ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་ཆེ།།
ཀུན་བཟང་རྡོ་རྗེ་འཆང་དབང་དགའ་རབ་རྗེ།།
ཤྲྰིཿ་སེངྷ་ཛྙྰ་ན་སུ་ཏྲ་དང་།།
པན་ཆེན་བི་མ་པདྨ་ཀ་ར་རྒྱལ།།
མདོ་རྒྱུད་མན་ངག་བསྟན་པའི་སྙིང་པོ་འཛིན།།
བཤད་སྒྲུབ་ཕྲིན་ལས་བསྟན་པའི་བརྒྱུད་པར་སྐྱོང་།།
སྔ་འགྱུར་གདན་ས་དར་རྒྱས་ཕུན་ཚོགས་སྤེལ།།
རྫོགས་ཆེན་པདྨ་སྐལ་བཟང་ཐེངས་གཅིག་དྲན།།
ཐོས་བསམ་སྒོམ་པའི་ཤྲྰི་སེང་ཆོས་གྲྭ་དང་།།
རུ་དམ་ལུང་བའི་སྣོད་བཅུད་བདེ་དོན་ཆེད།།
གཅེས་པའི་གསང་གསུམ་རྒྱལ་བའི་རྒྱལ་མཚན་བཞིན།།
མི་ནུབ་དབྱིངས་སུ་བསྒྲེང་བ་ཁྱེད་མིན་སུ།།
ཁྱེད་སྐུར་འགྱུར་མེད་རྡོ་རྗེའི་རང་གཤིས་སུ་རྟག།
གསུང་དབྱངས་སྙན་པའི་རོལ་མོ་རྒྱུན་དུ་བརྟན།།
ཐུགས་རྗེ་ཐབས་མཁས་གཡང་དྲུང་མི་འགྱུར་ཞིང་།།
འཛམ་གླིང་འཛིན་མའི་རྒྱན་ཏུ་བཞུགས་གསོལ་འདེབས།།
རང་ལས་གཅེས་པའི་མཁན་སྤྲུལ་དགེ་སློབ་ལ།།
ཆོས་དང་དགེ་བས་ཕན་བདེ་ལེགས་གནང་ནས།།
གཟུར་གནས་བདེན་པའི་བསྟན་འཛིན་རིན་པོ་ཆེར།།
བཀའ་ཆོས་བར་ཆད་བྱུང་བས་སེམས་པ་སྐྱོ།།
མཆོག་གི་སློབ་ཚོགས་རྒྱ་མཚོ་ལྟ་བུ་ལས།།
སྙིང་གི་གཅེས་ཕྲུག་ཅིག་གིས་ལས་ཀ་རྣམས།།
ནད་ཀྱིས་གཏབ་པའི་བུ་ལ་མ་བཞིན་དུ།།
ལྷག་པར་བརྩེ་བ་བྱང་སེམས་ཁྱེད་མིན་སུ།།
རྫོགས་ཆེན་དགོན་པ་རྫ་རུ་མི་གསུམ་ཡང་།།
རྩོད་མེད་ཡོངས་གྲགས་ལོ་རྒྱུས་བདེན་པའི་གཏམ།།
སྙན་འཇེབས་དབྱངས་སུ་འགུགས་པའི་རྒྱལ་བའི་སྲས།།
རྫོགས་ཆེན་པདྨ་སྐལ་བཟང་རྒྱལ་གྱུར་ཅིག།
མགོན་པོ་ཁྱེད་ཀྱི་ཐུགས་བརྩེའི་ཀློང་ཡངས་སུ།།
མཚན་འཁོན་འཛིན་པའི་ར་རུ་དབེན་ན་ཡང་།།
དོལ་ཚོགས་དམ་སྲི་ངན་པའི་གཞན་དབང་གིས།།
མ་ཉེས་ཁ་གཡོགས་བྱས་པར་སེམས་པ་སྐྱོ།།
