག་ཏུ་འགྲོ་ངེས་ན་དགོངས་སེལ་ཞུ། མ་གཞི་འདི་འབྲི་བའི་སྐབས་སུ་དངོས་ཡོད་ལོ་རྒྱུས་རྐྱང་བཀོད་པ་ལས་བསམ་ཚུལ་གཞན་མེད་པ་གོང་དུ་བཤད་པ་ལྟར་ཡིན། སྤྱིར་ཡིན་ན་གོང་དུ་བཤད་པ་རྣམས་ལ་ཁུངས་སྐྱེལ་བྱེད་རྒྱུའི་གྲྭ་སྒྲིག་ཡོད་ཀྱང་ད་ནི་ཅི་ཡང་སྨྲ་མ་འདོད།
འཇམ་གཅེས་ལོ་ལོ་་་ད་མིག་ལ་མ་སྟོན། གོང་གི་བཀའ་སློབ་དེ་མི་མཐོང་ངམ། ཡོད་ཚད་གསལ་བོར་བཟོས་འདུག
ལ་བཤད་ལུང་བཤད་གང་ཡང་དགོས་པ་རེད། དྲི་བ་གང་དྲིས་པ་དེར་ལན་དགོས་པ་ལས། དེ་མིན་བཤད་རྒྱུ་ཕ་བསད་བུ་ལ་ཡོད་པ་རེད། ངས་དྲི་བ་ནི་་་་་ལྡན་མ་བློ་ཆོས་གསུང་ཆོས་གང་གི་སྐབས་སུ་བཀག་པ་རེད། ཡུལ་དུས་ཚེས་གྲངས་སོགས་གསལ་པོ་དགོས་རྒྱུ་དེ་རྩོམ་བདག་པོའི་འགན་རེད། དེ་མེད་ན་འགན་་ཁུར་མི་ནུས་པའི་དཀྲུགས་ཤིང་དང་། སྐྱག་རྫུན་ལས་མ་འདས་པ་རེད།
མཆན་བཅུ་བར་གནས་ལུགས་ལྡན་གི ཕྱོགས་ལྷུང་གིས་དབང་དུ་སོང་བའི་མི་ལ་གསལ་བཤད་བྱས་ཀྱང་དགོས་པ་མེད་། ལྷག་པར་ཏུ་ཚིག་ངན་སྤྱོད་མཁན་གྱི་རིགས་ནི་དྲ་འབུ་ཟེར་བ་ཞིག་ཡོད་ན་དེའི་མཚན་ཉིད་ལས་མ་འདས་པས་རེ་ཞིག་རྒོལ་བའི་ཡུལ་དུ་མི་འཛིན། ནམ་ཞིག་ལུས་སེམས་ལྷོད་ལ་བབས་ན་དེའི་དུས་བྱའོ།།
སྔོན་འབའ་པ་ཡེ་ཤེས་ཀྱིས་གནོང་འགྱོད་དང་བཅས་་༧ སྐྱབས་མགོན་རིན་པོ་ཆེ་མཇལ་ཁ་ཞུས་པ་དང་དེ་བཞིན་ལི་ཐང་ཨ་ཐར་འདན་མ་བློ་ཆོས་རིན་པོ་ཆེ་སོགས་མི་ཆེན་དང་བླ་ཆེན་ཁག་ཅིག་ཤི་ཀ་འགྱོད་བཤག་བྱས་པ་འདི་ཁོང་རྣམས་པའི་མི་ཚེའི་ལོ་རྒྱུས་ལ་ནག་ཐིག་མི་ཡོངས་བའི་ཆེད་དུ་ཡིན་ན་ཤི་བ་ལ་ཞེད་ནས་ཡིན་གང་ཤེས།
འོ་ཡ་ཡ། བྱ་མདོ་སྐལ་རྒྱམ། རང་རྟགས་གསལ་པོ་མངོན་སོང་། སུ་ཞིག་ཕྱོགས་སུ་ལྷུང་བ་དང་། སུ་ཞིག་གིས་སྐྱལ་རྫུན་གྱི་ལམ་ནས་འཆལ་རྩོམ་སྤེལ་གྱིན་ཡོད་མེད་དེ་དྲི་བ་གཅིག་ཁོ་ནས་རང་མདོག་དམར་ཧྲང་མ་དོན་སོང་བ་རེད། དེ་ནས་ངས་ཁྱོད་ལ་དྲི་བ་གང་ཡང་མེད་སྙིང་རྗེ་སོང་།
ཡང་དོན་རྐྱེན་ཞིག་གི་མགོ་འབུར་འདུག་ག
འཇམ་གཅེས་ལགས། རྒྱལ་བ་རིན་པོ་ཆེའི་གསུངས་ཆོས་ལ་ཡོང་བ་དང་བཀག་པ་གཉིས་ལ་མུ་བཞི་ཡོད།
ཁྱེད་ལ་དགའ་ལྡན་བླ་སྤྱིར་གནང་བའི་བཀའ་སློབ་དེ་གསན་ཡོད་ན། དེའི་སྔ་ཉིན་གྱི་འབྲས་སྤུངས་ཚོགས་ཆེན་ནང་གི་བཀའ་སློབ་དེ་ཡང་གོ་ཡོད་ཚོད་རེད།
ཁྱེད་ཀྱིས་ཁོང་གི་རྣམ་མཐར་གསུངས་པ་པ་དེ་བདེན་པ་བདེན་རྐྱང་རེད། ཡིན་ཀྱ་བྱ་མདོའི་དེ་ལ་ཁྱེད་ཀྱི་ཟུར་ཟ་བྱེད་དགོས་དོན་མི་འདུག་དེ་ཡང་བདེན་ཆ་ཡོད།
དགེ་ལུགས་པའི་བླ་མ་དང་སྐྱ་བོ་་འདས་དུས། རྒྱན་འཇུག་གཉིས་འདོན་པ་ལས་གསང་སྔགས་ལུགས་ཀྱི་ཆོ་ག་མི་གཏོང་བར་གང་ཡིན་ནམ?
