ཨེ་མ་ཧོ།
ན་མོ་གུ་རུ་ཀ་མ་ཤཱི་ལ་ཡེ།
ཀ་དག་སྤྲོས་བྲལ་གཉུག་མའི་བོན་དབྱིངས་སྐུ།།
ཁ་སྦྱོར་རིག་པ་རང་བྱན་བྱང་ཆུབ་པའི།།
ག་བུར་གདངས་འཛིན་བོན་སྲས་རྒྱུད་པ་བཅས།།
ང་ཡི་ཡབ་མེས་དམ་པས་དགེ་ལེགས་སྩོལ།།
ཅ་ཅོའི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།།
ཆ་ལུགས་གདོད་མའི་གནས་ལུགས་དཔལ་ལ་སྤྱོད།།
ཇ་རྩམ་འཚོ་བ་ལོངས་སྤྱོད་ཆོག་ཤེས་ཅན།།
ཉ་གང་ཟླ་བཞིན་བོན་བསྟན་དར་རྒྱས་ཤོག།
ཏ་ར་གསང་རྒྱུད་དྲུག་ཅུ་རྩ་བཞི་དང་།།
ཐ་སྙད་སྒྲ་ཚད་བཟོ་གསོ་བཀའ་གཏེར་བོན།།
ད་དུང་བསྟན་བཅོས་ལེགས་བཤད་དོན་མཛད་པའི།།
ན་མོ་ཕྱག་རྒྱའི་བོན་བསྟན་དར་རྒྱས་ཤོག།
པ་ར་མི་ཏ་ཉན་རང་ལྷ་མིའི་ཐེག།
ཕ་བོན་གཉིས་མེད་རྫོགས་པ་ཆེན་པོའི་བར།།
བ་གམ་དགུང་དུ་བརྩེགས་འདྲའི་བཀའ་བརྟེན་རིགས།།
མ་ཏྲི་མུ་ཡེ་ས་ལེ་འདུ་བར་ཤོག།
ཙ་རི་ཏྲ་དང་ཀེ་ལ་ཤ་ཡི་ནས།།
ཚ་བ་རོང་དང་མདོ་དབུས་ཁམས་གསུམ་དུ།།
ཛ་ལན་དྷ་རའི་ཞིང་དུ་གསལ་སྣང་བའི།།
ཝ་ལེར་གཡང་དྲུང་བོན་བསྟན་རྒྱས་གྱུར་ཅིག།
ཞྭ་དཀར་རྒྱལ་བ་ཡེ་ཤེས་གདོད་མའི་བོན།།
ཟབ་རྒྱབ་གདམས་པའི་གཏེར་མཛོད་ག་ནའི་དཔལ།།
འ་ཅག་ཕ་མེས་རྒྱུད་པའི་རིག་གཞུང་མཆོག།
ཡ་རབ་བོན་ལུགས་དར་རྒྱས་ཕུན་ཚོགས་ཤོག།
ར་བ་གངས་དཀར་མཛེས་པའི་གཡང་ནོར་མཆོག།
ལ་ལུང་གཡུང་དྲུང་མཛེས་པའི་བསིལ་ལྗོངས་སུ།།
ཤ་རུས་གཅིག་ལས་མཆེད་པའི་གངས་ཅན་པའི།།
ས་འཛིན་དཀར་པོའི་བོན་ཆོས་དར་རྒྱས་ཤོག།
ཧ་ཅང་བཙུན་པའི་འདུལ་ཁྲིམས་ཞི་ཞིང་དུལ།།
ཨ་མ་འགྲོ་ཁམས་འདྲེན་པའི་བྱང་སེམས་ལྡན།།
གསང་ཆེན་སྨིན་གྲོལ་ཐོབ་པའི་རིག་འཛིན་གང་།།
གཡུང་དྲུང་བོན་བསྟན་འཛིན་སྐྱོང་སྤེལ་གྱུར་ཅིག།
བསླབ་པ་གསུམ་ལྡན་དགེ་འདུན་སྡེ་ཚོགས་འཕེལ།།
བཤད་སྒྲུབ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ།།
ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས།།
