འཕན་མྱི།
ས་བྱི་ཞི་རྒོལ་ཆེན་མོ་ལོ་རྒྱུས་སུ་བཀོད་པའི་དེབ་ཅིག་འགྲེལ་སྤེལ་བྱས་པ་ནི་ཆེས་ཤིན་ཏུ་གལ་གནད་ཆེ་ཞིང་དུས་སུ་བབ་པའི་བྱ་བཞག་ཅིག་ཡིན་མོད། ཡིན་ན་ཡང་ཕྱོགས་དང་རིས་སུ་མ་ཆད་པར་གངས་ཅན་པ་ཡོངས་རྫོགས་ཀྱི་ཚབ་བྱེད་ཐུབ་པའི་དེབ་ཅིག་འདོན་ཐུབ་ན་དེ་ལས་ཀྱང་རྟགས་རྟེན་མ་འཛོལ་བ་ཞིག་ཡོང་རྒྱུ་ཡིན། འོན་ཀྱང་དེའི་རྩོམ་སྒྲིག་པ་དང་། ནང་དོན། ཐ་ན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་ཡན་ཆད་བཅས་མདོར་ན་སྦྱོར་དངོས་རྗེས་གསུམ་ཚང་མ་ཡང་མདོ་སྨད་ཆོལ་ཁ་ཟེར་བ་འདི་གཙོ་བོར་བཟུང་བའི་ཆེས་ཕྱོགས་རེ་བ་ཞིག་ཏུ་གྱུར་པ་འདི་ཡང་བློ་མིག་གུ་དོག་པོ་ཅན་ཞིག་གི་ངོར་བྱས་ན་དེ་ཙམ་མ་འཚམས་པ་ཞིག་ཏུ་གྱུར་འདུག་སྙམ། ཆབ་སྲིད་ཀྱི་ལྟ་སྟངས་ཞེས་པ་དེ་ནི་གུ་དོག་གི་མཐར་ཐུག་པའི་བསམ་བློ་ཞིག་ཡིན་སྟབས་དགྲ་གཉེན་གང་ཕྱོགས་ལ་ལྟོས་ཀྱང་དེ་ཙམ་ཡིད་ངོར་འབབ་པ་ཞིག་མ་བྱུང་བས་འདི་ལྟར་གླེང་དགོས་བྱུང་། དེའི་སྐོར་རྩོམ་སྒྲིག་པ་ཁོ་རང་ཚོའི་བྱས་རྗེས་ངོམ་པ་དང་ཆབ་ཅིག་དུ་སེམས་ནང་གི་ན་ཚ་དེ་ལ་མི་རེག་ཐབས་མེད་ཅིག་ཀྱང་བྱུང་འདུག རྩོམ་སྒྲིག་པ་སྤྱི་ཟུར་ཧོར་གཙང་འཇིགས་མེད་ཟེར་བ་དེས་སྔོན་གླེང་དང་འབྲེལ་བའི་གཏམ་བཤད་དེར་བོད་ཆོལ་ཁ་གསུམ་ལ་ཞི་རྒོལ་བྱུང་རྐྱེན་མདོ་སྨད་ཆོལ་ཁའི་ཤེས་ལྡན་མི་སྣ་སྐོར་ཞིག་རྩ་འཛུགས་བྱས་ནས་བྲིས་པ་ཡིན་ཚུལ་འདུག ས་བྱི་ཞི་རྒོལ་དེ་བོད་ཆོལ་ཁ་གསུམ་ནས་བྱུང་སྟབས་དེ་ལ་དམིགས་བསལ་མདོ་སྨད་ཆོལ་ཁའི་ཤེས་ལྡན་མི་སྣ་གདམས་དགོས་པའི་རྒྱུ་མཚན་མི་འདུག་སྙམ། གལ་དེ་མི་སྣ་གདམས་སྒྲུག་སོགས་ཀྱི་གོ་སྐབས་མ་བྱུང་ནས་རྩོམ་སྒྲིག་པ་ཆ་ཚང་མདོ་སྨད་ཀྱི་ཁོངས་ནས་ཡོང་དགོས་བྱུང་ཡང་ཤེས་ལྡན་གྱི་བོད་མི་སྐོར་གཅིག་ཅེས་བྲིས་པས་ཆོག་པ་ལས་དམིགས་བསལ་གྱི་མདོ་སྨད་པ་སྐོར་ཞིག་སོགས་འབྲི་དགོས་དོན་མི་འདུག་སྙམ། གལ་སྲིད་མི་དེ་ཚོས་ངལ་བ་དང་དུ་བླངས་པའི་བྱས་རྗེས་ཤེས་ཆེད་དུ་རྩོམ་སྒྲིག་པ་སོགས་མི་རང་རང་གི་མིང་བཀོད་ན་འཐུས་པ་ལས་མདོ་སྨད་ཅེས་པའི་ཡུལ་ཕྱོགས་རེ་བ་དམིགས་སུ་བཟུངས་བ་དེས་ཁོ་རང་ཚོའི་བྱས་རྗེས་ཀྱང་ཇེ་ཆུང་དུ་བཏང་འདུག དེ་བཞིན་དཔེ་དེབ་དེའི་ནང་དོན་ཡང་སྔོན་ལ་མདོ་སྨད་ཕྱོགས་སུ་ཁོ་ཚོར་རྒྱུས་ཡོད་སྟབས་དེ་གཙོ་བོར་བྲིས་ཚུལ་སོགས་བཤད་འདུག་ཀྱང་མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་འདྲ་ཡིན་ན་མ་གཏོགས་ས་བྱི་ཞི་རྒོལ་གྱི་ཆ་ཤས་ཤིག་མ་གཏོགས་འབྲི་མ་ཐུབ་ན་མིང་དེས་ཁྱབ་ཆེ་བའི་སྐྱོན་ཞིག་བྱུང་འདུག སྔོན་ལ་ཞེས་པར་བལྟས་ན་རྗེས་ལ་དབུས་གཙང་དང་མདོ་སྟོད་རྒྱུད་དུ་བྱུང་ཚུལ་ཡང་མུ་མཐུད་ནས་འབྲི་རྒྱུ་ཡིན་པའི་བཟོ་ལྟ་ཡིན་ནམ། དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་ཀིརྟི་སྤྲུལ་སྐུ་དང་ཨ་ལགས་འཇིགས་མེད་གཉིས་མགྲོན་འབོད་གཏམ་བཤད་སྤེལ་དུ་འཇུག་པ་དེ་ཡང་དམིགས་བསལ་བ་ཞིག་ཡིན་ཞིང་ཨ་ལགས་འཇིགས་མེད་ཀྱི་གཏམ་བཤད་དེ་ཡང་ཁྱད་མཚར་འདུག ཁོང་གིས་གསུངས་དོན་ལ་རྒྱ་དམར་གྱིས་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་འདྲ་མིན་བྱེད་བཞིན་པ་དེར་བོད་གཞུང་སྒེར་སུས་ཀྱང་ལན་འདེབས་མི་བྱེད་པ་དེར་རྒྱལ་བ་རིན་པོ་ཐུགས་ཕམ་ཡོད་ཐོག་ཁོ་རང་ཡང་བློ་ཕམ་ཡོད་ཚུལ་གསུངས་འདུག དེ་བདེན་ན་ཁོ་རང་ཡང་བོད་གཞུང་གི་བཀའ་བློན་ཟུར་བ་ཞིག་ཡིན་པའི་ཆ་ནས་ཁོ་རང་གིས་ལན་བཏབ་ན་གང་མི་འགྲིགས་པ་ཡིན་ནམ། ཧོར་གཙང་འཇིགས་མེད་ཟེར་བ་དེས་བྲིས་པའི་དེབ་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པ་དེའི་ནང་དུ་ཡང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་ཡིག་འབྲི་མཁན་དགུ་བྱུང་བའི་ནང་བརྒྱད་ཡིན་ནམ་ཅིག་ཨ་མདོ་བ་ཡིན་པས་ཅིག་འགྲིགས་མི་འདུག་མདོག་མདོག་ཅིག་བཤད་པའི་ཅོལ་ཆུང་གི་བཤད་སྟངས་དེ་ཡང་འདིར་དྲན་བྱུང་། ཁར་སང་དེ་རིང་གཏམ་བརྗོད་རང་དབང་གི་ཁོར་ཡུགས་ཡོད་ས་དེ་ཁ་བརྡ་དྲྭ་རྒྱ་གཅིག་པོ་ཡིན་སྟབས་ངའི་ཁ་བརྡ་དེ་ཡང་འདིར་བཏང་བ་ཡིན། ཁ་བརྡ་དྲྭ་རྒྱ་འདིར་ཡང་ཞུགས་མཁན་མང་པོ་མེད་ཀྱང་རྒྱུན་ལྡན་གྱི་འབྲི་ཀློག་བྱེད་མཁན་ཁ་ཤས་ཤིག་ཡོད་པ་དེ་མཐོང་ཐོས་ཀྱི་རྒྱ་ཁྱོན་གང་འཚམས་ཡོད་མཁན་རྐྱང་རྐྱང་རེད་འདུག་པས་འདིའི་སྐོར་ལ་བསམ་ཚུལ་རེ་གླེང་རོགས།