གོང་ལ་མཆན་དུ་འཁོད་པ་ལྟར། འཇམ་དཔལ་མཚན་བརྗོད་དང་བླ་མཆོད། གསང་བདེ་འཇིགས་གསུམ་ཟེར་ན་གསང་སྔགས་ཀྱི་ཆོ་ག་རེད།
བླ་མ་ནི་དགོངས་པ་རྫོགས་ཚར་བ་རེད། འདི་འདྲའི་རིགས་མ་བཤད་ན་ལེགས་པར་འདུག བླ་མ་ཡིན་ཀྱང་མི་རེད། ནོར་འཁྲུལ་ཤོར་སྲིད་པ་རེད། ད་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས། གཞན་ལ་སྐྱོན་བརྗོད་རིགས་མ་སྤེལ་རོགས། བློ་ཆོས་རིན་པོ་ཆེ་ལ་སྨད་ན་མཐུན་སྒྲིལ་ལ་གནོད་མ་བསྐྱལ་ནའང་ཕན་ཐོག་གི་མེད་པ་གསལ་པོ་རེད། བླ་མ་ཁོང་གི་ཡང་སྲིད་འཁོར་བ་དུག་གི་རྫིང་བུ་འདིའི་ནང་དུ་ནམ་ཡང་མི་འབྱོན་པར་ཤོག །
སྤྱི་ལོ་༡༩༨༢སུ་ལ་དྭགས་ཀླུ་འཁྱིལ་དགོན་གྱི་བུ་སློབ་རྣམས་ཀྱིས་ལྡན་མ་བློ་ཆོས་རིན་པོ་ཆེ་འབུལ་བ་འདེགས་པ་ན། ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་ང་ལ་དགོས་མཁོ་ལྡངས་པ་ཡོད། འབུལ་བ་འདེགས་མི་དགོས། གཙོ་བོ་ཁྱེད་རྣམས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་ཡིན་གསུངས། བླ་མ་དམ་པ་གང་ལ་འགལ་འདུ་ཡོད་པའི་ཚོགས་པ་རྣམས་ནང་སྒྲིག་བྱེད་དགོས་ཀྱི་བཞེད་པ་ཡོད་ཀྱང་། མི་མངས་ཀྱི་ལག་པ་གསེར་ཡིན། མི་མངས་ཀྱི་ཁ་དུག་ཡིན། ཞེས་པ་ལྟར་མགོན་པོ་གང་གི་བཞེད་པ་དེ་མ་གྲུབ་པར་ལབ་གླེང་དེ་འདྲ་བྲུང་། “ངས་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་དགོས་ཞེས་བཤད་པར་ཚོགས་པ་དེ་དང་འབྲེལ་བྱས་པ་ཡིན་ཀྱང་། དེ་དག་གི་ས་ཉན་མ་སོང་། ད་ཚོགས་པ་དེ་དང་འབྲེལ་བྱེད་ཀྱི་མ་ཡིན། “ཞེས་གསུངས་པ་ཞིག་སྣང་བར་མཆིས།
ག་དུས་ཡིན་ན་ཡང་ངའི་བོད་ཀྱི་ཡི་གེའི་དག་ཆ་ལ་ལྡན་མ་བློ་ཆོས་རིན་པོ་ཆེས་རྒྱབ་སྐྱོར་མཛད་པས་ཁོ་བོར་སྤོབས་པ་བསྐྱེད། བོད་ཀྱི་ཆོས་སྐད་བརྟན་པོར་ལུས་པ་ལ་བོད་སྔ་རབས་པའི་སྐད་དགོས་པར་མཐོང་ནས། བཀའ་འགྱུར་འདུལ་བ་ན་ཡོད་པའི་སྒྲུང་ཡ་མཚན་པ་མང་པོ་ཡོད་པ་དེ་དག་ལས་གང་ཐུབ་བོད་སྐད་དང་ཨིན་སྐད་སྡེབས་གཅིག་ཏུ་འགོད་པའི་བྱ་བ་འདི་དག ༧གོང་ས་རྒྱལ་བ་རིན་པོ་ཕྱག་ན་པདྨའི་ཞབས་ཀྱི་བཞེད་པ་འགྲུབ་པ་དང་། སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེའི་དགོངས་པ་རྫོགས་པའི་རྒྱུར་གྱུར་ཅིག །
ལྡན་མ་བློ་ཆོས་རིན་པོ་ཆེན་ཡང་དོལ་རྒྱལ་ལ་བློ་དཀར་མཁན་ཡིན་བཟོ་འདུག། ཁོང་ནི་དགེ་ལུགས་ཚང་གི་བླ་མ་གྲགས་ཆེན་ཞིག་རེད།
ངོ་མ་གང་སར་བལྟས་ན་་་་ཅབ་སྲིད་ཏག་ཏག་ལས་ཆོས་ངོ་མ་བཤད་མཁན་ཞིག་མེད་གི་་་་ང་རྒྱལ་་་ཁྱོད་ཕམ་ཏག་ཏག་རེད་་་་་་་མཁན་པོ་དགོས་ལུགས་བལྟ་ད་་་་་་བླ་མའི་ཕྱག་ལས་འདི་འདྲ་ཡིན་ན་གཞན་པ་ཚོ་ད་ཡིན་ཤག་ཤག
# 22 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
ལྡངས་པ་ཡོད།
མི་མངས་
དེ་འདྲ་བྲུང་།
བརྩི་དགོས་
་ཡིན་ཀྱང་།
ས་ཉན་མ་སོང་།
དངོས་ཡོད་ཀྱི་གནས་ཚུལ་ཡིན་ན་མཚམས་འདིར་གསལ་གསལ་ཐིང་ཐིག་གིས་གླེང་དགོས་པ་ལས། གབ་སྦས་བྱས་ཚེ། རྙོག་གྲའི་སྒང་ལ་རྣམ་རྟོག་སྒྲོ་བཏགས་ཀྱི་རྙོག་གྲ་སྤུངས་རོགས་རེད།
སྐབས་འདིར་ཁོང་དང་འདྲིས་ཆེ་བའི་མི་སྣ་དག་གིས་གསལ་བཤད་བྱ་གལ་མཐོང་།
རྙོག་གྲ་ཇི་ཙམ་གྱི་གསལ་དུ་འགྲོ་བ་དེ་ཙམ་གྱིས་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ངེས་རེད།
བཀྲ་ཤིས་ཆོས་སྒྲོན་མཆོག་གིས་འོག་གི་མིང་ཚིག་ནོར་བ་དག་ཟུར་དུ་བཏོན་པར་བཀའ་དྲིན་ཆེ།
ལྡངས་པ་ཡོད། ལྡང་བའི་འདས་པ་ཁྱད་ཆོས་ལ་སྦྱར། དཔེར་ན། པཎ་ཆེས་ཡེ་ཤེས་རྩེ་མོས་རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ན། རྒྱུ་ཡང་ལྡངས་པ་འདུག ཅེས་པ་ལྟ་བུ།
