སྤོབས་པ་མཐའ་ཡས།
སྲིད་འཛིན་བློ་བཟང་སེང་གེ་མཆོག་ནི་རྡོ་རྗེ་གླིང་དུ་ས༡༩༦༨ལོར་འཁྲུངས་ཤིང་ཁྲིམས་ལུགས་ཀྱི་མཁས་དབང་དང་ཆབ་སྲིད་ལས་འགུལ་བ་ཞིག་རེད། ༢༠༡༡ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་བོད་ཀྱི་སྲིད་སྐྱོང་དུ་མངའ་གསོལ། ཁོང་ནི་རྡོ་རྗེ་གླིང་གི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཤིག་ཏུ་འཁྲུངས་ཤིང་འཚར་ལོངས་བྱུང་། བྱིས་པའི་དུས་སུ་ཞིང་གྲོང་གི་གསེབ་ཏུ་བ་ཕྱུག་འཚོ་སྐྱོང་དང་། ནགས་ཚལ་གྱི་གསེང་ནས་འབུད་ཤིང་བསྡུ་ལེན། དགུན་དུས་སུ་གྱོན་གོས་འཚོང་དུ་འགྲོ་བ་སོགས་ཕ་མ་ནང་མིའི་འཚོ་ཐབས་ལ་རོགས་རམ་བྱས།
ཁོང་རྡོ་རྗེ་གླིང་བོད་མིའི་སློབ་གྲྭ་ནས་མཐར་ཕྱིན། དེ་ནས་རྒྱ་གར་དྷི་ལི་སྣ་འཛོམ་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་ཁྲིམས་ལུགས་ཆེད་ལས་ཐེག་པ་རིམ་འཛེགས་ཀྱིས་སློབ་མཐར་ཕྱིན། ༡༩༩༥ལོ་ནས་ཨ་མེ་རི་ཁའི་ཧར་ཝར་ཌི་སྣ་འཛོམ་སློབ་ཆེན་དུ་སློབ་གཉེར་བྱས་ནས་ཁྲིམས་ལུགས་མཁས་དབང་གི་སློབ་སྦྱོང་བྱས། ༢༠༠༣ལོར་ཁོང་གིས་བཀོད་སྒྲིག་འོག་ཧར་ཝར་ཌི་སློབ་ཆེན་དུ་རྒྱ་བོད་མཁས་པའི་འདུ་འཛོམ་བགྲོ་གླེང་ཐེངས་ལྔ་བྱས། རྒྱ་ནག་གི་མཁས་པ་སུམ་ཅུ་སོ་ལྔ་དང་ལྷན་དུ་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ཞལ་འཛོམ་གྱིས་བགྲོ་གླེང་ཞིག་ཀྱང་དེའི་ནང་དུ་ཚུད་ཡོད།
༢༠༠༤ལོར་ཁོང་གིས་ཧར་ཝར་ཌི་སློབ་ཆེན་དུ་ཁྲིམས་ལུགས་ཚན་རིག་མཁས་དབང་གི་ཤེས་ཚད་མཐར་ཕྱིན་ཅིང་། ཁོང་གིས་བྲིས་པའི་སྐྱབས་བཅོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་སྐོར་ལ་ཞིབ་འཇུག་་ཆེད་རྩོམ་དེར་ཡོང་ཁེ་ཀེམYong K. Kim’ 95 Prizeཕུལ་བྱུང་གཟེངས་རྟགས་ཐོབ། ༢༠༠༦ལོར་ཨེ་ཤེ་ཡའི་སྒྲིག་འཛུགས་ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེན་པོ་དེའི་ན་གཞོན་དབུ་ཁྲིད་ཉེར་བཞི་བདམས་པའི་ནང་གི་གཅིག་ཡིན། ཁོང་ནི་ཧར་ཝར་ཌི་སློབ་ཆེན་གྱི་ཤར་ཨེ་ཤེ་ཡའི་ཁྲིམས་ལུགས་སློབ་ཚན་གྱི་ལམ་སྟོན་གཞོན་པ་ཡང་ཡིན། མདོར་ན་ཁོང་ནི་བོད་ཀྱི་ཁྲིམས་ལུགས་མཁས་དབང་དང་རྒྱལ་སྤྱིའི་མིའི་ཐོབ་ཐང་གི་ཁྲིམས་ལུགས་མཁས་དབང་དུ་གྱུར།
༢༠༡༡ཟླ་གསུམ་པའི་ཚེས་བཅུ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྲོལ་རྒྱུན་འགན་དབང་དེ་མི་མང་གིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་ཐག་བཅད། ༢༠༡༡ལོའི་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་བཙན་བྱོལ་བོད་མི་མང་གི་འོས་འདེམས་འགྲུབ་འབྲས་མཐོ་ཤོས་སྟེ་བརྒྱ་ཆ་ལྔ་བཅུ་ང་ལྔ་བརྒལ་བ་ཁོང་ལ་ཐོབ། ༢༠༡༡ལོའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་གིས་སྲིད་སྐྱོང་ལས་ཁུར་གྱི་དམ་བཅའ་མཛད། བོད་ཀྱི་དབུ་ཁྲིད་ཟུར་པ་ཏཱ་ལའི་བླ་མས་ཁོང་ལ་སྲིད་སྐྱོང་ཞེས་པའི་མཚན་གྱིས་གཟེངས་བསྟོད། མཚན་གནས་དེ་ལ་སྔོན་མའི་བཀའ་བློན་ཁྲི་པ་ཞེས་པ་དེ་ལས་དབང་ཚད་མཐོ་བའི་མཚོན་དོན་ཡོད། བཀའ་བློན་ཁྲི་པ་ཞེས་བརྗོད་སྐབས་དཔོན་པོའི་འོག་གི་བློན་པོ་ཞིག་གི་མཚན་གནས་ཙམ་ཡིན་མོད་སྲིད་སྐྱོང་ཞེས་པ་ནི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཡོད་པའི་མཚན་གནས་ཤིག་ཡིན། བློ་བཟང་སེང་གེ་སྲིད་སྐྱོང་དུ་མངའ་གསོལ་བའི་ཉིན་དེ་ནས་མི་ལོ་སྟོང་གི་རིང་ལ་བླ་མས་སྲིད་དབང་བཟུང་བའི་ལོ་རྒྱུས་དེ་མཇུག་དྲིལ་བ་དང་། མི་མང་གིས་དབུ་ཁྲིད་འདེམས་པའི་དམངས་གཙོ་ཚད་ལྡན་གྱི་ལམ་དུ་གོམ་ཁ་ཐོག་མར་བསྒྱུར་བ་ཡིན་ཞེས་བརྗོད་ཀྱང་ཆོག
ལྷག་པར་ཡང་བོད་ནང་གི་མིས་བློ་བཟང་སེང་གེ་ལ་གདེངས་འཇོག་ཆེན་པོ་བྱེད། དེ་ཡང་། “བླ་མ་བཟང་པོ། བླ་མ་བཟང་པོ། བླ་མ་བཟང་པོ་རྒྱལ་བ་ཡིད་བཞིན་ནོར་བུ། དཔོན་པོ་བཟང་པོ། དཔོན་པོ་བཟང་པོ། དཔོན་པོ་བློ་བཟང་སེང་གེ།” ཞེས་པའི་གླུ་གཞས་ཀྱང་བཏང་། གླུ་གཞས་དེ་ནི་ད་ལྟའི་དུས་སུ་བོད་ནང་ཙམ་དུ་མ་ཟད་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་བོད་མི་འདུས་སྡོད་ས་ཁུལ་དུ་ཐོས་རྒྱུ་ཡོད། དེ་ལྟ་བུའི་གདེང་འཇོག་ནི་སྔོན་ཆད་ཀྱི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་ཞེས་འབོད་པའི་ཆེས་མཐོའི་དབང་ཚད་ཡོད་པ་སུ་ལ་ཡང་བྱས་མ་མྱོང་། ཐ་ན་ཟམ་གདོང་བློ་བཟང་བསྟན་འཛིན་སྤྲུལ་སྐུ་ཞིག་ཡིན་ཞིང་བོད་མིས་སྤྲུལ་སྐུ་ལ་དད་གུས་ཆེན་པོ་བྱེད་སྲོལ་ཡོད་མོད་དེ་ལྟ་བུའི་བསྟོད་གླུ་ལེན་མྱོང་མེད། བློ་བཟང་སེང་གེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དུ་མངའ་གསོལ་བའི་རྗེས་སུ་བོད་ནང་གི་མིས་ཆབ་སྲིད་རང་དབང་ལས་འགུལ་སྤེལ་ཚད་རྒྱ་ཆེ་རུ་སོང་། དེ་ཡང་བློ་བཟང་སེང་གེའི་མི་ཁུངས་གང་ནས་མཆེད་པའི་ཡུལ་མདོ་ཁམས་རྒྱུད་ནི་བོད་ཀྱི་རང་དབང་ལས་འགུལ་གྱི་མེ་ལྕེ་མཆེད་ཡུལ་གཙོ་བོར་གྱུར་པ་རེད་ཅེས་ཀྱང་ཤོད་སྲོལ་བྱུང་།
ཉེ་ཆར་ངས་བཙན་བྱོལ་བོད་མི་རྒན་པོ་ཞིག་དང་ལྷན་དུ་གླེང་མོལ་བྱས་མཐར་གླེང་མོལ་གྱི་ཁ་ཕྱོགས་དེ་སྲིད་སྐྱོང་བློ་བཟང་སེང་གེའི་སྟེང་དུ་བབ། བོད་མི་རྒན་པོ་དེས་གསུངས་དོན། “ད་ཡིན་ན་ང་ཚོས་གཞན་གང་མ་འཇོན་རུང་ཕོ་གསར་སྟག་འདྲ་བ་ཞིག་གི་ལག་དུ་བོད་ཀྱི་སྲིད་དབང་རྩིས་སྤྲད་ཐུབ་པ་བྱུང་བ་རེད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་དེ་ལ་བལྟས་ཡོང་དུས། ལོ་རྒྱུས་རང་གི་སྟེང་ནས་གསར་བརྗེ་རླབས་ཆེན་ཞེད་པོ་ཞིག་རེད། ཁོང་གི་ལས་ཡུན་རིང་ལ་ཕྱག་ལས་རྒྱ་ཆེན་པོ་གནང་ཐུབ་མིན་མ་ངེས་ཀྱང་དེང་རབས་ཀྱི་ཤེས་ཡོན་མཐོན་པོ་ཅན་འདི་ལྟ་བུ་ཞིག་ཡར་བསྐོ་ཐུབ་པ་དེ་ཁོ་ནས་ཀྱང་མིག་དཔེ་བཟང་པོ་ལམ་ལུགས་རླབས་ཆེན་ཞིག་དོད་ཚར་བ་རེད། འདི་ཡིན་ན་བཙན་བྱོལ་བོད་མིའི་གཟི་བརྗིད་དང་སྤོབས་པ་ཡིན།” ཞེས་གསུངས་བྱུང་བས་ང་ལ་སེམས་འགུལ་ཐེབས་པ་བྱུང་།
ཁོང་གི་བརྩམས་ཆོས་དཔར་བསྐྲུན་ཟིན་པ་འགའ་ཞིག་དཔེ་མཚོན་དུ་གླེང་ན། བོད་བཙན་བྱོལ་བའི་དམངས་གཙོའི་འགྲུད་བཞུད་ཅེས་པའི་མཁས་པའི་ཆེད་རྩོམ། བོད་ཀྱི་ཆབ་སྲིད་བཙོན་པའི་གླེང་མོལ་ང་ཚོའི་སྐྱོ་གླུ། རྒྱ་ནག་བོད་དུ་སླེབས་པ་བཅིངས་འགྲོལ་རེད་དམ་བཙན་འཛུལ་རེད་ཅེས་པ། དམ་པའི་ཆོས་དང་དམངས་གཙོའི་ལམ་ཞེས་པ་ཁྲིམས་ལུགས་སློབ་དཔོན་གྱི་སློབ་ཐོན་དམ་བཅའི་ཆེད་རྩོམ། བོད་བཙན་བྱོལ་གཞུང་གི་དམངས་གཙོའི་བརྒྱུད་རིམ་ཞེས་པའི་ཁྲིམས་ལུགས་མཁས་དབང་གི་མཐའ་ཕྱིན་དམ་བཅའི་དཔྱད་རྩོམ་སོགས་མང་པོ་ཡོད།
སྤོབས་མཐའ་ལགས་་་ བོད་མི་མང་ལྐུག་པ་མ་རེད་ལ་འོན་པ་ཡང་མ་རེད་ལོང་བ་ཡང་མ་རེད་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་དེ་མི་མང་གི་བདམས་པའི་དབུ་འཁྲིད་ལ་རྩིས་སྤྲོད་གནང་བ་ལས་ཁྱེད་ཀྱི་བཤད་པ་ལྟར་ཆོས་སྲིད་ཀྱི་སྲོལ་རྒྱུན་གྱི་འགན་་དབང་མ་་་རེད་
ཁྱེད་རང་འུར་ཆེེ་ཙམ་རྒྱབ་ནས་ལས་ཀ་འདྲ་རག་ཡོང་བསམ་ན་ཡང་བོད་མི་རིགས་དང་འབྲེལ་བའི་ཆབ་སྲིད་ལ་ལྷག་མ་རྒྱག་རོགས་གནང་ཆབ་སྲིད་ཀྱི་འགན་དབང་དེ་ཡང་བློ་བཟང་སེང་གེ་་ལ་གནང་་་བ་ཞིག་་མ་རེད་གོང་ས་མཆོག་ནས་བོད་མི་མང་ལ་གནང་བ་དང་བཙན་བྱོལ་་བིོད་མི་རང་་ལོ་བཅོ་བརྒྱད་ཡན་ནས་མང་གཙོའི་འོས་བསྡུས་ལམ་ནས་བློ་བཟང་སེང་དགེ་ལ་ཕུལ་ཞིག་ཡིན་་ན་ཕྱོགས་གཏོགས་ལ་འགན་འཁྱེར་ནས་བྱུང་རབས་ཀྱི་་ལོ་བརྒྒུས་ ་ནག་པོ་མ་བཟོས་ན་ཡག་གི་རེད་ལ་ང་ཚོའི་བཅའ་ཁྲིམས་ནང་མང་གཅོ་(DEMOCRACY) ལས་ དམངས་གཙོ་( PROLETARIAN,)གྲལ་རིམ་གྱི་་ཐ་སྙད་་གསལ་མེད་ན་མ་དག་པའི་ཚིག་དང་ལོ་བརྒྱུས་་གང་བྱུང་དུ་་ངོ་སྤྲོད་མ་གནང་ན་ཡག་གི་མ་རེད་དམ་་ །སླར་སྨྲས་པ་ ཕྱོགས་གཏོགས་དྲི་ངན་རྣ་ལ་སྣུམ་པའི་ལང་ཤོར་་མང་།
ཕྱོགས་གཏོགས་བློ་ཡི་ཕྱོགས་གཏོགས་ཅན་གྱི་གནས་ཚུལ་སྤེལ་། ཕྱོགས་གཏོགས་མང་ནས་མང་གཙོ་དཀྱུར་ནས་དམངས་གཙོ་འདམས་། པྱོགས་གཏོགས་ཅན་གྱི་བཅའ་ཁྲིམས་ཐ་སྙད་རྡོག་རོལ་བཏང་།
:
སྤོབས་པ་མཐའ་ཡས་ཀྱིས་རང་མགོ་རྫུན་གྱིས་མ་གཡོགས་སྔོན་ལ་དྲི་བ་ཉམ་ཆུང་གཅིག་གཏོང་འདོད་བྱུང་སོང་། ཁྱེད་ཀྱིས་གོང་དུ་སྲིད་སྐྱོང་ཁྲིམས་ལུགས་མཁས་དབང་རེད་མང་པོ་གསུངས་འདུག དེ་འདྲ་ཡིན་ན། སྲིད་སྐྱོང་གིས་བོད་དང་འབྲེལ་བའི་རྩོམ་ཡིག་ཚང་མ་ཕ་ཡུལ་དྲ་རྒྱ་མ་གཏོགས་ཁྲིམས་ལུགས་དང་འབྲེལ་བའི་དཔྱད་རྩོམ་རྐང་གཅིག་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་དུས་དེབ་དང་དྲ་རྒྱ་གཅིག་ལ་ཡང་འདོན་ཐུབ་མེད་པ་དེ་གང་ལ་ཐུག་ཡོད་དམ། ཞིབ་འཇུག་ཡག་པོ་བྱས་ནས་ལན་ཞིག་སྩོལ་རོགས།
བསྟན་ཟླ་ལགས། འདིར་སྲིད་སྐྱོང་མཆོག་གི་གསུང་རྩོམ་རྣམས་གང་དུ་དཔར་བསྐྲུན་བྱས་པའི་དཔེ་རྟགས་ཨང་གྲངས་དང་བཅས་པ་ཕུལ་ཡོད་པས་སྤྱན་དབང་གཡོ་བའི་གར་སྟེགས་སུ་འགྱུར་བར་སྨོན། Tibet: Exiles’ Journey, Journal of Democracy – Volume 14, Number 3, July 2003, pp. 119–130 Tibet: Exiles’ Journey archived [1]
We Sing a Song of Sadness Tibetan Political Prisoners Speak Out, Billy Jackson, Publish America, 2004, ISBN 1-4137-1677-6
Lobsang Sangay, China in Tibet: Forty Years of Liberation or Occupation?, Harvard Asia Quarterly, Volume III, No. 3, 1999.
Human rights and Buddhism : cultural relativism, individualism & universalism, Thesis (LL. M.), Harvard Law School, 1996, OCLC 43348085
Democracy in distress : is exile polity a remedy? : a case study of Tibet’s government in exile, Thesis (S.J.D.), Harvard Law School, 2004, OCLC 62578261
A constitutional analysis of the secularization of the Tibetan diaspora : the role of the Dalai Lama, in Theology and the soul of the liberal state, ed. Leonard V Kaplan; Charles Lloyd Cohen, Lanham : Lexington Books, 2010, ISBN 978-0-7391-2617-2
སྤོབས་པ་མཐའ་ཡས་མཆོག་གིས་གཤམ་གྱི་འདི་ལ་ཡག་པོ་ཞིག་གཟིགས་རོགས་གནང་། དབྱིན་ཡིག་མི་ཤེས་ཚེ་སྐད་བསྒྱུར་ཞིག་མཉམ་དུ་འཁྲིད་ནས་སོང་།
https://sites.google.com/site/tibetanpoliticalreview/project-updates/areviewofdrlobsangsangay%E2%80%99spublishedscholarlyworks
སྤོབས་པ་མཐའ་ཡས་མཆོག་གིས་དྲུང་ཡོང་བའི་གཤམ་གྱི་རྩོམ་འདི་ལ་མཚོན་ན་འདི་ཧར་བ་སྒྲིའི་སློབ་མའི་དུས་དེབ་ཐོག་ལ་བཏོན་པའི་རྩོམ་རེད་ཡ། མི་ཤེས་ན་ཞིབ་འཇུག་གྱིས།
Lobsang Sangay, China in Tibet: Forty Years of Liberation or Occupation?, Harvard Asia Quarterly, Volume III, No. 3, 1999.