རྒྱལ་དར། བོད་ཀྱི་རྒྱལ་དར། གངས་སེང་གི་དར་ཆ། ངས་ལག་ལ་དམ་དུ་འཆང་ཡོད། འདི་ནི་བོད་གངས་ཅན་པའི་དངོས་ཡོད་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན། གངས་རི། གངས་ཅན་པའི་ཚེ་སྲོག་གིས་ཁྱེད་ཀྱང་དམར་པོ་ཆགས་ཉེན་ཡོད།
རྒྱལ་དར། ངས་རང་ཉིད་ཀྱི་རྒྱལ་དར་འདིའི་སྟེང་དར་ཆ་སུ་གཅིག་ལངས་པ་མཐོང་འདོད་མེད།
འདི་ནི་ང་ཚོའི་ཆ་ལུགས་ཡིན་ལ་འདི་ནི་རང་བཙན་གྱི་བདེན་དཔང་ཡིན། ནམ་ཞིག་ཁྱེད་ཉིད་གཅིག་བུ་རླུང་ལ་སྐྱོད་བཞིན་ཡོད་པའི་དུས་དེར་ང་ཚོའི་རྒྱལ་ཁ་ཡིན་ལ་ལོ་རྒྱུས་ཀྱི་རི་མོ་སླར་གསོ་བྱས་པ་ཡིན། ངས་ཁྱེད་ཉིད་དམ་དུ་བཅངས་ཡོད་ལ་ད་དུང་དམ་དུ་བཅངས་ཏེ་ཆས་འདོད་ཡོད།
ང་ཚོའི་ཚེ་སྲོག་གི་འབོད་སྒྲ་ཁྱེད་ཡིན་ལ་ང་ཚོའི་བརླ་སྲོག་གི་རྒྱུན་ཐག་ཀྱང་ཁྱེད་ཡིན།
ང་ཚོ་འདི་ལྟར་འགྲོ་འདོད་ལ་ང་ཚོས་འདི་ལྟར་འཚོལ་འདོད། མཐའ་ན་གངས་ཅན་པའི་ལོ་ཆུང་བྱིས་པ་ཞིག་ལ་ཐུག་ཀྱང་ཁྱེད་ཀྱི་སྟེང་ཞུམ་མེད་ཀྱི་དཔའ་ངར་དང་འགྲན་མེད་ཀྱི་སྙིང་སྟོབས་འོག་བསྐྱོད་ངེས།
ང་ཚོའི་ཚེ་སྲོག་ཁྱེད་ལས་བྱུང་ལ་ང་ཚོའི་ཚེ་སྲོག་ཁྱེད་ལ་དབང་། གངས་ཅན་པ་གཅིག་གིས་འདི་ལྟར་འབོད་སྒྲ་སྒྲོག་བཞིན་གནས། ཁྲག་གི་ཆུ་བོ། རོ་ཡི་རི་བོ། བྱིས་པའི་ངུ་སྐད་ཀྱིས་གནམ་ས་བཀང་། ཆེས་མྱ་ངན་ཐང་དེར་དར་ཆ་ཞིག་རླུང་གིས་སྐྱོད་བཞིན་གནས། འདི་ནི་མི་རིགས་འདི་མཇུག་རྫོགས་མེད་པའི་དན་རྟགས འདི་ནི་ང་ཚོའི་དཔའ་བོ་ཚོའི་བསླབ་བྱ་རེད། དམར་ནག་གི་ཁྲག་ཁྲོད་ལས་གངས་ཅན་པ་ཞིག་གིས་འདི་ལྟར་བསམ། ང་ཚོའི་མགོན་སྐྱབས་ཀྱིས་ད་དུང་ཁྱེད་ཕྱག་ལ་ཐོགས་ཡོད། ང་ཚོའི་ཡུལ་གྱར་བ་གང་མང་ཞིག་གིས་ཁྱེད་ཕྱག་ལ་བསྣམ་ནས་སྐྱོད་ཀྱི་ཡོད། འདི་ནི་ངའི་ཕམ་ཁ་ལས་ང་ཚོའི་ཕམ་ཁ་མིན། རེ་བཅོལ་གྱི་བསམ་གཞིག་འདི་དག་འོག་སྣུམ་ཟད་ཀྱི་མར་མེ་ལྟར་མི་ཡུལ་ནས་ཁ་ཁར་བྲལ།
གངས་ཅན་པའི་དཔའ་རྒོད་ཀྱི་ཚོ་ཁག་གཅིག རྟ་མཆོག་གི་རྨིག་སྒྲ་དང་ཀི་སྒྲ་ལས་དང་ཆ་དམར་པོ་ཞིག་དུམ་བུར་བཅད་དེ་ཁྱེད་ཉིད་མཐོན་པོ་བསྒྲེངས། དགའ་སྤྲོ་དང་ལྷ་གསོལ་གྱིས་ཡུལ་འདིར་རྫོགས་ལྡན་གསར་བ་སླེབས་པའི་ཚོར་སྣང་ཁུར་བཞིན་གནས། སང་ཉིན་གྱི་ད་མཚམས་འདི་དག་གི་རྨི་ལམ་ཁྲག་དྲི་དང་གཅར་རྡུང་འོག་དམྱལ་བ་མངོན་སུམ་མྱོང་བའི་ཚོར་སྣང་ཞིག ད་དུང་དཔའ་ངར་དང་སྙིང་སྟོབས་འོག་ནམ་ཞིག་ལ་དར་ཆ་འདི་བསྒྲེངས་པའི་དཔའ་རྒོད་ཀྱི་ཚོ་ཁག་ཅིག་ཐོན་འོང་ལ་འདི་དག་གིས་ང་ཚོར་མགོན་སྐྱབས་གནང་ཡོང་། དུས་དེར་ང་ཚོས་རང་ཉིད་ཀྱི་ཉི་གཞོན་དང་མཉམ་དུ་རྫོགས་ལྡན་གསར་བའི་འོད་སྟོང་མདུན་དུ་བསུ་ངེས་སྙམ། འདི་ལྟར་ཁྲག་ཁྲོད་ནས་མགོ་བོ་ཐུར་ལ་འགྱེད། གངས་ཅན་པ་ཚོ་འཐབ་རྩོད་ནི་ཇི་ལྟར་རྩུབ་ལ་ཇི་ལྟར་སྡུག དེ་རིང་ལས་ལོ་ངོ་ལྔ་བཅུའི་སྔོན་ང་ཚོའི་ཕ་མེས་ཚོས་སྡུག་བསྔལ་འདིའི་འོག་ཁྲག་གི་ལོ་རྒྱུས་བཀོད་ཡོད། དུས་འདིར་ཡང་གངས་ཅན་པས་སྡུག་བསྔལ་འདི་མི་ཡུལ་ལ་སླར་ཡང་འཁྱུད། མ་འོངས་པའི་ལོ་ངོ་ཅི་ཞིག་ན་ཡང་བསྐྱར་འབྱུང་སྲིད།