མི་མངས་ མི་མང་པོ་གང་ལ་ཡོད་པ་ལ་མི་མངས། དཔེར་ན། སྒོ་མངས་དང་། སོ་མངས་སོགས་ལྟ་བུ། དམངས་ཞེས་འབྲི་ཡང་། དམངས་གཡོག་པོ་དང་། དམན་པར་འཇུག་པ་ཤས་ཆེ།
དེ་འདྲ་བྲུང་། ཞེས་པ་ནོར། དེ་འདྲ་བྱུང་། ཞེས་དགོས།
བརྩི་དགོས་ ཞེས་པར་རྩི་ བརྩིས་ བརྩི་ རྩིས། ད་ལྟ་འདས་མ་འོངས་སྐུལ་ཚིག་སྟེ། འདིར་མ་འོངས་པ་ལ་བསམས་སོ།
ཡིན་ཀྱང་། འདས་ཚིག་ལ་ད་ཡང་འཇུག་ཡོད་པས་དེ་ལྟར་འཐད། ད་ལྟ་དང་མ་འོངས་པ་ལ་ཡིན་ཡང་དགོས་སྙམ།
ས་ཉན་མ་སོང་། དེ་དག་གིས་ཉན་མ་སོང་། ཞེ་ས་པ་ཡིན། འོན་ཀྱང་། ཉན་ མཉན་ མཉན་ ཉོན། ད་ལྟ་འདས་མ་འོངས་སྐུལ་ཚིག་ལྟར་ན། མ་སྔོན་འཇུག་མེད་པ་ནོར།
ངའི་བོད་ཀྱི་ཡི་གེའི་དག་ཆ་ལ། ཞེས་པར་དཔྱོད་པ་བྱེད་པ། ཆད་འདུག་པས། ངའི་བོད་ཀྱི་ཡི་གེའི་དག་ཆ་ལ་དཔྱོད་པ་བྱེད་པ་ལ། ཞེས་དགོས། དེ་མིན་འདིར་གོ་བ་ལོག་པར་འབྱུང་བ་གདོན་མི་ཟ་བ་ལྟ་བུ་འདུག བདག་གིས་བྲིས་པ་ན། ཡིག་ནོར་མང་པོ་ཡོད་པ་སྔར་ཡང་ཁ་བརྡར་བྲིས་པ་ཟིན་་པ་ཡིན། ཁྱེད་ཀྱིས་འདི་ལྟར་ཡིག་ནོར་ཟུར་དུ་བཏོན་པར་ཕན་ཐོགས་སོ།
་
སློབ་གྲྭའི་རྒྱུགས་སྤྲོད་ལྟ་རྟོག་ལ་ཕྱིན་དགོས་པས་ལན་འབྲི་བར་འགོར་ཏོ།
དཱ་ཡང་ག་རེ་བྱེད་ཀྱི་ཡོད་རེད།
སྐལ་རྒྱམ་གྱིས་རྒྱལ་བ་རིན་པོ་ཆེ་དགོངས་པ་འཚོམ་བཞིན་གསུངས་པའི་བཀའ་སློབ་དེ་བྲིས་འདུག ཡིན་ནའང་བར་ལམ་རྒྱལ་བ་རིན་པོ་ཆེ་དགོངས་པ་དྭངས་ནས་གཟིམ་ཆུང་མཇལ་ཁ་གནང་བ་དང་། སྐུ་དཔར་ཆེད་སྒྲོན་གནང་བ་དེ་འབྲི་རྒྱུར་ལུས་འདུག
ཡང་ན་ཁྱོད་རང་གིས་རྒྱལ་བ་རིན་པོ་ཆེ་ལ་བརྟེན་ནས་ལྡན་མ་བློ་ཆོས་རིན་པོ་ཆེ་ནག་པོ་བཟོ་བསམ་པ་ཡིན་ན་ད་དུང་ཁྱོད་རང་གི་ཞེ་འདོད་ངོ་མ་དེ་འགྲུབ་མི་འདུག དེ་ནི་ཁྱོད་རང་གིས་ཐབ་ཕྱིས་བཞིན་བེད་སྤྱོད་བྱེད་བཞིན་པའི་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་འདིའི་རྗེས་སུ། ཉེ་ཆར་རྒྱལ་བ་རིན་པོ་ཆེས་དགོངས་པ་དྭངས་ནས། གཟིམ་ཆུང་མཇལ་ཁ་དང་། སྐུ་རྟེན་ཚུན་གནང་ནས་སྐུ་དཔར་བསྐྱོན་གནང་བ་དེ་འཇིག་རྟེན་ཡོངས་ཁྱབ་ཏུ་བཀྲམས་ཟིན་འདུག དཱ་ག་རེ་བྱེད་དགོས་རེད། ཁྱོད་རང་གི་རེ་བ་དེ་རྒྱལ་བ་རིན་པོ་ཆེས་འགྲུབ་རེ་མེད་པ་བཟོས་འདུག དཱ་དཔེ་བསགས་འདུག
ངས་མཆན་འདིར་སྐལ་རྒྱམ་ལས་བྱ་མདོ་ཟེར་བ་ཁྱོད་རང་གི་མིང་གི་འགོར་བྲིས་མེད། གང་ཡིན་ཟེར་ན་མཆན་འདི་སྐལ་རྒྱམ་ཁྱོད་རང་སྒེར་ལ་ཞུས་པ་ལས། གཞིས་བྱེས་བྱ་མདོ་བ་ཡོངས་ལ་ཞུ་བཞིན་མེད་པ་གསལ་སྟོན་བྱེད་ཆེད་ཡིན།
ད་དུང་བརྗོད་པར་བྱ་བ་ཞིག་ནི། འདས་པའི་ལོ་རྒྱུས་གཅིག་བཤད་ནས་གཅིག་བསུབ་ཐབས་མ་བྱེད་ཨང་། འདས་པའི་ལོ་རྒྱུས་ནི་དངོས་འབྲེལ་བསུབ་ཐབས་ཡོད་མ་རེད། མ་ཟད་འདས་པའི་ལོ་རྒྱུས་འགེབ་ཐབས་བྱེད་པ་ནི་དེ་བས་ཡོང་ཐབས་མེད། རྗེས་མ་དེ་འདྲ་མ་བྱེད་ཨང་།
བཀའ་སྐྱོན་གནང་བ་བདེན་ཡང་གསུང་ཆོས་ལ་ནམ་ཡང་བཀག་པ་གནང་མེད་བཞིན་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁུར་ནས་རང་གི་ཞེ་འདོད་སྒྲུབ་བསམ་ནས། རྒྱལ་བ་རིན་པོ་ཆེས་ནམ་ཡང་མ་གནང་བ་དེ་འདྲ་གནང་སོང་ཟེར་ནས་རྒྱལ་བ་རིན་པོ་ཆེའི་མཛད་པ་སྒྲོ་འདོགས་མ་བྱེད་ཨང་། འདི་རྒྱལ་བ་རིན་པོ་ཆེ་ལ་རྒྱལ་བ་རིན་པོ་ཆེའི་ཞབས་འདེགས་ཡིན་བསམས་ན་དེ་བས་ནོར་བ་རེད།
རེ་འགས་བསམ་སྲིད། ང་ལྡན་མ་བློ་ཆོས་རིན་པོ་ཆེའི་སློབ་མ་ཡིན་ས་རེད་བསམ་སྲིད། ཡིན་ནའང་ང་ཁོང་གི་སློབ་མ་ཡིན། ལུང་པ་གཅིག་པ་མིན། ཡིན་ནའང་དུས་རྒྱུན་དོ་སྣང་བྱེད་མཁན་ཞིག་ཡིན་པས་ཁྱོད་རང་གི་ཕྱོགས་སུ་ལྷུང་པའི་རོ་ཐོག་རྟ་རྒྱུགས་འདི་ལ་དོན་དངོས་དྲི་བའི་ལམ་ནས་གསལ་བཤད་བྱས་པ་ཙམ་ཡིན།