ལྷ་ས་གྲོང་ཁྱེར་དུ་ཡུན་རིང་བཞུགས་མྱོང་བ་དག་ལ་དམིགས་བསལ་གྱི་བཀའ་འདྲི་ཞུ་བ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་སྐུ་ཐོག་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཤོག་གྲངས་༡༣༣སོགས་ན་ཡོད་པའི་ས་གནས། རྨེ་རུ། པད་ཚལ། སྐྱིད་ཤོད། ལ་སྟོད། ཅེས་དིང་སང་ཡོད་དམ་མེད་མི་ཤེས། ཡོད་ན། ངོ་སྤྲོད་ཕྲན་བུ་བཅས་འབྲི་བར་མཛད་གྲོགས་ཞུ་བ་དགོངས་འཇགས། གོང་གསལ་ས་གནས་རྣམས་སུ་ཡོངས་འཛིན་རིན་པོ་ཆེས་ལོང་བ་རྣམས་ཀྱི་མིག་འབྱེད་དུ་བཅུག་པ་དང་། ནད་པ་དག་ནད་ལས་དྲག་པའི་ཐབས་ཤེས་རྒྱ་ཆེན་པོ་མཛད་དོ་ཞེས་༧རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཚོས་བྲིས་སོ།
སྤོབས་་མཐའ་ལགས་ ཀྱག་རྫུན་མ་བཤད་ཨ་།བོད་ཀྱི་ཆོས་སྲིད་གཉིས་་ཀྱི་དབུ་འཁྲིད་ཏ་ལའི་བྨལ་མའི་
སྲོལ་རྒྱུན་འགན་དབང་དེ་མི་མང་གི་བདམས་པའི་དབུ་འཁྲིད་ལ་རྩིས་སྤྲོད་བྱ་རྒྱུ
་
ཟེར་བ་་བདེན་པ་མ་རེད་།བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་་རེད་། ཆོས་སྲིད་ཀྱི་འགན་དབང་མ་རེད་།ཁྱེད་རང་ཞིབ་འཇུག་ཡག་པོ་བགྱིས་།
ཆབ་སྲིད་ཀྱི་འགན་དབང་དེ་ཡང་བློ་སེང་ལ་གནང་བ་མ་རེད་བོད་མི་མང་ལ་
གནང་བབ་རེད་།བཙན་བྱོལ་བོད་མི་རང་ལོ་བཅོ་བརྒྱད་ཡན་གྱི་མང་གཙོ་ལ་
འགན་འཁུར་ནས་འོས་འདེམས་ཀྱི་ལམ་ནས་བློ་སེང་ལ་ཕུལ་བ་རེད་།ལོ་་རྒྒུས་
ལ་ལྷད་རྒྱག་མི་ཉན་།ཁྱེད་རང་བློ་སེང་ལ་པད་ལས་བཤད་ནས་ཨ་རི་དིན་གཅོད་
སྐལ་རྡོར་དང་ཤེས་རིག་བཀའ་བློན་དངོས་ཚེ་སྨན་རྩིས་ཚེ་བཀྲ་ཏེལོ་རིན་པོ་
ཆེ་སོགས་ལྟར་ཁྱེད་ལ་ལས་ཀ་རག་གི་ཡོད་ན་ཡང་བོད་ཀྱི་ལོ་རྒྒུས་ལ་ྷད་མ་རྒྱག་རོགས་གནང་།བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་གསལ་མེད་ན་
ཁྱེད་ཀྱི་མང་གཙོའི་ཚབ་ཏུ་དམངས་གཙོ་བྲིས་སྟངས་་ལ་ཞིག་ན་བཅའ་ཁྲིམས་
ལ་བློ་འགུག་མཁན་ཞིག་མིན་པ་འདྲ་། སླར་སྨྲས་པ་ ཕྱོགས་གཏོགས་དྲི་ངན་
རྣ་ལ་སྣུམ་པའི་ལང་ཤོར་དྲ་འབུ་མང་། ཕྱོགས་གཏོགས་བློ་ལ་འགན་འཁུར་ནས་
ཕྱོགས་གཏོགས་ཅན་གྱི་དྲ་འབུ་མང་། ཕྱོགས་གཏོགས་དྲ་འབུ་མང་ནས་མང་གཙོ་དཀྱུར་ནས་དམངས་གཙོ་འདམས་།
ཕྱོགས་གཏོགས་ཅན་གྱི་དྲ་འབུའི་བཅའ་ཁྲིམས་ཐ་སྙད་ནུས་མེད་བཏང་།
སྤོབ་པ་མཐའ་ཡས་ཀྱི་བློ་སེང་གི་ལོ་རྒྱུད་ཞིག་བྲིས་ཀ་བྱས་འདུག་དེ་ནི་ཁོ་པས་ཆོག་ཤེས་དངངོ་དགའ་སྤྲེལ་ལས་རང་རེད་གོང་ས་མཆོག་གི་སྲིད་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་གྲ་སྒྲིག་སྔོན་ནས་ཡོད་པ་ཞིག་ལས་བློ་སེང་ལ་དམིགས་ནས་གནང་བ་ཞིག་མིན་པ་གསལ་པོ་རེད་དེའི་གོང་སྤྱི་འཐུས་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་པ་དང་དེ་རྗེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་འཅའ་ཁྲིིིམས་བསྐྱར་བཅོས་གནང་ནས་བློ་སེང་ལ་རླུང་རྟ་རྒྱུག་པ་ཞིག་རེད་
གང་ལྟར་སྲིད་སྐྱོང་འདི་ནི་བོད་པ་ཚང་གི་དེང་དུས་ཤེས་ཡོན་རྩེ་མོར་སོན་པ་ཞིག་རེད། འདི་ལྟ་བུ་མཁས་དབང་ཞིག་སྲིད་སྐྱོང་ལ་འཁོད་ཐུབ་པ་དེ་ཡང་བོད་པ་ཚང་གི་བསོད་ནམས་ཡིན་ཟེར་ཆོག
ངོ་མ་ཡག་པོ་གསུངས་འདུག ད་དུང་མུ་འཐུད་དེ་གངས་ཅན་བོད་པའི་སྲིད་སྐྱོང་གི་སྐོར་ཤེས་འདོད་ཡོད། ཡིན་ན་ཡང་ངོ་གདོང་མེད་པའི་མི་འམ་དྲ་མིང་རྩོམ་མཁན་དེ་སུ་ཡིན་མི་ཤེས་པ་ཞིག་གིས་བྲིས་ན་འབྱུང་འགྱུར་བོད་མིའི་ལོ་རྒྱུས་ལ་བདེན་དཔུང་ཆགས་སྲིད་དམ། བྱེས་འབྱོར་བོད་པ་ཚང་ལ་ཟུར་ཟ་དང་བོད་ཡིག་མི་ཤེས་པསི་བརྡ་རྟགས་ཤིག་མིན་ནམ། བདེན་པ་བཤད་ན་བོད་སྐད་ཡིག་ཐོག་ལ་མེད་པར་གང་ཡིན་ནམ།
་་་་་་ བཀའ་བློན་ཁྲི་པ་ཞེས་བརྗོད་སྐབས་དཔོན་པོའི་འོག་གི་བློན་པོ་ཞིག་གི་མཚན་གནས་ཙམ་ཡིན་མོད་སྲིད་སྐྱོང་ཞེས་པ་ནི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཡོད་པའི་མཚན་གནས་ཤིག་ཡིན། བློ་བཟང་སེང་གེ་སྲིད་སྐྱོང་དུ་མངའ་གསོལ་བའི་ཉིན་དེ་ནས་མི་ལོ་སྟོང་གི་རིང་ལ་བླ་མས་སྲིད་དབང་བཟུང་བའི་ལོ་རྒྱུས་དེ་མཇུག་དྲིལ་བ་དང་། མི་མང་གིས་དབུ་ཁྲིད་འདེམས་པའི་དམངས་གཙོ་ཚད་ལྡན་གྱི་ལམ་དུ་གོམ་ཁ་ཐོག་མར་བསྒྱུར་བ་ཡིན་ཞེས་བརྗོད་ཀྱང་ཆོག ་་་་་་་་ སོགས་སྤོབས་མཐའི་ཕྱག་རྩོམ་དོན་ལྡན་ཅིག་ཆགས་འདུག
བོད་ནང་གི་བོད་མི་རྣམས་ཀྱི་གདེངས་འཇོག་ཆེན་པོ་བྱས་བཙན་བྱོལ་བའི་བོད་མི་རྣམས་ཀྱི་རེ་བ་ཆེན་པོ་བྱས་ད་ཆ་ལོ་ངོ་གསུམ་ཙམ་རིང་སློབ་དཔོན་ཆེན་པོ་ཟམ་མདོང་མཆོག་གི་ཕྱག་ལས་འཇུག་སྐྱོང་་ཙམ་ལས་ནུས་པ་མཐོན་པའི་ལས་ཀ་གང་ཡང་བྱེད་མེད་ལས་ཡུན་མང་ཆེ་བ་ཕྱི་རྒྱལ་ཁག་ལ་རང་ཁ་རང་གསོ་བྱེད་པར་ཕྱིན་།།
སྤོབས་པ་ལགས་ནས་གང་ལེགས་བྲིས་གནང་འདུག་ཕྱོགས་ལྷུང་བ་རྣམས་ལ་ནི་ཅང་ཕན་ཨ་ཡོང་། གང་ལ་ཟེར་ན་བློ་སེང་ནས་རྒྱ་བོད་དབར་ལ་སྐད་ཆ་ཙམ་བཤད་མེད་པར་བསྒྲགས། དོན་དངོས་དང་འདས་ཟིན་པ་བཅས་ནས་ཞིབ་འཇུག་གང་ཡང་མི་བྱེད་པར་ཕོ་ཧྲེང་ཧྲེང་དང་མཇེ་ཧྲེང་ཧྲེང་གིས་གཏམ་ཧྲེང་ཧྲེང་སྒྲོག་པར་ངོ་ཚ་མེད་པསོ། སྤོབས་པ་ཅན་ལ་ལེགས་གསོལ་ཡོད།
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཞེས་སུ་གལ་ཏེ་མིང་ཚིག་བེད་སྤྱོད་གནང་མཁན་རེ་བྱུང་ན་བདག་གིས་དགའ་བསུ་ཞུ་ངེས་ཡིན།
ཡིན་ན་འང་ཉེན་བརྡ་ཞིག་གཏོང་འདོད་པ་ནི། ངེས་པར་དུ་བསམ་བློའི་ནང་བཀའ་གཏོང་མཁན་དེ་བླ་མ་དང་སྐྱེས་བུ་སྒེར་སུ་གང་མིན་པར་མི་དམངས་ཀྱི་མཐུས་མི་འམ་མི་མང་རང་གི་བཀའ་ཡི་བློན་པོར་གཏོགས་པའི་ཁྲི་པ་ཞིག་ཏུ་བསམ་བློའི་གྲབས་འགྲིག་ཡོད་དགོས།
སྤོབས་པས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
བོད་་མི་ཞིག་ཡིན་ན་བོད་ཀྱི་རྒྒྱལ་རབས་་ལོ་རྒྱུས་ལ་་དོ་སྣང་དགོས་པ་གལ་་ཆེེན་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང་་།བླ་མས་བོད་ཀྱི་སྲིད་བཟུང་ནས་ལོ་གཅིག་་སྟོང་་
མ་རེད་ཕྱི་ལི་1642ནས་རེད་་ལོ་བཞི་བརྒྱ་་ཡང་འགྲོ་ཡོད་པ་མ་རེད་།དམངས་་
གཙོ་མ་རེད་མང་གཙོ་རེད་བཅའ་ཁྲིམས་དང་མཐུན་པའི་ཐ་སྙད་བེད་སྤྱོད་གནང་
དགོས་པ་རེད་།སྤོབས་མཋའ་ནང་བཞིན་བོད་ཀྱི་ཆབ་སྲིང་་དང་ཆིོ་སྲིད་ངོ་མ་ཤེས་
ནས་ད་དུང་སྲིད་སྐྱོང་ལ་པད་་ལས་་པ་ལྟ་བུ་ཁྱེད་ཀྱི་ཀྱང་གནང་མི་ཉན་ཤེས་ཀྱི་མེད་ན་དྲ་འབུ་བྱ་རྒྱུ་ཡོད་པ་མ་རེད་།ཧ་ཧ་ཧ་་དྲ་འབུ་མང་བ་་ལ་བལྟས་ན་ང་འདྲ་བོ་
ཚང་མ་ལས་མེད་ཡིན་ས་་རེད་
ཇུས་ཏོག་ཟེར་བའི་དྲ་འབུ་འདིས་གང་ཡང་མགོ་ཚོས་ཀི་མི་འདུག 1642 ཟེར་བ་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བཟུང་བའི་འགོ་བཙུགས་པ་རེད། དེའི་སྔོན་དུ་འགྲོ་མགོན་ཆོས་འཕགས་སོགས་ནས་བཟུང་ས་སྐྱས་སྲིད་དབང་བཟུང་བ་ནས་བླ་མས་བོད་ཀྱི་སྲིད་དབང་བཟུང་བ་ཤེས་པ་གྱིས། དྲ་འབུ
དཱ་ཡང་ག་རེ་འགྲིག་མ་སོང་ཟེར་གྱི་ཡོད།
བོད་ཀྱི་སྲིད་སྐྱོང་བློ་སེང་འདི་སྲིད་འགན་བགྲེས་ཡོལ་ཆ་ཚང་གནང་བ་དང་བཙན་བྱོལ་བོད་མིས་དམངས་གཙོའི་ལམ་ལུགས་ལག་བསྟར་དོལ་འཁྱོལ་འོག། མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་དབང་ཚད་ཆ་ཚང་ཡོད་པའི་སྲིད་སྐྱོང་དང་པོ་དེ་ཆགས་ཡོད་ལ། འདོད་རུང་མི་འདོད་རུང་ཁོང་བོད་མི་རིགས་ཀྱི་དབུ་འཁྲིད་ཆགས་ཡོད་པས་མི་དམངས་ཀྱིས་རྒྱབ་བསྐྱོར་བྱེད་དགོས་པ་དེ་ཡང་དབུ་འཁྲིད་ཀྱི་ནུས་པ་མཐོར་འདེགས་ལ་ཕན་པས་གལ་ཆེན་དོན་ཆེན་ལ་འཛིན་དགོས་པ་རེད། དེས་ན་ཨ་གུ་སྤོབས་པས་སྲིད་སྐྱོང་མཆོག་གི་ལོ་རྒྱུས་རྒྱབ་ལྗོངས་གླེང་ནས་རྒྱབ་སྐྱོར་གནང་བ་དེ་ཡང་དོན་ལ་གནས་ཡོད་པ་རེད།
དེ་དེ་བཞིན་འགའ་རེས་སྲིད་སྐྱོང་གི་ཧཱ་ཝ་ཌི་སློབ་ཆེན་གྱི་ཤེས་ཚད་ལག་འཁྱེར་ལ་ཚད་ཐིག་འཇལ་བ་ནི་དགོད་སྤྱད་ཅིག་མ་རེད་པས།
རྒྱལ་སྤྱིས་ངོས་ལེན་ཡོད་པ་ལས་མེད་པར་གཞན་སུས་ངོས་ལེན་མེད་ན་མེད། རེད་པཱ།
ད་དུང་བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་འཁོད་མེད་ཡིན་ཅིག། བཅའ་ཁྲིམས་ག་པར་མང་གཙོ་འཁོད་འདུག། གལ་ཏེ་འཁོད་ཡོད་ན་ཟམ་གདོང་བླར་རྒན་གྱིས་བཙན་གྱིས་བཅུགས་ཡིན་རྒྱུ་རེད། བླར་རྒན་གྱིས་མཁས་མདོག་སྟོན་ནས་དམངས་གཙོ་མ་ཡིན་པར་མང་གཙོ་ཡིན་ཚུལ་གྱིས་གླེང་རྙོག་མང་དག་ཅིག་བཟོས་ཡོད་པ་རེད། ཐ་སྙད་ཟེར་བ་དེ་ཡོངས་གྲགས་དང་ཁྱབ་ཆེ་ཆུང་གི་དབང་དུ་འགྲོ་བ་ལས་ཨུ་ཚུགས་རྒྱགས་རྒྱུ་ཞིག་ཡོད་ཚོད་མ་རེད། དཔེར་ན་བོད་ནང་དམངས་གཙོ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱེད་པ་ལས་མང་གཙོ་ཞེས་པ་ཞིག་བེད་སྤྱོད་བྱེད་མཁན་མཁས་བླུན་སུ་ཡང་མེད་ཚོད་རེད། སྔར་ནས་གོམས་ལོབ་ཏུ་སོང་བའི་ཐ་སྙད་དེ་མི་རེ་ཟུང་གིས་བཤད་ཚད་ལ་ཉན་དགོས་ན་དེ་ཡང་དཀའ་མོ་རེད་ད། ཡང་གཅིག་མིན་ན་བོད་རང་གི་སྐད་ཡིག་ལ་མེད་པའི་ཐ་སྙད་གསར་གཏོད་རང་བཞིན་ལྡན་པ་བྱས་ན་འགྲིགས་བསྡད་པ་རེད།
གོང་གི་མཆན་འདི་དག་གི་རྩོད་གཞི་གཙོ་བོ་ནི་སྲིད་སྐྱོང་མཆོག་མཁས་དབང་ཡིན་མིན་གྱི་གནད་དོན་དེ་རེད་འདུག སྤྱིར་འབུམ་རམས་པ་ཐོན་པ་ཙམ་གྱི་ནུབ་ཕྱོགས་སུ་མཁས་དབང་གི་གྲས་སུ་བརྩི་སྲོལ་འདུག་ཀྱང་། གཙུག་ལག་སློབ་གྲྭ་རང་གི་ནང་དུ་མཁས་པའི་ནང་ནས་མཁས་པ་སུ་ཡིན་མིན་དེ་གང་ཟག་དེས་ཚད་མཐོར་འཛིན་པའི་དཔེ་དེབ་ནང་དཔྱད་རྩོམ་ག་ཚོད་སྤེལ་མིན་དང་། དེབ་གྲངས་ག་ཚོད་བྲིས་ཡོད་མིན། དེ་བཞིན་ཤེས་ཡོན་གྱི་འདུ་ཚོགས་འདྲ་མིན་ནང་གཏམ་བཤད་ག་ཚོད་བྱས་ཡོད་མིན་སོགས་ཆ་རྐྱེན་དུ་མ་ལ་བརྟེན་ནས་མཁས་པའི་ནང་ནས་མཁས་པ་དེར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ནང་དེང་རབས་ཀྱི་ཤེས་ཡོན་ཆུ་ཚད་ལོན་པ་ཧ་ཅང་ཕོངས་པས་སྲིད་སྐྱོང་མཆོག་ལ་མཁས་དབང་ཞེས་མཚན་གསོལ་ཡང་མི་འོས་པ་མེད། སྤྱིར་འཇིག་རྟེན་གྱི་ཆོས་ཐམས་ཅད་ལྟོས་ས་ལྟོས་འཇོག་ཐོག་ནས་བཤད་དགོས་པས། སྲིད་སྐྱོང་རང་ཅག་སྤྱི་ཚོགས་ནང་གི་མཁས་དབང་ཡིན་ཀྱང་ཁོང་གི་རིག་གཅིག་རྐང་འཛིན་གྱི་ཁྲིམས་ཀྱི་སྡེ་ཚན་དེའི་ནང་དཔྱད་རྩོམ་དང་རིག་པ་གསར་པ་གང་ཡང་གསར་བསྟོད་ཐུབ་མེད་པས་སྡེ་ཚན་དེའི་ནང་གི་མཁས་པ་ཚོས་ཁོང་རང་མཁས་པར་ངོས་འཛིན་བྱེད་དཀའ་བ་ཡིན།
ཡང་སྲིད་སྐྱོང་ལ་མཁས་དབང་གྲགས་པ་དེས་སྐྱོན་གང་ཡོད་ཞེ་ན། གལ་སྲིད་ང་ཚོ་བོད་པ་སྤྱི་ཚོགས་ཆུང་ཆུང་དེའི་ནང་འབུམ་རམས་རིམ་པས་མང་དུ་འགྲོ་སྐབས་ཚང་མ་མཁས་དབང་གི་མིང་འདོགས་དགོས་ཀྱི་གནས་སྟངས་ཤིག་ཆགས་མི་སྲིད་པ་མིན་པས་གང་ཟག་འབུམ་རམས་པ་ཐོན་པ་ཙམ་ཞིག་ལ་མཁས་དབང་གྲགས་ན་ཅུང་སྐྱོན་དུ་མཐོང་།
དེ་ནས་དོགས་སློང་ཞིག་བྱས་ན། འོ་ན་ང་ཚོའི་གདན་ས་དང་བཤད་སྒྲུབ་ཀྱི་སྡེ་ཁག་ནས་ཐོན་པའི་དགེ་བཤེས་དང་མཁན་པོ་ཚོར་མཁས་དབང་ཞེས་མི་སྤྱོད་པ་གང་རེད། དེ་ནི་རང་གི་རིག་གཞུང་ལ་ཆེས་མཐོང་མ་སྤྲད་པས་རེད་དམ་ཡང་ན་དེ་འདྲའི་སྐྱེས་བུ་ཇི་འདྲ་ཞིག་ལ་མཁས་པའམ་མཁས་དབང་གྲགས་དགོས་སམ།
མཐའ་དོན་རྣམ་པ་ཚོས་སྲིད་སྐྱོང་ལ་མཁས་དབང་ཞེས་འབོད་པ་དེ་ལྟོས་ས་ལྟོས་འཇོག་གི་བཤད་དགོས་པ་ལས། གཙུག་ལག་སློབ་གྲྭ་ཞིག་གི་ནང་ང་ཚོའི་སྲིད་སྐྱོང་མཁས་དབང་ཡིན་ཞེས་གྲགས་ན་གོང་གི་ཆ་རྐྱེན་དེ་དག་ཚང་མིན་དྲི་བ་སླེབས་སྲིད། མ་གཞི་ང་ཚོས་མཁས་དབང་ཞེས་མིང་དེ་ཇི་འདྲ་ཞིག་ལ་སྤྱོད་དགོས་མིན་དཔྱད་ཞིབ་དང་བགྲོ་སླེང་ཡག་པོ་བྱེད་དགོས།
(གོང་གི་མཆན་འགད་ནས་ཚིག་སྦྱོར་དང་བརྡ་སྤྱོད་གོ་བདེ་མེད་ཚེ་དབུག་ཐེངས་གཅིག་ལ་བྲིས་པ་ཡིན་པས་དགོངས་དག་ཞུ་རྒྱུ་ཡིན།)
སྤོབས་པ་མཐའ་ཡས་ལགས་ནས་ཧ་ཅང་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ང་རང་ཚོས་བསྐོ་བཞག་གནང་བའི་སྲིད་སྐྱོངས་ང་རང་ཚོས་ཡར་འཇོག་མ་བྱེད་ན་སུས་བྱེད་དེ་ནི་བསྟོད་འོས་བ་ཞིག་དང་གླེང་འོས་བ་ཞིག་ཡིན་པ་སྨོས་མ་དགོས་བ་ཞིག་རེད། འདི་ལ་སྐྱོན་བརྗོད་བྱེད་མཁན་ཡོད་ན་དེ་ནི་ལྐུགས་པའི་ལས་སྟངས་རང་ལ་དངོས་འཛིན་ཡོད།
དམངས་གཙོ་ཞེས་པ་འདི་མང་གཙོ་ལ་བསྒྱུར་བ་དང་།
རང་བཙན་ལག་དེབ་ཅེས་པ་འདི་དང་བླང་བཅའ་ཁྲལ་ལ་བསྒྱུར་པ།
བཙན་བྱོལ་བོད་གཞུང་ཞེས་པ་འདི་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་པ་སོགས་མི་འོས་པ་དང་མི་འཚམས་པའི་ལས་ཀ་གང་མང་བྱས་ཡོད་རེད།
དམངས་གཙོ་མི་འདོད་པའི་རྒྱུ་མཚན་ནི་འབངས་མི་དམངས་གཙོ་བོ་ཡིན་པ་ལས་དབུ་ཁྲིད་གཙོ་བོ་མིན་ཞེས་པའི་དོན་དངོས་ཁས་ལེན་འདོད་མེད་པས་རེད། རྒྱལ་ཁབ་ཤིག་གི་གཙོ་བོ་དམངས་ཡིན་ན་དམངས་གཙོ་རེད། བོད་རྒྱལ་ཁབ་ཀྱི་གཙོ་བོ་རྩ་བའི་བླ་མ་རེད། བླ་གཙོ་རིང་ལུགས་རེད། མ་གཏོགས་དམངས་གཙོ་རིང་ལུགས་ཡང་དག་ཞིག་ཆགས་ཚར་མེད།
མང་གཙོ་ཡིན་ཟེར་བ་འདི་ལ་བསམས་དུས་ཧ་ཅང་གོ་བ་ལོག་པ་ཞིག་ལ་འགྲེལ་འགྲོ་བཞིན་ཡོད། མང་བ་གཙོ་བོ་ཡིན། ཉུང་བ་རྩིས་མེད་གཏོང་དགོས་ཅེས་པའི་དོན་རེད། འཛམ་གླིང་ཐོག་ཏུ་མང་ཤོས་རྒྱ་ནག་པ་རེད། མང་གཙོ་ཡིན་ན་རྒྱ་ནག་གཙོ་བོ་རེད། གྲངས་ཉུང་རྣམས་རྩིས་མེད་གཏོང་ན་འགྲིག་གི་རེད་ཅེས་པའི་དོན་རེད།།།