ང་ཚོས་འདི་ལྟར་བརྙས་བཅོས་དང་སྡུག་བསྔལ་འོག་ལོ་རྒྱུས་ཀྱི་དྲན་ཤིང་རེ་བཀོད་ནས་རང་ཉིད་གང་ཞིག་དང་ཇི་ལྟར་བསམ་གཞིག་ཁྲོད་བསྐྱོད་འདོད་ཡོད། ལོ་རྒྱུས་སྟེང་དཔའ་མཉམ་ལྡན་པའི་མི་རིགས་ཤིག་དེང་སྐབས་འདི་ལྟར་བསམ་གཞིག་དང་ཞི་དུལ་ཇི་ལྟར་ཆགས་པ་ཡིན། འདས་པའི་ལོ་ངོ་ལྔ་བཅུ་ལ་སྡུག་པོ་དང་བཙན་གནོན་འོག་མི་ཡུལ་གྱི་ལ་ལུང་འགྲིམས་པས་སྡུག་བསྔལ་ལ་གནས་ཡོད། དོན་དངོས་ནས་བརྗོད་ན་གཞན་ཡུལ་འགྲིམས་པ་ནི་སྡར་མའི་ངང་ཚུལ་ཡིན། རང་ཡུལ་ནས་རང་གི་གཡུལ་ས་བཟུང་སྟེ་འཐབ་རྩོད་བྱེད་པ་ནི་དོན་དངོས་ཀྱི་དཔའ་བོའོ། མདོར་བསྡུས་ན་འཇིགས་བྲལ་གྱི་སྙིང་སྟོབས་ལྡན་པ་ནི་བོད་ནང་གནས་པའི་མི་རྣམས་ཡིན། འདིར་རང་སྲོག་གཏོང་མཁན་གྱི་ཁ་ཕོ་འཐེན་མཁན་མང་ཡང་དོན་དངོས་ལ་བརྒྱ་ལས་གཅིག་ལྟར་ཆགས་བཞིན་ཡོད། ཆ་རྐྱེན་དང་བསམ་ཚུལ་གང་མང་དབང་གིས་རང་ཉིད་ཀྱི་མཚན་སྙན་རྒྱས་ལ་རེ། བོད་པ་ཚོ་འདི་ལྟར་ང་ཚོ་ག་ཙམ་བསྐྱོད་འདོད། བོད་མིའི་ཁ་དཔེར། ཝ་རྔ་མ་ཤ་ལེ་འབྲོ་བ་ལས། སྟག་འཛུམས་དྲུག་ཤ་ལེ་ཤི་ན་དགའ། ཞེས་་ལྟར་ང་ཚོ་ཡང་དཔའ་ངར་དང་སྙིང་སྟོབས་འོག་རང་ཡུལ་ལ་བོད་ཀྱི་རྒྱལ་དར་མཐོན་པོར་སྒྲེང་ཞིན་བསྐྱོད་འགྲོ། ༢༠༠༨།༡༠།༤ དགོང་མོ་བྲིས།
བློ་མཐུན་འཕན་མྱི་ལགས། མདོ་སྨད་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་ལོ་རྒྱུས་དེབ་དེ་བྲིས་པ་ཡག་པོ་རེད། ཁྱེད་རང་གིས་ཉིན་དེའི་ཚོགས་འདུའི་སྐུ་མགྲོན་རྣམ་པ་དང་རྩོམ་སྒྲིག་པའི་གཏམ་བཤད་ལ་ཡག་པོ་མ་ཉན་པའི་བཟོ་འདྲ་པོ་འདུག མདོ་སྨད་དང་ཨ་མདོ་ཞེས་དམིགས་བསལ་གྱིས་བཀར་ཡོད་པ་མ་རེད་དེ། རྩོམ་སྒྲིག་པ་དང་རྩོམ་སྒྲིག་ལས་རོགས་དག་ལ་རྒྱུས་མངའ་ཆེ་བའི་སོ་སོའི་ཕ་ཡུལ་གྱི་གནས་ཚུལ་ཁག་ཕྱོགས་བསྒྲིགས་བྱས་པ་ཙམ་ལས། དབུས་གཙང་དང་མདོ་སྟོད་དུ་བྱུང་བའི་དོན་རྐྱེན་དམར་པོ་འབྲི་མ་འདོད་པ་དེ་འདྲ་མ་རེད། ཁྱོད་ལྟ་བུ་ལ་རྗེ་ས་པཎ་གྱིས། སྐྱེ་པོ་དམ་པ་རིན་ཆེན་བཞིན།།རྣམ་པ་ཀུན་དུ་འགྱུར་ལྡོག་མེད།།སྐྱེ་བོ་ངན་པ་སྲང་མདའ་བཞིན།།ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད་ཅེས་གསུངས་ཡོད།
བློ་མཐུན་འཕན་མྱི་ལགས། སྐུ་བདེ་འམ། ངས་ལྟ་སྟངས་ལ་ཁྱེད་ཀྱིས་སྐད་ཆ་དེ་འདྲ་ཅིག་ལབ་དོན་མེད་ཁུ་བསམ་གི་ ང་ཚོའི་་གཞུང་མང་ཛ་་དྲག་ཚོགས་ཆུང་ལྟ་བུའི་མིང་རྫིག་པོ་ཞིག་ཁུར་ནས་མི་མང་ལ་ཞལ་འདོན་སྐྱོར་དུ་འཇུག་པ་དང་མི་མང་གི་སེམས་ཤུགས་གཅོག་རྒྱུ་བྱེད་པ་ལས་སྤྲང་བོ་ཁ་ཤས་ཤིག་གིས་ལྷག་བསམ་རྣམ་དག་གིས་དེབ་ཞིག་བཏོན་པ་དེར་ཡག་པོ་རེད་བསམ་གི།
སྤྱི་ཚོགས་ཐོག་ཏུ་སྡུག་སྒོམ་བརྒྱབ་ནས་སྡོད་པ་ལས་བཤད་རྒྱུ་དེ་བཤད། འབྲི་རྒྱུ་དེ་བྲིས་ན་ཡག་པས། ཁྱེད་རང་ཁ་བརྡའི་ཐོག་ཏུ་སླེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཨ་མདོ་ཁ་ཤས་ཀྱིས་དེ་བྱས་སོང་དང་འདི་བྱས་མ་སོང་ཟེར་ནས་ལེ་བདའ་བྱས་ན་ཆོ་ཡོད་མ་རེད། བྱེད་མཁན་གྱིས་བྱས་ཚར་བ་རེད། དེ་འགྲིག་མ་སོང་ཟེར་ན་འཕྱི་དྲགས་པ་རེད། ཁྱོད་ལ་རྡོག་རྡོག་དགོས་རྒྱུ་གནས་ཚུལ་ཁ་ཤས་ཀྱི་ཐོག་ལ་ཁོ་ཚོར་འགྲིག་སོང་དང་འགྲིག་མ་སོང་གི་སྐྱོན་བརྗོད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ངས་འདི་ནས་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་དབུས་གཙང་གི་འཕན་པོ་དང་མལ་གྲོ་གུང་དཀར་གྱིས་གཙོས་པའི་གནས་ཚུལ་རྣམས་བཀོད་སྒྲིག་བྱས་ཏེ་དེབ་ཕྲེང་གི་ཚུལ་དུ་ཕྲིས་དང་འགོག་མཁན་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན། མང་པོ་ཐོབ་འདོད་གཡེང་བའི་རྒྱུ་ཟེར་བ་ལྟར། མངས་མངས་ཞིག་དང་ཆེན་ཆེན་ཞིག་ལ་རེ་བ་བརྒྱབ་བསྡད་ན་ནམ་ལངས་རྒྱུ་ཡོད་མ་རེད། སྡུག་སྐད་མ་བརྒྱབ་ན་ཡག་གི་རེད།
