ཁྲོ་གཏུམ།
ཞོགས་ཉི་མ་ཐོན་པའི་ས་དེ་ན་རྦབ་ཆུའི་གླུ་སྒྲ་དགོད
རྦབ་ཆུའི་ཝུ་དཀར་གཡང་གཟར་དེད་ནས་རྩེན་པ་འདི
བདག་གི་སྤོབས་པའི་དཔའ་རྩལ་རྒྱས་པའི་ལྷན་པ་ཀོར་མོ་ཞིག
ཆུ་མོ་བྲག་ལ་བརྡབ་ཞིང་སྐད་འཇོ་འཐེན་པ་དང
ཉེ་བའི་ལྗོན་ཚལ་མགོ་བོ་ལྡེམ་པའི་ངང་ཚུལ་མིག་ལ་རྒྱུ
ང་རང་མགོ་བོ་ལྟག་པར་དགྱེ་ནས་རྦབ་ཆུའི་རྩེད་མོར་ཧེད་ཅིང་རླབས་སྒྲར་ཉན
སྤྲིན་བྲལ་ནམ་མཁའ་སྔོན་མོས་ང་རང་མཐོང་སྟེ་གད་མོའི་རླུང་བུས་སྐྲ་ལོ་དལ་བུར་བྱིལ་པས་སེམས་པ་དགའ
རླབས་ཀྱི་དཔུང་རོགས་བྲག་རྡོ་ཆེན་པོས་ཁ་ཟིལ་འཐུང་བའི་བཟི་སྟངས་འདིས
སེམས་ཀྱི་མཆོངས་བསྐྱོད་རྦབས་ཕྲེང་རྒྱུན་དུ་འཇར་བ་ཤ་སྟག་རེད
ད་ནི་སེམས་ཀྱི་དམག་དཔུང་ཕྱིར་འཐེན་བྱེད་ལ
རྦབ་ཆུའི་རླབས་སྒྲ་རྣ་བས་རིང་དུ་བཏང་ཡོད
སྡོད་གནས་ཕྱོགས་སུ་ཤར་བསྐྱོད་བྱེད་ཞོར་ཕྱིར་མིག་སྤྲད
༢༠༡༤།༡༠།༢༥ ཉིན་སྦག་སོའི་རྦབ་འགྲམ་དུ།
འདོན་སྤེལ།: ༢༠༡༤/༡༡/༠༣