མིང་ཚིག་འདི་དག་ལ་བསམ་བློ་བཏང་དུས་སེམས་བསམ་པའི་གཏིང་ནས་ཟམ་གདོང་འདི་ལ་ཁོང་ཁྲོ་ལངས་འོང་གི་ཡོད། བོད་མི་རིགས་ལ་ཆ་གཞི་གཏིང་ནག་འདི་འདྲ་ཞིག་བྱས་དགོས་པའི་རྒྱུ་མཚན་གང་ཡིན་ནམ་བསམས་ནས་བསམ་བློ་ཡང་ཡང་འཁོར་འོང་གི་འདུག བོད་མི་དམངས་ཀྱིས་ཤེས་དགོས་པར་གལ་ཆེན་རེད། མགོ་སྐོར་ག་ནས་བཏང་གི་ཡོད་མེད་ཤེས་དགོས་ཀྱི་རེད། མ་ཤེས་ན་གྱོང་མི་དམངས་ལ་རེག་གི་རེད།
ཅོ་རི་ཞེས་པ་འདིས་ག་དུས་ཡིན་ཡང་འགྲེལ་བཤད་ཕྱིན་ཅི་ལོག་ལས་རྒྱག་མི་ཤེས་པ་ཅི་ཡིན་ནམ། མང་གཙོ་ཞེས་པ་ནི་མི་མང་གཙོ་བོ་ཡིན་པ་ལས་འགོ་ཁྲིད་ཉུང་ཤས་ཤིག་གཙོ་བོ་མིན་ཞེས་པའི་དོན་རེད། དམངས་གཙོ་ཞེས་པ་ནི་ཆབ་འབང་གཙོ་བོ་ཡིན་པ་ལས་འགོ་ཁྲིད་གཙོ་བོ་མིན་ཞེས་པའི་དོན་རེད། དེས་ན་འདི་གཉིས་ནི་ཐ་སྙད་མི་འདྲ་བ་ཙམ་ལས་དོན་དག་ཅིག་པ་རེད། ཟམ་གདོང་བླ་མས་གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་ནས་དོལ་རྒྱལ་མཐའ་ཅིག་ཏུ་དགག་ཡོད་པས་ཁྱེད་ཚོ་ཁོང་ཕྲོ་ལང་བར་ཁག་ཁྱོན་ནས་མེད་ད། ཧཧཧ
མ་གཞི་ནས་ང་ཚོ་བོད་པ་ཚང་གི་གཤིས་ཀ་ཞིག་ནི་སོ་སོ་དགའ་སའི་མི་ཞིག་ཡིན་ན་འུར་ཆེན་པོས་བསྟོད་པ་བྱེད་པ་དང་། མ་དགའ་ས་ཞིག་ཡིན་ན་སྨད་དེ་ནག་པོ་གནག་རྐྱང་བྱེད་པའི་རང་གཤིས་ཤིག་ཡོད་པས་བཟང་དང་ངན་དང་ཁེ་གྱོང་ལ་དབྱེ་ཞིབ་ཀྱིས་ཚད་འཇལ་ཡག་པོ་བྱས་ཏེ་བསྟོད་སྨད་གང་འོས་བྱ་རྒྱུ་ནི་གནད་ཀྱི་དམ་པར་སེམས།
དམངས་ཞེས་པ་གཡོག་པོའམ་དམན་རིགས་ལ་གོ་དགོས་པ་དང་། དེ་ལ་སྔོན་འཇུག་མེད་པ་མངས། མི་མང་པོ་ཡོད་པའི་མི་མངས་བཀོལ་དགོས་པར་སྔོན་དུ་ཡང་བྲིས་སོ་སྙམ། སྔར་ཡི་གེ་དག་ན། སྒོ་མངས་དང་། སོ་མངས་དང་། ཞེས་པ་ལྟ་བུ་སྟེ། ཁ་ནས་མི་འཐོན་ཡང་འབྲི་བ་དགོས་པ་ཡོད་པར་མཐོང་། དེ་ལྟར་ཨིན་སྐད་ཀྱི་མིང་ཚིག་རྣམས་ཀྱི་ཡི་གེ་ཁ་ནས་མ་འཐོན་པ་ཀུན་འབྲི་དགོས་པའི་དཀའ་ངལ་རང་རེ་ཨིན་སྐད་རང་གི་ཁ་སྐད་མ་ཡིན་པ་དག་ལ་ཡོད་པར་མ་ཟད་སྐད་དེ་ཉིད་རང་གི་ཁ་སྐད་ཡིན་པ་ཀུན་ལ་ཡང་དཀའ་ངལ་ཡོད་པ་ལྟར་བོད་སྐད་ལ་ཡང་མཆིས། ལེགས་སྦྱར་དང་པཱ་ལི་སོགས་ལ་ཡི་གེ་ཚང་མ་འདོན་པའི་སྲོལ་ཡོད་པས་དཀའ་ངལ་དེ་མེད་པར་མཐོང་། འོན་ཀྱང་ཧིནྡིའི་སྐད་དུ། ཨ་ཡིག་སྲོག་ལ་ཡོད་ན་མི་འཐོན་པའི་སྐྱོན་ཡོད།
བླ་མ་དང་བསྔགས་པ་་གདུང་པ་སོགས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་་
ངོས་འཛིན་གནང་ན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་མཐུན་གྱི་ཡོད་པ་ཡིན་
ནམ་
དྲ་གྲོགས་ལྷན་རྒྱས་ཁམས་བཟང་་་་་་བོད་ཀྱི་བདག་པོ་བོད་མིའི་ཡིན་་་བོད་ཀྱི་བླ་མ་དང་མཁས་དབང་་ཤེས་ཡོན་ཅན་གྱི་མི་དེ་ཚོ་ལ་ཁ་མ་བཏང་རོགས་ངག་འཆལ་མ་བྱེད་བརྣབ་སེམས་མ་བྱེད་ཕྱོགས་རིམ་མ་བྱེད་ང་རྒྱལ་མ་བྱེད་རོགས་གནང་།
ལུང་རྟོགས་ཅེས་པའི་བྲན་གཤིས་ཅན་འདིས་ག་དུས་ཡིན་ནའང་མྱི་ཆེན་བླ་ཆེན་ཚོའི་རྐུབ་ལྡག་ནས་བསྡད་ཀིན་རེད། གནས་ལུགས་དང་དྲང་བདེན་ཁས་ལེན་གི་མ་རེད།
དམངས་གཙོ་དང་མང་གཙོ་དོན་གཅིག་རེད་ཨེ།
མི་དམངས་དང་མི་མང་དོན་གཅིག་ཨེ་རེད། རང་བཙན་ལག་དེབ་དང་དང་བླང་བཅའ་ཁྲལ་གཉིས་ཀྱང་་དོན་གཅིག་ཨེ་རེད། བཙན་བྱོལ་གཞུང་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ཀྱང་དོན་གཅིག་ཨེ་རེད། རང་བཙན་དང་དབུ་མ་གཉིས་དོན་གཅིག་ཨེ་རེད། རྩ་མ་ཚང་བའི་སྨྱོན་པ་འདི་ཚོས་ཧམ་བཤད་དང་ལོག་བཤད་རྐྱང་རྐྱང་བྱེད་ཀྱི་རེད། བོད་མི་དམངས་མགོ་སྐོར་གཏོང་ཡ་ཁོ་རང་བསམ་བློ་བཏང་གི་རེད། མགོ་སྐོར་གཏོང་གྱི་མཚམས་ཞོག་་་་་ཨ
དམངས་དང་མང་ལ་རྨོངས་པའི་དྲ་འབུ་ལ་གད་མོ་ཆོར་ཧཧཧཧཧ་།།
་སེང་གེ་མཁས་དབང་ཡིན་རབས་དང་བཤད་མཁན་ཚོས་ཉོན་ཨ། a
མང་བ་གཙོ་བོ་རེད་ཟེར་མཁན་ཚོས་སྐད་ཆ་བཤད་སྟངས་འདི་འདྲ་བཤད་བཞིན་འདུག བོད་མིས་ག་རེ་བྱེད་ཐུབ་ཀྱི་རེད་དམ། རྒྱ་ནག་གི་མི་འབོར་ནང་ནས་བརྒྱ་༢།༥རེད། བརྒྱ་ཆ་གཉིས་དང་ཕྱེད་ཀ་ལས་མེད་པས་ཁ་གཏོད་བཅག་ཐུབ་ཐབས་མེད་ཟེར་བ་དང་། དབུ་མའི་ལམ་དུ་འགྲོ་དགོས་པའི་རྒྱུ་མཚན་ཡིན་ཟེར་ནས་བཤད་བཞིན་འདུག
ད་དུང་་སེང་གེས་མུ་མཐུད་ནས་བཤད་དོན་་་ང་ཚོ་དབུ་མ་ལམ་ལ་ཕྱིན་པས་བཀའ་བློན་སྤྱི་འཐུས་སོགས་དབུ་ཁྲིད་རྣམས་པ་ཕྱི་རྒྱལ་ཁབ་ཁག་ཏུ་ཕེབས་ཐུབ་ཀྱི་ཡོད་རེད། གལ་སྲིད་རང་བཙན་ཐོག་ཏུ་ཕྱིན་པ་ཡིན་ན་་་་ཐད་ཝན་ལ་རང་བཙན་ཡིན་མིན་གྱི་རྩོད་གཞི་ཡོད་པ་ཙམ་གྱིས་ཐད་ཝན་སྲིད་འཛིན་ཨ་རི་ལ་ཕེབས་མི་ཆོག ཡུང་རོབ་ལ་ཕེབས་མི་ཆོག་རྒྱ་གར་ལ་ཕེབས་མི་ཆོག་གི་ཡོད་མེད་ཅེས་བཤད་འདུག
སྐད་ཆ་འདི་བདེན་པ་རེད་དམ། ཐད་ཝན་ལ་རང་བཙན་གྱི་རྩོད་གཞི་ཡོད་པ་ཙམ་གྱིས་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་ཕེབས་ཆོག་གི་མེད་པ་བདེན་ན་་་་ཡུར་གུར་བའི་རང་བཙན་འཐབ་རྩོད་པའི་དབུ་ཁྲིད་ལྕམ་ར་བྷི་ཡ་མཆོག་ཇེ་མན་ནི་ནང་དུ་བཞུགས་འདུག་ག ནུབ་ཕྱོགས་སུ་བསྡད་ནས་རང་བཙན་འཐབ་རྩོད་བྱེད་བཞིན་འདུག ཨ་རིའི་གྲོས་འཚོགས་ནང་དུ་ཕེབས་ཆོག་གི་འདུག
ཐད་ཝན་རང་བཙན་ཕྱོགས་ཁག་གི་དབུ་ཁྲིད་ཤིག་རྒྱ་གར་ལ་ཕེབས་པ་མ་ཟད་དགུ་བཅུ་གསུམ་ཚོགས་པ་དང་མཉམ་འབྲེལ་གྱི་གསལ་བསྒྲགས་ཤག་ཀྱང་སྤེལ་མྱངས་བ་རེད། སྲིད་འཛིན་མ་ཡུང་ཅང་རང་བཙན་མི་འདོད་མཁན་རེད། རང་བཙན་རྩོད་གཞི་ཙམ་ཡོད་པའི་རྒྱུ་མཚན་གྱིས་སྲིད་འཛིན་མ་ཡུང་ཅང་ནུབ་ཕྱོགས་དང་རྒྱ་གར་སོགས་ལ་ཕེབས་ཆོག་གི་མ་རེད་ཟེར་བ་རྫུན་རེད་བསམས་ཀྱི་འདུག
གོང་དུ་དྲ་པ་ཚོས་གསུངས་པ་ལྟར་བློ་སེང་མཁས་དབང་རེད་འདུག རྫུན་གྱི་མཁས་དབང་ཆགས་འོང་གི་འདུག་ལ་བོད་མི་དམངས་སེམས་ཤུགས་བཅག་མཁས་པ་ཞིག་རེད། བརྒྱ་ཆ་གཉིས་དང་ཕྱེད་ཀ་ལས་མེད་རབས་བཤད་ནས་སེམས་ཤུགས་བཅག་གང་ཐུབ་ཐུབ་བྱེད་བཞིན་འདུག
འབྲུག་རྒྱལ་ཁབ་ཀྱི་མི་འབོར་འབུམ་བཞི་ལྷག་ལས་མེད་པ་རེད། བརྒྱ་ཆའི་ཐོག་ནས་བཤད་ན་ཕྱེད་ཀ་ལས་ཉུང་བ་འདྲ། ཡིན་ཀྱང་རང་བཙན་ཐོབ་ནས་བསྡད་འདུག་ག ཡུལ་ལུང་རང་དབང་འཐོབ་པར་མི་འབོར་མང་དགོས་པའི་ཁྱབ་ཀྱི་མ་རེད། མཁས་པས་བཤད་སྟངས་ཐབས་སྐྱོ་པོ་འདི་འདྲ་རེད་དོ།
http://www.voatibetan.com/content/article/2520590.html
རྒྱ་མི་རིགས་དུང་ཕྱུར་༡༣་ཡོངས་རྫོགས་བོད་ཀྱི་རང་དབང་ཕྲོགས་མཁན་མ་རེད། བོད་ཀྱི་ཁ་གཏོད་མ་རེད། རྒྱ་མི་ཡིན་ཚད་ཐམས་ཅད་བོད་ཀྱི་ཁ་གཏོད་ཡིན་པའི་ཟོལ་འདྲ་ཞིག་བཤད། བོད་ཀྱི་དགྲ་བོ་ཡིན་པའི་ཟོལ་འདྲ་པོ། རྒྱ་མི་ཚང་མ་བོད་མི་ས་ཡ་དྲུག་ལ་བགོ་བཤའ་བརྒྱབས། ག་ཚོད་ཐོབ་མིན་བཤད། བོད་མི་རེ་རེས་རྒྱ་མི་ག་ཚོད་ཀྱི་ཁ་བཏོད་བཅག་དགོས་མིན་བཤད། སྐད་ཆ་བཤད་སྟངས་འདི་དག་མཁས་པས་བཤད་སྟངས་མ་རེད། བླུན་པོས་བཤད་སྟངས་རེད།
རོ་ཅི་ལགས་ཀྱིས་གནད་དོན་གྱི་ལྟེ་གནད་བཟུང་འདུག ཡིན་ཡ་དེ་བཙན་བྱོལ་ནང་གི་འགལ་བ་ཆེ་ཤོས་དེ་ནི་དམངས་གཙོ་རིང་ལུགས་པ་དང་བླ་གཙོའི་རིང་ལུགས་པའི་བར་གྱི་འགལ་བ་རེད། མ་འོངས་བོད་ཀྱི་མདུན་ལམ་ཡང་གནད་དོན་འདིར་ཐུག་འདུག
ལུང་རྟོགས་ཀྱིས། ༼ཟམ་གདོང་བླ་མས་གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་ནས་དོལ་རྒྱལ་མཐའ་ཅིག་ཏུ་དགག་ཡོད་པས་ཁྱེད་ཚོ་ཁོང་ཕྲོ་ལང་བར་ཁག་ཁྱོན་ནས་མེད་ད། ཧཧཧ༽ ཟེར། གོང་ས་མཆོག་དང་ཟམ་གདོང་ཅན་ནས་དོལ་རྒྱལ་དགག་རྒྱུ་མ་བྱུང་ཟེར།
དྲ་གྲོགས་ཡོངས་ལ་དྲི་བ་ཞིག་ཡོད། མ་འོངས་བོད་ཀྱི་དབུ་ཁྲིད་གསོ་སྐྱོང་གི་འགན་ད་ལྟའི་སྲིད་གཞུང་ལ་ཡོད། དབུ་ཁྲིད་དེ་མི་རེ་གཉིས་ཀྱི་ཁེ་ཕན་ཙམ་མིན་པར་བོད་མི་ཡོངས་ཀྱིས་གུས་བཀུར་དང་གདེང་འཇོག་བྱེད་ས་ཞིག་ངེས་པར་ཡིན་དགོས། མ་ཟད་རྒྱལ་སྤྱིའི་སྒང་ལ་གྲགས་པ་ཡོད་པ་ཞིག་ཀྱང་ཡིན་དགོས། དེ་ཡང་མི་གཅིག་མིན་པར་གཅིག་ལ་སྐྱོན་བྱུང་ན་གཞན་དེས་ཚབས་བྱེད་ཐུབ་པ་ཞིག་དགོས། དེ་ལྟ་བུའི་བརྒྱུད་འཛིན་གསོ་སྐྱོང་བྱེད་ཐུབ་མེད་ན། བོད་གཞུང་གིས་མ་འོངས་པར་ཐུགས་བསམ་བཞེས་མ་ཐུབ་པར་མིན་ནམ།
གང་ལྟར་སྲིད་སྐྱོང་ལ་མི་སུ་འདྲ་ཞིག་སླེབས་ཡོད་ཀྱང་། ཁོང་ལས་ལེགས་པོ་མེད་ན་སྡུག་པོ་མེད་ཤག་ཡིན།
བློ་སེང་གིས་ལོ་ལྔ་འདི་ལྟར་བསྐྱལ་རྗེས་ཐེངས་རྗེས་མིའི་འོས་མི་ལངས་རྩིས་བྱེད་ཀི་རེད།
ཅོ་རི་ཨབ་ཕྲུག བོད་མི་རིགས་རྒྱ་ནག་གི་མི་འབོར་ནས་གྲངས་ཆུང་༢།༥ཡིན་པ་བདེན་པ་རེད་ལ། བོད་མི་མང་གིས་རྒྱ་ནག་མི་མང་ལ་ཁ་བཏད་བཅག་དགོས་ན་མི་ཆོག་པ་ཡང་བདེན་པ་རེད། བོད་མིའི་དབུ་མ་རྩོད་ན་རྒྱ་ནག་མི་མང་གིམཁྲོད་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོང་གི་ཡོད་པས་རྒྱ་ནག་མི་མང་ང་ཚོའི་ཁ་བཏད་མ་ཡིན་པ་བདེན་ཡང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ནི་རེ་གཉིས་ལས་མེད་པས་རང་བཙན་རྩོད་ན་རྒྱ་ནག་མི་མང་ཁ་བཏད་མ་ཡིན་པ་སུས་ཀྱང་བཤད་མི་ཐུབ། འདི་ཚོ་ལ་བསམ་བློ་ཐོང་དང་འཁྱོག་བཤད་སུས་བྱེད་ཀྱི་འདུག་བདེན་པ་སུས་བཤད་ཀྱི་འདུག་གསལ་པོ་ཆགས་ཡོང་། ཐེ་ཝན་སྲིད་འཛིན་རྒྱལ་ཁབ་གཞན་དག་ནང་ལ་ཕེབས་ཐུབ་ཀྱི་མེད་པ་དངོས་ཡོད་རེད་ལ། ཡུ་གུར་བས་རང་བཙན་རྩོད་ཀྱི་ཡོད་པ་ལ་རྟེན་ནས་ཁོང་ཚོའི་དབུ་ཁྲིད་ར་བྷིས་ཡ་སྐྱབས་གཅོལ་ཞུ་ཡུལ་འཇར་མན་ཕུད་པའི་རྒལ་ཁབ་རེ་ཟུང་ཙམ་ལས་ཕེབས་ཐུབ་ཀྱི་མེད་པ་ཡང་དངོས་ཡོད་རེད། དངོས་ཡོད་གནས་ཚུལ་བཤད་པ་ལ་སྐྱོན་བརྗོད་བྱེད་མཁན་དེ་དག་གིས་གནས་ལུག་དང་དྲང་བདེན་གྱི་སྐད་ཆ་བཤད་ཡོང་ན་ངོ་མ་གད་མོ་རྐུབ་ནས་ཤོར་ཡོང་།
ཡུར་གུར་བའི་དཔའ་མོ་ར་བྷི་ཡ་མཆོག་ལྟ་བུའི་དབུ་ཁྲིད་ཤིག་བོད་ལ་ཡོད་ན་མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་རྨང་གཞི་དང་བརླགས་བཅུག་གི་མ་རེད། བོད་མི་རིགས་ལ་དབུ་ཁྲིད་ཁོང་ལྟ་བུ་ཞིག་མེད་པས་སྐྱོན་གྱིས་མ་འོངས་མི་རབས་གསར་པ་ཚོའི་འཐབ་རྩོད་ཀྱི་རྨང་གཞི་བཞག་ས་མེད་པར་ཆགས་སོང་བ་རེད།།
ཐད་ཝན་ལ་རང་བཙན་གྱི་རྩོད་གཞི་ཙམ་ཡོད་པའི་རྒྱུ་མཚན་གྱིས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་ཐད་ཝན་སྲིད་འཛིན་མ་ཡུང་ཅང་ལགས་འགྲོ་མི་ཆོག་པ་རེད་ཅེས་པའི་སྐད་ཆ་འདི་ལ་ཁུངས་ལུང་ག་རེ་ཡོད་དམ། གསལ་བཤད་ཤིག་བྱོས་དང་།
ཡུར་གུར་བའི་སྲིད་འཛིན་ལྕམ་ར་བྷི་ཡ་མཆོག་གིས་ཐུགས་རྗེ་བཀའ་དྲིན་གྱིས་ཨོ་བྷ་མས་ཐད་ཝན་དང་བོད་གཉིས་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་མ་གཏོགས་ཡུར་གུར་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་མི་འདུག་ག བོད་དང་ཐད་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད་ཟེར་བ་ལས་ཡུར་གུར་བའི་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད་ཅེས་གསུངས་མི་འདུག་ག
བྲན་གཤིས་མ་དོར་བའི་མི་ཁྱོད་ཚོའི་གྲལ་རྐུབ་ནས་གད་མོ་ཤོར་གི་རེད། མྱི་ཆེན་བླ་ཆེན་ཚོའི་རྐུབ་ལྡག་ལྡག་གིས་ཁྱོད་ཀྱི་བྲན་གཡོག་གི་རྐུབ་དེ་ཡང་གད་མོ་ཤོར་ཤེས་བ་མིན་ནམ།་་་ཧཧཧ འགྲོ་བ་མིའི་རིགས་ཀྱིས་ཁ་ནས་གད་མོ་ཤོར་གི་རེད། བྲན་གཤིས་ཅན་ཁྱོད་ཀྱིས་རྐུབ་ནས་གད་མོ་ཤོར་་་་་ཨ
རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རེ་གཉིས་ལས་མེད་ཨེ། དབུ་མ་ལ་ག་ཚོད་ཡོད་དམ། རེ་གཉིས་ཤིག་མ་རེད་པེ། ཁྱོད་ཚོའི་དབུ་མའི་ལམ་ཁྲིམས་འགལ་རེད་ཟེར་ནས་ཡ་ལན་བྱས་ཀྱི་མེད་པ། ཁྱོད་ཚོས་ལོ་མང་རིང་དུ་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་རབས་བཤད་བསྡད་མཁན་ཚོས་ཁ་ནང་མཛུབ་མ་བཅུག་ནས་བསྡད་ཡོད་པ། ཁྲིམས་འགལ་མིན་པས་ལན་དོན་མཐུན་ཞིག་བརྒྱབས་ཐུབ་མེད་པ། སྙིང་རྗེ་་་་ཁྱོད་ཚོ། བོད་མི་རྨོངས་དད་ཅན་རྣམས་མགོ་སྐོར་གཏོང་གྱི་མ་གཏོགས་ག་རེ་འཇོན་གྱི་ཡོད་དམ།
སྔོན་མར་ཟམ་གདོང་བླ་མས་སྐྱ་རྫུན་ཤ་དག་བཤད། དེང་སང་བློ་སེང་གིས་ཀྱང་སྐྱ་རྫུན་འགོ་འཛུགས་ཡོང་གི་འདུག བོད་མི་དམངས་མགོ་སྐོར་གཏོང་ཐུབ་ན་ག་རེ་ཕན་གི་རེད་དམ། དབུ་མའི་ལམ་ལ་གྲུབ་འབྲས་མེད་ན་མེད་པ་རེད། ཡོད་མདོག་མདོག་གིས་རྫུན་བཤད་ནས་ཅི་ཕན་གི་རེད་དམ།
ཅོ་རི་ཉི་མ་སྐད་ཆ་ལ་རྫིག་པོ་བཤད་ཀྱིན་འདུག་འོན་ཀྱང་སྐད་ཆ་ལ་ཉམས་དང་འདྲ་ཆགས་པོ་རྫིག་རྫིག་པོ་ཞིག་གི་ཕན་གང་ཡང་མི་ཐོག་སྐད་ཆ་བཤད་དུས་གཟབ་ཐུབ་ན་དེ་ལ་རྒྱལ་ཁ་ཞིག་ཡོད་པ་བཤད་མི་དགོས་རང་གིས་བཤད་སྟངས་འདི་ལ་ལྟས་ན་ཧ་ཅང་རྨོངས་བའི་གནག་རྫི་ཞིག་ལོས་ཡིན་བསམ་ས་འདྲ་རེད ཤེས་ཡོན་གྱི་ཚད་ཐུགས་ཧ་ཅང་སྐྱོ་བའི་མགོ་སྟོང་ཞིག་ཡིན་པ་གཞི་ནས་ཤེས་སོང་། གཟུ་གནས་ཤིག་དང་གནས་སྟངས་ལ་བསམ་ཤེས་བྱེད་ཐུབ་མཁན་ཞིག་ཡིན་ན་བོད་མའི་ལས་དོན་གྱི་ཆེད་ལོ་མང་རིང་དཀའ་ལས་སྐྱོང་བཞིན་པའི་ལས་མི་དག་ལ་རྒྱབ་སྐྱོར་དང་ཡི་རང་བྱེད་དགོས་བ་ལས་དེ་དག་ལ་སྐྱོན་འཛུག་བྱེད་་རུང་ངམ་སྐད་ཆ་དག་མ་ཡིན་རང་རྟེན་ལ་མཚོན་ན་བོད་དོན་ཀྱི་ཆེད་ལས་་ཀ་ཅི་འཇོན་གྱི་ཡོད་ཁག་པོ་རེད་བཤད་དགོས་ན་ལས་སླ་བོ་རེད་་ལག་ལེན་ཅི་སྟོན་རྒྱུ་ཡོད་ ད་ལྟའི་བོད་ཀྱི་གནས་སྟངས་ལ་གཟིགས་ན་ཚང་མ་མཉམ་རུབ་དང་ཡིད་ཆེས་བློ་གཏད་ དགོས་པའི་དུས་ཤིག་ཡིན་པས་སྐྱོན་འཛུག་གི་དུས་ཤིག་རྩ་བ་ནས་མིན་གྲོགས་པོ་དྲ་ཐོག་ནས་ཅི་ལབ་ཀྱང་ཆོག་གི་རེད་མ་དྲན།