འཕན་མྱི་ལགས་ཀྱིས་གསུངས་པ་དེར་རྒྱབ་སྐྱོར་ཡོད། ཁོང་གིས་ཐོག་མར་ས་བྱི་ཞི་རྒོལ་ཆེན་མོ་ལོ་རྒྱུས་སུ་བཀོད་པའི་དེབ་ཅིག་འགྲེལ་སྤེལ་བྱས་པ་ནི་ཆེས་ཤིན་ཏུ་གལ་གནད་ཆེ་ཞིང་དུས་སུ་བབ་པའི་བྱ་བཞག་ཅིག་ཡིན་མོད། ཡིན་ན་ཡང་ཕྱོགས་དང་རིས་སུ་མ་ཆད་པར་གངས་ཅན་པ་ཡོངས་རྫོགས་ཀྱི་ཚབ་བྱེད་ཐུབ་པའི་དེབ་ཅིག་འདོན་ཐུབ་ན་དེ་ལས་ཀྱང་རྟགས་རྟེན་མ་འཛོལ་བ་ཞིག་ཡོང་རྒྱུ་ཡིན་་ཞེས་བྲིས་འདུག་པ་འདི་བདེན་པ་རེད། ཁོང་གིས་རྩ་བའི་ཆ་ནས་དེབ་འདི་འདྲ་ཞིག་བཏོན་པར་བསྔགས་བརྗོད་བྱས་འདུག ཁོང་གིས་ད་རུང་ རྩོམ་སྒྲིག་པ་དང་། ནང་དོན། ཐ་ན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་ཡན་ཆད་བཅས་མདོར་ན་སྦྱོར་དངོས་རྗེས་གསུམ་ཚང་མ་ཡང་མདོ་སྨད་ཆོལ་ཁ་ཟེར་བ་འདི་གཙོ་བོར་བཟུང་བའི་ཆེས་ཕྱོགས་རེ་བ་ཞིག་ཏུ་གྱུར་པ་འདི་ཡང་བློ་མིག་གུ་དོག་པོ་ཅན་ཞིག་གི་ངོར་བྱས་ན་དེ་ཙམ་མ་འཚམས་པ་ཞིག་ཏུ་གྱུར་འདུག་སྙམ། ཞེས་བྲིས་པ་འདི་ཡང་ངས་བདེན་པར་མཐོང་སོང་། མུ་མཐུད་དུ་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱེད་པའི་གནས་ཚུལ་ག་འདྲ་ཞིག་ཡིན་ན་ཡང་དགག་པ་ཚ་ཐག་ཆོད་རྒྱག་རོགས་གནང་། གནས་ཚུལ་དྲང་མོ་དང་བདེན་པ་ཤོད་མཁན་ཚོའི་རྗེས་ན་ང་རྟག་པར་ཡོད་ཡོད་པ་རེད།
ཚེ་རིང་གི་བུ། དུས་ཀྱི་ཕོ་ཉ། ནམ་མཁའ་ཟེར་བ་འདི་ཚོས་སྐད་ཆ་བཤད་པར་ཁྱེད་རང་བློ་ཕམ་སྐྱེ་དགོས་གི་མ་རེད། འདི་ཚོ་ད་རུང་མཇེ་མགོའི་ཕྱུར་བ་དག་མེད་པའི་བྱིས་པ་ཀླད་མེད། ཨ་མ་མ་གཏོགས་མྱི་མི་ཤེས་མཁན། ཐབ་ཀ་མ་གཏོགས་ས་མི་ཤེས་མཁན་རྐྱང་རྐྱང་རེད།
སྐུ་ཞབས་འཕན་མྱི་ལགས། ཁྱེད་རང་གིས་གང་བསམས་པ་རྩོམ་ཡིག་གི་ལམ་ནས་བཤད་ཐུབ་པ་ཡག་པོ་རེད་དེ། ཁྱེད་རང་གི་རྩོམ་ཡིག་ལ་ཆོལ་ཁའི་ཕྱོགས་ཞེན་གྱི་ལྟ་བ་ནག་པོ་དེ་འདྲེས་ཡོད་སྟབས། རྒྱབ་སྐྱོར་བྱེད་ཁག་པོ་རེད། ཡིན་ནའང་། ཁྱེད་རང་ཧོར་གཙང་འཇིགས་མེད་ཟེར་བ་དེ་ལ་མི་དགའ་ན། ཐད་ཀར་ཁོང་ལ་ཤོད། ཁོང་ཁ་སང་དེ་རིང་རྡ་སར་ཡོད། ད་ནས་བཟུང་། ཆོལ་ཁའི་ལྟ་བ་དང་། ཀིརྟི་སྐྱབས་མགོན་ཚང་དང་། ཨ་ལགས་འཇིགས་མེད་ལ་གང་བྱུང་མ་བྱུང་མ་བཤད་ན་ལེགས། ཁོང་རྣམ་པ་གཉིས་ཨ་མདོའི་མི་མང་གི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ལྟ་བུ་རེད། འདི་གཉིས་ལ་ཅིག་ཤོད་ཀྱི་ཡོད་དུས། ཁྱོད་ཨ་མདོ་མི་མང་གིས་རི་བོང་པགས་པ་མཉེ་མཉེ་བྱེད་ལས་རེད། ཕྱག་གཉིས་ཟེར་བ་ལྟ་བུར་ཡིད་ཆེས་མི་ཉན། འདིས་གང་བྱུང་མང་བྱུང་དང་གང་འབྱུང་མང་འབྱུང་བྱེད་གི་ཡོད། མི་འདི་ལྟ་བུར་གངས་དཀར་སེམས་ལ་རྟ་མེད་རུང་། ཕུ་ཐུང་ནང་ལ་སྲབ་འཛིན་མཁན་གྱི་གྲས་རེད། ད་དུང་ཞུ་རྒྱུ་ཞིག་ལ། རང་རེའི་ཁ་དཔེར། དབྱར་ལྕགས་ལ་བདག་བྱོས། དགུན་རྫ་མ་ལ་བདག་བྱོས། དུས་རྒྱུན་དུ་མིའི་ཁ་ལ་བདག་བྱོས་ཟེར་བ་ལྟར། རྗེས་ཕྱོགས་ནས་གཟབ་གཟབ་བྱོས། མཁྱེན་སོང་ངམ།
ངས་འཕན་མྱིའི་ཚིག་ཟུར་ཙམ་ལ་ཡང་ཆོལ་ཁ་འཕེན་འཁྱེར་གྱི་དྲི་མ་ཞིག་མཐོང་གི་མི་འདུག ཁོས་དོན་གནད་རེ་དང་རྒྱུ་མཚན་རེ་སྦྱར་ནས་བཤད་མི་འདུག་གམ། ཚེ་རིང་བུའི་མཆན་དེ་འཇིགས་སྐུལ་གྱི་ཚིག་ཡིན་སྟབས་ཁ་བརྡ་དྲྭ་རྒྱའི་རེ་སྐུལ་དང་ཡང་འགལ་འདུག
The editor of Khabdha is highly requested to remove the comment number 6 by Tserying Bhu. Because, it is obviously against to the appeal of khadha.
ད་འོ་ན་ལོ་ཤས་སྔོན་ཨ་ལགས་འཇིགས་མེད་སོགས་ཀྱི་རྩ་འཛུགས་འོག་མདོ་སྨད་ཀྱི་སྨྱུག་ཐོགས་པ་སྐོར་ཞིག་གིས་མདོ་སྨད་པ་ཡོན་རྒྱམ་གྱི་དེབ་སེར་དོལ་རྐྱལ་མ་དེར་དགག་ལན་ཞིག་བྲིས་པ་དེ་ཡང་འགྲིག་གི་ཡོད་ཀྱི་མ་རེད། གང་ཡིན་ཟེར་ན་དེ་ཡང་མདོ་སྨད་པའི་མིང་ཐོག་ནས་བྱས་པ་ཞིག་རེད། ངས་ས་བྱིའི་དེབ་དེ་འགྲིག་གི་འདུག་བསམས། འདི་ཚོ་འགྲིག་གི་མེད་ན་མདོ་སྨད་སྤྱི་འཐུས་ཟེར་བ་དང་མདོ་སྨད་དབུས་རྒྱུན་ཟེར་བ་འདི་ཚོ་ཡང་ཆོལ་ཁའི་མིང་ཐོག་ན་ཡོད་པས། མགོ་འཛུགས་ས་འདི་ནས་དགག་དགོས་པ་ཞིག་ཆགས་ཡོང་གི་འདུག་བསམས།
