རྩོམ་མཁན། ཐིང་ཁྲོད། (རྡོ་རྗེ་རིན་ཆེན་གྱིས་རྒྱ་ཡིག་ལས་བསྒྱུར)
ཨ་མ་ལགས། ཡང་ལོ་གཅིག་རིང་ང་ཡུལ་ལ་ལོག་ཐུབ་མ་བྱུང་།
ཁྱེད་དྲན་པའི་མཚན་མོར། སེམས་གཏམ་ཞིག་ཡང་ཡང་བཤད་འདོད།
ཨ་ཕ་ལགས། ད་ལྟ་ཁྱེད་བདེ་བར་གཞུགས་ལགས་སམ།
སྔོན་ཆད་ངས་ཁྱེད་རང་སྡུག་ལ་སྦྱར་མྱོང་།
ཨ་ཕ་ལགས། ད་ནས་ཁྱེད་ཀྱིས་ཆང་རག་མ་བཞེས་རོགས།
ཐ་མག་ཀྱང་གཅོད་པར་འཚལ།
ཁྱེད་གཉིས་ལ་བསྐུར་བའི་དངུལ་སྒོར།
ལོངས་སྤྱོད་མི་གཟོད་པ་མི་དགོས།
ད་ལྟ། བུ་ངའི་ཡོད་ཚད་ཧ་ཅང་ཕུན་སུམ་ཚོགས།
ད་ནས། ང་ལ་སེམས་ཁྲལ་མ་གནང་དང་།
ང་ཡིས་གཞི་ནས། སེམས་གཏིང་གི་ཁོ་མོ་རྙེད་ཡོད།
མྱུར་ནས་མྱུར་མོར་། ཁོ་མོ་ཡུལ་ལ་འཁྲིད་ཡོང་ཆོག
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་ནས།
ཨ་མས་བཟོས་བའི་ཟ་མ། ཟ་རྒྱུ་བྱུང་ན་སྙམ།
ཅི་འདྲའི་ཞིམ་མངར་ལྡན་པའི་ཕྱིར་དྲན་ཞིག
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་འདོད།
ག་ལེར་བཞུད་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱི་ཉིན་མཚན་ལགས།
ཕ་མའི་དབུ་སྐྲའང་དཀར་པོར་གྱུར་སོང་།
དངོས་ནས་ཡུལ་ལ་ལོག་ན་སྙམ།
________༢________
ཨ་ཕ་ལགས། ད་ནས་ཁྱེད་ཀྱིས་ཆང་རག་མ་བཞེས་རོགས།
ཐ་མག་ཀྱང་གཅོད་པར་འཚལ།
ཁྱེད་གཉིས་ལ་བསྐུར་བའི་དངུལ་སྒོར།
ལོངས་སྤྱོད་མི་གཟོད་པ་མི་དགོས།
ད་ལྟ། བུ་ངའི་ཡོད་ཚད་ཧ་ཅང་ཕུན་སུམ་ཚོགས།
ད་ནས། ང་ལ་སེམས་ཁྲལ་མ་གནང་དང་།
ང་ཡིས་གཞི་ནས། སེམས་གཏིང་གི་ཁོ་མོ་རྙེད་ཡོད།
མྱུར་ནས་མྱུར་མོར་། ཁོ་མོ་ཡུལ་ལ་འཁྲིད་ཡོང་ཆོག
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་དུ་འཛོམས་བྱུང་ནས།
ཨ་མས་བཟོས་བའི་ཟ་མ། ཟ་རྒྱུ་བྱུང་ན་སྙམ།
ཅི་འདྲའི་ཞིམ་མངར་ལྡན་པའི་ཕྱིར་དྲན་ཞིག
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་འདོད།
ག་ལེར་བཞུད་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱི་ཉིན་མཚན་ལགས།
ཕ་མའི་དབུ་སྐྲའང་དཀར་པོར་གྱུར་སོང་།
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་འདོད།
ཁྱིམ་ཚང་འདིའི་དོན་དུ།
ཁྱེད་གཉིས་ཀྱིས། ཚེ་གང་བོར་དཀའ་སྡུག་མྱངས།
དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་འདོད།
ཡུལ་ལ་ལོག་པའི་ལམ་ཐག རིང་དུ་མ་མཆིས་པས།
ང་རང་། ད་ལྟ་ཉིད་དུ་ལམ་ལ་ཆས་འདོད།
དངོས་ནས་ཡུལ་ལ་ལོག་འདོད། ད་ལྟ་ཉིད་དུ་ལོག་འདོད།
2014/11/11
ཨ་མ་ལགས། ཡང་ལོ་གཅིག་རིང་ང་ཡུལ་ལ་ལོག་ཐུབ་མ་བྱུང་།
ཁྱེད་དྲན་པའི་མཚན་མོར། སེམས་གཏམ་ཞིག་ཡང་ཡང་བཤད་འདོད།
ཨ་ཕ་ལགས། ད་ལྟ་ཁྱེད་བདེ་བར་གཞུགས་ལགས་སམ།
སྔོན་ཆད་ངས་ཁྱེད་རང་སྡུག་ལ་སྦྱར་མྱོང་།
ཨ་ཕ་ལགས། ད་ནས་ཁྱེད་ཀྱིས་ཆང་རག་མ་བཞེས་རོགས།
ཐ་མག་ཀྱང་གཅོད་པར་འཚལ།
འདི།
ཨ་མ་ལགས། ཡང་སྐྱར་ ལོ་གཅིག་རིང་ ང་ རང་ཡུལ་ལ་ ལོག་ཐུབ་ མ་སོང་།
ཁྱེད་རང་ མཚན་མོར་ དྲན་པའི་ སེམས་གཏམ་ཞིག་ ཡང་ཡང་ བཤད་འདོད་ ཡོད།
ཨ་ཕ་ལགས། དེང་སང་ ཁྱེད་བདེ་བར་ གཞུགས་ཡོད་པེ།
སྔོན་མ་ ངས་ ཁྱེད་རང་ལ་ སྡུག་སྦྱོང་ མང་པོ་ བཏང་མྱོང་།
ཨ་ཕ་ལགས། ད་ནས་བཟུང་ ཁྱེད་ཀྱིས་ ཆང་རག་ མ་བཞེས་རོགས།
ཐ་མག་ཀྱང་ གཅོད་རོགས་ གནོངས་དང་།
་་་་་་་་ ་་་་་་་་་ ་་་་་་་་་་ ་་་་་་་་་་ ་་་་་་་་་