མཐའ་དོན་ཞུ་རྒྱུ་ལ། རྒྱལ་བ་རིན་པོ་ཆེའི་ཞབས་འདེགས་སུ་འགྱུར་བ་འདུག་མིན་བསམ་བློ་ལེགས་པར་བཏང་། འགན་ཁུར་བའི་ཐོག་ནས་ཡི་གེ་རེ་འབྲི་ཤེས་པ་འདུག་ན་དེ་ལུགས་སེམས་ལ་ཞོགས།
རེ་འགས་བསམ་སྲིད། ང་ལྡན་མ་བློ་ཆོས་རིན་པོ་ཆེའི་སློབ་མ་ཡིན་ས་རེད་བསམ་སྲིད། ཡིན་ནའང་ང་ཁོང་གི་སློབ་མ་མིན། ལུང་པ་གཅིག་པ་མིན། ཡིན་ནའང་དུས་རྒྱུན་དོ་སྣང་བྱེད་མཁན་ཞིག་ཡིན་པས་ཁྱོད་རང་གི་ཕྱོགས་སུ་ལྷུང་པའི་རོ་ཐོག་རྟ་རྒྱུགས་འདི་ལ་དོན་དངོས་དྲི་བའི་ལམ་ནས་གསལ་བཤད་བྱས་པ་ཙམ་ཡིན།
ནོར་བཅོས།
འཇིགས་བསྟན་བསམ་ཤེས་ཡིན་མདོག་མ་སྟོན། ཁྱོད་ཀྱིས་བྱ་མདོ་ཟེར་མི་ཐུབ་པའི་རྒྱུ་མཚན། ཁྱོད་མྱ྄ི་བཟོ་མཁན་ངའི་ཕུ་བོ་ཡིན་པས་རེད། དེས་བདེན་ན། ལོ་རྒྱུས་ལ་དཔྱོད་ན་ཕུགས་ཐག་ཆོད་པ་ཞིག་དཔྱོད། ངས་བལྟས་ན་ཁྱོད་ཤེས་པ་ཉུང་ངུ་ཞིག་ལས་མི་འདུག
༧གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་བྱས་པའི་དུས་སྐབས་དེར་བློ་ཆོས་ཀྱིས་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་བྱས་ནི་རེད། འདི་ལ་བལྟས་ན་ཡང་བློ་ཆོས་ཀྱིས་རང་གཟུགས་ག་འདྲ་ཞིག་ཡིན་པ་ཤེས་ཐུབ། ཁོས་གནད་འགག་ཅན་གྱི་དུས་སྐབས་དེ་འདྲ་ཞིག་ལ་དོལ་ཚོགས་དང་འབྲེལ་བ་བྱེད་ཐུབ་ན་༧གོང་ས་མཆོག་ལ་མཇལ་ཁ་ཞུ་ལོས་ཐུབ། རྒྱུ་མཚན་ཁོ་མི་གཡོ་ཅན་ཞིག་ཡིན་པའི་རེད། ལི་ཐང་ཨ་ཐར་དང་འདིའི་རྣམས་ཀྱི་དམིགས་ཡུལ་གཅིག་ཡིན།
ཧཧཧཧཧ། ངས་ཁྱོད་ཀྱི་ཕུ་བོ་སུ་ཡིན་དང་། སྲིང་མོ་སུ་ཡིན་བཤད་ཀྱི་མེད། ཁྱོད་ཀྱི་ཕུ་བོས་ང་མི་བཟོས་ཟེར་དུས། དེའི་སྔོན་ལ་ང་མི་མ་རེད་ཟེར་གྱི་ཡོད་པས། འདི་འདྲའི་བཀའ་མོལ་མ་གསུངས།
དེ་ནས་ངས་གོང་དུ་བཤད་པ་དག་ལ་མ་བདེན་པ་འདྲ་འདུག་གམ། འདུག་ན་ལན་གནང་ཤོག དེ་མིན་བརྗོད་གཞི་དང་མ་འབྲེལ་བ་འདིར་གླེང་རིན་མི་འདུག
འཇིགས་བྲལ་བསྟན་འཛིན་སོགས་ཀྱི་ཁོག་ན་སྐྱག་པ་ལས་མེད། ༧གོང་ས་མཆོག་ཕར་ཕུད་ནས་ད་དུང་དོལ་ཚོགས་ལ་འབྲེལ་བ་བྱེད་མཁན་ཞིག་གཙང་མ་ཡིན་རབ་བྱེད་བཞིན་འདུག
འཇིགས་བསྟན་ཁྱོད་ཀྱིས་ཡིག་འཁྱོག་འགའ་འབྲི་ཤེས་པ་དེ་སུའི་དྲིན་རེད། ཁྱོད་གྲྭ་ལོག་མ་བྱས་སྔོན་ན་གའི་ཕུ་བོའི་དགེ་ཕྲུག་ཡིན་ན། ཧ་ཧ་ཧ་།
ངས་འདིར་གཙང་བཙོག་གང་ཡིན་གྱི་སྐད་ཆ་བཤད་ཀྱི་མེད། དོན་དངོས་ལོ་རྒྱུས་ཤིག་གླེང་བ་ཙམ་ཡིན། དོན་དངོས་གླེང་ན་གཙང་མ་ཆགས་ཀྱི་ཡོད་ན་གཙང་མ་རེད། བཙོག་པ་ཆགས་ཀྱི་ཡོད་ན་བཙོག་པ་རེད། དེ་ལོ་རྒྱུས་ཆ་ཚང་བ་ཞིག་གིས་ཁ་གྲག་གི་རེད། ང་ཚོས་འབད་བརྩོན་བྱེད་དགོས་པ་དོན་དངོས་གླེང་ཐབས་བྱེད་དགོས་པ་དེ་རེད། དེ་འདྲ་མ་རེད་པས།
འདི་ན་ང་དང་ཁྱོད་ཀྱི་བར་ལ་འབྲེལ་བ་ཡོད་མེད་གླེང་ས་མ་རེད། དོན་ལ་ལན་མེད་ན་ངས་གང་བརྗོད་པ་དེ་གནད་ལ་ཟུག་པ་དོན་གྱིས་ཁས་བླངས་པ་རེད། ཧཧཧཧཧ
སྐད་ཆ་དེ་ལྟར་བཤད་ན་ངེད་གཉིས་ལ་ཐུན་མོང་གི་ཁོར་ཡུག་ཡོད་ཀི། སྤྱིར་ཡིན་ན་ལོ་རྒྱུས་འདི་གསལ་བོར་བཤད་ན་ཁོར་ཡུག་མང་བོ་ཞིག་དང་འབྲེལ་ནས་བཤད་དགོས་པས་མང་བོ་བསྒྲགས་མི་འདོད། གང་ལྟར་དངོས་ཡོད་ལོ་རྒྱུས་ནི་སུས་ཀྱང་བསུབ་ཐབས་ཡོད་པ་མ་རེད། དངོས་ནས་ཤེས་འདོད་ན་བརྩད་གཅོད་མཐིལ་ཕྱིན་བྱེད་རྒྱུའི་རེ་བ་ཡོད།
“འབྲས་སྤུངས་ཀྱི་གྲྭ་བ་རྒན་པ་མང་པོ་ཞིག་གི་ཐོག་ནས་རྒྱལ་བ་རིན་པོ་ཆེས་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་གཟིགས་ཕྱོགས་དེ་ཏག་ཏག་འགྲིག་གི་མི་འདུག་མདོག་མདོག་བྱས་ནས་རྣམ་འགྱུར་སྟོན་མཁན་འདུག་ཀྱང་། ལྡན་མ་བློ་ཆོས་རིན་པོ་ཆེ་ལ་རྣམ་འགྱུར་སྟོན་དགོས་པ་དེ་ངས་བཟོས་པ་མ་རེད། ཁོང་རང་གི་ངོས་ནས་ཆགས་པ་དེ་འདྲ་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེའི་ངོས་ནས་ནོར་འཁྲུལ་ཅི་ཡང་བྱས་མེད” འཇིགས་བྲལ་ལགས་བཀའ་སློབ་འདིར་ལྟོས་དང་། འདི་ནི་ཁྱོད་ལྟ་བུའི་སྐྱག་པ་གཙང་མ་རེད་ཟེར་མཁན་དག་ལ་གནང་ནི་རེད།