དམར་ཕྱོགས་སྟོབས་འབྱོར་དབང་ཤུགས་མཐུ་བཙན་པས།།
ས་དགེ་བཀའ་རྙིང་ཕྲག་ལྷ་ཞན་པ་རྣམས།།
འདོད་ཡོན་བདུད་བཞིའི་ལས་ལ་བང་རྩལ་འགྲན།།
སྙིགས་ལྔའི་རང་མདོག་སྟོན་འདི་ཀྱེ་མ་ཧུད།།
མཆོག་གི་ལྷག་བསམ་སྨོན་ལམ་མཐུ་བཙན་པས།།
ལྭ་དཀར་སྤྲུལ་སྐུའི་གདན་ཁྲིའི་ཟུར་ཆ་བླངས།།
བསྟན་ཁོ་ངོ་གཉིས་བཙན་གྱིས་གྲལ་མཐར་བཞག།
ཚ་བུ་དབང་ཆེན་ཡང་སྲིད་གནང་བར་མཚར།།
འོན་ཀྱང་འཕགས་པའི་མཛད་པའི་བྱིས་པའི་བློ།།
གཞལ་འདོད་སྨྱོན་པ་སྲིད་པའི་ཟློས་གར་མཁན།།
གང་ཤར་སྦས་གསང་མེད་པའི་རྟུལ་ཕོད་ངས།།
བཤད་པའི་གཏམ་པ་སྙིང་པོ་དབེན་ན་བཤགས།།
ད་ཐེངས་མཆོག་ལ་ཐུགས་ཁག་གཏན་ནས་མེད།།
སྙིང་ཐིག་ཡ་བཞི་དུམ་གཉིས་ཡང་གསང་མཛོད།།
སྐལ་ལྡན་སློབ་ཚོགས་དད་གུས་གདུང་གསོལ་ལ།།
བརྒྱུད་གསུམ་བླ་མའི་བྱིན་རླབས་བདུད་རྩིའི་དཔལ།།
དོལ་ཚོགས་དུག་ཆུས་བཟློག་པར་སེམས་ནས་སྐྱོ།།
བློ་བཟང་རྒྱལ་བའི་ཕྱི་རོལ་གྱུར་པའི་དཔུང་།།
བཀའ་གདམས་གསར་མ་ཟེར་བའི་ཏང་ལུགས་འདིས།།
ཆོས་ལུགས་ཆོལ་ཁ་ཁྲག་བཞིན་དཀྲུགས་པའི་ཚེ།།
བྱེ་བ་དུ་མའི་བདུད་རིགས་ཟ་ཁ་དར།།
དམ་པའི་དབུ་འཕང་སྨད་འདི་ཀྱེ་མ་ཧུད།།
རྒྱལ་དང་སྲས་བཅས་བདེན་པའི་བྱིན་རླབས་དང་།།
རྟེན་འབྲེལ་བསླུ་མེད་ལས་འབྲས་བདེན་པའི་མཐུས།།
དཀར་ཕྱོགས་རྒྱལ་བའི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
པདྨའི་ཐང་ཆེན་ཕུན་ཚོགས་སྡེ་བཞིའི་ཕྱུག།
ཤྲྰི་སེང་ཆོས་གྲྭ་བཤད་སྒྲུབ་ཕྲིན་ལས་རྒྱས།།
རྫོགས་ཆེན་དགོན་པར་འཁོར་ལོ་གསུམ་གྱིས་མཛེས།།
སྔ་འགྱུར་གྲུབ་དབང་བསྟན་པ་དར་གྱུར་ཅིག།
ད་དུང་སྙན་བརྒྱུད་མན་ངག་བདུད་རྩིའི་མཛོད།།
སྐལ་བཟང་སློབ་མའི་དཔལ་དུ་ཡོངས་སུ་འཇོ།།
