ཨེ་མ་ཧོ།
ཕ་བླ་མའི་ཆོས་གྲྭར་མཐུན་འཚོལ་ཕྱིར།
ཆོས་སངས་རྒྱས་བསྟན་འཛིན་རྫོགས་ཆེན་པ།།
ཁག་གསུམ་བཞིར་གཅིག་ཏུ་མཐུན་སྒྲིལ་གྱིས།།
ཐུགས་དམ་ཚིག་དར་དཀར་གསོས་ན་བཟང་།།
གཉེན་ཕུ་ནུའི་མཛའ་བརྩེ་མཐུན་འཚོལ་ཕྱིར།།
བོད་མགོ་ནག་འདུག་ཆོས་རིན་པོ་ཆེ།།
ཆོས་ཆོལ་ཁ་གསུམ་བཞི་གཅིག་མཐུན་གྱིས།།
ལས་བསམ་དཀར་གཅིག་མཐུན་བྱས་ན་བཟང་།།
གཞི་བསྟན་པའི་བརྒྱུད་འཛིན་མཐུན་འཚོལ་ཕྱིར།།
ཆོས་རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་ལ།།
ལམ་བདེན་བཞིས་གོ་རིམ་མཐུན་པར་གྱིས།།
དོན་ཀུན་བཟང་གཅིག་མཐུན་མཛད་ན་བཟང་།།
སྙན་ངག་བང་ཆེན་མཇལ་མོད་དུ་ཤྲཱིས་སོ།།
མཐུན་སྒྲིལ། མཐུན་སྒྲིལ། མཐུན་པར་སྒྲིལ་ཅིག།
ཅེས་ཚིག་རྐང་ཕྱི་མ་འདི་རྫོགས་ཆེན་པདྨ་སྐལ་བཟང་གིས་གསུངས།