བྱས་ཙང་དངོས་ཡོད་བཤད་དགོས་རེད། དངོས་ཡོད་སྦས་ནས་ཕྱོགས་གཅིག་གླེང་ན་ཏག་ཏག་སྡོད་ཀྱི་མ་རེད་ཟེར་གྱི་ཡོད།
ངས་གོང་གི་རྩོམ་ཡིག་དེ་ནི་དངོས་ཡོད་ལོ་རྒྱུས་ཀྱི་ཟུར་གཅིག་རེད། ངས་ཁྱེད་ཀྱིས་མང་བོ་ཞིག་ཤེས་ཡོད་ཀི་འདོད་ལ།
མེ་འབར་ལགས། ཁ་སང་ཉེ་ཆར་དགོངས་པ་མ་རྫོགས་གོང་དེར་རྒྱལ་བ་རིན་པོ་ཆེས་གནང་བ་དེ་ཚོ་ལ་འགྲེལ་བཤད་ག་རེ་ཡོད། རྒྱལ་བ་རིན་པོ་ཆེའི་གཟིགས་ཕྱོགས་དེ་འགྱུར་བ་ཕྱིན་པ་རེད་པས། ཡང་ན་ག་རེ་རེད།
སྐལ་རྒྱམ་ལགས། ཟུར་གཅིག་ཡིན་པ་ཁས་བླངས་ན་དེ་ག་རེད། དེ་ཟུར་གཅིག་མ་རེད་ཟེར་མཁན་མི་འདུག འོན་ཀྱང་ཟུར་གཅིག་ཁོ་ན་གླེང་ན་ནམ་ཡང་ལོ་རྒྱུས་ཆ་ཚང་བ་ཞིག་ཆགས་ཀྱི་མ་རེད་ལ། ཐ་ན་སྤྱི་སྒེར་མང་པོ་ལ་གནོད་པ་ཆེན་པོ་བཟོ་ཉེན་ཡོད་པས། རྗེས་ཕྱོགས་གནད་དོན་གང་ཡིན་ན་ཆ་ཚང་བ་ཞིག་གླེང་གལ་ཆེ་བ་དེ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པར་སྙམ། གནས་སྐབས་དེ་ཙམ་ཡིན།
གོང་ན་ངས་ཁྱོད་ལ་བཤད་ཡོད། དངུལ་བསམ་ནས་དོལ་ཚོགས་ཀྱི་རྗེས་སུ་རྒྱུག་མཁན་ཞིག་་ཡིན་ན་གཡོ་རྒྱུ་ཆེ་བ་ཆོས་ཉིད་ཡིན་ནི་རེད།
དཱ་མཐའ་མ་རྒྱལ་བ་རིན་པོ་ཆེ་མགོ་བསྐོར་བཏང་ནས་མཇལ་བ་རེད་ཟེར་གྱི་ཡོད་པ་རེད། འདི་ནས་སྐད་ཆ་འདི་འདྲ་བཤད་དུས་ཧ་གོ་དགོས་པ་གཅིག་ནི། རྒྱལ་བ་རིན་པོ་ཆེ་མགོ་བསྐོར་གཏོང་ཆོག་ཆོག་ཅིག་ཡོད་རེད་ཟེར་བ་དེ་རེད། དཱ་ཇི་ཙམ་བཤད་ན་བཙོག་ཏུ་འགྲོ་གི་མི་འདུག་པས། མ་བཤད་གོང་ལ་ཕྱོགས་ཡོངས་ལ་བསམ་བློ་ཐོངས།
ཟུར་གཅིག་གཞན་གྱིས་གླེང་བཞིན་པའི་བཟང་སྤྱོད་ཀྱི་ཕྱོགས་རེད། ཁྱོད་ངོ་མ་དབང་བོ་རྟུལ་གི
འཇིགས་བྲལ་ཟེར་བ་འདིས་ཨུ་ཚུགས་ཀྱིས་བློ་ཆོས་དཀར་པོ་བཟོ་འདོད་པ་དེ་ཡང་མི་ཤེས་རྒྱུ་མི་འདུག ཀླད་མེད་དེ་ཚོ་ལ་དཔུང་རོགས་བསྒྲིགས་ནས་རྗེས་མའི་སྤྱ྄ི་འཐུས་ལ་བསྡད་ནས་སྔོན་མ་མ་ཐོབ་དེའི་ཁ་གསབ་བྱེད་འདོད་པ་རེད། ཧ་ཧ་ཧ་་་་་
ཧཧཧཧཧ
བློ་ཆོས་ཀྱིས་དོལ་ཚོགས་ལ་འབྲེལ་བ་བྱས་པ་དེ་༧གོང་ས་མཆོག་ལ་མགོ་བསྐོར་བཏང་བ་མ་ཡིན་ནམ།
ང་དབང་རྟུལ་ཞིག་ཡིན་པ་བདེན། ཡིན་ནའང་བསམ་པ་ངན་པ་རང་མེད། གང་ལྟར་གསེང་ཞིག་ན་གཅིག་ཡོད་མདོག་མདོག སྟོན་རྒྱུ་དང་། མ་བཤད་རྒྱུ་མེད་པའི་ཚིག་སྦོམ་གཡུགས་ནས་མ་སྡོད། བཤད་རྒྱུ་ཡོད་ན་འགོ་བཙུགས་པ་མཇུག་སྐྱེལ་དགོས་པ་གལ་ཆེན་པོ་རེད།
མེ་འབར་ལགས། དཱ་ཡང་སྒེར་ལ་སྦྱར་ནས་བརྗོད་གཞི་བརླག་ཐབས་མ་བྱེད།
ང་དབང་རྟུལ་ཞིག་ཡིན་པ་བདེན། ཡིན་ནའང་བསམ་པ་ངན་པ་རང་མེད། གང་ལྟར་གསེང་ཞིག་ན་གཅིག་ཡོད་མདོག་མདོག སྟོན་རྒྱུ་དང་། བཤད་རྒྱུ་མེད་པའི་ཚིག་སྦོམ་གཡུགས་ནས་མ་སྡོད། བཤད་རྒྱུ་ཡོད་ན་འགོ་བཙུགས་པ་མཇུག་སྐྱེལ་དགོས་པ་གལ་ཆེན་པོ་རེད།
མེ་འབར་ལགས། དཱ་ཡང་སྒེར་ལ་སྦྱར་ནས་བརྗོད་གཞི་བརླག་ཐབས་མ་བྱེད།
དེ་རིང་དེ་ཙམ་ཡིན།
ནོར་བཅོས་དང་བཅས།
ཁྱོད་ཚོ་ལ་དེ་འདྲའི་བསམ་བློ་མ་གཏོགས་ནམ་ཡང་ཡོད་ནི་མ་རེད། མི་ཚེ་ལ་དེ་འདྲའི་བསམ་བློ་རྐྱང་རྐྱང་འཁོན་ནས་ཡོང་ནི་རེད། དེ་མ་གཏོགས་དོལ་ཚོགས་ལ་འབྲེལ་བ་བྱེད་མཁན་ཞིག་གཙང་མ་རེད་ཟེར་ནས། ད་དེ་ཙམ་བྱོས། སྐྱག་པའི་ནང་ལ་སྐྱག་པ་རེད། འགྲོ་རྒྱུ་ཡིན།