སྣང་སྲིད་དག་པ་མཁའ་སྤྱོད་རྒྱལ་བའི་ཞིང་།།
ཀུན་གྱིས་ལོངས་སུ་སྤྱོད་པའི་སྨོན་འདུན་ཞུ།།
ཆོས་བརྒྱད་ཆོ་ལོས་རྗེས་འདྲིངས་མི་རྒྱུགས་ཤིང་།།
འཇིག་རྟེན་སྤྱོད་པ་མཆིལ་ཞགས་བཞིན་འདོར་ཕྱིར།།
སྐལ་བཟང་པདྨའི་དགའ་ཚལ་ཉམས་དགའ་བས།།
གསང་གསུམ་གུ་རུ་རྗེ་དང་མཉམ་པར་ཤོག།
རྐྱེན་ངན་གྲོགས་སུ་འཆར་བའི་ངང་ཚུལ་འདིས།།
སྤོས་ངད་ལྗོངས་སུ་ཐུན་བཞི་ལས་དྲུག་ངང་།།
བསྟན་དང་འགྲོ་བའི་མགོན་དུ་རིང་བཞུགས་ནས།།
དམ་པ་ཁྱེད་ཀྱིས་འགྲོ་དོན་མཐར་ཕྱིན་ཤོག།
མདོར་ན་ཁྱེད་ཀྱི་མཛད་ཕྲིན་གསང་གསུམ་ལ།།
དོལ་འདྲེ་འབྱུང་པོའི་ཚོགས་ལ་བག་གཟོན་མཛོད།།
སྙིགས་དུས་བདེན་ཕམ་རྫུན་རྒྱལ་གཡོ་སྒྱུ་གར།།
བཅོམ་ལྡན་རྣམ་རྒྱལ་ཚོགས་ཀྱིས་འཇོམས་པར་སྨོན།།
ཞེས་པ་འདི་ཡང་རབ་རྒྱན་སྨིན་ཟླའི་དབང་ཚེས་ངན་པར་མི་རྫོགས་གཡུལ་འཁྲུག་པའི་གསར་འགྱུར་ངན་པ་ཞིག་ཟླུམ་གཟུགས་གོ་ལའི་ཁྱོན་འདིར་ཁྱབ་པར་མཐོང་བ་དང་ཁྱད་པར་རྫོགས་ཆེན་པདྨ་སྐལ་བཟང་ལ་གཞི་མེད་མང་པོ་ཞིག་ཆུ་སྣ་རྡོལ་བ་བཞིན་སྤེལ་ནས་དྲ་ཐོག་ཏུ་ཡོད་པའི་སྐྱོ་སྣང་དང་མི་མཐུན་བར་ཆད་ངན་པའི་གཡུལ་ལས་རྒྱལ་བའི་སྨོན་ལམ་བཅས་རིག་འཛིན་ཨེ་མ་ཧོས་ནུབ་ཕྱོགས་ཀུན་བཟང་ཆོས་གླིང་ནས་བྲིས་པར་དགེའོ།། །།
མགོ་གཉིས་བསྟན་དཀྲུགས་ཆེན་པོའི་མིང་འཛིན་པ།། བསྟན་ཁོའི་མཛད་པ་ཡོངས་སུ་རྒྱས་ཙ་ན།། མི་བཟོད་ཆོ་ངེ་འདེབས་པ་ཀྱེ་མ་ཧུད།མ་དཀྲུགས་བསྟན་པ་དཀྲུགས་ཉིན་མ་ཅིགཁྱེད་ཉིད་ཐེ་ཝན་ཞིང་དུ་གདན་ཞུ་བྱེད།། མཆོག་སྤྲུལ་བསྟན་ཁོའི་མཛད་པ་འགོག་ཐབས་མེད།། རྒྱ་བླ་ཡོན་བདག་ཆེད་དུ་འཁྲུགས་ལ་ལྟོས། ཡག་པོ་བཞུགས་ན་སྐུ་ཁམས་དངས་ངེས་ལ།། ད་དུང་རྫོགས་བསྟན་ནང་དཀྲུགས་བྱས་གྱུར་ན།། ཉིན་ཞིག་སྐུ་ངལ་འབྱུང་སྲིད་མིང་ཆེན་པོ།།
