སྤྱིར་འཇང་དགུན་ཆོས་འདི་མདོ་སྨད་ཁུལ་དུ་དར་སྲོལ་བྱུང་མེད་མོད། འོན་ཀྱང་དུས་རབས་ཉི་ཤུའི་དུས་མཇུག་གི་ལོ་རབས་༩༠ ནང་མདོ་སྨད་རྭ་རྒྱ་དགོན་པ་དང་གཙང་དགོན་པ་གཉིས་ཀྱིས་དགེ་འདུན་པ་ཡོངས་ཀྱི་ཐུན་མོང་གིས་འགོ་འཛུགས་བྱས་ཏེ། ༡༩༩༤ ལོར་མདོ་སྨད་རྭ་རྒྱ་དགོན་ཆེན་དུ་ཐོག་མར་འཇང་དགུན་ཆོས་ཚོགས། སྐབས་དེར་མདོ་སྨད་ཁུལ་གྱི་མཚན་ཉིད་རྩོད་གྲྭའི་དགོན་སྡེ་ཆེ་ཆུང་ཡོངས་ལ། མགྲོན་བརྡ་བཏང་སྟེ་དགོན་པ་མང་པོའི་རིག་པ་སྨྲ་བ་འགའ་རེ་འཇང་དགུན་ཆོས་ལ་ཕེབས།
ད་ཐེངས་ཀྱི་འཇང་དགུན་ཆོས་ཚོགས་ཐེངས་༡༨ པ་འདི་རེབ་གོང་རོང་པོ་དགོན་ཆེན་ནས་ཚོགས་ཐེངས་གཉིས་པ་དེ་ཡིན་ལ། འཇང་དགུན་ཆོས་ཐེངས་༡༨པ་འདི་མ་ཚོགས་པའི་ཡར་སྔོན་སྟོད་དབུས་གཙང་གི་སེ་འབྲས་དགེ་གསུམ་གཙོ་བྱས་ཏེ། མདོ་སྟོད་སྨད་ཁུལ་གྱི་མཚན་ཉིད་རྩོད་གྲྭའི་དགོན་སྡེ་ཡོངས་ལ་མགྲོན་བརྡ་བཏང་མོད། འོན་ཀྱང་རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་བོད་ཆོལ་གསུམ་གྱི་དགོན་སྡེ་མང་པོ་ཞིག་ཕེབས་ཐུབ་མི་འདུག
དེ་མིན་འགག་རྐྱེན་ལ་མ་ལྟོས་བར་ཕེབས་པའི་དགོན་སྡེ་མང་པོ་ཞིག་གི་མཚན་གཞུང་སོགས་གཤམ་གསལ་ལྟར།
ནམ་མཁའ་ལེགས་ཀྱི་འཇང་དགུན་ཆོས་ཀྱི་གནས་ཚུལ་ལ་སྤྲོ་བ་བརྟས།
འཇང་ཞེས་པའི་ལུང་པར་སེ་འབྲས་དགེ་གསུམ་སོགས་ཀྱི་རིགས་པར་སྨྲ་བ་རྣམས་འཛོམས་ཏེ། དགུན་ཆོས་སུ་གཙོ་བོར་ཚད་མ་རིགས་པར་རྩོད་པ་མཛད་པ་ཐོས། དེར་བོང་བུ་སོག་ཏི་ཞེས་པ་ཡང་འོངས་ནས་རྩོད་པ་རྒྱབ་པར་མ་ཟད་གྲྭ་པ་ཁ་ཤས་མི་མེད་ལུང་སྟོང་དུ་འཁྲིད་འགྲོ་བ་ན་འཁར་རྔ་རྡུང་སྲོལ་ཡོད་པ་ཞིག་ཐོས། དེ་བཞིན་དུ་རེབ་གོང་རོང་པོ་དགོན་ཆེན་ནས་འཇང་དགུན་ཆོས་ཀྱི་་དཔེ་མདོ་སྨད་རྭ་རྒྱ་དགོན་ཆེན་དུ་འཇང་དགུན་ཆོས་ཚོགས་སུ་བོང་བུ་སོག་ཏི་ཡང་སླེབ་འོང་སྙམ། བོང་བུ་སོག་ཏིས་གྲྭ་པ་འགའ་འཁྲིད་པ་ལ་སོགས་འབྱུང་ན། འཁར་རྔ་རྡུང་བའི་ཆས་སྒྲིག་དགོས་པར་སེམས་སོ།