གང་ལྟར་ག་རེ་བཤད་ན་མ་བཤད་ན་སྲིད་སྐྱོང་མཆོག་ནས་རང་ཉིད་ཀྱི་ངོ་ཤེས་ཤ་ཏག་མགོ་ལ་བཞག་རྩིས་བྱ་བཞིན་འདུག ཤེས་རིག་བཀའ་བློན་དང་པོ་དྲུང་ཆེར་བསྐོས་པ་དང་རྗེས་སུ་བཀའ་བློན་བཟོས། ད་ལྟའི་ཨ་རི་དོན་གཅོད་དང་པོོ་སྲིད་སྐྱོང་གི་སློབ་སྟོན་པ་ཡིན་ཁུལ་ལས་ཀ་བྱས། ལོ་ཤས་རྗེས་ཨ་རི་དོན་གཅོད་བསྐོས། ཇོན་ཐང་མེད་པའི་འཕྲོད་བརྟེན་བཀའ་བློན་གྱི་སྐུ་ཟླ་ནི་སྲིད་སྐྱོང་གི་ཉེན་སྤུན་ཡིན་འདུག་པས་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཡིན། སྲིད་སྐྱོང་མཆོག་ནས་ད་དུང་ཕྱི་རྒྱལ་དུ་སྡོད་མཁན་སྤྱི་ཚོགས་ནས་གོ་ཐོས་མེད་པའི་མི་རེ་ཟུང་དོན་གཅོད་བསྐོ་བཞག་བྱ་འཆར་གྱིས་ད་ལྟ་རྡ་རམ་ས་ལར་སྲིད་སྐྱོང་ཉེ་སར་སྡོད་མུས་རེད་འདུག ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དུ་གཞུང་ཞབས་མིན་པ་བསྐོ་བཞིན་པ་ནི་ད་ལྟའི་བཀའ་ཤག་ནས་གཞུང་ཞབས་དྲུང་ཆེ་ཚོར་ཤེས་ཇོན་མེད་པ་ངོས་འཛིན་དང་མཐོང་ཆུང་གཏོང་བ་ཡིན། ལྷག་པར་དུ་སྲིང་སྐྱོང་མཆོག་ལ་སྤྲེལ་ལད་བཤད་མཁན་མི་ཉུང་བ་ཡོད་བཟོ་འདུག་པས་བྱ་ར་བྱོས་དང་ཤེས་ངེས་ཡིན། སྒྲིག་གཞིའི་ལག་པ་འདམ་ནས་བཞག་ཡོད་པ་མ་ལྟོས་སྲིང་སྐྱོང་མཆོག་ནས་ཇོན་ཐང་དང་ཤེས་ཡོན་ཡོད་མིན་ལ་མ་ལྟོས་པར་རང་གི་ཉེ་གྲོགས་སྤུན་གསུམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་འཁྲིད་དུ་བསྐོ་རྒྱུ་ཡིན་པ་ཐེ་ཚོམ་མིན་འདུག་གོ།
བརྒྱ་བཤད་ཚིག་གི་རྩ་བ། སྟོང་བསྲུབས་འོ་མའི་མར་ལོ་ནི་སྐུ་ཞབས་ཅོ་རི་ལགས་ཀྱིས་བཏོན་པའི༼བླ་གཙོ་རིང་ལུགས༽ཞེས་པའི་གླེང་སློང་འདི་རེད་ལ། འདི་ནི་བརྗོད་གཞི་ཧ་ཅང་གི་རྣོ་ངར་ཅན་ཞིག་རེད། ཚང་མས་སེམས་གནད་ལ་ཕབ་ནས་ཞིབ་འཇུག་གནང་ནས་སྐད་ཆ་བཤད་རོགས།
སྤོབས་མཐས་ལོ་རྒྱུས་དྲང་པོ་ཞིག་བྲིས་འདུག ཁ་བརྡའི་ནང་ལ་ད་བར་རྩོམ་ཀློག་རིན་ཆོག་པ་ཞིག་བྲིས་འདུག དྲང་པོ་དྲང་པོར་སྲང་འདེགས་ནས་ཞལ་དགོས། བློ་སེང་གིས་བྲིས་པའི་རྩོམ་ཡིག་དེ་དང་ཁོང་གི་ཞིབ་འཇུག་སྤུས་ཚད་ལ་ཧར་ཝར་ཊི་སློབ་ཆེན་ནས་གདེང་ཆོག་མཐོན་པོ་བྱས་ནས། སློབ་ཆེན་དེའི་ཡན་ཆིང་ཞིབ་འཇུག་ལྟེ་གནས་ནས། དམིགས་བསལ་བློ་སེང་ལ་ཞིབ་འཇུག་པའི་གོ་གནས་བསྐྲུན་ནས། རྒྱ་བོད་དབར་ལ་བགྲོ་གླེང་བྱེད་པའི་བྱ་བ་མི་ཉུང་བ་ཞིག་བསྒྲུབས་སོང་། དེ་ཁྱེད་རྣམ་པས་དེ་དྲན་གསོས་ཀྱི་འདུག་གམ། Research Fellow of Harvard Yenching Institute ཟེར་བ་འདི་དྲན་གྱི་འདུག་གམ། འཛམ་གླིང་ནང་གི་ཨེ་ཤ་ཡའི་ཞིབ་འཇུག་སྡེ་ཚན་སྐད་གྲགས་ཆེ་ཤོས་དེར་ཁ་མཁས་པོ་གཅིག་པོས་ཐར་གྱི་མེད་པ་དེ་ངས་ཤེས།
ང་ཚོས་བརྗེད་མི་ཉན་པ་ཞིག་ནི། བློ་སེང་བཀའ་ཁྲིར་མ་ཕེབས་གོང་ལ། ཁོང་ཧར་ཝ་ཊིའི་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ་ཞིག་རེད། དེ་བདེན་པ་རེད། བློ་སེང་ལ་ཞིབ་འཇུག་པའི་རིན་ཐང་དང་མཁྱེན་རྒྱ་མིན་འདུག་ཟེར་མཁན་གཙོ་བོ་ནི་འཇམ་དབྱངས་ནོར་བུ་དང་ཁོང་གི་རྗེས་བྲངས་པ་རྣམས་རེད། རྒྱུ་མཚན་ནི་བསྟན་འཛིན་བཀྲས་མཐོང་བློ་སེང་གི་ཁ་གཏད་ལ་ལངས་པ་དང་། བློ་སེང་གི་མཉའ་གཅོག་ཆེད་དུ་ཆལ་གཏམ་འདི་འདྲ་ཞིག་བཀྲམས་སོང་། འཇམ་དབྱངས་ནོར་བུས་བློ་སེང་གི་གཉའ་གཅོག་ཐབས་བྱེད་པ་ནི་རྒྱལ་བཞེན་དང་མི་རིགས་ཆེད་དུ་མིན་པར། སྐུ་དྲག་གི་ཁྲག་རྒྱུད་གཅིག་པའི་བཞེན་ཁོག་ཁོ་ན་རེད། འཇམ་དབྱངས་ནོར་བུ་བསྟན་འཛིན་བཀྲས་མཐོང་གི་གཉེན་ཚན་རེད།
དོན་དངོས་ལ་བློ་སེང་གི་ཤེས་ཡོན་ལ་འགྲན་ཐུབ་མཁན་ནི་ད་ལྟ་བོད་མིའི་ནང་ལ་བསླེབས་མ་སོང་། ཡོད་ན་གསུངས་རོགས། བདེན་པ་བདེན་པར་བཞག་རོགས།
གྲོགས་པོ་ཚོ། བསམ་ཚུལ་གཅིག་པུར་མགོ་མ་འཁོར་བར། དངོས་ཡོད་ཀྱི་བརྡར་ཤ་ཆོད་རོགས། གསུངས་དང་། བློ་སེང་གི་ཤེས་ཡོན་ཆུ་ཚད་དང་དོ་སྙོམས་ཐུབ་མཁན་གྱི་བོད་པ། འཛམ་གླིང་གི་སློབ་ཆེན་ཁག་གི་མཁས་ལེན་ཐུབ་མཁན་གྱི་མི་རབས་གསར་པའི་བོད་མི་རྣམས་ཀྱི་ཐོ་ཐོན་ཤོག
བློ་སེང་གི་ཆེད་ལས་ནི། རྟོག་ཡན་དང་རྟོགས་བཟོའི་རྩོམ་རིག་དང་སྙན་ངག་རིག་པ། དེ་བཞིན་ཁུངས་སྐྱེལ་མི་དགོས་པའི་ཆོས་ལུགས་རིག་པ། ད་དུང་ཁུངས་ལུང་མེད་པའི་བོད་རིག་པ་ཟེར་བའི་ཆེད་ལས་སོགས་མིན་པར། རྒྱལ་སྥྱིའི་ཁྲིམས་ལུགས་རིག་པ་རེད། ཁྲིམས་ལུགས་རིག་པ་དེ་ནུབ་ཕྱོགས་ཀྱི་གཞུང་ལུགས་ནང་ལ་ཆེས་དཀའ་ཤོས་དང་ཞིབ་ཚགས་ཤོས། རྣམ་དཔྱོད་དང་བློ་རྩལ། སྐྱེ་སྟོབས་དང་སྦྱངས་སྟོབས་གཉིས་ལ་རྩེར་སོན་པའི་རིག་པ་ཞིག་ཡིན་སྟབས། ཨ་རིའི་ནང་ལ་སྲིད་འཛིན་ལ་ཕེབས་མཁན་ཨོ་བྷ་མ་དང་། སྦིལ་ཁི་ལོན་ཊོན། ད་ལྟའི་ཕྱི་སྲིད་བློན་ཆེན་ཇོན་ཁེ་རི། ལྕམ་ཧེ་ལ་རེ་སོགས་ཀྱང་ཆེད་ལས་འདི་ལ་དོན་གཉེར་བྱས་ནས་ཨ་རིའི་ཆབ་སྲིད་ཀྱི་སྟེགས་བུའི་སྟེང་ལ་ཕེབས་ཐུབ་པ་བྱུང་ཡོད།
བྱས་ཙང་བློ་སེང་ལ་མཁས་དབང་ཟེར་དུས་བློ་ལ་མི་འགྲོ་ན། ད་མཁས་དབང་གང་འདྲ་ཞིག་དགོས་སམ།
ངས་རང་གི་མི་རིགས་འདིའི་སྤོབས་པའི་ཆེད་དུ་བཤད་ཀྱི་ཡོད། བློ་སེང་མི་སྒེར་ལ་འབྲེལ་བ་མེད། མི་རིགས་ཤིག་གི་རེ་བ་ལ་བསམ་བློ་བཏང་ནས་བཤད་ཀྱི་ཡོད། རྟག་ཏུ་ཅོ་རི་དང་སྤྲུལ་སྐུ་དབང་ཆེན་གྱི་རྩོམ་ཉོག་ཤ་སྟག་བཀླགས་ནས་འཇིག་རྟེན་འདིའི་སྒོ་འབུད་མཁན་མང་པོ་ཞིག་ལ་བློ་སྒོ་འབྱེད་པའི་དམིགས་ཡུལ་ཡིན།
དྲ་འབུ་ཚོ་ཉོན་ཨ་།བཅའ་ཁིམས་ནང་མང་གཙོ་འཁོད་མེད་ན་ལམ་ལུགས་གང་གི་བརྒྱུད་ནས་བློ་སེང་ལ་འིག་ཤོག་ཐོབ་པ་རེད་།ཟམ་གདོང་རིན་པི་ཆེའི་བཙན་བྱོལ་སྤྱི་ཚོགས་འདི་ཁྲིམས་ཀྷི་དབང་་འོག་ཏུ་་བཞག་་དེ་དྲ་འབུ་ཁྱེད་ཚོས་ཤ་མེས་པ་ཡིན་ནམ་།རའང་བཙན་དང་རང་དབང་ངོ་མ་ཤེས་།མང་གཙོ་དང་དམངས་
གཙིོ་ཧ་མ་གོ་།བླ་མ་དང་བསྔགས་པ་ངོ་མ་འཕྲོད་།གདུང་བརྒྱུད་དང་སྤྲུལ་སྐུ་་དོན་མ་རྟོགས་།མང་ནི་གྔངས་ཀྱི་གསལ་བྱེད་རེད་།དམངས་ནི་གྲལ་རིམ་གྱི་གསལ་
བྱེད་རེད།རང་བཙན་ནི་རྒྱལ་ཁབ་ཀྱི་མངའ་དབང་རེད་།རང་དབང་ནི་མི་རིགས་་ཀྱི་ཐོབ་་ཐང་ལ་ཟེར་།དྲ་གྲོགས་ཚོ་དེ་ཚོ་ཤེས་པ་བགྱིས་།ཧ་ཧ་ཧ་།གང་ཡང་མ་ཤེས་པར་དྲ་རོྒྱའི་སྒོ་ནང་།མཛུལ་མཁན་དྲ་འབུ་མང་
བློ་བཟང་སེང་གེ་ཧར་ཝར་ཡན་ཆིང་ཞིབ་འཇུག་ཁང་ལ་ལས་ཀ་སྒྲུབ་དུས། ཧར་ཝར་སློབ་ཆེན་གྱི་གནོན་ཤུགས་འོག་ལ་རྒྱ་ནག་གཞུང་གིས་མི་འདོད་བཞིན་དུ་ཁོང་རྒྱ་ནག་ལ་མགྲོན་འབོད་བྱེད་དགོས་ཐུག་སོང་བ་རེད། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཧ་ཝར་ཊིའི་སྐུ་མགྲོན་ལ་ལོ་ལྟར་ཁོང་ཚོའི་ལྟ་བ་ལ་རོགས་སྐྱོར་བྱེད་མཁན་གྱི་མཁས་པའི་མིང་འཛིན་པ་རེ་མགྲོན་འབོད་བྱེད་པའི་རེ་བའ་འདོན་གྱི་ཡོད། དེར་རྟེན། ཡན་ཆིང་ཞིབ་འཇུག་སྡེ་ཚན་གྱིས། བློ་སེང་ཡན་ཆིང་གི་སྐུ་ཚབ་ལྟ་བུས་གདན་ཞུ་བྱེད་དགོས་ཟེར་དུས། རྒྱ་ནག་གཞུང་གིས་ལོ་ཤས་རིང་དེ་འགྱངས་པ་རེད། མཐར་ཧ་ཝར་གྱིས་རྒྱ་ནག་གི་སྐུ་མགྲོན་འབོད་རྒྱུར་བཀག་ནས་བློ་སེང་ཕར་མ་བཏང་ན་ཚུར་རྒྱ་ནག་གཞུང་གི་སྐུ་མགྲོན་གཏོང་གི་མིན་ཟེར་དུས། གཞི་ནས་བློ་སེང་རྒྱ་ནག་ལ་གདན་ཞུ་བྱས་པ་རེད། དེ་བདེན་པ་རེད། ཁྱེད་ཚོས་མུ་མཐུད་ཤོད་དང་།
མཆན། 34 ལ་ལན་འདེབས་མཁན་སུ་ཡང་བྱུང་མི་འདུག བླ་གཙོ་དང་། སྐྱ་གཙོ་གང་ཞིག་ཡིན་ཀྱང་དམངས་གཙོ་མ་རེད། མི་སུ་ཞིག་ཡིན་ཀྱང་སྲིད་དབང་སྒེར་འཛིན་གྱི་དཔུང་ཚོགས་བསྒྲིགས་ཚེ་ལམ་ལོག་ཏུ་སོང་བ་རེད། འདས་པའི་ལོ་རྒྱུས་བཤད་ན་ད་ལྟའི་སྟོབས་ལྡན་རྒྱལ་ཁབ་སུ་ཞིག་ཡིན་ཀྱང་དྲི་ངན་འཐུལ་བ་ཞིག་ལས་མེད། དེ་བརྒྱུད་རིམ་རེད། རྫོགས་ཟིན་པ་རེད། གླེང་མོ་ཇི་ཙམ་བྱས་ཀྱང་ཕན་པ་ཆེར་མེད། གཙོ་བོ་མདུན་དུ་བསྐྱོད་དགོས། མ་འོངས་པ་གླེང་ཐུབ་དགོས། དཔྱད་ཤེས་དགོས། དཔག་ཐུབ་དགོས། འཆར་གཞི་ཡོད་དགོས། ཐབས་ལམ་ལེགས་དགོས། སྐྱབས་བཅོལ་བ་རྣམས་གཞི་རྒྱ་ཆེ་བའི་་རང་བཙན་རྒྱལ་ཁབ་ཚོ་དང་བསྡུར་ཐབས་མེད། རང་ལ་འཚམས་པའི་ལས་ཀ་བྱེད་དགོས། ལས་ལམ་ཉག་གཅིག་རེ་སྒུག་བྱེད་པ་ལས་འོས་མེད། བར་སྐབས་དེར་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་རྩ་བརླགས་སུ་མི་འགྲོ་བའི་ཐབས་ཅི་ཡོད། ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད་དང་ལས་བྱེད་ཚད་ལྡན་གསོ་སྐྱོང་བྱེད་ཐུབ་ཡོད་མེད། ད་ལྟ་ཉི་མ་འཁྱོལ་ཐབས་ཙམ་ཡིན་ནམ། མ་འོངས་པར་མིག་རྒྱངས་རིང་པོའི་འཆར་གཞི་བསྒྲིགས་ཡོད། ཕྱིན་ཆད་འོས་ཤོག་འཕེན་མཁན་ཡོངས་ཀྱིས་བསམ་བློ་ཞིག་ངེས་པར་གཏོང་དགོས། །ཕྲན་ལྟ་བུ་ཡིན་ན་འོས་ཤོག་ཀྱི་ཐོབ་ཐང་ཡང་མེད་པས་ཞུ་མ་འོས་པ་ལྟར་གྱུར་མོད། སྐབས་བབས་གནད་ཐིག་གི་སྐོར་གླེང་མཁན་ཉུང་བས་ཡིག་འཆལ་འདི་ཐལ་བར་དགོངས་དག་ཞུ།
བོད་པ་ཚོར་གོང་ས་སྐྱབས་མགོན་ཆེན་པོ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡོད་པའི་རྐྱེན་གྱིས་བོད་དོན་ཞེས་པ་འདི་རྒྱལ་སྤྱི་ཅན་དང་བཙན་བྱོལ་བོད་པ་ཚོ་སོ་སོའི་གཞུང་དང་སློབ་གྲྭ་སོགས་རྒྱལ་ཁབ་ཅིག་གི་ཆ་རྐྱེན་ཆ་ཚང་ཡོད་པའི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་ཙམ་གྱི་གནས་བབ་འདི་བྱུང་བ་རེད། དབུ་ཁྲིད་ར་བྷིས་ཡ་ལྟ་བུ་ཞིག་ལས་མེད་ན་ཚོགས་པ་ཆུང་ཆུང་ཅིག་ལས་ཅི་ཡང་མེད་པ་དང་རྒྱལ་སྤྱིས་རྒྱབ་སྐྱོར་ཡང་མེད་པའི་ད་ལྟའི་ཡུ་གུར་སྐྱབས་བཅོལ་བ་ལྟ་བུ་ཞིག་ཡིན་ངེས་རེད། འོན་ཀྱང་མིག་འཁྲུལ་པས་དུང་སེར་པོ་སྣང་བ་ལྟར་ཤེས་པ་འཁྲུལ་ཟིན་པའི་མིས་དངོས་ཡོད་གནས་ཚུལ་མི་མཐོང་བ་ནི་རང་བཞིན་རེད། ཐེ་ཝན་སྲིད་འཛིན་རྒྱལ་ཁབ་གཞན་ལ་འགྲོ་ཐུབ་ཀྱི་མེད་པ་ནི་མཐོང་ཆོས་རེད། འདི་འགྲོ་མི་ཐུབ་པའི་རྒྱུ་མཚན་ནི་རྒྱ་གཞུང་གི་གནོན་ཤུགས་ཡིན་པ་གསལ་པོ་རེད་ལ། གནོན་ཤུགས་སྤྲད་དགོས་དོན་ཡང་ཐེ་ཝན་རང་བཙན་ཡིན་མིན་གྱི་རྩོད་གཞི་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པ་གསལ་པོ་གསལ་རྐྱང་རེད། ད་འདི་ལས་ལྷག་པའི་གནས་ལུག་ཅི་ཞིག་བཤད་དགོས་པ་འདུག་གམ། ཨོ་བྷ་མས་ཡུ་གུར་ཐད་སྐད་ཆ་མ་བཤད་པ་ནི་བཟང་དྲག་ནས་ཅང་མ་རེད། བོད་དང་ཐེ་ཝན་གྱི་གནད་དོན་འདི་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་ལ་གྱུར་པར་ཨོ་བྷ་མས་འདིས་ཐད་ལ་ཁ་ཞིག་མ་གྲག་རང་གྲག་ཆག་ཡོད་པ་རེད་ལ། ཡུ་གུར་བར་ནུས་པ་གང་ཡང་མེད་པས་སྣང་མེད་ལ་བཏང་བཞག་གི་ཡོད་པ་རེད། རང་གི་བླ་མ་ལ་དད་པ་དང་དབུ་ཁྲིད་ལ་བཀུར་བ་དེ་ལ་རྒྱ་ཅན་གྱི་བྱེད་སྟངས་རེད་དེ་ལ་བྲན་གཤིས་མི་ཟེར། བྲན་གཤིས་ཅན་ངོ་མ་ནི་བྱ་བ་ཐམས་ཅན་བཙན་གནོན་ཁོ་ནས་སྒྲུབ་པའི་རྒྱ་དམར་གཞུང་གི་རྐུབ་ལྡག་མཁན་དོལ་ཕྲུག་ཁྱེད་ཚོ་རེད་དེ་ཤེས་པར་གྱིས།
དབུ་མའིམལམ་ཁྲིམས་འགལ་རེད་ཟེར་མཁན་ནི་རྒྱ་ནག་དམར་གཞུང་ཡིན་པ་ལས་རྒྱ་ནག་མི་མང་མ་རེད། རྒྱ་རིགས་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་ཡོད་པ་རེད་ལ་ད་དུང་དངོས་ཡོད་གནས་ཚུལ་ཤེས་རིམ་བཞིན་ཇེ་མང་ལ་འགྲོ་བཞིན་པ་རེད། འོན་ཀྱང་འདི་ཚོའི་ཁྲོད་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་ཚག་དགུ་ནི་དབུ་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་གསལ་པོ་རེད། རྒྱ་ནག་གཞུང་གིས་ངོ་ཚ་ཁྲེལ་མེད་ཀྱིས་བོད་དོན་ལ་གཡོལ་ཐབས་བྱེད་ཀྱི་ཡོད་ཀྱང་ཁོ་ཚོས་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་པ་ལས་དབུ་ལམ་ལ་ཁ་ཐུག་སྐྱོན་བརྗོད་བྱེད་ཐུབ་ཀྱི་མེད་པ་མཐོང་ཆོས་རེད།
ནད་མེད་ཚེ་རིང་ལགས་སྐྱག་རྫུན་མ་བཤད། རྡ་སའི་སྲིད་གཞུང་འདི་དམངས་གཙོའི་གཞུང་རེད་མ་བཏོགས་དབང་ཆ་ཅིག་སྡུད་ཀྱི་གཞུང་མ་རེད། བཀའ་ཤག་གིས་ལས་དོན་གང་ཞིག་བྱེད་དགོས་ཀྱང་སྤྱི་འཐུས་གྲོས་ཚོགས་ནས་མོས་མཐུན་དགོས་པ་རེད། སྤྱི་འཐུས་གྲོས་ཚོགས་ནང་མི་ཁྲ་འདྲ་དང་ལྷག་འདྲ་རྐྱང་རྐྱང་ཡོད་པས་སྲིད་སྐྱོང་གིས་ཉེ་དགའ་ཕྱོགས་ཞན་གྱི་ལས་ཀ་གནང་ན་ཁོང་ཚོ་ཁ་བཙུམ་ནས་སྡད་སྲིད་དམ། རང་ཉིད་བོད་པ་ཞིག་ཡིན་པ་ཤེས་པ་གྱིས་ལ་སྤྱི་ཚོགས་དཀྲུག་པའི་སྐད་ཆ་མ་བཤད་རོག
ངའི་བསམ་ཚུལ་ཞིག་ཞུས་ན། ད་ལྟའི་སྲིད་སྐྱོང་ལས་ལྷག་པའི་ཤེས་འཇོན་དང། སྙིང་སྟོབས། ལྷག་བསམ་བཅས་ཆ་ཚང་འཛོམས་མཁན་ཞིག་མེདཔ་ལྟ་བུ་སོང་ཙང་རྒྱ་ཆེའི་མང་ཚོགས་ཀྱིས་མཁས་དབང་བློ་སེང་མཆོག་ལ་མང་མོས་འོས་འདེམས་བྱས་པ་རེད། དེར་མ་ཟད་ཁོང་གིས་དབུ་འཁྲིད་པའི་ད་ལྟའི་བཀའ་ཤག་གིས་དངོས་སུ་ནུས་པ་ཐོན་པའི་ཕྱག་ལས་མང་པོ་གནང་དངགནང་མུས་ཡིན་པ་ཕྱི་གསལ་ནང་གསལ་རེད།
རྒྱ་བོད་ཞི་མོལ་འབྲེལ་མཐུད་མ་ཐུབ་པ་ནི་དེང་སང་རྒྱ་ནག་གི་དཔལ་འབྱོར་ཆུ་ཚད་མཐོ་པོར་སླེབས་ཡོད་ཙང་རྒྱ་གཞུང་གི་དཔོན་རིགས་ཚོས་ང་ཚོར་ལུགས་མཐུན་གྱི་ཐོག་ནས་ཞི་མོལ་བྱེད་ཀྱི་མེད་པ་ལས་ང་ཚོའི་ཕྱོགས་ནས་འབྲེལ་མཐུད་གནང་གི་མེད་པར་ཡིད་འཆེས་བྱེད་ཀྱི་མེད། དེ་ནི་རང་གི་བསམ་ཚུལ་རང་ཡིན་པ་ལས་ནང་དོན་ཞིབ་ཚགས་ཤེས་ཀྱི་མེད་པས་ནོར་འཁྲུལ་འདུག་ན་དགོངས་དག་ཞུ་རྒྱུ་ཡིན།