སྐུ་གསུམ་བོན་གྱི་བསྟན་པ་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་མགོ་ཟླའི་དབང་ཚེས་དགེ་བར་གྲོགས་མཆེད་དམ་པ་དང་མཁའ་འགྲོ་ཆོས་སྒྲོན་དང་ཨརྱ་ཏཱ་ར་སོགས་ཀྱིས་སྐུལ་བ་དང་། ཐོ་རངས་སུ་རྨི་ལམ་དུ་ཀ་མ་ལ་ཤྰི་ལ་ཞེས་པའི་ཞྭ་དཀར་དང་ལྭ་བ་དཀར་པོ་གྱོན་པའི་མི་བོ་ཆེ་ཞིག་དང་མཉམ་དུ་སྦས་ཡུལ་སྣ་ཚོགས་འགྲིམས་པའི་ཚོར་སྣང་སྐྱིད་པོ་ཞིག་དང་། ཀུན་སློང་རྣམ་དག་གིས་བདེན་ཚིག་ཐོལ་བྱུང་མ་འདི་ནི་དམ་པས་བསྩལ་མིང་རྨི་ལམ་དབང་ཕྱུག་གམ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཆ་ཤས་ཨེ་ཝྃ་ཀུན་བཟང་ཆོས་གླིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ།། དགེའོ། དགེའོ། དགེའོ།ཐ་ཚན་མུ་ཙུག་སྨར་རོ།། །།
མི་རིགས་ཀྱི་ལ་རྒྱ་དང་ཆོས་ལུགས་བར་གྱི་མཐུན་འབྲེལ་དེ་གཞི་ནས་གལ་ཆེན་དུ་མཁྱེན་ནས་ཉམས་མགུར་ཤར་ཡོད་ན་ངོ་མ་བཀའ་དྲིན་ཆེ།
མི་རིགས་ཀྱི་ལ་རྒྱ་དང་ཆོས་ལུགས་བར་གྱི་མཐུན་འབྲེལ་དེ་གལ་ཆེན་ཡིན་པ་གཞི་ནས་མཁྱེན་ཏེ་ཉམས་མགུར་ཤར་ཡོད་ན་ཤིན་ཏུ་ལེགས།
རང་ངོ་རང་གིས་ཤེས། ཕ་ངོ་བུས་ཤེས་འོང་བཞིན་ཡོད་ས་ལ་རེད། ཡག་པོ་རེད།
འཇིག་རྟེན་འདི་ན་སངས་རྒྱས་་གཅིག་ལས་མེད་།
འགྲོ་བའི་དོན་དུ་སྤྲུལ་པ་སྟོང་ལ་སྐྱེད་།
སངས་རྒྱས་སྟོང་གི་ངོ་བོ་གཅིག་འཛིན་།
གཡུ་དྲུང་བོན་གྱི་བསྟན་པ་རྒྱས་པ་ཤོག་།
བཀའ་བསྟན། བཀའ་བརྟན། བཀའ་བརྟེན་གསུམ་ལས་གང་དག་པ་ཡིན་ནམ། ལགས།
འཇིག་རྟེན་འདི་ན་སངས་རྒྱས་་གཅིག་ལས་མེད་།
འགྲོ་བའི་དོན་དུ་སྤྲུལ་པ་སྟོང་ལ་སྐྱེད་།
སངས་རྒྱས་སྟོང་གི་ངོ་བོ་གཅིག་་ཏུ་འཛིན་།
གཡུ་དྲུང་བོན་གྱི་བསྟན་པ་རྒྱས་པ་ཤོག་།
ྟ
བོན་ལུགས་སུ་བཀའ་བརྟེན་འབྲི་དགོས་པའི་རྒྱུ་མཚན་ནི། གདམས་ལུང་ལས་ཀྱང་། རྒྱལ་བའི་བཀའ་དང་བཀའ་ལ་བརྟེན་པའི་བོན། ཞེས་གསུངས་པ་ལྟར། དཔོན་གསས་བླ་མ་དང་རྒྱལ་བའི་རྗེས་འཇུག་རྣམས་གྱིས་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་རྣམས་ལ་བརྟེན་ནས་བརྩམས་པས་ན་བཀའ་བརྟེན་ཞེས་སོ།།
རྣམས་གྱིས་ (རྣམས་ཀྱིས་) ལ་བཅོས་རོགས།
ཨོ་བོན་པོ་ཚོས་ནང་ཆོས་རྐུས་ནས་བོན་མིང་གཏགས་པ་ལ་གཞན་མེད་བསམ་ཀྱང།
ནང་ཆོས་ནས་མི་ཆོས་བླ་མའི་རྫུན་དེ་ཡང་རྐུས་ཚར་འདུག།་ཧ་ཧ་