རྫོགས་ཆེན་སྐལ་བཟང་མི་གཞི་དང་སྤྲུལ་སྐུ་གང་འདྲ་ཞིག་ཡིན་མིན་འདས་པའི་ཁོང་གི་ལོ་རྒྱུས་སམ་བྱ་བ་དེ་ལས་གསལ་པོ་ཤེས་ཐུབ། དེ་མིན་ཁྱོད་ཀྱིས་ལྷ་དང་ཀླུ་སོགས་འཇིག་རྟེན་འདིར་མི་སྲིད་པའི་བསྟོད་བསྔགས་དེ་ནི་དུས་རབས་ཉེར་གཅིག་པའི་སྐབས་འདིར་མི་རྣམས་གད་མོ་སློང་བྱེད་ཀྱི་རྒྱུ་ལས་མ་འདས་སོ།
བློ་ཕམ་རེད། དང་པོ་ཡོང་དུས་ནས་མེ་མདའ་མཉམ་དུ་འཁུར་ཡོད་ཙང་དེ་གློ་བུར་བ་ཞིག་མ་རེད། གྲ་སྒྲིག་ཡོད་པ་རེད། ངའི་རྫོགས་ཆེན་བསྟན་པ་འདི་རྫོགས་ཆེན་དགོན་པས་ཏག་ཏག་བཟོ་ས་རེད།
གནས་ཚུལ་འདི་དག་གི་རིགས་ནི་གཅན་རོང་བསྟན་འཛིན་གྱིས་རེ་བ་འདིར་ངོས་འཛིན་དང་གཙིགས་ཆེན་བྱས་མིན་གྱི་དབང་གིས་སྤྱི་ཚོགས་ཧྲིལ་བོ་འཆམ་མཐུན་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་འབྱུང་བཞིན་ཡོད་ཅེས་གསུངས།
གནས་ཚུལ་དེ་དག་གི་རིགས་ནི་གཅན་རོང་བསྟན་འཛིན་གྱིས་རེ་བ་འདིར་ངོས་འཛིན་དང་གཙིགས་ཆེན་བྱས་མིན་གྱི་དབང་གིས་སྤྱི་ཚོགས་ཧྲིལ་བོ་འཆམ་མཐུན་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་འབྱུང་བཞིན་ཡོད་ཅེས་གསུངས་པ་ལྟར་རོ།
གནས་ཚུལ་བཤད་ན་་་་ཨེ་མ་ཧོ་་་ཁོ་རང་ལ་གནད་དོན་གཞན་མེད་་་་བསྟན་ཁོ་དང་ཁོ་བ་གཉིས་ནང་འཁོན་འདིར་བསླང་བ་ཙམ་རེད་་་་་་སྔོན་མ་ཁོ་གཉིས་གྲོགས་པོ་ཡིན་་་་བསྟན་ཁོ་རིན་པོ་ཆེས་ཁོ་བ་ཐེ་ཝན་ལ་ཁྲིད་རྒྱུ་བྱས་ཡང་རིམ་པས་ཁྲིདམ་ཐུབ་པ་ལ་ཁོ་བ་སྤྲོ་ལངས་ནས་ཡར་མར་མང་པོ་བཟོས་པ་རེད་་་ད་རེབ’ཡང་མི་རྫོགས་གནད་དོན་དང་འབྲེལ་ནས་བསྟན་ཁོ་རིན་པོ་ཆུ་ལ་ཤ་འཁོན་ལེན་པ་རེད་གོ་་་་་བསྟན་ཁོ་ཚང་ནི་རྫོགས་ཆེན་རིན་པོ་ཆེ་དབང་ཆེན་དར་རྒྱས་ཚང་གི་འཕྲིན་ལས་ཁ་ལོ་བ་ཅིག་ལགས་སོ་་་་ཁོ་བོས་ནམ་ཡང་ལག་ཁེལ་མི་སྲིད་་་་་་་་གལ་སྲིད་ནམ་ཡང་འདུག་མ་ཐུབ་ན་ཉིན་ཅིག་ཁ་བྱང་འདི་འདྲ་བ་ཅིག་རང་ལ་འཁོར་ངེས:རེད་་་་་་