བོད་ཀྱི་་་་ཁ་ཤགས་རིག་པ་་་དང་་་་ཚད་མ་རིག་པ་་་་གཉིས་དབར་འབྲེལ་བ་ཡོད་དམ་མེད། །
gonpoལགས་ཁྱེད་ཀྱིས་དྲི་བ་དེ་རང་ཉིད་ཀྱི་ངོས་ནས་གསུངས་ཏེ་ཁྱད་པར་འབྱེད་ཐུབ་ན་ལགས། དེ་མིན་འདིར་ཁ་ཤགས་རིག་པ་དང་ཚད་མ་རིག་པ་གཉིས་ཀྱི་བར་ལ་ཁྱད་པར་ཡོད་མེད་བཤད་ཀྱང་ཕན་ཐོག་ཡོད་བཟོ་མཐོང་མ་སོང་བས་ལར་ལན་ཅི་ཡང་མི་འདེབས།
ཧ་ཅང་ལེགས་པོ་རེད། གྲྭ་བས་གྲྭ་བའི་རིག་གནས་དར་སྤེལ་རྒྱུན་འཛིན་བྱས། གྲོང་བས་གྲོང་བའི་རིག་གནས་དར་སྤེལ་རྒྱུན་འཛིན་བྱས་ཐུབ་ན་བོད་ཟེར་བའི་གཟུགས་གཞི་འདི་མ་འཐོར་བར་གནས་ཐུབ་གི་རེད། དེ་མི་ཐུབ་བཞིན་དུ་གཅིག་གིས་གཅིག་ལ་ཟུར་ཟ་དང་། སྐྱོན་འདོགས། སྐུར་འདེབས་བྱས་བསྡད་ན་རང་རང་གི་རྣམ་རིག་འཕྲོ་བརླགས་ལ་གཏོང་སྤྱད་མ་གཏོགས་སུ་གཅིག་ལ་ཡང་ཕན་གྱི་མ་རེད།
མདོ་སྨད་རེབ་གོང་དུ་འཇང་དགུན་ཆོས་ལན་ཇི་ཙམ་ཚོགས་སམ། རིགས་པར་སྨྲ་བ་ཇི་ཙམ་ཕེབས་སམ། རིག་པ་དང་། རིགས་པ་ཞེས་པའི་མིང་ཚིག་དག་ལ་ཁྱད་པར་ཅི་ཡོད་དམ། འདི་དག་ལ་ཤེས་འདོད་མཆིས་སོ།
‘ཝཱ་ཎ་’ཟེར་བའི་དོན་ཅི་ཡིན་ནམ། ཞེས་པར་ལན། སྔོན་བོད་ཀྱི་མཁས་པ་ཡི་གེ་བྱེད་པ་རྣམས་ཀྱིས་ཚིག་སྡུད་མཛད་པ་ཧ་ཅང་དཀོན། ད་ལྟའི་མཁས་པ་དག་ལ་དུས་མ་ལྡངས་པ་ལྟ་བུས་ཝཱ་རཱ་ཎ་སཱི་ལ་‘ཝཱ་ཎ་’ཟེར་བར་མཐོང་ངོ་།
མཁྱེན་དཔྱོད་མཚུངས་མེད་ལ་དྭགས་པ་ལགས། རིགས་པ་ནི་རིགས་པ་དང་མི་རིགས་པ་ནི་འཐད་པ་དང་མི་འཐད་པའམ། དེང་སང་གི་ཁ་སྐད་ལྟར་ན་འགྲིགས་པ་དང་མི་འགྲིགས་པའི་དོན་ཡིན། རིག་པ་དང་མི་རིག་པ་ནི་མཐོང་བ་དང་མ་མཐོང་བ། ཤེས་པ་དང་མ་ཤེས་པའི་དོན་ཡིན།
