མགོན་རྒྱལ་ཀུན་དབང་ཕྱུག་སེང་ཆེན་རྗེས།།
ཐུགས་དམ་ཚིག་འགྱུར་མེད་བླ་མ་རྗེ།།
དཔལ་མཁས་གྲུབ་རྒྱལ་པོ་རྣལ་འབྱོར་བ།།
ཞིང་ལོ་མ་རིན་ཆེན་སྙིང་ནས་དྲན།།
སྐུ་ཚེ་གང་གཞན་ཕན་ཁོ་ན་འབད།།
གསུང་གདམས་ངག་ཟབ་རྒྱས་འགྲོ་ལ་བཞག།
ཐུགས་ཉེ་རིང་མེད་པའི་རྒྱལ་བ་ཉིད།།
དུས་ལྷ་བབས་སྐབས་སུ་གཤེགས་པར་དྲན།།
ཆོས་ཚུལ་བཞིན་ནུས་པའི་བྱིན་གྱིས་རློབས།།
བསྟན་འགྲོ་ལ་ཕན་བདེའི་དངོས་གྲུབ་སྩོལ།།
དོན་གནས་ལུགས་རྨོངས་པའི་འགྲོ་ཀུན་ལ།།
ཐབས་ཤེས་རབ་མཆོག་གི་དཔལ་སྩོལ་ཅིག།
ཅེས་པ་རབ་རྒྱན་ཤིང་རྟའི་ལྷ་བབས་དུས་ཆེན་ལ་ཨེ་ཝྃ་ཆོས་སྨན་གླིང་གིས་བླ་མའི་འདས་མཆོད་འཚོགས་བཞིན་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་གསུང་འཕྲིན་མཐོང་མོད་ལ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།།།།
སུ་ཡིན་མ་ཤེས། སྐུ་ཤ་རྐམ་པོ་དང་ཁ་སྤུ་རིང་བོ། ལྟ་ས་ལ་བླ་མ་གཞུང་དྲང་མོ་ཞིག་འདུག
ཨ་ཞང་གི་ཞང་ཡང་འབྲི་ཤེས་མི་འདུག་་་་ད་དུང་་
ཁམས་པ་ཕལ་མོ་ཆེས་ཨ་བུ་ཞིང་ཁམས་པ་ཞེས་དང་བསྡུས་མིང་ལ་ཨ་ཞིང་དང་། དཔེར་ན་ཨ་མདོ་ནས་ཨ་ལགས་དང་གཅིག་པ་ལས་སོ་སོའི་ཨ་ཞང་ལ་གོ་དགོས་ས་མ་རེད་ཀོ། ཨ་བུ་རིན་པོ་ཆེ་ཞེས་ཁམས་རྫ་ཆུ་ཁ་བའི་རྩ་བའི་བླ་མ་སོགས་ལ་ཞེ་ས་ཁྱད་པར་ཅན་ཞིག་རེད་དྲན་ནོ།།
བླ་མ་གཟི་བརྗིད་ཅན་ཞིག་འདུག །