བྱ་མདོ་སྐལ་རྒྱམ།
སྟོན་མཇུག་གི་ཁོར་ཡུག་ལ
མྱ་ངན་གྱི་རོལ་དབྱངས་འཁོར་ཞིང
ལྗོན་ལོ་ཤག་ཤག་ཐོར་བའི་སྐྱོ་སྨྲེང
མིག་ལ་ལྷུང་ཞིང སེམས་ལ་འཁོར
དགོང་ཁའི་མཚམས་སྤྲིན་གྱི་དམར་མདངས་ཁྲོད
རང་གི་གནས་མལ་སྙེགས་པའི་ཁྲུང་ཁྲུང་རུ་བསྒྲིགས་ཀྱིས
ཡལ་ལ་ཉེ་བའི་སྟོན་ལྗོངས་ལ
གྲང་ཤུར་ཤུར་གྱི་རླུང་བུ་ལྡིང་ཞིང
སྙན་ངག་ལ་སེར་ཐིག་གི་རྒས་མདོག་བབས
དེ་བས ཁོར་ཡུག་འདི་ཧ་ཅང་རྒྱུས་མེད་ཅིག་དང
མི་ཚོགས་འདི་ཧ་ཅང་ཆ་མེད་ཅིག་ཏུ་གྱུར་འགྲོ
དུས་ཚིགས་འདི་ལྟར་བསྐྱར་ནས་བསྐྱར་དུ་འཁོར་བས
ཚགས་ལ་ཉར་བའི་འཕྲིན་ཡིག་ཅིག་གི་བཞུར་རྒྱུན་ཡང
རིང་ནས་རིང་དུ་བརྐྱངས་བྱུང
སྟོན་མཇུག་ནི་སེམས་ངལ་ཞིག་རེད
2014/11/5