བྱ་མདོ་ངས་བལྟས་ན་འཇིགས་བསྟན་གྱིས་བཤད་པའི་སྐད་ཆ་དེ་ཚོ་ཁོགས་རྒྱ་ཡངས་པ་དང་ལྗིད་ཁོག་ཆེན་པོ་འདུག བདེན་པ་ཡིན་ཟེར་ནས་ཆ་ཤས་ཙམ་གླེང་བ་འདིས་ཁྱོད་ཀྱི་བཟང་སྤྱོད་དང་ཀུན་སློང་ལ་དྭོགས་པ་ཟ་དགོས་པ་ཆགས་སོང་། ད་དུང་གཏམ་ལན་གཏམ་འཇལ་མེད་པར་མི་ལ་དབང་པོ་རྟུལ་སོགས་ཟེར་བ་དེ་གས་ཁྱོད་རང་གི་མི་གཤིས་ཁྲོམ་བསྒྲགས་བྱེད་པ་མ་རེད་པས།
འདས་པའི་ལོ་རྒྱུས་དཔྱོད་པའི་རྗེས་དཔག་གི།
ཚུལ་གསུམ་ཚད་མས་བརྡར་བ་མང་མཆིས་ཀྱང་།།
ཕྱོགས་ཞེན་སྐྱེ་བོའི་ཡིད་སེམས་དཀྲུགས་དོགས་ནས།།
རེ་ཞིག་སོར་མོའི་ཟློས་གར་དེ་ཙམ་བྱ།།
ང་ལ་བློ་ཆོས་རིན་པོ་ཆེའི་དྲུང་ནས་གསུང་ཆོས་ཁ་ཤས་ཤིག་ཐོབ་མྱོང་། གལ་ཏེ་ཁོང་གིས་ཤུགས་ལྡན་བསྟེན་པ་ཡིན་ནའང་ཁོང་ལ་དད་ལོག་སྐྱེ་དགོས་པའི་རྒྱུ་མཚན་ཀྱང་མེད། སློབ་ཕྲུག་བརྟན་པོ་མེད་པ་དར་ལྕོགས་འདྲ་བོ་ཚོ་ལོག་ལྟ་སྐྱེ་སྲིད་པ་རེད། བྱ་མདོ་སྐལ་རྒྱམ་ལགས་ཀྱིས་འདི་འདྲ་སྤེལ་ནས་དགོས་པ་གང་ཡང་མེད་པ་ཤེས་དགོས།།
ཚུལ་གསུམ་ཚད་མ་རང་ད་གང་ཤེས་སྟེ།།
སྐབས་དང་སྐབས་སུ་དུས་ཚོད་མ་འཁྱོལ་དུས།།
ལོ་རྒྱུས་གླེང་བའི་ཟོལ་གྱི་བླུན་པོའི་སེམས།།
དཀྲུགས་པ་ཙམ་ལ་འགལ་བ་ཅང་མེད་ཀྱང་།།
རང་ལ་བརྗོད་པའི་སྤོབས་པ་མེད་དང་གཅིག།
བཤད་པའི་སྐད་ཆ་ཁུངས་འཕེར་མེད་དང་གཉིས།།
དེ་ཐོག་རང་བསྐྱག་སྐྱག་པས་རྐུབ་བསྐྱག་གསུམ།།
མཐོང་དུས་gayཤེས་ཡིན་པར་རྗེས་སུ་དཔག།
རང་བྱུང་རྡོ་རྗེ་ཟེར་བ་འདིའི་སྐད་ཆ་ལ་ལྟོས་དང་། “ང་ལ་བློ་ཆོས་རིན་པོ་ཆེའི་དྲུང་ནས་གསུང་ཆོས་ཁ་ཤས་ཤིག་ཐོབ་མྱོང་། གལ་ཏེ་ཁོང་གིས་ཤུགས་ལྡན་བསྟེན་པ་ཡིན་ནའང་ཁོང་ལ་དད་ལོག་སྐྱེ་དགོས་པའི་རྒྱུ་མཚན་ཀྱང་མེད” ཟེར། ཧ་ཧ་ཧ་་་་ཁྱོས་ཀྱང་སྨོན་ལམ་བཏབ་ནོ་བཟང་གི དོལ་རྒྱལ་དང་ཁྱོད་གཉིས་ལ་ལས་འབྲེལ་ཡོད་པ་འདྲ་པས་ཁྱོད་ཀྱང་ཐེ་ཝན་ལ་སོང་། གསེར་ཀོང་སྤྲུལ་སྐུས་ཁྱོད་ལ་ཡང་གནས་ལེན་བྱེད་ཁོ་ཐག་ཡིན་ནི་རེད།
བདེན་ནོ་བདེན་པར་གོ།
ལྡན་མ་བློ་ཆོས་རིན་པོ་ཆེ་དོལ་ཚོགས་དང་་འབྲེལ་བ་གནང་བ་དེ་རང་ཉིད་དོལ་རྒྱལ་་ལ་དད་པ་དང་དགའ་དྲག་ནས་མིན་པར་དོལ་ཚོགས་་ལམ་ལོག་པ་ལས་འགོག་ཐབས་དང། སྲིད་དོན་སྐབས་འཚོལ་བ་རྔ་པ་ཚེ་རྒྱམ་དང་། དངོས་གནས་དངུལ་དང་རྒྱ་མོ་རང་ལ་ཤིན་ཏུ་དགའ་་བའི་ལྡན་མ་ཟེ་དཀར་བླ་མ་གཉིས་ནས་དཀྲུག་ཤིང་རྒྱབ་པ་ཡོངས་གྲགས་རེད འདུག་་པ་དང་ བློ་ཆོས་རིན་པོ་ཆེ་ལ་ཐེ་ཝན་ནས་དངུལ་གང་བྱུང་བ་དེ་བློ་གླིང་གྲྭ་ཚང་ལ་གནས་བ་སོགས་ཡོངས་སུ་གྲགས་འདུག་ན་། ་གྲ་གྲོགས་ཚོས་ལས་འབྲས་དཔང་ལ་བཞག་པའི་དཔང་པོ་དང་བདེན་བཤད་གནང་ན། བསྟན་པ་སྤྱི་དངབློ་གླིང་གྲ་ཚང་ཕན་པར་སེམས།
ཤར་པ་ལགས་ཀྱིས་གསུངས་པ་དེ་བདེན། བློ་ཆོས་རིན་པོ་ཆེའི་དགོངས་གཞི་ནི། དོལ་ཚོགས་ལ་འབྲེལ་བ་བྱས་ནས་ལམ་ཁ་ལེགས་པོ་ཞིག་ཏུ་འཁྲིད་རྒྱུ་འདུན་པ་མཆིས་ཀྱང་བྱ་བ་དེ་ལམ་སློང་མ་ཡོང་བ་རེད་འདུག །
མེ་འབར་ལགས། ང་དོལ་རྒྱལ་ལ་དགའ་བོ་གང་ཡང་མེད། ཡིན་ནའང་ང་ལ་དད་པ་བརྟན་པོ་ཞིག
ངས་ནི་བླ་མས་ཇི་མཛད་ལེགས་མཐོང་སྒོམ་ཨེ་ཐུབ་ལྟ་ཀི་ཡོད། མི་རེར་ཁམས་མ་འདྲ་བ་ཡོད་སྟབས། ཁ་ཅིག་གིས་དོལ་རྒྱལ་དགག་གི་ཡོད། ཁ་ཅིག་གིས་བསྟེན་གྱིན་ཡོད། མདོར་ན་ཚང་མར་དགོས་པ་རྒྱུ་མཚན་རེ་རེ་ཡོད་པ་རེད། ང་ནི་སྤྱིར་འཇིག་རྟེན་པའི་སྲུང་མ་གང་ལའང་དགའ་བོ་ཞེ་དྲག་མེད།
ང་རང་ལ་མཚོན་ན་ལྕམ་སྲིང་ལས་ལྷག་གིས་སྲུང་མ་ཞིག་ནམ་ཡང་དགོས་ཀྱིན་མེད།།
ང་དགེ་ལུགས་པ་མིན། དོལ་རྒྱལ་གྱི་ཁའི་ནང་ལ་རྡོ་རྗེ་རྫོང་མཁན་གྲས་ཡིན། བདེན་པ་བདེན་པ་ཤོད་དགོས། ལྡན་མ་བློ་ཆོས་དོལ་རྒྱལ་ལྟ་ཅི། དོལ་རྒྱལ་བསྟེན་ན་མི་འགྲིགས་ཟེར་མཁན་རེད། དེར་བརྟེན་ཁོང་རྣམ་རྒྱལ་གྲ་ཚང་གི་མཁན་པོར་བསླེབས།