བོད་གདོད་མའི་ལུགས་སྲོལ་ལ་ལྷ་བདུད་གཉིས་ཀྱིས་ཤགས་འགྱེད་པ་ཟེར་བ་སོགས་ཀྱིས་མཚོན་པའི་དམངས་ཁྲོད་དུ་ཁག་ཤགས་འདི་ཧ་ཅང་དར་སྲོལ་ཆེན་པོ་བྱུང་ཡོད་པར་སེམས། བོད་ཀྱི་ཁ་ཤགས་རིག་པའི་བྱུང་རབས་ལོ་རྒྱུས་ལ་ཞིབ་དཔྱོད་གནང་མཁན་དེ་འདྲ་ཡོད་དམ། ཁ་ཤགས་འགྱེད་སྟངས་ལ་རྣམ་གྲངས་མི་བ་འདྲ་ག་ཚོད་ཡོད་པ་ཡིན་ནམ། བོད་ལ་ཡོད་པའི་རིག་གནས་རྩ་ཆེན་ག་འདྲ་ཞིག་ཡོད་པ་ཡིན་ནའང་དེའི་རྨང་གཞིའམ་ལམ་སྲོལ་དངོས་གནས་དེ་བོད་རང་ལ་ཡེ་གདོད་མ་ནས་ཡོད་པར་འགྲུབ་འདོད་པས་ཡིན། །
འཇང་དགུན་ཆོས་ནི་དབུས་གཙང་གི་ས་ཆ་ཞིག་ཏུ་སེ་འབྲས་དགེ་གསུམ་ཀྱི་དགེ་འདུན་རྣམས་ནས་ཚད་མར་འགྲོ་བགླིང་བྱེད་པའི་གསོལ་ཞིག་རེད་ད་ལྟ་མདོ་རྨད་དུ་ཚུགས་བཞིན་པ་འདི་ལ་མདོ་རྨད་དགུན་ཆོད་ཟེར་ན་ཡག་ལེ་རེད་ད་
མཁྱེན་དཔྱོད་ཟླ་མེད་སྤོབས་པ་མཐའ་ཡས་ལེགས།
དེ་ལྟར་ན། རིག་པ་ཡང་དག་རྙེད་པ་ལ་ཚད་མ་རིགས་པ་ལ་ཡུན་རིང་སྦྱང་དགོས་པར་མཐོང་།
འདིར་དྲ་གྲོགས་རྙིང་པ་རྒན་ལ་དྭགས་པ་དང་སྤོབས་མཐའ་བོན་པོ་སོགས་ཕེབས་པ་ལ་ཐུགས་རྗེ་ཚེ་ཞུ།བསམ་ཚུལ་བརྗེ་རེས་རྗེས་ནས་ཞུ་གི་ཡིན།ད་ཐེངས་འདིར་བདེན་པའི་ཕོ་ཉ་ལགས་ཀྱི་བསམ་ཚུལ་ལ་ལན་ཕྲན་བུ་ཞིག་འབུལ་རྒྱུ་ཡིན།ཕོ་ཉའི་གསུང་དེ་གནས་ལུགས་ལྡན་པ་ཞིག་རེད།ངས་ཀྱང་གོང་གི་རྩོམ་བྱང་མ་བྲིས་སྔོན་ལ་མདོ་སྨད་འཇང་དགུན་ཆོས་དང་མདོ་སྨད་དགུན་ཆོས་ཀྱི་བར་ལ་ཐ་སྙད་ཀྱི་ཁྱད་པར་ཡོད་པས་མིང་གང་ཞིག་འབྲི་མིན་ལ་བསམ་བློ་ཕྲན་བུ་ནཏང་པ་ཡིན།ཡིན་ཡང་ཁོང་ཚོའི་མ་ཡིག་ན་འཇང་དགུན་ཆོས་ཞེས་བྲིས་འདུག་པས་དེ་བཟོ་བཅོས་བྱེད་པའི་སྙིང་སྟོབས་མི་འདུག་པས་དེ་ལྟར་བྲིས་པ་ཡིན།དཔེར་ན་ས་སྐྱའི་གྲུབ་མཐའ་ལ་ཡང་ས་མིང་གི་བཏགས་པ་ལྟར་།ས་མིང་འཇང་གི་མིང་ཆོས་ཐོག་གི་མིང་ལ་བཏགས་པ་གསལ་བོ་རེད།ལས་བྲེལ་བར་ནས་མང་པོ་ཞུ་ཁོམ་མི་འདུག་པས་དེ་ལྟར་གྱིས