ལ་དྭགས་བླར་རྒན་འདིས་ཀླད་རྙིང་མཁྲེགས་འཛིན་གྱིས་རིགས་རུས་དབྱེ་འབྱེད་ཀྱི་ལམ་ནས་དམངས་ཞེས་པར་གཡོག་པོ་དང་དམན་རིགས་ལ་གོ་དགོས་རབས་བཤད་འདུག། གཞི་རྩའི་དམངས་ཞེས་པ་ནི་ཆབ་འབངས་དང་མངའ་འབངས། འབངས་མི་སོགས་ལ་གོ་བཞིན་པ་རེད། མང་ཉུང་གི་གཙོ་བོར་འཇོགས་དགོས་ན་སྤྱི་ཚོགས་རིང་ལུགས་ལ་བལྟོས་དང་དམར་ཤོགས་རིང་ལུགས་པ་མང་བས་དམངས་གཙོ་ཨེ་རེད། རྒྱ་ནག་ལ་མཚོན་ན་ཧན་མི་རིགས་ཆེན་པོའི་རིང་ལུགས་པ་མང་བས་ཆབ་སྲིད་ཀྱི་དབང་ཆ་དང་དཔལ་འབྱོར་གྱི་འདུ་འགོད། རིག་གནས་ཀྱི་འཁོར་ཡུག་སོགས་གྲངས་ཉུང་མི་རིགས་དང་གནམ་སའི་བར་ཁྱད་ཡོད་ན་དམངས་གཙོ་ཨེ་རེད། རྒྱུ་མཚན་ཧན་མི་རིགས་མང་བས་མང་གཙོ་ཡིན་པས་ཕྱིར།
དེ་དང་ཆབས་གཅིག་ཇུས་མེད་ཇུས་ཏོག་ལ། ཁྱོད་རང་མང་གཙོ་དང་དམངས་གཙོའི་གོ་རྟོགས་རྩོད་རྒྱུ་བཞག་ནས་དང་པོ་བརྡ་རྟགས་ཡག་པོ་ཞིག་སྦྱོངས་རོགས། རྒྱུ་མཚན་ཁྱོད་ཀྱི་མཆན་ཐུང་དེའི་ནང་དག་ནོར་རྟགས་ནོར་གྱིས་མུན་རུབ་ནས་ཅི་ཞིག་བརྗོད་ཀྱིན་པ་མ་གོ་ཐལ།
སྙིང་རྗེ་་་ལོང་རྟོགས་་ཟེར་བའི་བྲན་གཤིས་ཅན་འདིས་བཤད་སྟངས། རྒྱ་ནག་གཞུང་གིས་དབུ་མའི་ལམ་ཁྲིམས་འགལ་རེད་ཟེར་བ་ལས་རྒྱ་ནག་མི་དམངས་ཀྱིས་དབུ་མའི་ལམ་ཁྲིམས་མཐུན་རེད་ལབ་ཀྱི་ཡོད་པ་ཨེ་རེད། ལོག་བཤད་མ་གཏོགས་ཅང་བཤད་ཤེས་ཀྱི་མེད་པར་འདྲ།
ཁྱོད་ཀྱི་ཁ་དེས་དོལ་ཚོགས་དང་དོལ་ཚོགས་ལབ་མ་བསྡད་ན་ལྟོ་ཕོར་བརླག་འགྲོ་གི་འདུག་པེ། སྔོན་མ་འཇམ་ནོར་ལ་དོལ་རྒྱལ་བརྟེན་མཁན་རེད། བདེ་ཆེན་སྤྲུལ་སྐུའི་མཉམ་དུ་དཔར་ཡིན་ན་ཅིག་བརྒྱབས་འདུག་ཟེར་ནས་ཁྱོད་ཚོས་ག་ཚོད་བཤད་མེད་དམ། དམ་ཉམས་ཁྱོད་ཚོས་སྣང་བ་མི་འགྲོ་བའི་བོད་མི་ཡོད་ཚོད་དོལ་ཚོགས་དང་རྒྱ་མིའི་ཕོག་ཟ་མཁན་རེད་ཟེར་གྱི་རེད་བ། དེང་སང་ཁྱོད་ཚོའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་ཉུང་ཉུང་རེད་དོ། རྫུན་བཤད་ཀྱི་མང་སོང་བས་རེད།
བོད་རྒྱ་འབྲེལ་མོལ་ཡོང་དང་མི་ཡོང་ཞེས་པའི་གནད་འགག་དེ་གསལ་པོ་གསལ་རྐྱང་རེད། སྔོན་མ་ཟམ་གདོང་གཞུང་གི་སྐབས་སུ་ཕར་ཐེངས་མ་ཁ་ཤས་ཞིག་ལ་མགྲོན་འབོད་བྱས་པ་རེད། དེ་ནི་ཟམ་གདོང་གིས་རྒྱ་ནག་ལ་མགོ་འདོགས་རྒྱུ་ཡིན་ཚུལ་གྱི་སྐད་ཆ་མང་པོ་ཞིག་ཤོར་སོང་བས་རེད། ཟམ་གདོན་ལ་རྒྱ་དམར་སྐྲག་གི་མེད་པ་རེད། ཟམ་གདོང་གིས་རྒྱ་དམར་ལ་མགོ་འདོགས་རྒྱུ་ཡིན་ཚུལ་གྱི་སྐད་ཆ་དེ་ལ་རྒྱ་ནག་གཞུང་དགའ་ཐག་ཆོད་ནས་རྒྱ་རི་བློ་གྲོས་ཁོང་ཚོ་ཏཱ་ལའི་བླ་མ་སྒེར་གྱི་མིང་ཐོག་ནས་མགྲོན་འབོད་ཐེངས་ཁ་ཤས་བྱས་པ་རེད། རྗེས་སུ་འབྲེལ་ལམ་ཆད་པ་རེད། དེ་བློ་བཟང་སེང་གེ་ལ་ཐུག་ཡོད་པ་རེད། བློ་བཟང་སེང་གེ་ཁྲིམས་མཐུན་གྱི་དམངས་གཙོའི་དབུ་ཁྲིད་ཡིན་སྟབས་རྒྱ་ནག་གཞུང་གིས་དེ་ལ་འབྲེལ་བ་བྱེད་ཕོད་ཀྱིན་མེད་པ་རེད། ག་རེ་བྱས་ནས་རེད་ཟེར་ན། བློ་བཟང་སེང་གེ་ལ་སྐྲག་གི་ཡོད་པ་རེད། སྐྲག་ནས་བཅར་ཕོད་གི་མེད་པ་རེད་བསམ་གི། བློ་བཟང་སེང་གེའི་རྒྱལ་སྤྱིའི་ཆབ་སྲིད་ལམ་ལུགས་ཤེས་གི་ཡོད་པ་རེད། འདིས་རྒྱལ་སྤྱིའི་སྟེང་ནས་རྒྱ་དམར་ཁ་གྲག་རྒྱུ་མེད་པ་ཞིག་བཟོས་ཡོང་གི་རེད་བསམ་གི་ཡོད་པ་རེད། དེ་ལས་རྒྱང་བཀྱེད་ནས་བསྡད་ན་དགའ་བསམ་གི་ཡོད་པ་ཡིན་གྱི་རེད་བསམ་གི།
ཁྱོད་ཚོས་ལོ་མང་རིང་དུ་དབུ་མའི་ལམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་རམས་བཤད་ནས་བོད་མི་རྣམས་མགོ་སྐོར་བཏང་བསྡད་ཡིན་པ། རྒྱ་ནག་གི་རྩ་ཁྲིམས་ཀྱི་བདག་པོ་རྒྱ་གཞུང་གིས་ཁྲིམས་འགལ་རེད་ཟེར་དུས་ཁྱོད་ཚོས་ལན་དོན་མཐུན་ཞིག་རྒྱབ་ཐུབ་ཀྱི་མི་འདུག་ག དེར་དུས་ཁྱོད་ཚོའི་མཁས་དབང་དེ་དག་ཤི་སོང་བ་ཨེ་རེད། བོད་མི་རྨོངས་དད་ཅན་ཚོའི་ཐོག་ཏུ་བཤད་དགོས་ན་ཁྱོད་ཚོ་ཁ་བདེ་པོ་ཡོད་པ། ཧམ་པ་ཚ་པོ་ཡོད་པ།
ཁ་ཕར་རྒྱ་གཞུང་ལ་བསྐོར་དུས་ཁའི་ནང་དུ་མཛུབ་མོ་བཅུག་ནས་བསྡད་དགོས་དོན་ཅི་རེད། འཇོན་སྟངས་མེད་ན་སྔོན་ནས་ཡོད་མདོག་མདོག་བྱས་དགོས་དོན་མི་འདུག་ག བོད་མི་རིགས་ཀྱི་མ་འོངས་མདུན་ལམ་ཆུ་ལ་གཡུགས་དགོས་དོན་མི་འདུག་ག
བོད་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱས་མངའ་ཅུང་ཟད་ལོན་པའི་རྒྱ་རིགས་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དོན་དངོས་རེད། དོན་དངོས་ལ་སུས་ཀྱང་བཟོ་བཅོས་གཏོང་ཐུབ་ཐབས་མེད་པ་རེད། དོལ་ཚོགས་ལ་དོལ་ཚོགས་རེད་མི་ཟེར་ན་ཅི་ཞིག་ཟེར་དགོས་པ་རེད། དོལ་ཚོགས་རེད་ཟེར་བར་དེ་ཙམ་ཞེད་ཀྱི་འདུག་ན་དོལ་ཚོགས་ནས་ཕྱིར་ཐོན་ཤོག ཧཧཧ རྒྱ་ནག་གཞུང་གིས་སོ་སོའི་རྩ་ཁྲིམས་ལས་གུང་ཕྲན་ཏང་གི་མགོ་ཁྲིད་ཚོའི་འདོད་པ་དེ་གལ་ཆེ་བ་བརྩི་ཡི་ཡོད་པ་ཡོངས་གྲགས་རེད། ཁོ་ཚོའི་འདོད་པ་ལ་མ་བབ་ན་ཁྲིམས་འགལ་རེད་ལ་འདོད་པར་བབ་ན་ཁྲིམས་མཐུན་རེད། མདོར་ན་རྒྱ་ནག་གཞུང་གི་སྐད་ཆ་དང་ཅོ་རི་ཉི་མའི་སྐད་ཆ་གཉིས་ཅིག་པ་རེད་དོ། ཧམ་པས་མི་ཟ་འགྲོ་བ་ལས་བདེན་པ་ལ་སྣང་འཇོག་བྱེད་ཀྱི་མེད་པ་རེད། ཁ་ནང་ལ་སྐོར་དུས་རྒྱ་སྟག་ལས་ངར་ཞིང་རྒྱ་གཞུང་ལ་བཀོར་དུས་ཁ་ནང་ལ་འཛུབ་མོ་བཅུག་ནས་སྡད་མཁན་ནི་དོལ་ཕྲུག་ཁྱོད་ཚོ་རེད་དོ།།
ཁྱོད་ཚོས་ལོག་བཤད་འདི་འདྲ་ཞིག་ཀྱང་བྱས་ཀྱི་རེད། དབུ་མའི་ལམ་ལ་ཕྱིན་པས་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་བསྐྱེལ་ཡོད་ཟེར་བ་དང་། བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་ཡོད་ཟེར་བའི་སྐད་ཆ་ལོག་བཤད་དེ་འདྲ་བཤད་ཀྱི་རེད།
༡་་་དབུ་མའི་ལམ་དུ་ཕྱིན་པས་བོད་དོན་རྒྱ་ནག་གི་ནང་སྲིད་ཅན་བསྒྱུར་ཡོད། རྒྱ་ནག་གི་ནང་སྲིད་མ་གཏོགས་བོད་དོན་ཟེར་བ་ཞིག་རྒྱལ་སྤྱིའི་ནང་དུ་མེད་པར་ཆགས་བཞིན་ཡོད།
༢་་་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ལ་རྒྱ་ནག་གི་མཉམ་དུ་བོད་དོན་གླེང་སློང་བྱེད་རོགས་བྱོས་ཟེར་ནས་འབོད་སྐུལ་ཞུ་བཞིན་འདུག་མོད། ཨོ་བྷ་མས་བོད་དོན་གླེང་སོང་བ། བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད་ཟེར་ནས་གླེང་སོང་བ། ཁྱོད་ཚོ་རྒྱལ་བཙོང་བ་ཚོས་ངོས་ནས་གྲུབ་འབྲས་ཆེན་པོ་ཡིན་གྱི་རེད།
བོད་སྤྱི་པའི་ཆེད་དུ་བསམས་ན་ཧ་ཅང་གི་གྱོང་ཆེན་པོ་ཡིན། རྒྱལ་བཙོང་བ་ཁྱོད་ཚོས་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མེད་པ་བཟོས་ཡོད། བསམ་བློ་ཡག་པོ་ཐོངས་ཤོག་ཨ།
༣་་་་བློ་སེང་གིས་རྒྱ་བོད་ཞི་མོལ་གྱི་སྐུ་ཚབ་བསྐོས་མེད་རབས། རྒྱ་ནག་གི་མཉམ་དུ་འབྲེལ་མོལ་ཡོང་ཆེད་དུ་ཤུགས་རྒྱབ་བཞིན་མེད་རབས་བཤད་ནས་སྐྱོན་བརྗོད་བྱས་མཁན་འདུག འབྲེལ་མོལ་སྐུ་ཚབ་དགོས་ཡ་ག་རེ་འདུག་གམ། སྐུ་དངོས་སུ་འབྲེལ་མོལ་བྱེད་མཁན་ཕེབས་ན་འགྲིག་གི་རེད་བ། བོད་རྒྱ་ཆེན་མི་དམངས་ཀྱི་བདེ་སྡུག་ཐག་གཅོད་བྱེད་པའི་དབང་ཚོད་ནི་ཁྲིམས་ལུགས་ཀྱི ཐོག་ནས་ཁྱོད་ཚོ་ལ་མེད།
༤་་་་ཁྱོད་ཚོའི་དབུ་མའི་ལམ་ཟེར་བ་དེ་ལ་འཛམ་གླིང་ཐོག་ཏུ་དངུལ་ཁོ་ན་བསམས་མཁན་ཚོས་རྒྱབ་སྐྱོར་བྱས་པ་མ་གཏོགས་བོད་མི་རིགས་ཀྱི་བདེ་སྡུག་བསམས་མཁན་སུས་ཀྱང་རྒྱབ་སྐྱོར་མི་བྱེད། བོད་མི་དམངས་ཀྱི་ནང་ནས་དེང་དུས་ཀྱི་ཤེས་ཡོན་ཅན་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད།
ནུབ་ཕྱོགས་སུ་ཡོད་པའི་གུན་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་པ་རེ་གཉིས་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་མ་གཏོགས་རྒྱ་བོད་གཉིས་ཀྱི་མི་ཚོད་ལྡན་སུས་ཀྱང་དབུ་མ་ལ་རྒྱབ་སྐྱོར་བྱེད་བཞིན་མེད།
བློ་མཐུན་ཅོ་རི་ལགས་ཀྱིས་གསུང་པ་དོན་དངོས་རེད། དོན་དངོས་ལ་སུ་ཞིག་གིས་བསྙོན་ཐུབ་ལེ་མ་རེད་དོ།
ཧཧཧ ཅོ་རིའི་ལོག་བཤད་ལ་ལྟོས་དང་། གད་མོ་རྐུབ་ནས་ཤོར་ས་རེད་མ་རེད། དབུ་ལམ་ལ་འགྲོ་མཁན་ཚོས་བོད་རང་སྲིད་རང་སྐྱོང་ལས་རང་བཙན་རྩོད་ཀྱི་མེད་པ་ཕྱི་གསལ་ནང་གསལ་རེད། དེས་ན་ཨོ་བྷ་མས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཟེར་ཡང་ཧང་སང་དགོས་དོན་ཅང་མེད་པ་རེད། རྒྱལ་སྤྱིའི་སྟེང་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སྔར་ནས་ད་བར་དུ་ཉུང་ཤས་ལས་མ་བྱུང་བ་རེད་མ་བཏོགས་དབུ་ལམ་ལ་སོང་བས་རང་བཙན་ལ་རྒྱབ་སྐྱོར་ཉུང་དུ་སོང་བ་མ་རེད། དེ་ལས་ལྡོག་སྟེ་དབུ་ལམ་སོང་བའི་རྐྱེན་གྱིས་བོད་དོན་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གང་ས་ནས་བྱུང་བ་རེད་ལ་ཐ་ན་རྒྱ་རིགས་ཀྱི་ཁྲོད་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་བྱུང་བ་རེད། འཛམ་གླིང་སྟེང་གི་བོད་དོན་རྒྱབ་སྐྱོར་བྱེད་ཕལ་མོ་ཆེས་དབུ་ལམ་ལ་རྒྱབ་སྐྱོར་ཡོད་པ་བཤད་ཀྱི་འདུག་པས། ཁྱོད་རང་ལྟར་ན་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་མོ་ཆེ་དངུལ་ཁོ་ན་བསམ་མཁན་ཡིན་པ་འདྲ། བོད་པའི་ཤེས་ཡོན་པའི་ཁྲོད་ནས་ཀྱང་འཇམ་ནོར་དང་ལྷ་བཟང་ལྟ་བུ་འགའ་རེ་ལས་རང་བཙན་ལ་འགྲོ་དགོས་ཟེར་མཁན་མི་འདུག་པས་བོད་པ་མང་ཆེ་བ་དེང་དུས་ཀྱི་ཤེས་ཡོན་མེད་མཁན་དང་མི་ཚད་དང་མི་ལྡན་ཡིན་པ་འདྲ། དེ་འདྲའི་བསྟན་བཤིག་ལ།
xxxxལུང་རྟོགས། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ཆེད་དུ་ངོ་རྒོལ་ལས་འགུལ་སྤེལ་དུས་ཕྱི་རྒྱལ་བ་ག་ཚོད་མཉམ་ཞུགས་བྱེད་མཁན་ཡོད་དམ། བོད་དོན་ཆེད་དུ་རྒྱབ་སྐྱོར་བྱེད་མཁན་ལས་་་་དོལ་རྒྱལ་བ་ལ་རྒྱབ་སྐྱོར་བྱེད་ཕྱི་མི་མང་བ་ཡོད་པར་མིག་མཐོང་ལག་ཟིན་རེད་པ། ད་དུང་ཧམ་པ་བཤད་མ་འོང་ཨ་་་རྒྱལ་སྤྱིའི་ཐོག་ཏུ་རྒྱབ་སྐྱོར་བ་མང་པོ་ཞིག་ཡོད་མདོག་མདོག་་་་ཧཧཧ
རྒྱབ་སྐྱོར་བ་མང་པོ་ཡོད་ན་ཁྲིད་ནས་འོང་དགོས་རེད། དོལ་ཚོགས་ནང་བཞིན་མགོ་སེར་ཚོ་ཁྲིད་ནས་ངོ་རྒོལ་བྱེད་དགོས་རེད། དེ་འདྲ་མི་འདུག་ག ཁྱོད་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ལས་ངོ་རྒོལ་བྱེད་མཁན་མང་བ་འདུག་ག
ཅོ་རི་དི་རིང་སྨྱོ་འཚར་འདུག་སྨན་མ་ཟ་བ་ཡིན་པ་འདྲ་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་མང་བ་ལས་དོད་ཚོགས་ལ་མང་བ་མེད་དོད་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་དེ་འཚོ་ཅོ་རི་ནང་བཞིན་སྨྱོན་པ་དེ་འཚོ་རེད
༡་་་མཁས་དབང་ལྷ་བཟང་ཚེ་རིང་།
༢་་་མཁས་དབང་འཇམ་དབྱངས་ནོར་བུ།
༣་་་མཁས་དབང་ཀརྨ་ཆོས་འཕེལ།
༤་་་བུ་མཆོག་སྨོན་ལམ་མཐར་ཕྱིན།
༥་་་མཁས་དབང་གསེར་རྟ་ཚུལ་ཁྲིམས།
༦་་རྩོམ་པ་པོ་འཇམ་དབྱངས་བཟོད་པ།
༧་་་རྩོམ་པ་པོ་ཀླུ་མཁར་བྱམས།
༨་་རྩོམ་པ་པོ་ཆོས་ཉིད་འོད་ཟེར།
༩་་་རྩོམ་པ་པོ་གངས་ལྷ་མོ།
༡༠་་རྒྱ་བོད་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན།
༡༡་་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས།
༡༢་་རྩོམ་པ་པོ་ཀླུ་སྨྱོན།
༡༣་་རྩོམ་པ་པོ་སྤོབས་པ་མཐའ་ཡས།
༡༤་་རྩོམ་པ་པོ་སྙན་བཟང་ཁྲི་གཡང་དྲུང་།
༡༥་་རྩོམ་པ་པོ་ལུང་རིག་རྒྱལ།
༡༦་་རྩོམ་པ་པོ་ཞོལ་གཡག་འབྲོང་རྒྱུད།
༡༧་་རྩོམ་པ་པོ་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
༡༨་་རྩོམ་པ་པོ་ཀརྨ་བློ་གསལ།
༡༩་་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག
༢༠་་མཆན་བུ་བྲིས་པ་ཅོ་རི་ཉི་མ
འདི་དག་གི་ནང་ནས་ང་ཅོ་རི་མ་གཏོགས་གཞན་ཚང་མ་མཁས་དབང་དང་རྩོམ་པ་པོ། ཤེས་ཡོན་ཅན། ལོ་རྒྱུས་མཁས་པ། ཆབ་སྲིད་མཁས་པ། སྐད་ཡིག་གཉིས་གསུམ་ཤེས་མཁན། དེ་འདྲ་ཤ་སྟག་རེད། བཙན་བྱོལ་ནང་གི་བོད་རང་བཙན་འདོད་མཁན་ཚོའི་ཟུར་ཙམ་མིང་བཏོན་པ་ཡིན། ད་དུང་ཡོད་་་་མང་པོ་ཡོད། ཞིབ་ཚ་པོའི་ཐོག་ནས་བལྟས་ན་ཧང་ཅང་མང།
དབུ་མའི་ལམ་ལ་རྒྱབ་བྱེད་མཁས་དབང་དང་རྩོམ་པ་པོ་སུ་དང་སུ་ཡོད་དམ། ག་ཚོད་ཡོད་དམ། མི་རྒན་ཀླད་རྙིང་པ་ཤ་དག་མ་གཏོགས་སུ་ཡོད་་་་ཨ
ད་དུང་ཉོན་མ ནུབ་ཕྱོགས་སུ་སྐྱེས་ཤིང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་བོད་ཕྲུག་གཞོན་སྐྱེས་དེ་དག་གི་ནང་ནས་བརྒྱ་ཆ་དགུ་བཅུ་ཙམ་བོད་རང་བཙན་འདོད་མཁན་ཤ་དག་ཡིན། བོད་མི་དེ་དག་དེང་རབས་དང་མཐུན་པའི་གོམ་པ་སྤོ་ཐུབ་མཁན་ཤ་དག་ཡིན།
དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ནང་ནས་རྒྱབ་ཆ་དགུ་བཅུ་ཙམ་གྱི་སྐྲ་དཀར་པོ་ཡིན། བརྒྱད་བཅུ་ཐམ་པ་ཀླད་རྙིང་ཡིན། བདུན་བཅུ་ཐམ་པ་རྨོངས་དད་ཅན་ཡིན། དྲུག་བཅུ་ཐམ་པ་ཤེས་ཡོད་མེད་མཁན་ཡིན།