མཁན་ཆེན་ཨེ་མ་ཧོས་ཡག་པོ་གསུངས་འདུག ཡིན་ན་ཡང་ཨེ་མ་ཧོས་བསྟན་ཁོ་ངོས་འཛིན་རྩ་ཆེན་གནང་བ་དང་རྫོགས་ཆེན་སྐལ་བཟང་གི་རྡོ་རྗེ་བཀྲ་ཤིས་རྫོགས་ཆེན་རིན་པོ་ཆེ་ངོས་འཛིན་བྱས་ན་མི་ངན་དེ་རིགས་དེ་འདྲ་རེད། ཧ ཧ དབང་ཆེན་དར་རྒྱས་ཟེར་བ་དང་པོ་མ་ཎི་སིདྡྷི་བཤད་ནས་རྒྱལ་བ་རིན་པོ་ཆེས་བདེན་ཡིག་ཐིལ་བཟས་གནང་། ཡང་བསྒྱུར་ནས་ཨ་འཛོམ་འབྲུག་སྤྲུལ་ཡིན་པ་བཤད། རྫོགས་ཆེན་སྐལ་བཟང་གིས་རང་གི་ཚ་བུ་མ་ནིང་རིགས་ལྔ་མཚམས་གསུམ་འགྱུར་བ་ནང་བཞིན་རྫོགས་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ཡིན་པར་བཤད་ནས་རྙོག་དྲ་འདི་བྱུང་བ་མ་ཡིན་ནམ་སྙམ། རྫོགས་ཆེན་དགོན་པ་དང་སྡེ་བས་སྔ་འགྱུར་རྙིང་མ་ལ་ཞབས་འདྲེན་བཞགས་པ་ཉུང་ཉུང་མ་ཡིན་པར་ཐལ།། རྫོགས་ཆེན་སྐལ་བཟང་དང་ཀཾ་ཚང་སི་ཏུ་ཚང་སྐུ་མཚམས་འདུག་རྒྱུ་མང་དྲག་མ་སོང་ངམ།། ཧ་ཧ་ཧ་་་
བཀྲ་ཤིས་པ་མ་རེད། རྒྱུ་དང་དབང་ལ་བརྔམས་ནས་ཆོས་ལུགས་དང་མི་རིགས་ཀྱི་འཐབ་བརྩོད་བེད་སྤྱོད་བཏང་འདུག རྫོགས་ཆེན་བསྐལ་བཟང་དང་རྡོ་རྗེ་བཀྲ་ཤིས་གཉིས་ལ་སྟོབས་ཤུགས་དང་དཔུང་ཤུགས་ཡོད་པའི་བླ་མ་རེད། སྒོར་མོ་དུང་ཕྱུར་འགའ་ཤས་ཀྱི་བདག་པོ་རེད། སྲིད་གཞུང་དང་མི་མང་རྒྱབ་ལ་ཡོད་པའི་བླ་མ་རེད། གོང་ན་བླ་མ་དང་སྤྲུལ་སྐུ་མང་པོའི་རྒྱབ་རྟགས་ཡོད། ལྟོས་ཨང་། ཟིང་ཆ་ད་ལྟ་གཞི་ནས་རེད། མི་ཉག་ཚང་གི་ཚོང་པ་དང་དཔོན་པོ་ཚང་མ་རྡོར་བཀྲའི་འོག་ལ་ལངས་ཀྱི་འདུག