ངས་༼ས་བྱི་ཞི་རྒོལ་ཆེན་མོ༽ཞེས་པའི་དེབ་དེ་བཀླགས་ཚར་བ་ཡིན། དཔེ་མི་སྲིད་པའི་ཡག་པོ་འདུག ཡིན་ནའང༌། མདང་དགོང་ཕོ་གསར་ཁ་ཤས་དང་མཉམ་དུ་ཆང་འཐུང༌། ཁ་གླས་ནས་བསྡད། ཨ་མདོའི་ཕོ་གསར་སྨྲ་ར་ཅན་དེས་ཟེར་ན། འདི་ནི་ཏ་ག་སེ་རེད་ཟེར། རྒྱུ་མཚན་གང་ཡིན་ངས་མ་ཤེས། མ་དགའ་བ་ཆེན་པོ་བྱེད་ཀྱི་འདུག ཕར་བལྟས་ཚོད་ལ། ཁོ་རང་ཡང་རྩོམ་པ་པོ་ཞིག་ཡིན་པའི་ང་རྒྱལ་བྱེད་ཀྱི་འདུག་ལ། ཨ་མདོའི་རྩོམ་པ་པོ་ཚད་ལྡན་དེ་ཚོའི་དཀྱིལ་འཁོར་ནང་མ་ཚུད་པ་ལ་ནད་མ་འཁྱོག་པ་འདྲ་ཞིག་བྱེད་ཀྱི་འདུག དེ་ནས་ཕར་ཕྱོགས་ཀྱི་ཕོ་གསར་དེས་སྐད་ཆ་སྙིང་རྗེ་བོ་ཞིག་བཤད་སོང༌། ཁོས་ཟེར་ན། ཁྱེད་རང་སྙན་ངག་ཐེབས་ཆག་རེ་བྲིས་ནས་སྡོད་མཁན་རེད། ཁོང་ཚོ་ནི་རྩོམ་འབྲི་མཁན་རེད་ཅེས་དམའ་འབེབས་བྱས་སོང༌། འདི་འདྲ་རེད། མི་འཇོན་པ་དང་མི་སྙོགས་པ་ཚོར་ནད་ཅིག་ཡོད་པ་འདྲ། དེར་རྟགས་ཤིག་མངོན་གྱིན་པ་འདྲ།
དྲང་མོར་བཤད་ན།༼མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ༽ཚང་གི་རྩོམ་པ་པོ་འདི་ཚོ་ལས་སླ་པོ་མ་རེད། འདི་ཚོས་ཨ་མདོའི་མིང་ཐོག་ནས་དོན་དག་བརླག་བཞག་ས་ཅང་མཐོང་མ་སོང༌། དེའི་སྟབས་ཀྱིས། དྲིན་ཅན་ཚོ། ཁ་ནས་ཅིག་ཅིག་མིག་མིག་མ་མ་ཧོ་ཧོ་བཤད་མ་བསྡད་པར། འཇོན་ན་སྒྲུབ། མི་འཇོན་ན་རྗེས་སུ་ཡི་རང་བྱོས། འདི་ཚོས་ཁྱོའི་སྐལ་བ་འཕྲོག་བཞག་ཡོད་པ་མ་རེད། འདི་ལས་ལྷག་ཅིག་དང་ཡག་ཅིག་འཇོན་རྒྱུ་ཡོད་ན་སྒྲུབས་དང༌། ང་ཚོར་ངེས་པར་དགོས་པ་རེད། དེབ་དེའི་མཇུག་ན་གསལ་པོར་བཀོད་འདུག་གཱ། སྐད་ཆ་སོམས་ལ་ཤོད། རྩལ་མ་ལྡོད་ལ་མྱིད།
ངས་དེབ་དེ་བཀླག་རྒྱུ་བྱུང་མ་སོང་། ཡིན་ན་ཡང་དེའི་བྱུང་རབས་དང་ངོ་སྤྲོད་ལ་གཞིགས་ན་དགའ་འོས་པའི་དོན་དག་ཅིག་ཏུ་མཐོང་སོང་། དང་པོ། མདོ་སྨད་པ་སྨྱུག་ཐོགས་པ་ཚོར་མཚོན་ན། ཕོ་གྱོད་བླ་མའི་ལག་ལ་མོ་གྱོད་འཕྲེད་དུ་བཞག་ཡོད། གཉིས་པ། ཧོར་འཇིགས་ལྟ་བུའི་རང་དབང་ཅན་གྱི་རྩོམ་པ་པོ་ཞིག་གིས་དེབ་དེའི་མགོ་མཇུག་བར་གསུམ་དུ་ངལ་བ་ཁྱད་བསད་ཀྱིས་ལས་ཀ་བྱས་འདུག གསུམ་པ། གསར་བུ་ཁ་བདེ་བ་ཚོ་གཅིག་པོ་མ་ཡིན་པར་སྤྲུལ་སྐུ་ཀིརྟི་དང་སྤྲུལ་སྐུ་འཇིགས་མེད་ལྟ་བུའི་བླ་རྒན་ཉམས་མྱོང་ཅན་རེས་ཀྱང་ལས་ཀ་དེར་ལྟ་རྟོག་ནན་མོ་བྱས་འདུག
དེ་ནི་སྐབས་འཚོལ་རིང་ལུགས་པ་ཞིག་གི་གཡོ་བྱུས་རེད།
༄༅། ད་ལོའི་བོད་ནང་ངོ་རྒོལ་བྱུང་བའི་སྐོར་ལ་མདོ་སྨད་ཆོལ་ཁས་འགན་འཁྱེར་ཏེ་དེབ་ཞིག་ཕྱོགས་བསྒྲིགས་བྱ་གི་ཡོད་པའི་གནས་ཚུལ་ངོས་ཀྱི་སྣང་བར་ཐོག་མར་ཐོས་སྐབས་དགའ་སྣང་གིས་དེ་འདྲའི་མདོ་སྨད་མི་མང་གི་མི་རིགས་ཀྱི་ལ་རྒྱ་དང་དུང་ཞེན་ཟབ་མོ་འདི་གཞིས་ཞུགས་མདོ་སྨད་པའི་ཤེས་ཡོན་ཅན་དང༌། གླུ་གཤགས་མཁས་པ་དག་གི་མགྲིན་པ་ལས་ཐོས་པ་ཙམ་མ་ཡིན་པར་ས་ནས་གང་དུ་སླེབས་ཀྱང་ཁོང་ཚོར་དེ་འདྲའི་མི་རིགས་ཀྱི་ཞེན་པ་ཞིག་ཡོད་པར་ཡི་རངས་སྐྱེས་བྱུང་ལ། ལྷག་པར་བླ་བྲང་དང༌། རེབ་གོང༌། རྔ་པ། མཚོ་ལྷོ་ཁུལ་གྱི་གཞིས་ཞུགས་དཔའ་བོ་དཔའ་མོ་ཚོའི་ད་ལོའི་གཅིག་མཇུག་གཉིས་མཐུད་དང་བསྲེ་ལྷད་རྩ་བ་ནས་མེད་པའི་འབོད་སྒྲ་དེ་ཚོ་མཐོང་ཐོས་བྱུང་སྐབས་དངོས་གནས་སེམས་ནང་བརྗོད་མི་ཤེས་པའི་དགའ་ཚོར་གྱིས་ཁེངས་སོང་བས། བྱེས་འབྱོར་ཁྲོད་དུ་དེ་ནང་བཞིན་གྱི་མི་རིགས་ཀྱི་ལ་ཞེན་གཅེས་སྤྲས་དང་སྲུང་སྐྱོབ་བྱ་རྒྱུར་ཏན་ཏན་རིག་པ་དྭངས་གསལ་ཞིག་བྱེད་ཀྱི་རེད་བསམ་པའི་ཡིད་ཆེས་སྐྱེས་བྱུང༌། འོན་ཏེ་ད་རེས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་དེབ་འདི་མིག་གི་དངོས་སུ་མཐོང་སྐབས་ཕྱི་སྤུས་ལེགས་ལ་མཐུབ་ཆ་དོད་ཀྱང༌། ནང་དོན་རེ་རེ་དང་ཁྱོན་ཡོངས་སུ་བསམ་བློ་གཏོང་སྐབས་བྱེས་འཁོད་མདོ་སྨད་པའི་ཁྲོད་དུ་སྐབས་འཚོལ་རིང་ལུགས་པ་ཨ་ལགས་གཅིག་ཙམ་གཙོས་པའི་ཁག་ཅིག་གིས་རང་གི་རྒྱབ་ཕྱོགས་སུ་རྒྱབ་སྣོན་སློང་བའི་ཆེད་དུ་ཕ་ཡུལ་གྱི་ཞེན་ཁོག་ཆེ་མོ་དེ་ཆོལ་ཁ་གཅིག་གི་སྟེང་དུ་གཡོག་སྟེ་དེ་འདྲའི་ཡ་ཡུད་དང་ཞེན་པ་དོར་བའི་ལས་ངན་དེ་འདྲ་བརྩམས་ཕོད་པར་དངོས་གནས་ངོ་ཚ་དགོས་པ་ཞིག་འདུག དེ་འདྲ་བྱས་ཏེ་རང་ཉིད་ལ་མ་འོངས་པའི་བཀའ་ཁྲིའི་འོས་ཤོག་ཐོབ་ཐབས་བྱེད་པ་ནི་དངོས་གནས་གད་མོ་སློང་བ་ཞིག་རང་རེད་འདུག