ཉེ་བའི་དགེ་ལུགས་གུང་གྲངས་མཐོན་པོར་ཕེབས་པ་དང་འདས་ཟིན་པའི་བླ་མ་དོལ་རྒྱལ་རྩ་བ་བསྟེན་མ་མྱོང་མཁན་ནི།
གླིང་སྐུ་གོང་མ།
མཚན་ཞབས་སེར་ཀོང་།
ལྡན་མ་བློ་ཆོས།
དགེ་བཤེས་བཟོད་པ།
སྐྱོང་བླ་སྤུལ་སྐུ།
ཀིར་ཏི་མཚན་ཞབས།
དགའ་ལྡན་ཁྲི་པ་རི་རྫོང་སྤུལ་སྐུ།
ཟམ་གདོང་སྤྲུལ་སྐུ་སོགས་རེད་འདུག
རིག་པའི་རྡོ་རྗེ་སེམས་ཁྲལ་མི་དགོས། ལྡན་མ་ཤུགས་ལྡན་གྱི་ཁ་གཏད་རེད།
རྙོག་ཁྲ་དེ་ཐེ་ཝན་ལ་ཁྲི་སྤྲུལ་ཐག་ནས་བྱུང་བ་རེད།
ད་ཡིན་ན་བསླེབས་སོང་ང་། སྐད་ཆ་དྲིས་ན་མི་ཡོང་སྒུག་ན་ཡོང་ཟེར་བ་ནི་འདི་རེད། བློ་གསལ་གླིང་གི་འདུ་ཁང་བཞེངས་བྱེད་ཀྱི་སྒོར་མོའི་ཡོང་ཁོངས་ཤེས་ཤོང་ང་།
ཧཧཧ་ཟམ་གདོང་བླ་མའི་སྐོར་མང་པོ་མི་ཤེས་ཀྱང་། སྔར་གངས་ཅན་རྒྱ་བོ་ལ་གྲུབ་རེད་ཟེར་ནས་སྟོད་ར་ཆེན་པོ་གཏང་བ་སེར་ར་བ་ཚོས་ས་བཤད་གནམ་བཤད་རེང་འདུག་། བདེན་མིན་ཧ་མི་གོ།
གྲུབ་ཐོབ་རེད་ཟེར་ནས་ཞེས་བཅོས་རོག།
རེད། ངས་ཀྱང་གོ་མྱོང་། ལྡན་མ་བླ་མ་དེ་དོལ་རྒྱལ་ལ་རྩ་བ་ནས་མི་དགའ་མཁན་རེད་ཟེར། སྐྱབས་མགོན་རིན་པོ་ཆེ་དང་རྙོག་ཁྲ་བྱུང་སྟངས་འདི་ངས་གསལ་པོ་ཤེས་ཀྱི་ཡོད།
འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་དངུལ་སློང་སྟངས་ནས་བྱུང་བ་རེད་འདུག བློ་གསལ་གླིང་ནས་ལྡན་མ་རིན་པོ་ཆེར་ཞལ་འདེབས་སློང་བར་ཕེབས་རོགས་ཅེས་རེ་སྐུལ་མང་པོ་བཏོན་རུང་། ལོ་གཉིས་ཙམ་འགྱངས་འདུག རྒྱུ་མཚན་ནི། ལྡན་མ་རིན་པོ་ཆེས་སྐུ་མདུན་ལ་ཐེ་ཝན་ལ་ཕེབས་པའི་ཆོག་མཆན་ཞུས་རུང་བཀའ་ཁྲོལ་བྱུང་མིན་འདུག
སྐྱབས་མགོན་རིན་པོ་ཆེ་ནི་དང་ཐོག་ནས་བློ་གསལ་གླིང་ལ་འདུ་ཁང་རྫིག་པོ་ཞིག་དང་རིན་གོང་ཆེན་པོ་ཞིག་སྐྱོན་འདོད་མེད་པ་དང་། ཁོང་ནས་བློ་གསལ་གླིང་གི་མཁན་པོ་དགེ་སྐོས་ཚང་མར་ཁོང་གི་བསམ་འཆར་གསུངས་རུང་། གྲྭ་དམངས་ཚོས་འདུ་ཁང་ཡག་པོ་ཞིག་མེད་ན་མི་འགྲིགས་ཟེར་ནས་དབུ་ཚུགས་མཐའ་སྐྱེལ་གྱིས་འདུ་ཁང་རྫིག་པོ་ཞིག་བརྒྱབ་པར་གྲོས་འཆམ་བྱུང་། སྐྱབས་མགོན་རིན་པོ་ཆེས་ལྡན་མ་རིན་པོ་ཆེར་གྲྭ་དམངས་ཚོར་སློབ་གསོ་བཏང་ནས་འདུ་ཁང་སྙོམས་ཆུང་ཞིག་བརྒྱབ་ན། ངས་ཀྱང་རོགས་པ་བྱེད་གསུངས་དུས། ལྡན་མ་རིན་པོ་ཆེས་དེ་གྲྭ་དམངས་ཀྱི་ཉན་གྱི་མིན་འདུག་གསུངས་ནས་བཀའ་ལན་ཕུལ་མིན་འདུག
དེ་རྗེས་གོང་ས་མཆོག་གིས་བཀའ་འཁྲོལ་མ་བྱུང་བ་དང་གཅིག འདུ་ཁང་གསར་བཞེངས་ཀྱི་ལས་མགོ་བཙུགས་པ་དང་གཉིས། གྲྭ་དམངས་དང་མཁན་པོ་ཚོའི་ཨུ་ཚུགས་དང་གསུམ་ལ་བརྟེན་ནས། ལྡན་མ་རིན་པོ་ཆེ་ཐེ་ཝན་ལ་ཕེབས་དགོས་བྱུང་འདུག རིན་པོ་ཆེས་མ་ཕེབས་གོང་ལ་སྐུ་སྒེར་ཡིག་ཚང་ལ་རེ་བ་མང་པོ་ཞུས་ནས་མཇལ་ཁ་སྙན་གསེང་ཞུས་རུང་། སྐུ་སྒེར་ནས། ཁྱེད་རང་ཐེ་ཝན་ལ་ཕེབས་རྒྱུ་གཏན་འཁེལ་ཟིན་ན། མཇལ་ཁ་ཞུས་མ་ཞུས་ཁྱད་པར་མེད། ཐེ་ཝན་ལ་ཕེབས་རྒྱུ་མིན་པ་དང་དེ་མིན་གྱི་སྐོར་ཞུ་རྒྱུ་ཡོད་ན་མཇལ་ཁ་གཏོང་གི་ཡིན་ཞེས་སྐུ་སྒེར་ནས་གང་ཐུབ་མཐུན་སྒྱུར་གནང་རུང་། རིན་པོ་ཆེ་ཐེ་ཝན་ལ་ཕེབས་རྒྱུ་གཏན་འཁེལ་སོང་། མཇལ་ཁ་མ་བསྒུགས་པར་ཕེབས་འདུག
རྟེན་འབྲེལ་དང་པོ་ཆུག་པའི་ཐོག་ལ། རྟེན་འབྲེལ་གཉིས་པ་དེ། ༧གོང་ས་མཆོག་གིས་སྔོན་ཤེས་ལྟ་བུས། སྔོན་མ་ནས་ལོ་ཤས་གོང་ལ། ཐེངས་གཅིག་མཇལ་ཁའི་ཐོག་ལ་དམིགས་བསལ་རིན་པོ་ཆེར། རྗེས་མ་ཐེ་ཝན་སོགས་ལ་ཕེབས་དགོས་བྱུང་ན། ཁྲི་སྤྲུལ་ཟེར་མཁན་འདི་མ་ཐུག་ན་ཡག་པོ་འདུག དེས་ཁྱེད་ཀྱི་མཚན་ཤས་ལ་སྐྱོན་ཡོང་གི་རེད་ཅེས་གསལ་པོ་གསུངས་འདུག ༼ལྡན་མ་རིན་པོ་ཆེས་གསུངས་པར། གོང་ས་མཆོག་གིས་བཀའ་སློབ་དེ་གསུང་དུས། སྐུ་འཕྲེང་བཅུ་གསུམ་པས་བཀའ་སློབ་གནང་བའི་ཚོར་སྣང་བསླེབས་བྱུང་གསུངས།༽