ཧཧཧ་xxཅོ་རི། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཡོད་ན་ཡིན་ཅིག་དོལ་ཚོགས་བཞིན་དུ་སྐད་འབོད་བྱེད་སར་ཡོང་དགོས་པ་ཨེ་རེད། སྐད་འབོད་བྱེད་སར་མ་ཡོང་ན་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གཞན་མེད་པ་ཨེ་རེད། ཤེས་མེད་ཀྱི་མིའི་སྐད་ཆ་བཤད་སྟངས་ནི་ནམ་ཡང་འདི་འདྲ་ཡིན་ལེ་རེད། གཤམ་ནས་མར་མིང་ཐོ་མང་པོ་ཞིག་བཀོད་ཡོད་པ་དེའི་ནང་ནས་འཇམ་ནོར་དང་ལྷ་བཟང་ཀརྨ་ཆོས་འཕེལ་ཀླུ་མཁར་བྱམས་བཞི་ཕུད་པའི་གཞན་དག་དེ་ཚོ་རང་བཙན་རྩོད་མཁན་ཡིན་མིན་ཐེ་ཚོམ་རེད་ལ། ལྷག་པར་དུ་སྤྱི་འཐུས་འབའ་པ་བསྐལ་བཟང་རྒྱལ་མཚན་དང་གངས་ལྷ་མོ་གཉིས་ནི་དབུ་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རེད། གང་ལྟར་རང་བཙན་བ་ནི་མཛུབ་མོའི་འགོ་ལ་གྲངས་ཁ་རྒྱག་རྒྱུ་ཙམ་ལས་མེད་པ་རེད་ལ། དེ་དག་གི་ནང་མཁས་དབང་གི་མིང་ཐོག་མཁན་ནི་དེ་འས་ཀྱང་ནམ་མཁའི་མེ་ཏོག་རེད།
ཁྱོད་ཀྱི་་བཤད་པའི་མི་དེ་འཚོ་ནི་རང་བཙན་གི་ལྟ་བ་འཛིན་མཁན་སྨྱོན་པ་འཚོ་ཅིག་རེད་
ལུང་རྟོགས་་་ཁྱོད་ཀྱིས་ང་ལ་དོལ་ཕྲུག་འདྲ་ཞིག་འབོད་བཞིན་འདུག དེ་འདྲ་མ་ལབ་རོགས་བྱོས། ང་ཅོ་རི་ནི་མྱི་སྡར་མ་ཞིག་ཡིན། དོལ་ཕྲུག་ཚོ་ནང་བཞིན་དཔའ་བོ་མིན། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གྱི་ཆེད་དུ་འཐབ་རྩོད་བྱེད་ཕོད་མཁན་དོལ་ཕྲུག་ཚོ་ནང་བཞིན་གྱི་དཔའ་ཞིག་ཅོ་རི་ལ་ཡོད་ན་ངས་ཀྱང་ངོ་རྒོལ་སྐད་འབོད་བྱེད་ཀྱི་རེད་བ།
ངས་བསམ་ཚུལ་ལ་དོལ་ཕྲུག་དེ་དག་གཉིད་སད་འདུག དཔའ་འདུག སྤོབས་པ་འདུག རང་དབང་དང་ཐོབ་ཐང་གྱི་ཆེད་དུ་གྱེན་ལངས་བྱེད་བཞིན་འདུག ཁོ་ཚོ་ངོ་མ་བུ་རྒོད་པོ་རེད། ང་ནི་སྡར་མ་ཝ་མོ་ནང་བཞིན་ཡིན། བོད་རང་བཙན་རང་སྐྱོང་ལ་བསྒྱུར། གཞུང་སྒྲིག་འཛུགས་ལ་བསྒྱུར་སོང་ཀྱང་ངོ་རྒོལ་བྱེད་མཁན་འགྲོ་མ་ཕོད་ནས་བསྡད་ཡོད།
གལ་སྲིད་ང་ལ་དཔའ་དང་སྤོབས་པ་དོལ་ཕྲུག་ཚོ་ནང་བཞིན་སྐྱེས་བྱུང་ན་ངས་ཀྱང་ངོ་རྒོལ་བྱ་ངེས་ཡིན་པར་དཀོན་མཆོག་གསུམ་པོར་དཔུང་དུ་བཙུགས།
xxཅོ་རིའི་བཤད་པ་དེ་བདེན་པ་ཡིན་ན་སྤྱི་འཐུས་ཀྱི་་་དམ་འབུལ་དང་འགལ་བས་སྤྱི་འཐུས་ནས་དགོང་པ་ཞུ་དགོས་པ་རེད་། མི་དེ་ཚོ་་རང་བཙན་དང་རང་དབང་ངོ་མ་འཕྲོད་མཁན་མང་གཙོ་དང་དམངས་གཙོ་ཧ་མི་གོ་མཁན་་གྱི་རང་བཙན་ག་འདྲ་བྱས་ནས་བརྩོད་ག་
དོལ་ཕྲུག་ཚོ་དཔའ་བོ་ཅང་མ་རེད། སྐྲག་མི་དགོས་ས་ལ་སྐད་འབོད་སུས་ཀྱང་བྱེད་ཕོད་ལེ་རེད། བུ་དཔའ་བོ་ངོ་མ་བོད་ནང་ལ་སྡད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་རེད། ཁྱོད་ཅོ་རི་དཔའ་བོ་ཡིན་ན་བོད་ལ་སོང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས། སྡར་མ་ཡིན་ན་ནང་དཀྲུག་བྱེད་ནས་མ་འདུག་པར་ཁ་དེ་ཚུམས་ལ་སྡོད།
ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་ས་བོད་ནང་ལ་རེད། དོལ་ཕྲུག་ཚོ་དཔའ་བོ་ཡིན་ན་ཁོ་ཚོ་བོད་ནང་དུ་སྐད་འབོད་བྱེད་དུ་མ་སོང་བཅི་རེད། བཙན་བྱོལ་ནང་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་གཏོང་མཁན་སུ་ཡང་མི་འདུག དགྲ་མེད་ས་ལ་ཀི་བཏབ་མཁན་དེ་ཚོ་སྨྱོན་པ་མིན་ཅི་ཡིན།
xxཅོ་རིའི་ཟེར་བ་བདེན་པ་རེད་མི་དེ་ཚོ་གོང་ས་མཆོག་གི་བཀའ་ལ་མ་ཉན་ནས་མཁས་པ་རེད་དེབ་མང་པོའི་ནང་ནས་ཡར་ཤུ་མར་ཤུ་བྱས་ནས་རྐུ་མ་ལ་མཁས་་པ་དང་རྩོམ་ཡིག་རྐུ་མཁན་ཤ་སྟག་རེད་་ཅོ་རི་་ཁྱེད་ཡང་དེ་འདྲ་ཞིག་ཡིན་ས་འདུག་ ཧ་ཧ་ཧ་
སྤོབས་པ་མཐའ་ཡས་ལགས་ཀྱི་བློ་བཟང་སེང་གེ་ཡི་ལོ་རྒྱུས་བྲིས་ཡིན་པས་སྐད་ཆ་རེད། དྲངས་པོ་ཞིག་བྲིས་མི་འདུག། ངོ་ལྟོས་ལྟོས་ལ་སྐྱག་རྫུན་ལོང་པ་གང་བཤད་འདུག། སྲིད་སྐྱོང་དང་ཟམ་གདོང་བླ་མ་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་ཐད་ལ་དངོས་ནས་བློ་འཕམ་ཡོད། སྲིད་སྐྱོང་འདི་ཚང་གི་ལོ་སྔོན་མ་གནས་འདིར་རུ་ཨ་རིའི་ཕྱི་སྲིད་ཚོགས་འདུ་སྐབས་སུ་བོད་ལ་རང་དབང་མི་དགོས། བོད་ཀྱི་བདག་དབང་རྒྱ་ནག་དབུས་གཞུང་ལ་ཡོད་ཟེར་བ་རེད། འདིའི་སྐོར་བསམ་བློ་རེ་བཏང་དུས་ང་ནི་ཁོངས་ཁྲོ་ལངས་ནས་བསྡད་ཡང་ཐུབ་གྱི་འདུག། ངོ་ཚ་རེད་བསམ་ནས་བསྡད་ཡོད་མ་གཏོགས་སྲིད་སྐྱོང་འདི་ཚང་དག་དག་ཅིག་བཟོ་དགོ་རེད་བསམ་གི།
ལུགས་རྟོགས་ལགས། རྟ་རྒན་ལ་རྐང་འགྲོས་བསླབ་མ་ཡོང་། ངའང་བཙན་བྱོལ་སྒྲིག་འཛུགས་ཀྱི་འགྲོ་སྟངས་གང་ལ་གང་ཙམ་ཤེས་ཀྱི་ཡོད། སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པའི་མཚན་སྤྱི་འཐུས་སུ་འབུལ་ནས་རྒྱབ་སྐྱོར་ཐོབ་པ་ངས་ཤེས། བཙན་བྱོལ་བོད་མི་སུ་རུང་ནས་བཙན་བྱོལ་གྱི་ཆབ་སྲིད་ལ་དོན་སྣང་བྱ་མཁན་ཞིག་ཡིན་ན་བདེ་སྲུང་བཀའ་བློན་དངོས་གྲུབ་ལགས་དང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་གཉིས་ལ་སྤྱི་འཐུས་ནས་མང་མོས་ཐོབ་རྒྱུ་ཡིན་པ་བརྗོད་མེད་རེད། གཞན་ཕྱི་དྲིལ་དང་འཕྲོད་བསྟེན། ཆོས་རིག་བཀའ་བློན་གསུམ་ལ་སྤྱི་འཐུས་ནས་འོས་འཕེན་ཚེ་བརྒྱ་ཆ་ལོངས་མ་སྲིད་པ་ཉེ་བ་ཡོད། འོན་ཀྱང་སྐབས་འདིར་སྤྱི་འཐུས་རྣམས་ནས་དགག་པ་མ་གནང་བར་སྲིད་སྐྱོང་ནས་བཀའ་བློན་མཚན་ཐོ་འཆར་ཕུལ་བཞིན་བཏང་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་ཀྱིས་ལོ་རྒྱུས་ཁྱད་པར་ཅན་ཞིག་ཡིན་སྟབས་སྤྱི་འཐུས་རྣམས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་བཀའ་བློན་སུ་ལའང་དགག་པ་མ་རྐྱོན་པར་དུས་འཐུང་ནས་མོས་མཐུན་གནང་ཡོད། བཀའ་བློན་དངོས་གྲུབ་ལགས་དང་རྒྱ་རི་སྒྲོལ་མ་ལགས། ཚེ་རིང་དོན་གྲུབ་ལགས་གཉིས་ཕུད་དེ་འཕྲོས་བཀའ་བློན་རྣམས་པའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་སྐབས་སྤྱི་འཐུས་མི་ཉུང་བ་ཞིག་ནས་དགག་པ་གནང་འདོད་ཡོད་ཀྱང་གོང་ཞུས་ནས་རྒྱུ་མཚན་ལ་བརྟེན་ནས་གནང་མེད་པར་གང་སྐྱིད་རྭ་བའི་ནང་གོ་རྒྱུ་ཡོད་དོ། ད་དུང་འབྲི་ན་རྫོགས་རྒྱུ་མེད་པས་ད་ལྟ་འདིར་མཚམས་བཞག
ལུངས་རྟོགས་ལགས་ཁྱེད་རང་ནས་འུར་ཤོབ་དང་སྐྱག་རྫུན་བཤད་བཞིན་འདུག་ག། འོ་ན་ཤེས་རིག་དྲུང་ཆེ་དངོས་གྲུབ་ལགས་དང་ཨ་རི་དོན་གཅོད་ཀེ་རྡོར་ལགས་སྤྱི་འཐུས་གྲོས་ཚོགས་ནས་བཀའ་འཁྲོལ་ཐོག་འདེམས་པ་རེད་གསུང་གི་ཡོད་དམ། བཙན་བྱོལ་སྒྲིག་འཛུགས་མང་གཙོ་ལམ་ལུགས་ཐོག་བསྐྱོད་བཞིན་པ་ཤེས་ཀྱི་ཡོད། ད་བར་སློབ་གྲྭ་ནང་མང་གཙོ་གསར་བཞད་བཏང་ནས་ཡོང་མཁན་ཞིག་ཡིན། སྲིད་སྐྱོང་མཆོག་ནས་ཕྱི་ཡི་རྣམ་པ་སྔོན་ཆེད་དཔེར་ན་དྲ་རྒྱ་དང་གསར་ཤོག་ཁག་ནང་གནས་ཚུལ་འདོན་སྟངས་ལ་འགྱུར་བ་ཙམ་ལས་ངེས་རྙེད་ཕུགས་ལྡན་ལས་འཆར་གསར་གཏོད་རིགས་མཇལ་རྒྱུ་མིན་འདུག ད་ལྟའི་བཀའ་ཤག་ནས་ལས་དོན་གྲུབ་འབྲས་ཆེ་བ་ཁག་གཅིག་ངོམས་བཞིན་པ་ནི་རྒྱ་གར་གཞུང་དབུས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་རྩིས་སྤྲོད་དང་ཉེ་ཆར་རྒྱ་གར་དབུས་གཞུང་ནས་ ༢༠༡༤ བོད་མིའི་གཞིས་ཆགས་གསར་ཚུགས་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབས་གསལ་བསྒྲགས་གནང་བ་དེ་རེད། གོང་ཞུས་ལས་དོན་གྲུབ་འབྲས་འདི་གཉིས་ནི་དེ་སྔའི་བཀའ་བློན་ཁྲི་ཟུར་ཟམ་གདོན་རིན་པོ་ཆེ་སྐབས་ནས་སྐུ་ལས་བསྐྱོན་ནས་བྱུང་བ་ཞིག་ཡིན་པས་ཚང་མས་མཁྱེན་དགོས་པ་ཡིན།
སྤོབ་མཐའ་ལགས་རྒྱ་མི་བློ་སེང་ལཀྲག་པ་ད་ཨ་ཡིན་ང་ཚོའི་སྔོན་ལོ་འཆར་ཡོད་ན་མ་རྟོགས་འཆར་ཚར་བ་རེད་།རང་བཙན་རྩོད་ཀྷི་མིན་ལབ་ཚར་བ་རེད་། མང་གཙོ་མི་གོ་བཤད་ཚར་བ་རེད་།རྒྱ་མིའི་ང་ཚོའི་ནུས་པ་འཇོན་སྟངས་མཐོང་ཚར་བ་རེ་། རྒྱ་མིའི་བློ་་སེངལ་ཀྲག་་རྒྷུ་ཕར་བཞག་འཛམ་ཁྲིམས་ལའང་ངིས་ལེན་མེད་པ་དེ་ཁྱེད་ཀྱི་མ་ཤེས་རེད་དམ་། རྒྱ་མི་ཀྲག་ས་གཅིག་ཡོད་རེད་དེ་གོང་ས་་མཆོག་རེད་། དེ་ལ་རྟེན་ནས་གོང་ས་མཆོག་ལ་ཉིན་ཚན་མེད་སྨྱོན་འཛུག་བྱེད་པ་དྲའབུ་ཁྱོད་ཀྱ་ི་མ་ཤེས་རེད་དམ་་མ་གཞི་ཁྱེད་རང་བློ་སེང་ལ་པད་ལས་ལ་མགོ་་མགོ་འཁོར་ནས་ཕྱོགས་གཏོགས་དང་སྐབས་འཚོལ་མ་རྟོགས་གང་ཡང་ཤེས་ཀྱི་
མ་རེད
རྒོད་པོ་ལགས། བསམ་བློ་གཏོང་ནས་སྐད་ཆ་གསུང་རོག སྲིད་སྐྱོང་གིས་བོད་ལ་རང་བཙན་མི་དགོས་ལབ་པ་རེད་ཟེར་ན་ཡིན་འགྲོ། རང་དབང་མི་དགོས་ལབ་པ་རེད་ཟེར་ན་སུ་ཡིད་ཆེས། རང་དབང་མི་དགོས་ན་བཙན་བྱོལ་ནང་ལ་ག་རེ་བྱེད་ནས་སྡད་དགོས་པ་རེད། རྒྱ་ནག་གོ་འོག་ལ་སྡད་ཀྱི་ཡིན་ཟེར་བ་ཙམ་གྱིས་རང་དབང་མི་དགོས་ཟེར་གྱི་ཡོད་པ་རེད་བསམ་ན་ནོར་བ་རེད། དཔེར་ན་ཧོང་ཀོང་རྒྱ་ནག་གི་འོག་ལ་ཡོད་ཀྱང་རང་དབང་ཆེན་པོ་ཡོད་པ་ང་ཚོས་མཐོང་གསལ་རེད།
མཁས་དབང་གི་མིང་ཐོབ་འོས་མིན་བཤད་ན་ང་ཚོ་རང་སྐད་ལ་ད་བར་དུ་ Bachelors degree དང་doctorate དང་ professorསོགས་ལ་ཐ་སྙད་གཏན་འཁེལ་མེད་པ་རེད། གལ་སྲིད་ཡོད་ན་ཡར་མར་ཚར་མར་མཁས་དབང་སྦྱར་དགོས་དོན་མི་འདུག མ་གཞི་མཁས་པ་སུ་ཡིན་མིན་ཟེར་བ་དེ་ལྟོས་ས་ལྟོས་འཇོག་གིས་མི་བཤད་རང་བཤད་རེད། བཀའ་བློན་ཁྲི་ཟུར་སྐུ་ངོ་ཟམ་གདོང་རིན་པོ་ཆེ་དང་དང་སྲིད་སྐྱོང་བློ་བཟང་སེང་གེ་བསྡུར་ན་བློ་བཟང་སེང་གེ་ལ་མཁས་དབང་གི་མིང་འདོགས་པའི་འོས་ཆེ་བ་འདུག སྐུ་ངོ་ཟམ་གདོང་རང་གིས་བྲིས་པའི་རྩོམ་ཞིག་བོད་དབྱིན་གཉིས་ཆར་ན་ག་ཚོད་ཡོད་མེད་ང་ཚོས་ཤེས་བཞིན་པ་རེད། བློ་བཟང་སེང་གེས་དབྱིན་ཡིག་གི་སྟེང་དུ་བྲིས་པ་འདི་འདྲ་མང་པོ་འདུག རྩོམ་དེ་ཚོ་ཡང་མཐོ་སློབ་ཆེན་མོའི་མཁས་པའི་རྩོམ་གྱི་ཆུ་ཚད་ལོངས་པ་དེ་འདྲ་རེད། མཐོ་སློབ་ཆེན་མོའི་ནང་གི་མཁས་པའི་རྩོམ་ཡིག་གི་་ཆུ་ཚད་ལོངས་པའི་རྩོམ་ཡིག་འབྲི་ཟེར་བ་དེ་ལས་སླ་མོ་ཞིག་མ་རེད། རྩོམ་བཅད་མཚམས་རེ་རེ་ལ་བདུན་ཕྲག་བདུན་ཕྲག་གི་དཀའ་ལས་མ་བརྒྱབ་ན་མི་འགྲུབ་པ་ཞིག་རེད།
སྤོབས་མཐའ་ཟེར་བ་དེ་མི་ཧ་ལས་པ་ཁོག་པ་ནག་པོ།ཕྱོགས་ཞེན་གྱིས་བཟི་བསྡད་པ་དེ་འདྲ་ཅིག་རེད།ཁོས་༧ཏཱ་ལའི་བླ་མས་ཆུ་མགོ་ནས་རྙོག་ན་བཞུག་ནས་མི་དྭངས་རབས་དང་།ཟམ་གདོང་དང་ཏཱ་ལའི་བླ་མའི་རང་སྐྱོང་གི་བསམ་ཚུལ་གཏན་ནས་འགྲིག་གི་མེད་པར།བོད་རང་བཙན་གཙང་མ་རྩོད་དགོས་རབས་སོགས་ལུང་པ་བཀང་བཤད་སོང་ལ།༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཀྱང་སྣ་ཚོགས་བྱས་སོང་།
དེ་རིང་ཡང་ཁོ་རང་ལ་དགོས་མཁོ་ཡོད་དུས་(བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་)སོགས་ཀྱི་ཚིག་བེད་སྤྱོད་བཏང་སྟེ།སྲིད་སྐྱོང་ལ་བསྟོད་ར་ལུང་པ་བཀང་བྱས་འདུག།ག་རེ་ལབ་ན་མ་ལབ་ན་སྲིད་སྐྱོང་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་གི་དབུ་ལམ་གྱི་སྲིད་ཇུས་མཇུག་སྐྱོང་བ་ཡིན་པ་མངོན་གསལ་དོད་པོ་རེད།༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་དེ་འདྲ་ངན་པ་ཅིག་དང་།སྲིད་སྐྱོང་དེ་འདྲ་ཡག་པོ་གང་ནས་ཆགས་སོང་།ཁོང་ཚོ་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་ཡིན་པ་གཅིག་གྱུར་རེད་ད།
བཀུར་འོས་ཁྲི་རལ་པ་ཅན་ལགས། ངས་དབུ་མའི་ལམ་གྱིས་འགྲིགས་མེད་ཚུལ་བཤད་པ་དེ་ཆབ་སྲིད་ལངས་ཕྱོགས་ཀྱི་ལྟ་གྲུབ་ཅིག་གི་སྟེང་ནས་གླེང་གིན་ཡོད། སྲིད་སྐྱོང་ངོ་སྤྲོད་འདི་སྲིད་སྐྱོང་རང་གི་མི་ཚེིའ་ལོ་རྒྱུས་བརྒྱུད་རིམས་རང་བཞིན་གསལ་པོ་ཞིག་ངོ་འཕྲོད་པའི་ཆེད་དུ་གླེང་བ་མ་གཏོགས་ང་དབུ་མའི་ལམ་ལ་མི་དགའ་བའི་རྒྱུ་མཚན་གྱི་སྲིད་སྐྱོང་གི་ཡོན་ཏན་ཡོངས་རྫོགས་མེད་པར་བཟོས་ན་ག་ལ་འགྲིགས།
བློ་སེང་མཁས་དབང་ཡིན་མིན་གྱི་ཐོག་ཏུ་བརྩད་པ་འདྲ་ཞིག་བརྒྱབས། ཁྱབ་ག་རེ་འདུག་གམ། བློ་སེང་ཡོན་ཏན་ཡོད་རེད། ཁྲིམས་ལུགས་ཀྱི་ཐོག་ཏུ་སློབ་སྦྱོང་བྱས་པའི་ཤེས་ཡོན་ཅན་རེད། དམངས་གཙོའི་ཐོག་ཏུ་སློབ་སྦྱོང་བྱས་པའི་མཁས་དབང་རེད། ཡིན་ཀྱང་ཁེ་ཕན་ག་རེ་འདུག་གམ།་དེ་ལ་བསམ་བློ་ཐོངས།
མྱི་ཞིག་ལ་ཡོན་ཏན་ཡོད་པ་དེ་ཁ་གཏོད་ཀྱི་དགྲ་བོ་ཐུག་དུས་བེད་སྤྱོད་གཏོང་ཡ་རེད། དཔེར་ན། མྱི་ཞིག་གི་ལག་ཏུ་གྲི་ཡག་པོ་ཞིག་ཡོད་ན་སོ་སོར་གསོད་མཁན་བསླེབས་འོང་དུས་བེད་སྤྱོད་གཏོང་ཡ་རེད། མྱི་ཞིག་གི་སྐེད་པ་ལ་རལ་གྲི་རིང་ཐག་ཆད་ཤིག་བཏགས། ཁྱི་ཞིག་རྨུག་མཁན་རྒྱུགས་འོང་དུས་རལ་གྲི་མ་གཡུགས་པར་ཐལ་རྡུལ་གཏོར་མཁན་ཞིག་ཡིན་ན་རལ་གྲི་གྱིས་ཕན་ཐོགས་མེད་པ་རེད།
དེ་དང་གཅིག་པ་རེད། བློ་སེང་གི་དམངས་གཙོའི་སྐོར་དུ་རྩོམ་ཡིག་བྲིས། འབུམ་རམས་པ་ཆགས། རྒྱ་ནག་དང་ཐུག་དུས་ང་ཚོས་དམངས་གཙོ་བརྩད་ཀྱི་མིན། དམར་ཕྱོགས་པས་ཅི་གསུངས་བཀའ་བསྒྲུབ་བྱ་གི་ཡིན་ཟེར་བ་རེད། དམངས་གཙོ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ཏུ་མཁས་དབང་ཡིན་ནའང་མྱི་སྡར་མའི་སྐེད་པ་ལ་རལ་གྲི་བཏགས་པ་དང་གཅིག་མཚུངས་རེད། བེད་སྤྱོད་མི་འདུག་ག བློ་སེང་ཁོ་རང་བྲན་གཡོག་རེད་བ། སྐུ་དཔར་ཞིག་ཀྱང་བཤམས་དབང་མེད་པ།
བློ་སེང་སྦྱང་པོ་འདུག མཁས་པ་འདུག ཡོན་ཏན་འདུག འཛམ་གླིག་ཐོག་ཏུ་དེང་རབས་གསར་པའི་ནང་དུ་གོམ་པ་སྤོ་ཐུབ་ཐག་ཆད་རེད། ཨེན་སྐད་ཡག་པོ་འདུག ཡིན་ཀྱང་བློ་སེང་གིས་རྩ་བ་ཆེན་ཤོས་གོ་གནས་ཀྱི་ཆེད་དུ་མི་ཚེ་བསྐྱེལ་པ་ལས་བོད་མི་རིགས་བདེ་སྐྱིད་དང་རང་དབང་གི་ཆེད་དུ་མ་རེད། བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་བསམས་མཁན་ཞིག་ཡིན་ན་དམངས་གཙོ་སྲོག་ལས་རྩ་བ་ཆེ་བ་བརྩི་དགོས་ངེས་རེད། དམངས་གཙོ་མེད་ན་རང་དབང་མེད། རང་དབང་མེད་ན་བདེ་སྐྱིད།