དེ་ལྟར་ཡིན་ཚེ་མདོ་སྟོད་དང་དབུས་གཙང་ཁུལ་གྱི་གཞིས་ཞུགས་དཔའ་བོ་དཔའ་མོ་ཚེ་ལས་འདས་པ་རྣམས་དང༌། བཙོན་དུ་ཚུད་དེ་སྡུག་བསྔལ་ཚད་མེད་མྱངས་བཞིན་པ་དེ་དག་གིས་རྒྱལ་ས་ནས་གྲོང་ཁྱེར་དང༌། གྲོང་ཁྱེར་ནས་ཞིང་འབྲོག་ས་ཁུལ། ཞིང་འབྲོག་ས་ཁུལ་ནས་སྡེ་བ་ཆུང་ངུ་རེ་རེར་གཅིག་མཇུག་གཉིས་མཐུད་དུ་ཁྱབ་སྟེ་ཆོལ་ཁ་གསུམ་ནང་གདུང་ཤུགས་གཅིག་ཏུ་བསྒྲིལ་བའི་དཔའ་ངར་གྱི་མེ་ལྕེ་འབར་བ་འདིར་བཙན་བྱོལ་ནང་སྐབས་འཚོལ་རིང་ལུགས་པ་འགའ་རེས་འཇོན་མདོག་གི་ངོ་སོ་འཕྱར་ཏེ་གཞིས་ཞུགས་བོད་མིའི་སེམས་ནང་རྨ་ཁ་དེ་ལྟར་བཟོ་ཕོད་པ་ནི་དམར་ཤེད་ཅན་ཞིག་མིན་ན་བྱེད་ཕོད་པ་ཞིག་རེད་དམ།
སྡོང་པོ་རྩ་བ་མ་ཚུགས་པའི་སྔོན་ནས་ཡལ་སྟེང་དུ་མཆོངས་ཏེ་འབྲས་བུ་ཟ་འདོད་བྱེད་པ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་མི་འདུག་གམ། །
་
ང་རང་ག་དུས་ཡིན་ནའང་བདེན་དོན་མཐུག་ས་ནས་ལངས་ཨེ་ཐུབ་བལྟ་མཁན་ཞིག་ཡིན། མ་ཟད་རང་རེའི་གནས་སྟངས་ཐབས་སྡུག་འདི་འདྲར་ལྷུང་བའང་མཐར་གཏུགས་ན་གཅིག་གཅིག་ལ་བསམ་ཤེས་དང་མཐུན་ལམ། གཅིག་མཐུན་བྱེད་མ་ཐུབ་པའམ་བྱེད་ཡ་ཉུང་དྲགས་པས་ལན་པ་ཡིན་པ་བཤད་མ་དགོས། དེས་ན་ད་རེས་ཀྱི་ཞི་རྒོལ་འདི་ནི་བོད་ཁྱོན་ཡོངས་སུ་དུས་གཅིག་ལ་ཁྱབ་པའི་ཆེས་རླབས་ཆེ་བའི་ལས་འགུལ་རྩ་ཆེན་ཞིག་ཡིན་པས་གླེང་ན་ནའང་མཉམ་དུ་གླེང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གོང་དུ་འཕན་མྱིས་”གངས་ཅན་པ་ཡོངས་ཀྱི་དོད་ཐུབ་པའི་དེབ་ཅིག་བྲིས་ཡོད་ན་དེ་ལས་ཀྱང་རྟགས་རྟེན་མ་འཆུགས་པ་ཡོང་བ་ཡོད”ཟེར་བ་ནི་ངོ་མའི་གཟུར་གནས་ཀྱི་གཏམ་རེད་འདུག།
མདོར་བསྡུས་ན་དེབ་དེས་རང་རེའི་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཤིག་མཚོན་ཐུབ་ཡོད་དམ་མེད། གལ་སྲིད་ཡོད་ན་དེབ་ཁོ་རང་གི་ལས་འགན་གྲུབ་པ་རེད། དེབ་དེ་འདྲ་ད་དུང་མང་བ་སྟེ་ཨ་ལགས་ཙ་ཡུས་ཀྱི་་་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་་་དང་། བྲག་སྒོམ་པའི་་་མདོ་སྨད་ཆོས་འབྱུང་་་ལྟ་བུ། རྩོམ་སྒྲིག་པ་འདི་དག་མདོ་སྨད་པ་རྐྱང་རྐྱང་ཡིན་པའི་ཆ་ནས་མདོ་སྨད་རང་གི་བྱུང་བ་བྲིས་ན་ནོར་འཁྲུལ་ཉུང་ཉུང་ཡིན་པ་དང་། སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱང་དེ་ཙམ་ཆེན་པོ་བསླེབ་ཀྱི་མ་རེད། དེ་མིན་རང་ལ་ཆ་རྒྱུས་ཆེན་པོ་མེད་པའི་ལས་ཀ་བརྩམས་ན་སྔོན་མར་ཨ་མདོའི་ཕོ་གསར་ཞིག་གིས་སྨན་རྩིས་ཁང་གི་ལོ་ཐོ་བསྒྲིགས་དུས་ས་སྐྱའི་ཕྱོགས་ནས་དཀའ་ངལ་སྤྲད་པ་ལྟ་བུ་རེད། གལ་སྲིད་འདི་ཚོ་འགྲིག་གི་མེད་ན། གོང་ས་མཆོག་གིས་ཧོར་འཇིགས་ལ་མདོ་སྨད་ཀྱི་ལོ་རྒྱུས་ཕྲིས་གསུངས་པ་དེ་ལ་ཡང་གླེང་སློང་བྱེད་དགོས་ཏེ། ཁོང་གིས་དབུས་པ་སུ་དང་ཁམས་པ་གང་ལ་ཁོ་ཚོའི་ལོ་རྒྱུས་ཕྲིས་གསུངས་འདུག དེབ་འདི་ལ་ཞན་ཆ་ཏན་ཏན་ཡོད་སྲིད། ཡིན་ན་ཡང་དེབ་འདིའི་ཞན་ཆ་དང་ལེགས་ཆ་བསྡུར་དུས། རྩོམ་སྒྲིག་པ་འདི་ཚོར་ལེགས་གསོལ་གྱི་ཁ་གཏགས་གཡོག་འོས་པ་ལས། ངན་སྨྲོས་ཀྱི་ཁ་རྡུང་གཏོང་བ་འདི་ནི་འོས་སུ་མི་ཆེ་བར་སེམས། སོམས་དང་། གལ་སྲིད་ཨ་མདོ་བ་འདི་ཚོས་ཆོལ་ཁ་གསུམ་གྱི་ཞི་རྒོལ་ལོ་རྒྱུས་བྲིས་ཡོད་རྒྱུ་ན། དབུས་གཙང་དང་ཁམས་པའི་ཕྱོགས་ནས་ང་ཚོ་དབུས་གཙང་དང་ཁམས་པའི་ལོ་རྒྱུས་ང་ཚོ་རང་གིས་འབྲི་ཐུབ་ཀྱི་རེད། ཨ་མདོ་བ་ཚོས་མ་བཅོལ་བའི་ལས་ཀ་བྱས་འདུག་ཟེར་ནས་ཨ་མདོའི་ནང་འཛིང་ལས་ལྷག་པའི་རྙོག་དྲ་བཟོ་སྲིད་ཀྱི་རེད། དེས་ན་སྲིད་དོན་གྱི་ལས་ཀ་འདི་ནི་སྣང་སའི་རྣམ་ཐར་དུ། བཤད་རྒྱུ་མང་ན་བུ་མོའི་འཕེར་ཤ་ཟེར། ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། ཞེས་པ་རང་རེད།
ང་ངའི་ཕ་ཡུལ་མང་འབའ་བྱ་གསུམ་ཕྱོགས་ལ་དུངས་ལ། ང་མདོ་སྨད་ཆོལ་ཁ་ལ་དགའ་ཞེན་ཆེ། མ་ཟད་ངའི་བོད་ལ་དགའ་ཞེན་ནི་དེ་གཉིས་བསྡོམས་ནའང་དོ་ཡ་མི་ཡོང་།