བོད་རྒྱུང་ནང་བསྟན་ཆོས་ལུགས་བྱེད་མི་བསམ་པ་གུ་ཡངས་ཡོད་རེད་ཟེར་ནས་དྲ་འབུ་དེ་ཚོས་བཤད་ཀྱི་འདུག་ད་གང་འདྲ་འདུག་གམ་ཁྱི་རྒན་ནང་ཁྲུགས་རེད་་་་དེ་ཚོ་ལེགས་པ་ཞིག་གང་ནས་ཡོང་དཔལ་རྡོར་གྱི་བརྒྱུད་འཛིན་རེད་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ལྷ་སྲས་དར་མས་གྲྭ་བར་བརྔོན་བརྒྱབ་ཏུ་བཅུག་པ་རེད། ད་དུང་འདི་ཚོ་ལ་གཟིགས་དང་བྱམས་དང་སྙིང་རྗེ་གཞན་ཕན་ཟེར་བ་འདུག་གམ་དེང་སང་ཝི་ཆེཊ་ནང་དུ་ལྟད་མོ་འདུག་རྡོ་ཆར་ཕབས་པའི་གློག་རྙན་ཐུང་ངུ་དེ་རིགས་འདུག་་་ི
http://www.rfa.org/tibetan/chediklaytsen/ukaylatsen/woser/woeser-wrote-article-on-dorji-tashi-08202010173656.html
སྡེ་བ་ཚོ་བ་ཆུང་ཆུང་དེ་ཚོས་རྡོ་འཛིངས་རེ་བྱས་ན་ཧ་ལས་ཡོང་རྒྱུ་ཅི་ཡང་མི་འདུག ཁྱོད་ཚོ་འཇིག་རྟེན་མི་ཡུལ་མིན་ས་རེ་ན་བསྡད་ཡོད་ན་མ་གཏོགས་ང་ནི་སྡེ་བ་ཚོ་བ་མང་པོ་ཞིག་ལ་འགྲོ་འདུག་བྱས་མྱོང་མོད་རྒྱག་རེས་འཛིང་རྩོད་མེད་ས་ཞིག་མཐོང་མ་མྱོང་། མདོ་ཁམས་ཀྱི་ཕྱོགས་སུ་འཁྲུག་འཛིང་མང་པོ་རེད། དེ་རིགས་བཟང་རྒྱུ་ཟེར་ན་མི་འདུག་མོད་ཧ་ལས་ཡོང་རྒྱུ་མི་འདུག འདི་ན་ཁ་ཤས་ཀྱིས་ལྟད་མོ་འདུག་ཟཝེར་ནས་ཧ་ཅང་དགའ་ཡོད་བཟོ་འདུག མི་འཁྲུག་འཛིང་བྱེད་པར་རྗེས་སུ་ཡི་རང་བྱེད་དགོས་པ་འདི་ཁྱོད་ཚོའི་ཆོས་ལུགས་ཀྱི་བསླབ་བྱ་ཡིན་ན་ནི་གང་ཤེས།
མཆན་༡༠པ་བཀོད་མཁན་པད་མ། རྫུན་མ་ཤོད། འདིའི་ནང་གི་གསར་འགྱུར་གྱི་མི་རྡོ་རྗེ་བཀྲ་ཤིས་དང་ལྷ་སྒང་གི་རྡོ་རྗེ་བཀྲ་ཤིས་མི་གཉིས་རེད། འདིའི་ནང་གི་རྡོ་རྗེ་བཀྲ་ཤིས་བཙོན་ལ་བཅུག་ནས་ལོ་བཅུ་གསུམ་ཙམ་འགྲོ་བཞིན་ཡོད། འདིའི་ནང་གི་རྡོ་རྗེ་བཀྲ་ཤིས་དེ་ཨ་མདོའི་ཚོང་པ་རེད།