རང་དབང་ཐམས་ཅད་བདེ་སྐྱིད་དང་གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་པར་གསལ་པོ་རེད་བ།་་་་ཧཧཧཧ
བློ་སེང་གི་ཡོན་ཏན་དེ་རལ་གྲི་ཞིག་ཡིན་པར་དཔེར་བཞག་ན་་་དགྲ་བོ་དམར་ཕྱོགས་པའི་སྐེ་བཅོད་ས་རེད་དམ། བོད་ཀྱི་དམངས་གཙོའི་སྐེ་གཅོད་ས་རེད། དྲི་བ་ཡིན། རལ་གྲི་དེ་དམར་ཕྱོགས་པའི་སྐེ་ལ་གཡུག་གྱི་མིན་ཟེར་ནས་ཁོ་རང་གིས་བཤད་ཡོད་རེད། ་་་ཧཧཧ དེང་སང་གཡུག་བཞིན་མེད་པ་རེད། ཧོང་ཀོང་མི་དམངས་དང་མཉམ་རུབ་ཀྱིས་ཐོག་ནས་དམངས་གཙོའི་རལ་གྲི་ཕྱར་ནས་དམར་ཕྱོགས་པའི་སྐེ་གཅོད་བརྩིས་བྱེད་དགོས་ངེས་ཡིན་ཀྱང་མི་འདུག་ག་་་་
ཨིན་ཡིག་མཁྱེན་མཁན་ཚོས་འབྲེལ་ཐག་འདིར་གཟིགས།
https://sites.google.com/site/tibetanpoliticalreview/project-updates/areviewofdrlobsangsangay%E2%80%99spublishedscholarlyworks
ལུང་རྟོགས་ལགས། བསམ་བློ་མ་བཏང་བའི་སྐད་ནོར་ག་རེ་ཐེབས་འདུག། རང་དབང་མི་དགོས་ཟེར་མཁན་བློ་བཟང་སེང་གེ་ཡིན་པ་ཤེས་བཞིན་དུ་ད་སྐྱག་རྫུན་ག་རེ་བཤད་རྩིས་ཡོད་དམ། སྐྱག་རྫུན་བཤད་ནས་མཐའ་སྐྱོང་ཐུབ་གྱི་འདུག་གམ། བློ་བཟང་སེང་གེ་ཡི་སྐད་ཆ་ག་རེ་བཤད་ཡོད་མེད་(google)ེརྒྱུད་གཉིས་སྟོང་བཅུ་གསུམ་ཟླ་ལྔ་པའི་ཚེས་བརྒྱད་བཅས་བཙལ་དང་གསལ་པོ་རེད། མ་གཞི་ནས་དྲ་གྲོགས་མང་པོ་ཞིག་གི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ཟེར་གྱིན་འདུག། དེ་ནི་ནོར་བ་རེད། བློ་བཟང་སེང་གེ་གང་འདྲ་བྱེས་ནས་ཁྲིམས་ལུགས་མཁས་དབང་ཆག་པ་རེད་དམ། ཁྲིམས་ལུགས་ལ་རྣམས་གྲངས་མང་པོ་ཡོད་པ་རེད་མི་གཅིག་གི་ཁྲིམས་ལུགས་རྣམས་གྲངས་ཚང་མ་ཤེས་ཐུབ་གི་མ་རེད། ཡིན་ནའང་བློ་བཟང་སེང་གེ་ཡི་ཁྲིམས་ལུགས་རྣམས་གྲངས་མང་པོ་ནང་ནས་འགྲོ་བ་མི་ཐོབ་ཐང་གི་ཐད་ལ་སློ་སྦྱོང་བྱེས་བ་རེད། དེ་འདྲ་ཡིན་ཙང་ཁོང་འགྲོ་བ་མི་ཐོབ་ཐང་གི་ཁྲིམས་ལུགས་ཐད་ནས་མཁས་པ་རེད་ཟེར་ན་དེ་ནི་ཆོག་པ་ཞིག་ལ་འོས་པ་ཞིག་ཀྱང་རེད། དེ་མིན་གང་ཡིན་ཚང་མ་ཁྲིམས་ལུགས་མཁས་དབང་དང་མཁས་དབང་བཅས་ཟེར་བསྡད་ན་ཅང་མ་ཤེས་པའི་སྐད་ཆ་རེད།
རྒོད་པོས་བཤད་པ་དེ་བདེན་པ་ཡིན་རྒྱུ་རེད། ཁྲིམས་ཟེར་བ་འདི། སྡེ་ཚན་མང་པོ་ལ་དབྱེ་ཡོད་རྒྱུ་རེད་བསམ། ཁྲིམས་ལུགས་ཡོད་ཚད་ཤེས་དགོས་ཟེར་ན། ཡང་མིན་ན། ལབ་རྒྱག་མཁན་གྱི་ལབ་རྒྱག་མ་ཤེས་བ་འམ། དེ་མིན་ན། སྟོད་མ་ཤེས་མཁན་ཚོས་སྟོད་མ་ཤེས་བའི་རང་མཚང་ཕྱི་ལ་བཏོན་པའི་སྐྱོན་ཞིག་ཡོད་པ་གསལ་བོ་དག་པོ་རེད་འདོད།
རྒོད་པོ་ལགས་ཀྱི་གསུང་པར་རྒྱབ་སྐྱོར་ཡོད། ལུངས་རྟོགས་ལགས་ནས་ལྐུགས་པ་ཨུ་ཚུགས་བྱེད་ནས་སྲིད་སྐྱོང་མཆོག་ལ་རྒྱབ་རྟེན་བྱེད་ཀྱི་འདུག་ག་ ཧཧཧཧཧ སྲིང་སྐྱོང་མཆོག་འགྲོ་བ་མིའི་ཁྲིམས་སྒྲིག་ཐོག་མཁས་དབང་ཡིན་ན་ད་བར་རྒྱ་གཞུང་གི་དཔོན་རིགས་ནས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་སྒྲིག་བརྩི་མེད་བཏང་དང་གཏོང་བཞིན་པའི་ཐད་ཁྲིམས་གཏུགས་མ་གནང་བ་གང་ཡིན་ནམ། རྒྱལ་སྤྱི་ཁྲིམས་ཐོག་མཁས་དབང་ཡིན་ན་དེ་སྔོན་སུ་གང་ཅིག་གི་གནང་མེད་པར་གནང་ཤོག་ད། དེ་མིན་མཁས་དབང་ཡིན་མདོག་གིས་ཕྱི་རྒྱལ་ཚོགས་འདུ་སར་ང་ཚོས་རྒྱ་གཞུང་ལ་བོད་ནང་མང་གཙོ་ལག་བསྟར་བྱ་དགོས་རེ་བསྐུལ་ཞུ་ཡི་མེད་ཞེས་སྐད་ཆ་ཐལ་ཆ་ཆེན་པོ་དེ་འདྲ་ཤེས་ནས་རྗེས་སུ་ཡར་བསྡུ་མ་ཐུབ་ནས་དཀའ་ངལ་ག་འདྲ་བྱུང་སོང་ཤེས་གསལ་རེད། གང་ལྟར་སློབ་སྦྱོང་ཡོད་ནའང་མ་འོངས་པར་ཆབ་སྲིད་གནད་དོན་ཐད་གཟབ་གཟབ་གནང་རོགས་འབོད་བསྐུལ་ཞུ་བཞིན་ཡོད།
རྒོད་པོ་ལགས། ང་ཡང་གསར་འགྱུར་ལ་དོ་སྣང་བྱེད་མཁན་ཞིག་ཡིན། སྲིད་སྐྱོང་མཆོག་གིས་ང་ཚོས་དམངས་གཙོ་རྩོད་ཀྱི་མེད་ཅེས་གསུང་པ་ལས་རང་དབང་རྩོད་ཀྱི་མེད་ཅེས་གང་དུ་ཡང་གསུངས་མེད། དམངས་གཙོ་དང་རང་དབང་གཉིས་ལ་ཁྱད་པར་ཡོད་པ་ཁྱོས་ཀྱང་ལོས་ཤེས། དམངས་གཙོ་རྩོད་ཀྱི་མེད་ཅེས་གསུངས་པ་དེ་ཡང་སྔོན་མ་བཀའ་ཁྲི་ཟམ་དགོང་རིན་པོ་ཆེའི་དུས་སུ་རྒྱ་བོད་དཀའ་རྙོག་སེལ་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་ཡོད་པ་དེའི་ནང་ལ་འཁོད་ཡོད་པ་ཞིག་ལས། སྲིད་སྐྱོང་གིས་གསར་
བཟོ་བྱས་པའི་སྐད་ཆ་ཞིག་མིན་པ་གསལ་བཤད་གནང་ཟིན་པ་རེད། གཉིས་ནས་ཁྲིམས་ལུགས་མཁས་དབང་ཞེས་པ་དེ་ཁྲིམས་ཀྱི་སྡེ་ཚན་གང་རུང་ལ་ཕུལ་དུ་ཕྱིན་པ་ཞིག་ལ་འབོད་ཆོག་པ་ལས། ཁྲིམས་ལུགས་ཡོངས་རྫོགས་ཁོང་དུ་ཆུད་སོང་བ་ཞིག་བརྙེད་མི་སྲིད་པ་རེད། ལར་ནས་ཧོ་ཝ་ཌི་ལྟ་བུའི་འཛམ་གླིང་ནང་སྙན་གྲགས་ཧ་ཅང་ཆེ་བའི་སློབ་གྲྭ་ཞིག་ནས་འབུམ་རམ་པའི་མཚན་གནས་ལེན་མཁན་ཞིག་ལ་མཁས་དབང་ཞེས་འབོད་མི་འོས་ན་མཁས་དབང་ཞེས་པ་ཞིག་བརྙེད་ཁག་པོ་མ་རེད་དམ།
དེང་སང་བོད་པ་ཚོས་རང་ཉིད་ཀྱི་ཕྱོགས་རྟོག་དང་སོ་སོ་སྣང་བ་འགྲོ་ས་ཞིག་ཡིན་ན་ཡོན་ཏན་ཆེན་པོ་ཅང་མེད་ཀྱང་མཁས་དབང་ཞེས་འབོད་རྐྱང་རེད་འདུག་ལ། རང་ཉིད་མི་དགའ་ས་ཞིག་ཡིན་ན་མཁས་པ་ཅི་འདྲ་ཞིག་ཡིན་ཡང་མཁས་དབང་མ་ཡིན་པར་སྒྲུབ་ཐབས་བྱེད་ཀྱི་འདུག འདི་ནི་ཆགས་སྡང་ཞེས་པའི་བློ་ངན་དེས་གཟུར་གནས་ཀྱི་བློ་གྲོས་སྒྲིབ་སོང་བའི་རྟགས་མཚན་ཞིག་མིན་ནམ།
ལུང་རྟོགས་ལགས། ཧོ་ལྦ་ཊི( Harvard University )་སློབ་གྲྭ་ནས་འབུམ་རམ་པའི་མཚན་གནས་ལེན་མཁན་ཞིག་ལ་མཁས་དབང་ཞེས་འབོད་མི་འབོད་ཁྱོད་རང་འདོད་པ་རེད་དེས་ཐད་ལ་ང་ལ་བསམ་འཆར་ཅང་རེད། འོན་ཀྱང་གསལ་པོ་ག་རེས་བཤད་འདོད་བྱུང་ཟེར་ན་ཁྲིམས་ལུགས་མཁས་དབང་ཞེས་འབོད་ན་རང་ཉིད་གྱི་ཅང་མ་ཤེས་བའི་སྟགས་རེད་འབོད་སྟངས་དེ་ནི་ནོར་བ་རེད། ཧོ་ལྦ་ཌི་( Harvard University ) ནས་ལོ་རེ་བློ་བཟང་སེང་གེ་ནང་བཞིན་མཚན་གནས་བཞེས་མཁན་མི་ཁྲི་གཉིས་ལྷག་འཐོན་གི་ཡོད་རེད། དེ་དག་ཚང་མའི་ནང་ན་ང་མཁས་དབང་ཡིན་ཟེར་མཁན་མི་འདུག། ཡིན་ནའང་འདི་ནས་ཁྱོད་དང་ཁྱོད་ལྟ་བུ་སེང་གེ་ཡི་རྗེས་འབྲེང་བ་ཚོ་ག་རེ་བཤད་འདོད་བྱུང་ཟེར་ན། ངའི་བློ་བཟང་སེང་གེ་ང་ཤེས་ནས་ལོ་བཅོ་ལྔ་ལྷག་འགྲོ་གི་འདུག། ལུང་རྟོགས་ལགས་གསར་འགྱུར་ལ་དོ་སྣང་ཡོད་དུས་གཉིས་སྟོང་ལྔ་ལོ་བློ་བཟང་སེང་གེ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་འོས་མི་སུ་བླུག་པ་ཡིན། དེ་དུས་བློ་བཟང་སེང་གེ་སློབ་གྲྭ་འཐོན་ནས་ཕྱི་དྲག་འགྲོ་ཡོད་མ་རེད། ང་ལས་འགལ་དེ་རྩོམས་མཁན་དང་པོ་ཡིན། ཡིན་ནའང་ལས་འགལ་དེ་འགྲོ་ཐུབ་ཡོད་མ་རེད། གང་ལ་ཟེར་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱི་བློ་བཟང་སེང་གེ་སྤྱི་འཐུས་འོས་མི་སུ་བསྡད་འདོད་ཡོད་མེད་འདྲི་སྐབས། བློ་བཟང་སེང་གེ་ཡི་ལན་འདི་འདྲ་ཞིག་རྒྱབས་པ་རེད། ང་རང་བྱང་ཨ་རི་བོད་མི་མང་སྤྱི་འཐུས་འོས་མི་སུ་བསྡད་འདོད་མེད། ངའི་གྲོགས་པོ་དེ་འདྲ་ཡི་ངའི་ཆབ་སྲིད་གྱི་ལས་ཀ་བྱེད་ན་ཡག་པོ་ཡོད་པ་མ་རེད་ཟེར་གྱིན་འདུག། གང་ལ་ཟེར་ན་ང་མཁས་དབང་ཞིག་ཡིན་པས་ཆ་ནས་ཡིན་ཟེར། ཁོང་གི་སྐད་ཆ་འདི་ལ་ཅིག་ཉོན་དང། སེམས་ལ་གང་འཆར་གྱིན་འདུག་གམ། བློ་བཟང་སེང་གེ་ལ་དགའ་མི་དགའ་ཡི་སྐད་ཆ་ཡོད་ན་མ་རེད། སྤྱིར་འགྲོ་བ་མི་ཚང་མ་ལ་རང་རང་དགའ་ས་དང་མི་དགའ་ས་མི་ཡོད་ཡོད་པ་རེད། དེ་ནི་ང་ཚོ་བོད་པའི་སྤྱི་ཚོགས་གཅིག་པོ་མ་རེད། དེ་ནི་འཛམ་གླིང་སྤྱིའི་རང་བཞིན་རེད། ལ་རེད་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་དུ་རང་དབང་དང་མང་གཙོ་གཉིས་བར་ལ་འགྲེལ་རྒྱབ་ནས་བཙན་བྱོལ་བོད་མི་རྣམས་ལ་ཡང་བསྐྱར་ཐེངས་གཅིག་མགོ་བསྐོར་བཏང་བ་རེད། གཅིག་བྱེས་ན་བྱེད་སྟངས་འདི་ནི་མ་འོངས་པ་རང་ཉིད་ཡང་བསྐྱར་ཐོབས་ཡ་ཆེད་དུ་ཡིན་སྲིད། ཡིན་ནའང་སྲིད་སྐྱོང་མཆོག་ནས་གསུངས་བཤད་སྐབས་ཕྲན་ཡང་དེ་རི་ཡོད་ང་ལ་གོ་ནོར་ཐེབས་མེད་ལ་སྐབས་དེ་དུས་དབྱིན་ཡིག་གི་ཚགས་པར་དང་དྲ་རྒྱ་སོགས་སུ་འདིའི་ཐད་ལ་བསམ་ཚུལ་ཤུགས་ཆེན་པོ་སླེབས་བྱུང། ད་ལྟ་ཡང་དངོས་སུ་སྲིད་སྐྱོང་གི་གསུངས་བཤད་( Google) རྒྱུད་ནས་མཐོང་ཐུབ་གྱིན་འདུག། དེ་ལ་གསལ་པོ་ཞིག་ཉོན་དང་དེ་ནས་ང་ཚོ་ཡང་བསྐྱར་འདིའི་སྐོར་ལ་བགྲེ་གླེང་བྱེད་ཆོག། ཁ་སྣོན་ཞིག་བཤད་ན་ང་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ཀྱི་ཆབ་སྲིད་ལེངས་ཕྱོགས་ཐད་ལ་དགའ་པོ་མེད་ལ་མ་འོངས་དགའ་གི་མ་རེད་བསམ་ཡོད། གང་ལ་ཟེར་ན་བློ་བཟང་སེང་གེ་རང་ཉིད་གྱི་མཚན་སྙན་གྲགས་གི་ཆེད་དུ་རེད་མ་གཏོགས་བོད་མི་བདེ་སྡུག་ཐད་ལ་ཁོང་ལ་ཤ་ཚ་ཅིག་གྱང་ཡོད་མ་རེད། དེ་ནས་ཟམ་གདོང་རིན་པོ་ཆེ་རེད། ཁོང་གསུངས་བཤད་ཞིག་གི་སྐབས་ངའི་བོད་མི་རིགས་ཀྱི་ཆེད་དུ་ཉིན་གཅིག་ལ་ཡང་ལས་ཀ་བྱེད་ཉོངས་མེད་ཟེར། སྐད་ཆ་འདི་ནི་ཆེས་ནག་ཉེས་ཅན་གྱི་སྐད་ཆ་ཞིག་རེད།
སྤོབས་པ་མཐའ་ཡས་ལགས་བློ་བཟང་སེང་གེ་བོད་གཞུང་གི་དམངས་གཙོ་འཕེལ་རིམ་སྐོར་ལ་ཞིབ་འཇུག་ཆེད་རྩོམ་དེ་གློག་ཡོད་དང་མེད།
འོ་ཡ། ད་རྒྱུ་མཚན་མེད་པའི་སྐད་ཆ་སྦ་རེ་སྦུ་རེ་དེ་ཚོ་ལ་ལེན་འདེབས་རྒྱུའི་དུས་ཚོད་མེད། གང་ལྟར་ཧོ་ཝ་ཌི་ལྟ་བུའི་སློབ་གྲྭ་ནས་འབུམ་རམ་པ་ལེན་མཁན་ཁྲི་གཉིས་མ་དགོས་གསུམ་ཡོད་ཀྱང་དེ་དག་ལ་མཁས་དབང་གི་མཚན་གནས་འབུལ་བ་ནོས་འོས་འཚམ་རེད། དེ་དག་ལ་མཁས་དབང་ཞེས་པའི་མིང་ཐོག་གི་མེད་ན་མཁས་དབང་གི་མིང་ཁྱེར་ཐུབ་མཁན་ཞིག་འཛམ་གླིང་འདིས་སྟེང་ནས་རྙེད་ཁག་པོ་རེད། འགྲོ་བ་མི་ཚང་མར་དགའ་ས་དང་མི་དགའ་ས་ཡོད་པ་བདེན་ཡང་རང་ཉིད་མི་དགའ་ས་དེ་མཐའ་ཅིག་ཏུ་ནག་པོ་བཟོ་ཐབས་ཁོ་ན་ལ་རྩོན་མཁན་ནི་བོད་པ་ལྟ་བུ་ཞིག་དཀོན་ཚོད་རེད། སྲིད་སྐྱོང་གི་གསུང་བཤད་དེ་ལ་དྲ་ཐོག་ནས་འུར་རྒྱག་གི་ཡོད་པ་ངས་ཀྱང་ཤེས། འོན་ཀྱང་དེ་ཡང་ཆབ་སྲིད་པ་མགོ་བདེ་ཚོས་ཆུང་ཆུང་ཆེན་པོ་ལ་བཟོས་ནས་སྤྱི་ཚོགས་ནང་ལ་དཀྲོག་རྐྱེན་སློང་བཞག་པ་ཞིག་རེད། དོན་དག་ངོ་མ་དམངས་གཙོ་རྩོད་ཀྱི་མེད་པ་དེ་ཟམ་གདོང་རིན་པོ་ཆེའི་དུས་སུ་རྒྱ་བོད་གྲོས་མོལ་གྱི་བསམ་འཆར་ཡིག་ཆའི་ནང་དུ་འཁོད་ཡོད་པ་ཞིག་རེད། གང་ལྟར་སྲིད་སྐྱོང་གི་ཆབ་སྲིད་ལང་ཕྱོགས་ལ་དགའ་མ་དགའ་སོ་སོའི་འདོད་པ་རེད། འོན་ཀྱང་སྲིད་སྐྱོང་མཆོག་བོད་མི་མང་གི་འོས་སྡུ་བྱས་ནས་ཡར་སླེབས་པ་ཞིག་རེད་ལ། དུས་ད་ལྟ་ཡང་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ལ་དགོའ་མོས་བྱེད་མཁན་ངོ་རྒོལ་བྱེད་མཁན་ལས་ཧ་ཅང་མང་བ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པས་ག་དུས་ཡིན་རུང་མི་རེ་ཟུང་གིས་སྲིད་སྐྱོང་ནག་པོ་བཟོ་ཐབས་བྱེད་པ་ནི་མི་མང་གི་དགའ་མོས་ལ་བརྩི་བཀུར་མ་བྱས་པ་དང་རང་གི་དབུ་ཁྲིད་ལ་གུས་ཞབས་མེད་པའི་བྱེད་སྟངས་ཐ་ཤལ་ཞིག་རེད།
མང་གཙོའི་ལྟ་གྲུབ་ལ་བྱང་ཆུབ་པའི་སྐྱེས་བུ་ཞིག་ཡིན་ན་སོ་སོའི་དབུ་འཁྲིད་ལ་གུས་ཞབས་ཡོད་དགོས་ལ་ཕྱག་ལས་མ་སྒྲིག་པར་སྐྱོན་བརྗོད་བྱེད་གི་ཡོད་པ་ནི་སྤྱི་ཚོགས་ནང་གོ་རྟོག་ཡོད་པ་ཞིག་རེད་
ལུང་རྟོགས་ལགས། དམངས་གཙོ་མི་དགོས་རང་དབང་དགོས་ཟེར་ཡ་ཞིག་ཡོད་དམ།་བསམ་བློ་གཏོང་དང་རྒྱ་ནག་ནང་དུ་དམངས་གཙོ་དང་རང་དབང་གཉིས་ཆ་མེད་པ་རེད། དམངས་གཙོ་མེད་ས་ཞིག་ནས་རང་དབང་གང་འདྲ་ཞིག་ཡོངས་ཐུབ་བམ། གཅིག་བྱེས་ན་ཁྱེད་ལ་དེས་ཐད་འགྲེལ་བཤད་ཅིག་ཡོད་སྲིད། རང་ཉིད་མི་དགའ་ས་ལ་ནག་པོ་བཟོ་གི་འདུག་ཟེར། བྱེད་སྟངས་འདི་བོད་པ་གཅིག་པོ་རེད་ཟེར། ཁྱོད་ནོར་སོང། བློ་བཟང་སེང་གེ་ཆབ་སྲིད་གྱི་མི་རྣ་ཞིག་རེད་ཆབ་སྲིད་ལྡོག་ཕྱོགས་ལེ་ཡོད། ཡོད་ཀྱང་དགོས་པ་ཞིག་རེད། དཔེར་ན་ཨ་རི་ནང་དུ་ཆབ་སྲིད་གྱི་ཚོགས་ཆེ་ཤེས་གཉིས་ནི་དམངས་གཙོ་ཚོགས་དང་སྤྱི་མཐུན་ཚོགས་པ་གཉིས་རེད། ཚོགས་པ་འདི་གཉིས་ཁ་གཏད་རེད་ལ། ཕན་ཚན་ནག་པོ་ནག་གྱང་བཟོ་རེ་བྱེད་གི་རེད། དེ་ནི་ཆབ་སྲིད་པ་ཚོས་རང་ཉིད་གྱི་ལས་ཀ་ཐུས་ཤོར་ལ་མ་བཏང་པའི་ཐོག་ནས་གདོང་ལེན་བྱེད་གི་རེད། མི་མང་གི་ཡང་རིག་པ་བཏང་ནས་བདེན་པ་གཡེ་བ་འབྱེད་གི་རེད་ལ། ལུང་རྟོགས་ཁྱོད་ནང་བཞིན་བདེན་པ་ཡོད་མེད་ལ་མ་ལྟོས་པར་མཐའ་གཅིག་དུ་ལུང་ཚན་ཆུང་ཆུང་ཞིག་གི་ཞེན་ཁོག་གཅིག་པོ་གི་རྒྱབ་སྐྱོར་བྱེད་གི་མ་རེད་ལོ། བློ་བཟང་སེང་གེ་ལ་ནག་པོ་བཟོ་མཁན་ཡོད་ན་དེ་ཁོ་རང་གི་ལས་འགན་རེད། ཁྱོད་ལྟ་བུ་ལ་དགའ་མི་དགའ་ཅི་ཡོད། ལས་ཀ་མེད་པས་ལས་ཀ་རང་བྱེད་གྱིན་འདུག།
དམངས་གཙོ་ཚད་ལྡན་ཅིག་དགོས་ན་ལུང་ཚན་དང་ཡུལ་ལུང་ཆུང་ཆུང་དག་གི་ཕྱོགས་རིས་དེ་དོར་ནས། ཆབ་སྲིད་གྱི་མི་རྣ་དག་གི་བྱེས་ནོར་ཐད་ལ་སྦ་གསང་མེད་པར་སྐྱོན་བརྗོད་བྱེད་ཐུབ་དགོས། དེ་ལྟར་བྱེད་ཐུབ་ན་ད་བཟོད་དམངས་གཙོ་ཟེར་བ་ཡོངས་ཐུབ། དེ་མིན་དམངས་གཙོ་ཟེར་བ་དེ་ཁ་ཙམ་རེད་མ་གཏོགས་དམངས་གཙོ་ཡང་དག་པ་ཞིག་ཡོངས་ཐུབ་མེད།