རིན་པོ་ཆེ་ཐེ་ཝན་ལ་ཕེབས་རྗེས། ཐེ་ཝན་ལ་ཡོད་པའི་ཁྲི་སྤྲུལ་ཟེར་མཁན་དོལ་ཚོགས་ཀྱི་བླ་རྫུན་དེས། རིན་པོ་ཆེར་མི་གཞན་བརྒྱུད་ནས་བཤད་རྒྱུར། ཁོ་པ་དོལ་རྒྱལ་དང་འབྲེལ་བ་མེད་པ་དང་། གང་མྱུར་གོང་ས་མཆོག་གི་དྲུང་ལ་མཐོལ་བཤགས་བྱ་རྒྱུའི་སྙན་གསེང་འབུལ་རྒྱུ་དང་དེ་ལ་རིན་པོ་ཆེས་མཐུན་འགྱུར་གནང་རོགས་ཅེས་མགོ་བསྐོར་ནས་རིན་པོ་ཆེའི་སྐུ་མདུན་ལ་ཚར་གསུམ་ཙམ་བཅར་བ་དང་། རིན་པོ་ཆེ་ཁོ་པས་སྦྱིན་བདག་བྱས་ནས་བཟའ་ཁང་ལ་ཕེབས་འདུག
འོན་ཀྱང་བླ་རྫུན་ཁྲི་རྫུན་དེས། རིན་པོ་ཆེ་མཉམ་དུ་པར་མང་པོ་བླངས། ཁྱབ་བསྒྲགས་མང་པོ་བྱས་ནས་ཁོ་པར་རིན་པོ་ཆེའི་ཡིད་ཆེས་དང་གདེང་འཇོག་ཡག་པོ་ཡོད་པ་མ་ཟད། དབང་ལུང་མན་ངག་མང་པོ་ཐོབ་པའི་རྫུན་འཕྲིན་བཀྲམས་ནས་ཐེ་ཝན་གྱི་མི་ཚོར་མགོ་སྐོར་བཏང་། ཁོ་པའི་ཆོས་ཀྱི་རྟོག་པ་དང་བླ་མའི་གོ་གནས་མཐོན་པོ་ཡིན་པའི་ཁྱབ་བསྒྲགས་མང་པོ་སྤེལ། དེ་ནི་ཁོའི་དམིགས་ཡུལ་གཙོ་བོ་དེ་རེད། ལྡན་མ་རིན་པོ་ཆེ་མགོ་སྐོར་ཐེབས་པ་རེད།
རིན་པོ་ཆེ་རྒྱ་གར་ལ་ལོག་རྗེས། ཁོའི་རོགས་པར་འབྲེལ་བ་བྱས་ནས་རྒྱལ་བ་རིན་པོ་ཆེར་མཐོལ་བཤགས་དེའི་སྐོར་སྐད་ཆ་ཤོད་སྐབས། ཁོ་པས་ལྷ་བླ་མར་མོ་མང་པོ་བཏབ་རྗེས་གནས་སྐབས་འགྱངས་དགོས་པའི་མོ་བབས་སྟབས། མཐོལ་བཤགས་བརྒྱངས་པ་ཡིན་ཟེར་ནས་རིན་པོ་ཆེར་ཁ་ཡ་མ་བྱས་པས། རིན་པོ་ཆེ་ཁ་སྐྱེངས་པ་དང་། ད་གཟོད་གཞི་ནས་སྐྱབས་མགོན་རིན་པོ་ཆེས་ལོ་ཤས་གོང་ལ་བཀའ་སློབ་གནང་བ་དེ་དྲན་ནས། ཐུགས་འགྱོད་ཆེན་པོ་བསླེབས། ཉིན་མཚན་མང་པོར་གཉིད་མ་ཁུག་པར་ལུས་འདུག
གོང་ས་མཆོག་དང་པོ་འདུ་ཁང་རྫིག་པོ་ཞིག་རྒྱག་རྒྱུ་དེར་མོས་མཐུན་མེད། གཉིས་པ་ལྡན་མ་བློ་ཆོས་རིན་པོ་ཆེ་དེའི་སྐོར་ལ་དངུལ་སློང་བར་གཏོང་འདོད་མེད། གསུམ་པ། ལྡན་མ་བློ་ཆོས་རིན་པོ་ཆེ་དང་ཁྲི་སྤྲུལ་རྫུན་མ་དེ་ཐུག་འཕྲད་བྱུང་བར་བློ་ཕམ་བཅས། གནས་སྐབས་ལྡན་མ་བློ་ཆོས་རིན་པོ་ཆེར་མཇལ་ཁ་གཏོང་གནང་མིན་འདུག་རུང་། གཟིགས་སྐྱོང་སྔར་བཞིན་ཆེན་པོ་གནང་བ་མ་ཟད། རིན་པོ་ཆེར་རྟག་ཏུ་སྐུ་སྒེར་ནས་གསོལ་སྨན་དང་། མཐུན་རྐྱེན། དེ་བཞིན་ལག་སྐྱེས་སོགས་གནང་འདུག ལྡན་མ་བློ་ཆོས་རིན་པོ་ཆེ་སྙུང་བའི་སྐབས་ལ་ནམ་ཡིན་རུང་ང་ལ་སྐྱོན་མེད། ཁ་ཙང་རྒྱལ་བ་རིན་པོ་ཆེས་གསོལ་སྨན་བསྐུར་གནང་འདུག ད་ལྟ་དེ་གཏོང་བཞིན་ཡོད་གསུངས། དེ་བཞིན་གོང་ས་མཆོག་གི་བཀའ་བཞིན་སྨན་པ་རྣམས་ཀྱིས་ཡང་ཡང་རིན་པོ་ཆེར་རྩ་གཟིགས་གནང་འདུག བསམ་བློ་ཡག་པོ་བཏང་ན་སྐྱབས་མགོན་རིན་པོ་ཆེ་བླ་མ་ཕར་ཞོག མི་ཕལ་པ་གཅིག་གི་ངོས་ནས་བལྟས་ན་མི་སྙིང་རྗེ་ཅན་ཞིག་རེད།
གོང་ས་མཆོག་གིས་སྔོན་ཤེས་ལྟ་བུས། ད་རེབ་ཕྱི་རྒྱལ་ལ་མ་ཕེབས་གོང་གློ་འབུར་དུ་ལྡན་མ་བློ་ཆོས་རིན་པོ་ཆེ་མཇལ་ཁར་གཏོང་ཤོག་གསུངས། མཇལ་ཁ་གནང་བ་མ་ཟད། ཐུགས་བརྩེ་བ་ཆེན་པོ་སྟོན་པའི་སྐུ་ཞིག་ཀྱང་གནང་འདུག དེ་ནས་ཉིན་ལྔ་ཙམ་རྗེས་ལ་ལྡན་མ་རིན་པོ་ཆེ་སྐུ་གཟུགས་ཇེ་སྐྱོར་ཕེབས་ནས། སྐུ་གཤེགས་འདུག
བདེན་པ་ཉིད་རྒྱལ་གྱུར་ཅིག།
ཁ་དཔེར།་གཏམ་དྲིས་ན་མི་བཤད་སྒུག་ན་ཡོང་ཟེར་བ་འདི་ཅིས་མ་བདེན། ད་དངོས་ཤུགས་བརྒྱུད་གསུམ་ནས་དོལ་རྒྱལ་འགོག་གིན་པ་གསལ་ནས་གསལ་དུ་འགྲོ་བཞིན་པས། འབྲི་མཁན་དང་བཤད་མཁན་ཚང་མ་ལོས་ལོ་རྒྱུས་ངོ་མ་འབྲི་བཞིན་འདུག
ལྡན་མ་བློ་ཆོས་རིན་པོ་ཆེ་དེ་བླ་མ་དམིགས་གསལ་ཡིན་པ་སྨོས་མེད་རེད། བར་ཆད་ཀྱིས་དབང་དུ་སོང་བ་རེད།
ཧཧ་མིག་ཕྱིས་ནས་ལྟས་དང
ཅི་མཛད་ལེགས་མཐོང་གི་འཕོང་ཡོང་ སྐྱོན་མཐོང་གི་ཡང་འཕོང་ཡོང རང་གི་རྣམ་དཔྱོད་བེད་སྤྱོད་མཐོང་ལགས