ཨ་རོ། ཁྱོད་མང་འབའ་བྱ་གསུམ་ཟིག་གི་ཡིན་ནོ་བདེན་ན་ཁྱོད་དེ་འདྲ་ཞིག་ང་ལ་སྡང་དོན་ཅི་ཡོད། ཁྱོད་ཕ་ཡུལ་ལ་དགའ་ཞེན་དེ་ཙམ་ཡོད་པ་དང་ཕ་ཡུལ་གཅིག་པ་ལ་སྡང་སེམས་འདི་ཙམ་ཡོད་པ་གཉིས་མགོ་ཨེ་ཐུག་གི་གོ ཡང་མིན་ན་ཁྱོད་ལ་རྒྱུ་མཚན་གཞན་ཞིག་ཡོད་རྒྱུ་རེད་ལ།
སྤྱིར་བཏང་འདི་རིགས་བཤད་ནས་དགོས་ཕན་གང་ཡོད་མི་ཤེས་ཏེ་མ་བཤད་ན་དགོས་ཕན་ཅི་ཡོད་དེ་བས་བཤད་ཁག་པོ་ཞིག་རེད། ངས་འཕན་མྱིའི་རྩོམ་སྔ་ཕྱི་གཉིས་པོ་བྐླགས་པ་ཡིན་ཡང་ཁོས་བཤད་པ་དེ་ཚོ་བདེན་པ་འདྲ་ཞིག་མཐོང་སོང་། མི་ལ་ལ་ཞིག་གིས་ཆོལ་ཁ་སོགས་ཀྱི་ཞེན་ཁོགས་བྱེད་མདོག་གིས་ཁ་གསོས་ནས་བསྡད་ཡོད་མཁན་དང་གོ་ས་འཕར་སོང་བ་དེ་འདྲ་ཡོད་པ་དངོས་གནས་རེད། ཧོར་འཇིགས་ཀྱིས་མཚམས་རེར་སེང་གེའི་ཁ་ནས་ཝྭ་སྐད་ཤོར་གྱིན་འདུག་ཅེས་པ་དེ་ཡང་ཁོས་རྒྱུ་མཚན་ཞིག་དང་སྦྱར་ནས་བཤད་འདུག ང་ཚོ་མི་མང་པོ་ཞིག་གིས་གོན་ཡོད་པའི་མིག་ཤེལ་དེ་ཚོ་མར་ཕུད་ནས་གཅིག་བལྟས་ན་ག་འདྲ་འདུག ཡིན་ན་ཡང་ངས་ད་དུང་དེབ་དེ་དངོས་སུ་མཐོང་མ་སོང་ཡང་གང་འདྲ་ཞིག་ཡིན་ཕལ་ཆེར་ཤེས་ཡོང་གིན་འདུག
གཞི་རྒྱ་ཆེ་བའི་མི་རིགས་ཀྱི་འཐབ་རྩོད་དེ་ཕྱོགས་དང་ཟུར་ཡོངས་ནས་བྱེད་དགོས་དུས་ས་ཁུལ་ཁ་ཤས་ཀྱི་གནས་ཚུལ་གླེང་ཐུབ་པ་དེ་ཡང་དོན་ཆུང་ཞིག་མིན་པར་སེམས། དེའི་ཕྱིར་ཁམས་ཁུལ་དང་དབུས་གཙང་ཕྱོགས་ཀྱི་ཤེས་ཡོན་ཅན་དང་། རྒྱུས་ཡོད་ཅན་གྱི་རྩོམ་པ་པོའི་དཔུང་ཁག་གིས་དེ་དང་རྗེས་སུ་མཐུན་པའི་བྱ་གཞག་བསྒྲུབ་དགོས་པ་ལས་བློ་མིག་དོག་པོས་ཕྲག་དོག་མཛད་ཚེ་དགེ་མཚན་དབེན།།།
མདོ་སྨད་ཀྱི་ཤེས་ཡོན་ཅན་རྣམས་ཕྱོགས་གཅིག་ཏུ་འདུས་ནས་བྲིས་ན་རེད་བརྩམ་ན་རེད། དོན་དག་རྡོག་རྡོག་དེ་མི་ཁ་ཤས་ཀྱིས་ཁེ་ཕན་སྒྲུབ་གི་ཡོད་ནི་རེད། མི་ཁ་ཤས་ཤིག་གིས་མདོ་སྨད་ཀྱི་ཤེས་ཡོན་ཅན་ཚོའི་མིང་འཁྱེར་ནས་སྔོན་མ་ཞིག་ལ་༧གོང་ས་མཆོག་གི་མཛད་རྣམ་འབྲི་ཁུལ་བྱས། དེ་ནས་དོ་རྒྱལ་ལ་དགག་ལན་གྱི་དེབ་ཅིག་འབྲི་ཁུལ་བྱས། ད་ལོ་ཡང་དེབ་འདི་འདྲ་ཞིག་བྲིས། ཕྱི་རྣམ་པའི་ཆ་ནས་འདྲ་ཆགས་པོ་ཞིག་ཡོད་ནའང་། ནང་ནས་མི་ཁ་ཤས་ཤིག་གི་དོན་དག་འགྲུབ་འགྲོ་གི་ཡོད་ནི་རེད། མང་པོ་བཤད་དགོས་ནི་མ་རེད། འདི་དག་གི་ཡོང་སྒོ་གང་ནས་ཡོང་བ་དང་འབྱོར་སྒོ་གང་ལ་བཏང་ཡོད་མེད་བརྩད་ཅིག་བཅད་ན་ལྷང་ལ་བུད་ཡོང་གི་རེད། ཀླུ་སྨྱོན་འདི་སྤྱང་པོ་འདྲ་ཞིག་བསམ་མོད་ཕར་དེད་ན་ཧོར་འཇིགས་ལ་དད་པ་དག་གཙང་ཡོད་མཁན་ཞིག་རེད་འདུག
ཧོར་འཇིགས་ལ་དད་ན་མེད་ཡིན་ན་ཡང་ཨ་མདོའི་རང་མྱི་རེ་བ་ཅན་ཞིག་གི་ས་ན་བཞག་ཡོད། ང་རྡ་ས་ལ་ཆ་རྒྱུས་ཡོད། རྡ་སྟེང་གི་ཨ་མདོའི་ཕོ་གསར་ཁག་ཅིག་གིས་ནོར་གླིང་གི་ཕོ་གསར་ཚོར་མེད་རབ་མུག་རབ་བཤད། ནོར་གླིང་བ་ཚོས་རྡ་སྟེང་གི་ཨ་མདོའི་ཕོ་གསར་ཚོ་ངན་རབ་ཐུ་རབ་གླེང་། ཆོལ་ཁ་གཞན་པའི་མི་ཞིག་གིས་ཉན་ན་ཨ་མདོ་བ་ཁག་ཅིག་ནང་རྩོད་ཀྱི་ཆེད་དུ་སྐྱབས་བཅོལ་དུ་ཡོང་བ་དང་རྡ་སར་འདུས་པ་འདྲ་བོ་ཞིག་ཡོད། ང་དེ་ལ་མི་དགའ་ལ་ངའི་གྲོགས་པོ་ཚོར་ཡང་། ཁམས་པ་ཚོ་ལ་ཅིག་ལྟོས་དང་། བེ་རི་འཇིགས་མེད་ལྟ་བུར་མགོ་ནས་འཐེན་མི་ཐུབ་ན་ཡང་ཞབས་ནས་འཐེན་གྱིན་མི་འདུག་ག ང་ཚོའི་ཨ་མདོའི་གསར་བུ་ཚོས་ཀྱང་གཅིག་གིས་གཅིག་ལ་རོགས་བྱས་ཏེ་མི་ཡུལ་ས་མཐའ་ནས་འདུག་ཐབས་བྱེད་དགོས་ཀྱི་རེད་མ་གཏོགས། གཅིག་གིས་གཅིག་གི་བླ་བཙགས་ནས་ས་མཐའི་ཉི་མ་འཁྱོལ་ཐབས་བྱས་ན་ནང་དོན་ཅང་མེད་ཀ། ཞེས་བརྗོད་མྱོང་།
ཁམས་པ་ཚོའི་ནང་བེ་འཇིགས་ནང་བཞིན་ཉུང་ཉུང་སོང་ཙང་རེད། ཨ་མདོ་ལ་དེ་འདྲ་ལག་ཐོགས་དགོས་ནི་མ་རེད། མ་གཞི་ནས་གཅིག་གིས་གཅིག་ལ་བཀུར་སྟངས་དེ་ཡང་ཆོལ་ཁའི་ཞེན་ཁོག་གི་རྨང་གཞི་ཐོག་ནས་ཡོང་དགོས་ན་དགོད་སྐྱེད་ཅིག་རེད་མི་འདུག་གམ། ཧོར་འཇིགས་ལ་མ་དགའ་ནི་མིན་ནའང་ཁོས་བྱས་སྟངས་ལས་སྟངས་ལ་ཤེས་ཡོན་པའི་རང་གཤིས་རྣལ་མ་དེ་ཡོད་ནི་མ་རེད། འདི་སུན་སྐྱེད་ཅིག་རེད་ཟེར་གི་ཡོད། ཁྱོད་ཁོའི་རྒྱབ་ནས་ལངས་ན་དོན་དངོས་ཐོག་ཤེས་ཡོན་པའི་རང་གཤིས་གཉུག་མ་དེར་ཁ་གཏད་བཅག་ནི་རེད་ཟེར་གི་ཡོད། དེ་མ་གཏོགས་ང་ཧོར་འཇིགས་ལ་མི་དགའ་རྒྱུ་གང་ཡང་མེད། ངེད་གཉིས་བར་ན་ཤ་འཁོན་རུས་འཁོན་རྩོད་རྒྱུ་གང་ཡང་མེད། དེ་ཧ་གོ་ནི་བྱོས། དེ་མ་གཏོགས་རྷ་སའི་མོ་དོ་ཚོའི་བཤད་སྟངས་ལས་སྟངས་ལ་ལད་མོ་མ་བྱེད་ཟེར་ནི་ཡིན་ཡ།