རྒོད་པོ་ལགས། དམངས་གཙོ་ཞེས་པའི་གོ་ས་གཙོ་བོ་ནི་དབུ་ཁྲིད་མི་མང་གིས་འདེམས་ཆོག་པ་དང་། དབུ་ཁྲིད་ཀྱི་བྱ་བ་སྒྲུབ་སྟངས་མ་འགྲིག་ན་མི་མང་གིས་ངོ་རྒོལ་བྱས་ནས་མར་ཕུད་ཆོག་པ་ཞིག་ལ་གོ་བ་རེད། དེས་ན་དམངས་གཙོ་མེད་ན་རང་དབང་མེད་པའི་ཁྱབ་པ་མེད། དཔེར་ན་ཧོང་ཀོང་བཞིན་རེད། ཧོང་ཀོང་གི་དབུ་ཁྲིད་རྒྱ་གཞུང་གིས་འོས་མི་གཉིས་གསུམ་ཞིག་གཏོན་ནས་དེའི་ནང་ནས་གང་རུང་གདམ་དགོས་པ་ལས་མི་མང་གིས་རང་འདོད་ལྟར་གདམ་ས་མེད། དེ་བཞིན་ཧོང་ཀོང་མི་མང་གིས་ངོ་རྒོལ་ཇི་ཙམ་བྱས་ཀྱང་ཧོང་ཀོང་སྤྱི་ཁྱབ་ཕུད་ཐུབ་ཀྱི་མེད་པ་མཐོང་གསལ་རེད། འོན་ཀྱང་ཧོང་ཀོང་ནང་ངོ་རྒོལ་སྐད་འབོད་བྱེད་ཆོག་པ་སོགས་རྒྱ་ནག་གི་ཞིང་ཆེན་སུ་ལ་ཡང་མེད་པའི་རང་དབང་ཆེན་པོ་ཡོད་པ་ང་ཚོས་མཐོང་བཞིན་པ་རེད། འདི་ནི་དམངས་གཙོ་མེད་ན་རང་དབང་མེད་པའི་ཁྱབ་པ་མེད་པའི་དཔེ་མཚོན་ཡག་ཤོས་དེ་རེད།
ཨ་རི་སོགས་དམངས་གཙོའི་རྒྱལ་ཁབ་ཕལ་མོ་ཆེ་ལ་གཞུང་འཛིན་དང་ཁ་གཏད་ཚོགས་པ་ཡོད་པ་རེད། དེ་གཉིས་པོ་ཅིག་གིས་ཅིག་ལ་སྐྱོན་བརྗོད་བྱེད་ནས་ཕར་ཕྱོགས་དེ་མར་འཐེན་ཐབས་དང་རང་ཉིད་གཞུང་འཛིན་པར་ཆགས་པའི་དོན་དུ་ཕར་ཕྱོགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བོད་པ་ལ་གཞུང་འཛིན་ལས་ཁ་གཏད་ཚོགས་པ་མེད་པས་མི་རེ་གཉིས་ཀྱི་ཁ་གཏད་ཚོགས་པའི་འགན་ཁྱེར་ནས་གཞུང་འཛིན་པ་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་འོས་སུ་མ་བབ་པ་ཞིག་རེད། བདེན་པ་ལ་དབྱེ་བ་འབྱེད་ན་བདེན་པ་བདེན་ས་ལ་བཞག་དགོས་པ་རེད་མ་བཏོགས་བདེན་པ་རྫུན་པ་བཟོ་ཐབས་བྱས་ན་དེ་ནི་ཆབ་སྲིད་འཁྲབ་སྟངས་སྡུག་ཤོས་དེ་རེད། བློ་བཟང་སེང་གེ་ནག་པོ་བཟོ་བ་དེ་བཟོ་མཁན་གྱི་འགན་ཡིན་ན་ང་ཡང་བོད་གངས་ཅན་པའི་འབང་མི་ཞིག་ཡིན་པས་རང་གི་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱ་དང་། མི་བདེན་རྫུན་སྒྲིག་ལ་གདོང་ལེན་གྱིས་བདེན་པ་དག་སེལ་བྱེད་རྒྱུ་དེ་ངའི་འགན་ཡིན། དེས་ན་ཕོ་སུ་མ་དགའ་རུང་ངས་མུ་མཐུད་ནས་བདེན་རྒྱབ་བྱེད་ཐག་ཆོད་ཡིན།
དམངས་གཙོ་ཞེས་པ་དེ་ཡང་ཁ་ནས་ཐོན་ཚད་བཤད་ཆོག་ཆོག་དང་། ལག་ནས་ཐོན་ཚད་བྲི་ཆོག་ཆོག་ཅང་མ་རེད། དམངས་གཙོ་ཞེས་པ་དེ་ལ་ཐོབ་ཐང་ལས་འགན་ཁུར་གལ་ཆེ་བ་རེད། བོད་པ་ཚང་ཁ་བཏབ་སྐྱོ་པོ་འདི་འདྲ་ཞིག་ལ་ལྷུང་སོང་བས་གང་དྲན་བཤད་ཆོག་སོང་བ་རེད་མ་གཏོགས། རྒྱལ་ཁབ་རང་དབང་ཡོད་མཁན་ཞིག་ཡིན་ན་སྲིད་སྐྱོང་བཞག་ནས་མི་ཕལ་པ་ཞིག་ལ་གཞི་མེད་སྐྱོན་འཛུག་བྱས་ཀྱང་ཁྲིམས་ཀྱི་བརྡ་འདེག་བྱེད་ཀྱི་རེད།
ནོར་སོང་རྦད་དུ་ནོར་སོང། ཧོང་ཀོང་ནང་དུ་ཅུང་ཙམ་སྐད་འབོད་གྱི་རང་དབང་ཡོད་པ་དུ་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བདུན་གྱི་ཡར་སྔོན་ཧོང་ཀོང་མི་དམངས་ལ་དམངས་གཙོ་དང་རང་དབང་ཆ་ཚང་ཞིག་ཡོད་རྐྱེན་གྱི་གཞུང་གི་མི་རྣའི་ཐད་ཀར་མི་མང་ལ་སྡུག་པོ་མི་བྱེད་པའི་རྒྱུ་མཚན་འདི་རེད། ད་ལོ་ཁ་ཤས་ཞིག་སྒུག་དང་ག་རེ་ཡོངས་རྒྱུ་ཡིན་མིན་གསལ་པོ་རེད། ཧོང་ཀོང་གི་དཔེར་འདི་ང་ཚོ་བོད་པའི་སྒང་འཁྱེར་ཡོང་ན་ཧ་ཅང་ནོར་པ་རེད། གང་ལ་ཟེར་ན་ང་ཚོ་བོད་དམར་པོ་འོག་ལ་ཤོར་ལོ་ངོ་དྲུག་བཅུ་འགྲོ་བཞིན་ཡིད་རེད། བོད་ནང་གི་བོད་མི་ཚོ་རང་དབང་དང་དམངས་གཙོ་ཟེར་བ་ཞིག་མཐོང་ཉོང་ཡོད་པ་མ་རེད། ལྷག་པར་དུ་བོད་ནང་གི་འགོ་འཁྲིད་ཚོ་ཅིག་བལྟས་དང་ཧོང་ཀོང་གི་དཔེར་འདི་ང་ཚོ་བོད་ལ་རན་པ་ོ་འདུག་གམ། དེ་ནས་སྲིང་སྐྱོང་མཆོག་ལ་རྒྱབ་སྐྱོར་སུ་བྱེད་མིན་དེ་སོ་སོར་འདོད་པ་རེད། རང་དབང་རེད། གསལ་པོ་ག་རེ་བཤད་འདོད་བྱུང་སོང་ཟེར་ན་སྲིད་སྐྱོང་མཆོག་ལ་སྐྱོན་ཡོད་པ་ཤེས་བཞིན་དུ་མཐའ་གཅིག་དུ་རྒྱབ་སྐྱོར་བྱེད་གི་ཟེར་བ་འདི་རྦད་དུ་ནོར་བ་རེད། རྒྱབ་སྐྱོར་བྱེད་ན་བྱེད་མཁན་དག་སྲིད་སྐྱོང་གི་ཡུལ་ལུང་གཅིག་པ་ཡིན་ག་ལ་དགོས། བསམ་བློ་གཏོང་ཧ་ཅང་སྐྱོ་པོ་རེད།
རྒོད་པོ་ལགས་ཁྱེད་རང་དོན་དངོས་མཁས་ལེན་དགོས་གང་ལྟར་དགའ་ནའང་འདྲ་མ་དགའ་ནའང་འདྲ། ཧ་ཝར་འདྲ་མཐོ་སློབ་ནས་ཐོན་པ་ཁྲི་གཉིས་མ་ཚད་འབུམ་གཉིས་ཐོནའང་མཁས་དབང་ཟེར་བའི་མིང་དེ་ལ་རྩོད་པ་ཅང་མེད། ལར་ནས་ང་ཚོ་བོད་རིགས་ནང་ལ་ཁ་ཚུར་སྐོར་ནས་གཟིགས་དང་འཛིན་རིམ་བཅུ་བཅུ་གཉིས་ཀྱི་ལག་འཁྱེར་མེད་པ་རྩོམ་ཆ་རེ་ཆོ་རེ་གཏམ་བཤད་ཉབ་བེ་ཉོབ་བེ་བྱེད་མཁན་ལ་མཁས་དབང་ཟེར་འདོགས་པ་ཉུང་ཉུང་མ་རེད་ལ། ང་ཚོ་བོད་རིགས་ནང་ལ་ཧ་ཝར་རྒྱལ་སྒོ་མཐོང་མཁང་མང་པོ་མེད་སློབ་ཐོན་ཟེར་བ་དེ་ནི་དེ་བས་དཀོན། ངས་བལྟས་ན་ཁྱོད་རང་གི་ཧ་ཝར་འདྲ་རྒྱལ་སྒོ་མཐང་ཡོད་པ་འདྲ་ཡང་སྒོ་བྱང་དེ་ཡག་པོ་ཞིག་ཀློག་རྒྱུའི་གོ་སྐབས་རག་ཡོད་ན།
ལྷ་སྲས་དར་མ་ལགས། བློ་བཟང་སེང་གེ་མཁས་བ་མ་རེད་ཟེར་གི་མེད་གོང་གི་མཆན་རྣམས་ཡག་པོ་ཞིག་གློག་དང་དེ་ནས་བསམ་ཚུལ་ཡོད་ན་བཤད་རོགས། དེ་མིན་ཁྱེད་རང་ལ་ཁྱི་སྨྱོན་གི་སོ་རྒྱབ་ཡོད་པ་ལས་གཞན་ཅིང་མ་མཐོང། ཁྱེད་དང་ཁྱོད་ལྟ་བུའི་བློ་བཟང་སེང་གེ་ཡི་སྐྱག་པ་ཡན་ཆད་གསེར་ལྟ་བུ་ངོས་འཛིན་མཁན་ཡུན་དུས་བདེན་པ་ཟེར་བ་ཞིག་དང་དྲངས་པོ་ཞིག་གང་དུ་ཡོངས། བློ་བཟང་སེང་གེ་ལ་ལག་འཁྱེར་མཐོ་པོ་ཞིག་ཡོད་པ་བདེན་པ་རེད། མཁས་ལེན་ཆོག། འོན་ཀྱང་བློ་བཟང་སེང་གེ་ལ་ལག་འཁྱེར་མཐོ་པོ་ཡོད་པ་ནང་བཞིན་ཤེས་ཡོན་ཚད་མཐོ་པོ་ཡོད་པ་རེད་ཟེར་ན་ངའི་མཁས་མི་ལེན། བློ་བཟང་སེང་གེ་ཡི་དབྱིན་ཡིག་་གི་གོ་དོན་དང་སྐད་ཆ་བཤད་དགོས་ན་ཡག་པོ་ཡོད་རེད། འོན་ཀྱང་ལག་ལེན་ཡག་པོ་ཡོད་པ་རེད་ཟེར་ན་དེ་ཡང་ངའི་མཁས་མི་ལེན། སྤྱི་ལག་འཁྱེར་མཐོ་པོ་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་ལས་ཀ་དངོས་སུ་འགོ་རྩོམས་དུས་ལག་ལེན་གལ་ཆེན་པོ་རེད། ལྷ་སྲས་དར་མ་ལགས་དུས་རབས་གཉེར་གཅིག་པ་རེད། དེ་ཤེས་པར་ཤེས། བོད་མི་ནང་ནས་བློ་བཟང་སེང་གེ་གཅིག་པོ་ཧ་ལྦ་ཌི་མཐོ་སློབ་དུ་སོང་བ་རེད་ཟེར་བ་འདི་དངོས་ནས་སྙིང་བརྗེ། ཏོག་ཙམ་མིག་རྒྱང་རིང་ཞིག་ལྟས་དང་བློ་དགོ་འབྱེལ་དངོས་རེད།
རྒོད་པོ་ལགས། གང་ལྟར་ངའི་སྒྲུབ་བྱ་ནི་དམངས་གཙོ་མེད་པ་དང་རང་དབང་ཡོད་པ་གཉིས་མི་འགལ་བ་འདི་རེད། མ་འོང་པར་ཧོང་ཀོང་ལ་ཅི་ཞིག་འགྱུར་རུང་དེ་གནས་ཚུལ་ཁ་ཁ་རེད། ད་ལྟ་ཧོང་ཀོང་ནང་ལ་དམངས་གཙོ་མེད་ཀྱང་རང་དབང་ཡོད་པ་འདིས་ངའི་སྒྲུབ་བྱ་དེ་འགྲུབ་སོང་བ་རེད། ཤེས་ཨེ་སོང། མ་འོང་པར་ཨ་རི་ཡང་དབང་ཆ་ཅིག་སྡུད་ཆགས་སྲིད་པ་རེད་དེ་ནི་སུས་ཀྱང་ཚོད་དཔག་བྱེད་མི་ཤེས་པ་ཞིག་རེད། ཁྱོད་ཀྱིས་ང་སྲིད་སྐྱོང་དང་ཡུལ་ལུང་ཅིག་པ་རེད་ཟེར་བ་ཡིན་ནམ། ཁྱོད་རང་རྦད་དེ་ནོར་སོང་་། ལར་ནས་ཁྱེད་ཀྱིས་ང་སྲིད་སྐྱོང་དང་ཡུལ་ལུང་ཅིག་པ་ཡིན་པ་ཇི་ལྟར་ཤེས་སོང་ངམ། ཁྱེད་ལ་མངོན་ཤེས་ཅུང་ཟད་ཡོད་པ་མིན་འགྲོ། ཧཧཧ ང་ལ་མཚོན་ན་ཡོན་ཏན་རྒྱ་མི་ཆེ་ཡང་བོད་ཆོལ་ཁ་གསུམ་དང་ཆོས་རྒྱུད་བཞི་ལ་ཕྱོགས་ཞེན་དང་དབྱེ་འབྱེད་བྱས་པ་ཞིག་དང་། མཐོ་དམན་སུ་ལ་ཡང་གཞི་མེད་སྐྱོན་འཛུག་བྱས་པ་ཞིག་གཏན་ནས་མི་དྲན། ཁ་བརྡའི་ནང་ལ་ངས་ལོ་མང་པོར་མཆན་བཀོད་པས་ཁྱོད་རང་གིས་ཞིབ་འཇུག་ཅིག་བྱས་ན་ཧ་གོ་ཡོང་།
བློ་བཟང་སེང་གེ་ཧ་ཝ་ཊི་ནས་མཐོན་པ་དང་ལག་འཁྱེར་ཡང་མཐོ་པོ་ཡོད་པ་རེད་དེ་ལ་རྩོད་པ་གང་ཡང་མེད་རེད་དོན་རྙིང་པོ་ལག་ལེན་རེད་ད་ལྟ་བར་གང་བྱས་སོང་འགྲུབ་འབྲས་གང་བྱུང་སོང་མ་འོང་པར་གང་བྱེད་ཐུབ་གི་རེད་པས་
ངས་ཀྱང་སྲིད་སྐྱོང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་སངས་རྒྱས་ལྟ་བུ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་ལ་དངོས་ཡོད་ཀྱི་སྐྱོན་ཞིག་ཡིན་ན་ངས་སྦས་ཐབས་བྱེད་འདོད་ཀྱང་མེད་ལ་སྦས་ཐུབས་ཐབས་ཡང་མེད་པ་རེད། འོན་ཀྱང་ཁྱོད་ཚོས་འདིར་སྐྱོན་བརྗོད་བྱེད་བཞིན་པའི་ནུབ་ཕྱོགས་ལ་ཕེབས་གྲངས་མང་གི་འདུག་ཟེར་བ་དང་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་ཀྱི་མི་འདུག་ཟེར་བ་སོགས་ནི་སྐྱོན་བརྗོད་རྒྱུ་མ་རྙེད་པའི་སྐྱོན་བརྗོད་རང་རེད། ནུབ་ཕྱོགས་ལ་ཕེབས་ནས་བོད་དོན་ལ་རྒྱབ་སྐྱོར་བཙལ་བ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ལ་དབུ་མའི་ལམ་གྱི་གོ་རྟོག་སྤེལ་བ། བཙན་བྱོལ་སྒྲིག་འཛུགས་དང་སློབ་གྲྭ་སོགས་ལ་རོག་དངུས་འཚོལ་བ་སོགས་ལས་དོན་ཧ་ཅང་མང་པོ་ཡོད་པ་རེད། ཁྱོད་ཚོས་ལྟོས་དང་རྒྱལ་ཁབ་སུ་དང་སུའི་དབུ་ཁྲིད་ཡིན་ཡང་འཛམ་གླིང་རྒྱལ་ཁབ་སྤྱི་དང་ལྷག་པར་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དེ་ཚོའི་ནང་ལ་གོ་སྐབས་ནམ་རག་ལ་གཟིགས་སྐོར་ཕེབས་རྐྱང་གནང་གི་འདུག་མ་གཏོགས་ལས་ཁུང་ནང་ལ་འཛུལ་ནས་སྡད་ཀྱི་མེད་པ་མཐོང་གསལ་རེད། བོད་རྒྱ་འབྲེལ་མོལ་ཞེས་པ་དེ་ཡང་ལས་སླ་པོ་ཞིག་ག་ལ་ཡིན། ལས་སླ་པོ་ཡིན་ན་གོང་ས་སྐྱབས་མགོན་ཆེན་པོ་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་ནུས་པ་ཅན་དང་འཇོན་ཐང་ཅན་ཚོགས་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ་བོད་རྒྱ་འབྲེལ་མོལ་བྱས་ནས་བོད་དོན་སེལ་མ་ཐུབ་པ་ལྷག་སྲིད་དམ། ཁོང་ཚོས་ལོ་མང་པོ་དེ་འདྲའི་རིང་ལ་གནང་མ་ཐུབ་པ་ཞིག་སྲིད་སྐྱོང་གིས་ལོ་བཞི་ལྔ་ནང་ལ་གནང་ཐུབ་ཀྱི་རེད་དམ། འདོད་ཐག་ཐུང་དྲག་པ་མིན་ནམ།
རྐུན་མའི་ང་རྐུན་མ་ཡིན་ཟེར་ནས་ཁེས་ལེན་གི་མ་རེད། འོན་ཀྱང་གསལ་པོ་ག་རེ་ཤེས་ཡོད་ཟེར་ན་རྭ་རྐུན་གདོང་ན་ཤིག་གཅིག་འདུག་ཟེར་བ་དཔེ་དེ་བཞིན་ཁྱོད་ཡུལ་ལུང་ཆུང་ཆུང་ཞིག་གི་ཆེད་ར་བཟི་ཡོད་པ་སྔ་ས་ནས་ཤེས་ཡོད། ཧོང་ཀོང་གི་གནས་སྟེང་བོད་མི་རིགས་ཀྱི་མ་འོངས་པའི་བདེ་སྡུག་ཆེད་དཔེར་འཇོག་ས་དེ་རྦད་དེ་ནོར་སོང་བ་རེད། རྩ་བ་རང་མཁས་ལེན་མེད། རྦད་དེ་ལུང་རྟོགས་ཁྱེད་རང་ནོར་སོང་རྦད་དུ་ནོར་འདུག། ཧོང་ཀོང་དང་བོད་གཉིས་བར་ལ་ཁྱད་པར་ག་རེ་ཡོད་མེད་སློབ་སྦྱོང་ཡག་པོ་ཞིག་བྱེད་རོགས་གནང་དང་དེ་ནས་ཉིད་ལ་སློབ་སྦྱོང་ཞིག་རག་ངེས་རེད། ངེད་གཉིས་མི་འཚེ་ལ་ཆག་སྒོ་འདྲ་མ་བྱུང་ན་སྐད་ཆ་འདི་མུ་མཐུད་པའི་རེ་བ་རེད། ཧོང་ཀོང་དང་བོད་གཉིས་ཀྱི་གནས་སྟེང་རྦད་དུ་ཁག་ཁག་རེད། དཔེར་འཇོག་ས་ནོར་པ་རེད།
སྤྱིར་སྲིད་སྐྱོང་ནུབ་ཕྱོགས་སུ་འགྲོ་དགོས་པ་རེད། མི་ལ་འབྲེལ་བ་འཛིན་དགོས་པ་རེད། དེས་ཐད་ལ་ངེད་གཉིས་བསམ་ཚུལ་མ་མཐུན་པ་ཅང་མི་འདུག། འོན་ཀྱང་སྲིད་སྐྱོང་མཆོག་གི་རྩ་དོན་གསུམ་དེ་གང་དུ་བོར་སོང་བ་རེད་དམ། རྩ་དོན་གསུམ་པོ་ནང་ནས་གཅིག་འགྲུབ་ཡོད་ན་འོ་ཙམ་རེད། གཅིག་ཀྱང་འགྲུབ་མ་ཐུབ་པ་དང་ད་རུང་སྐད་ཆ་སྙན་པ་འདྲ་འདྲ་ཆག་པོ་འདྲ་བཤད་བསྡད་པ་འདི་འགྲིག་གི་མི་འདུག་ཟེར་གྱིན་ཡོད། དམངས་གཙོ་ལུང་པ་ནང་དུ་སྲིད་འཛིན་གྱི་མཁས་ལེངས་པའི་དམ་བཅའ་རྣམས་ཚང་མ་འགྲུབ་ཐུབ་ན་ཡང་ཉུང་ཤས་ཞིག་འགྲུས་དགོས་པ་རེད། མཁས་ལེངས་པའི་དམ་བཅའ་རྣམས་འགྲུབ་མི་ཐུབ་པའི་སྲིད་འཛིན་རྣམས་མི་མང་གི་ཐད་གར་ངོ་རྒོད་བྱེད་གི་རེད་ལ་གང་མགྱོགས་ལས་གནས་ཕུད་གི་རེད།
ཧཧཧ སྐད་ཆ་ཞེས་པ་དེ་བཤད་མང་ཉུང་མ་རེད་གནས་ལུགས་ཡོད་མེད་རེད། ད་ཁྱེད་ལ་བསྐྱར་བཤད་ཡོང་བཤད་ཙམ་ལས་ཅང་མི་འདུག་པས་ངེད་གཉིས་ཀྱི་བགྲོ་གླེང་འདི་ནས་མཚམས་བཞག་གི་ཡིན། སྲིད་སྐྱོང་གིས་ཅི་ཞིག་སྒྲུབ་ཀྱི་ཡོད་མེད་བོད་མི་ཚང་མས་ལྟས་སྡད་ཡོད་པ་རེད་ལ། སྲིད་སྐྱོང་གིས་ཕྱག་ལས་གནང་སྟངས་ནོར་ཡོད་མེད་རྗེས་མ་འོས་བསྡུས་སྐབས་སུ་ཤེས་ཀྱི་རེད། དེ་དུས་ལྟ་རྒྱུ་བྱེད། བདེ་མོ།
ཧ་ཧ་ཧ། དངོས་ནས་རེད། སྲིད་སྐྱོང་གི་བཤད་ཡ་མང་དྲག་ནས་གནས་ལུགས་ཡོད་པ་གཅིག་ཀྱང་མི་འདུག་ཟེར་གི་ཡོད། མ་འོངས་པ་ཁྱོད་དང་ཁྱོད་ལྟ་བུ་མང་དྲག་ན་བློ་བཟང་སེང་གེ་ཐོབ་སྲིད། དེ་མིན་བློ་བཟང་སེང་གེ་ཡི་འཇོན་ཐང་དང་ལས་ཀའི་སྒང་ནས་འོས་མི་ཐོབ་པ་གསལ་པོ་རེད་ལོ།
ངོ་མ་བགྲོ་གླེང་ཡག་པོ་བྱས་འདུག ལེན་རྒྱུ་ལྟ་རྒྱུ་གཉིས་ཀ་འདུག རྣམ་པ་ཚོས་མུ་མཐུད་དུ་གསུང་རོགས་གནང་།
ལྷ་སྲས་དར་མ་ལགས། ཁྱོད་ལ་ཅིག་འདྲི། བློ་བཟང་སེང་གེ་མཁས་དབང་གི་ལག་འཁྱེར་རག་ནས་ད་བར་དཔེ་དེབ་དང་རྩོམས་ཡིག་ག་ཚོད་ཅིག་ཡོད་དམ། ལག་འཁྱེར་མཐོ་པོ་སྦེ་སྒེ་ཁྲི་( Bill Gate) ལ་ཡང་ཡོད་པ་མ་རེད། འོན་ཀྱང་ཁོང་ནི་ལག་ལེན་གི་ཐོག་ནས་འགྲན་ཟླ་ཡོད་པ་མ་རེད།
ད་ང་ལ་གང་ཡང་བཤད་འདོད་མེད་རྒོད་པོ་འམ་རྒུད་པོ་གང་དུ་ངེས་པ་ཁོང་ལ་གང་ལ་ཟེར་ན་ཁོ་པས་གང་བཤད་ཀྱི་ཡོད་མེད་དང་གང་དོན་དངོས་ཡིན་པ་དེ་བས་མཁས་ལེན་འདོད་མེད། གང་ལ་ཟེར་ན་མངོན་སུམ་ལ་སྙོན་ནས་ཞེན་ཁོག་དང་ང་རྒྱལ་གྱི་དུག་རླངས་ཀྱིས་རབ་ཏུ་སྨྱོས་པས་སོ། དེ་ཙམ་གྱིས་་་་་་་་
ད་དུང་རྒོད་པོ་ལགས་ཁྱོད་ལ་ཕར་འདྲི་(Bill Gate)ལ་དད་མོས་དེ་ཙམ་བྱས་ནས་ང་ཚོའི་སྲིད་སྐྱོང་དང་འགྲན་དུས་ཁྱེད་རང་གི་སེམས་ནང་འཆར་སྒོ་གང་འདྲ་ཞིག་གིས་དེད་སོང་། ཡ་ང་རྙིང་རྗེ།
ཧ་ཧ་ཧ། ཁྱོད་ལྷ་སྲས་དར་མ་མ་རེད། ཁྱོད་ལྷ་སྲས་སྡར་མ་རེད། ངོ་མ་བཤད་ན་ང་བློ་བཟང་སེང་གེ་ལ་མི་དགའ་རྒྱུ་ཅང་མེད། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་ཕྱོགས་ཞེན་གྱི་བཟི་པོ་དག་གི་བྱེད་ལས་ཀྱི་ངའི་དྲངས་བདེན་གྱི་ཚིག་ཁ་ཤས་ཞིག་མི་བཤད་ཐབ་མེད་རེད།