གཏམ་དཔེ་ནི། སྤྱི་ཚོགས་འཚོ་བའི་དུས་རིམ་དང་ཉམས་མྱོང་ནས་ཐོན་པའི་གཏན་ཚིགས་ཅིག་རེད།
ཨ་མདོ་བ་ལ་ཨོང་མདོ་མེད་བ་ཟེར་བ་ཞིག་གང་སར་ཁྱབ་བཞིན་འདུག འདིས་ཅི་ཞིག་བསྟན་པ་རེད་ཟེར་ན། ཨ་མདོ་བས་ལས་ཅི་བྱས་ཀྱང་མཇུག་འཁྱོལ་གྱིན་མེད་པ་དང་། ལས་མཐའ་ཕྱིན་མི་སྒྲུབ་པ། ཡིད་རྟོན་མེད་པ་ཞིག་རེད་ཟེར་བ་མིན་ནམ། ཤི་རེ་ཁོ། ལས་མང་པོ་ཞིག་གི་མགོ་འཇུས་འགྲོ་གི་ར། ལས་མཐའ་འཁྱོལ་བ་མེད་གི
འབྲུག་འདྲ་བ་ཞིག་ནས་སྦྲུལཞིག་ཏུ་གྱུར་འགྲོ
ཡུམ་མ་རེད་ཟེར་རྒྱུ་ཡོད་ཁུ་ན། རང་ང་བདུད་བཞིའི་ནང་གི་རྣམ་གཡེང་ལྷ་ཡི་བུའི་གདོན་ཞུགས་དང་ནི་ཟིག་ག་འདྲ་གི
ཆོལ་ཁ་ཟེར་བའི་མིང་གི་དར་ཆ་འཕྱར་ནས་ཁེ་བཟང་ཟ་འདུག་མཁན་དེ་ཚོའི་སྐྱོན་དེ་ངེས་པར་དུ་མཐོང་དགོས་པ་ཞིག་རེད་ད།
དྲ་ཐོག་ཡོད་ཚད་འཆལ་གཏམ་དང་དམོད་ཚིག་གི་གཡུལ་ས་ཞིག་མི་ཆགས་པའི་རེ་བ་ཡོད།
དྲ་ཐོག་ཐམས་ཅད་དཔྱོད་ཤེས་ཀྱི་འོད་སྟོང་འཕྲོ་བའི་གནས་ལུགས་ཀྱི་གཤིན་ས་ཞིག་ཆགས་རྒྱུའི་རེ་བ་ཡོད།
དྲ་ཐོག་ཚང་མར་བདེན་ལུགས་ཀྱིས་ཕྱུག་པའི་བློ་གཏད་ཀྱི་དགེ་རྒན་ཞིག་ཆགས་རྒྱུའི་རེ་བ་ཡོད།
དྲ་ཐོག་ཡོད་ཚད་སྤྲོ་སྐྱིད་ཀྱིས་ཁེངས་པའི་དག་ཞིང་གི་སྒེའུ་ཁུང་ཞིག་ཆགས་རྒྱུའི་རེ་བ་ཡོད།
དུས་ཀྱི་ཕོ་ཉ་ལགས། ཁྱེད་ཀྱི་ཚིག་དུམ་འདི་ཡར་མར་ག་ས་ག་ལ་བཀོད་ནས་ག་རེ་བྱས་པ་ཡིན། བསམ་ཚུལ་འདྲ་བཤད་རྒྱུ་མེད་དམ།
ངའི་བསམ་པར་བོད་མདོ་དབུས་ཁམས་གསུམ་དུ་བོད་ཀྱི་ལོ་རྒྱུས་ནང་འགོད་དུ་རུང་བའི་དོན་གནས་རྣམས་གང་ཟག་སུ་དང་ཡུལ་ལུང་གང་གི་སྐོར་ཕྱོགས་སྒྲིག་བྱས་ཡོད་ཀྱང་དེ་ནི་བསྔགས་འོས་སུ་མཆིས་ལ།སྤྱིར་སྤྱི་ཚོགས་ཆུང་ཆུང་འདིར་རྙོག་དྲ་ཤིན་ཏུ་མང་བས་རྙོག་དྲ་ཡོད་ཚད་ལ་ལག་པ་འཇུས་ན་རང་ཉིད་ངལ་བའི་རྒྱུ་ལས་མ་འདས།འདི་ལོ་བོད་ས་སྟོད་སྨད་བར་གསུམ་དུ་གནས་ཚུལ་ཆེས་ཡ་ང་བྱུང་བ་འདིའི་གནས་ཚུལ་དེབ་ཕྲེང་ལོ་རྒྱུས་དན་རྟགས་ཚད་ལྡན་ཞིག་དང་།བོད་མི་ཀུན་གྱིས་བསྔགས་འོས་སུ་གྱུར་པ་ཞིག་དགོས་ན།་དེ་ནི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་པས་རྐང་འགན་འཁུར་ཏེ་རྩོམ་སྒྲིག་གནང་ན་ཆེས་ཆ་ཚང་བ་དང་།་སྐབས་སུ་བབ་པའི་ལས་འགན་ཆགས་འདུག་སྙམ།དེ་དོན་བསམ་ཡང་དོན་ལག་ལེན་གྱི་སྟེང་དུ་འཁྱོལ་བར་དཀའ་སྙམ།དངོས་གནས་བྱས་ན་ད་ལྟའི་ཆར་ལོ་རྒྱུས་དང་གནས་ཚུལ་ཆ་ཚང་བ་རྣམས་ཡིག་ཐོག་ཏུ་བཀོད་དེ་ཕྱོགས་བྱ་རྒྱུའི་ལས་འགན་འདི་ལས་ཛ་དྲག་པ་མི་འདུག་པས་དེ་དོན་ཡིད་ལ་བཞག་སྟེ་དགོངས་ཚུལ་སྤེལ་ན་ཕན་ཐོགས་མི་ཆེའམ།
ཁ་བརྡ་དྲ་རྒྱའི་ནང་ཁ་བརྡ་གནང་མཁན་ཚོ།སེམས་ལ་གང་དྲན་བཤད་ན་ཆོག་གམ།བོད་ཀྱི་ད་ལྟའི་གནས་སྟངས་འདི་ལ་བསམ་ན་ཁྱོད་དང་ང་།ཁོ་ཚོ་དང་ང་ཚོ།སྟོད་དང་སྨད།དབུས་དང་གཙང་སོགས་ལུང་ཚན་འཐེན་འཁྱེར་གྱི་སྐད་ཆ་བབ་ཅོལ་ཤ་སྟག་སྨྲས་ན་སྨྲ་བོ་ཚོར་ཐོབ་རྒྱུ་ཅི་ཡོད་དམ།བོད་མི་རིགས་ལ་ཕན་པ་ཅི་ཡོད།སྤྱི་ཚོགས་ཡོངས་ལ་དགེ་ཕན་གང་ཡོད་བསམ་དགོས་པ་མ་ཡིན་ནམ།ཁ་བརྡ་དྲ་རྒྱ་འདི་ཉིད་རྒྱ་འདྲེ་དང་ཁ་རྩོད་རྒྱག་སའི་དྲ་རྒྱ་ཞིག་ཏུ་མི་འགྱུར་བ་བྱ་རྒྱུ་ནི་དྲ་རྒྱ་སྟངས་འཛིན་པ་དང་།དྲ་རྒྱའི་ནང་ཁ་བརྡ་གནང་མཁན་ཐུང་མོང་གི་འོས་འགན་ལགས་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ།
ཁ་བརྡ་དྲ་རྒྱའི་ནང་དུ་ལན་ཅིག་འཛུལ།།
དྲ་གྲོགས་སྨྲ་བ་མང་བ་རྣམས་དང་ལན་ཅིག་འཕྲད།།
སང་ཉིན་གནངས་ཉིན་དུས་ཀྱི་ཉིན་མོའི་ནང་།།
ཁ་བརྡ་དོན་ལྡན་ཞིག་ཏུ་འགྱུར་བར་སྨོན།།
དཔེ་དེབ་འདི་ལ་གློག་རྡུལ་པར་གཞི་ཡོད་དམ། ཡོད་ན་གང་ནས་ལེན་ཆོག་གམ། རོགས་རམ་ཡོང་བར་ཞུ ཧ་ཅང་ལྟ་འདོད་སྐྱེས་བྱུང་། གཞིིས་མི་ཡིན།