བོན་པོའི་དང་པོ་། ལེགསསྦྱར་ཀྱི་སྐད། ཨེ་མ་ཧོ། ན་མོ་གུ་རུ་ཀ་མ་ལ་ཤི་ལ་ཡེ། ཞེས་པ་དེ་བརྐུས་འདུག འདི་ཚོ་ཞང་ཞུང་གི་སྐད་ནི་ཡིན་གྱི་མ་རེད།
བོན་ཆོས་གཉིས་གཅིག་ལ་གཅིག་བརྟེན་ནས་ཡར་རྒྱས་སོང་ཡོད་པ་གསལ་པོ་རེད། དཔེར་ན་མཚན་ཉིད་རིག་པའི་བགྲོ་གླེང་གི་སྐོར་འདི་སྔོན་ཆད་བོན་པོ་ཚོར་ཨེ་ཡོད་ན་སྙམ། དེ་མིན་བོན་པོའི་ལྟ་སྒོམ་སྤྱོད་གསུམ་བོན་པོའི་རང་གཞུང་ལ་རྒྱ་ཆེན་པོ་རེད། ལྟ་བ་ཀ་དག་སྤྲོས་བྲལ། སྒོམ་པ་གསལ་སྟོང་དབྱེར་མེད། སྤྱོད་པ་ཕ་རོལ་ཏུ་ཕྱིན་བཅུ་སོགས་རྒྱ་ཆེར་བསྟན་འདུག ལྷའི་མཚན་སྔགས་ཐམས་ཅད་ཞང་ཞུང་གི་སྐད་ཁོ་ན་རེད། ཡི་དམ་འདི་དག་ལ་བསྟེན་ནས་གྲུབ་ཐོབ་ཚད་ལྡན་གྲངས་ཀྱི་མི་ལངས་པ་ཞིག་བྱོན་ཡོད་པ་བསུབ་ཏུ་མེད་པའི་ལོ་རྒྱུས་མང་བོ་ལྡོག གལ་ཏེ་ཡི་དམ་འདི་དག་གི་མཚན་སྔགས་ཐམས་ཅད་རྒྱ་གར་སྐད་ལས་གང་བྱུང་གི་བསྒྱུར་པ་ཡིན་ན་ཡི་དམ་འདི་དག་ལ་བསྟེན་ནས་གྲུབ་ཐོབ་ཚད་ལྡན་ཞིག་ཐོན་ག་ལ་ཐུབ། ཆོས་ཀྱི་ཡུམ་ཆེན་མོ་ལ་པོ་ཏི་བཅུ་གཉིས་ལས་མེད། བོན་པོའི་ཡུམ་ལ་པོ་ཏི་བཅུ་དྲུག་ཡུམ་ཆ་ཚང་ཡོད། དེས་ན་བོན་པོས་པོ་ཏི་ལྷག་མ་བཞི་གང་ནས་རྐུས་པ་རེད། བོན་པོའི་ལོ་རྒྱུས་ནང་ན་བོན་གྱི་ཡུམ་ཆོས་ལ་བསྒྱུར་ནས་ལྷག་མ་བཞི་བསྒྱུར་མ་ཐུབ་ནས་ལྷག་པ་རེད་ཟེར། དེ་ལ་རྒྱུ་མཚན་འདུག །
རེད་རེད་་སྔོན་གྱི་བོན་ལ་། འཆལ་བོན་། རྡོལ་བོན་སོགས་མང་པོ་ཡོད་སྐད་དང། ལྷག་པར་རྗེ་མི་ལའི་རྣམ་ཐར་ནང་བོན་སྐོར་གསལ།
ངའི་ཕ་ཡུལ་ལ་། བོན་ནག་དང་། བོན་དཀར་གཉིས་ཡོད། བོན་ནག་ནི་མི་ཤི་སྐབས་གཤན་ཆོས་དམར་མཆོད་ལྟ་བུའི་ཟོག་ནག་མང་པོ་བཤའ་ནས་ཆོས་བྱེད་མཁན་ལ་ཟེར། དེ་དག་དངོས་གནས་བོན་པོ་རེད། བོན་དཀར་ནི་དེ་ལྟར་མི་བྱེད། གང་ལྟར་ཡང་གུས་པ་བོན་ཆོས་ལ་་གུས་ཞབས་ཆེན་པོ་བྱེད་མཁན་ཞིག་ཡིན། བོན་ཆོས་ནི་ང་ཚོའི་ཕ་མེའི་ཡང་མེ་ཡང་མེ་ཡང་མེའི་ཆོས་ཡིན་པས་སྤོབ་སྐྱེ་ཆོག། བོན་གསར་ནི་རྙིག་མ་དང། བཀའ་རྒྱུད་། དགེ་ལུགས་སོགས་་ནས་ཏོག་ཙམ་ཏོག་ཙམ་ལེགས་ཆ་ཟེར་ན་འདྲ་། བསེ་སླད་ཟེར་ན་འདྲ་། བོན་གསར་འདི་བྱུང་བ་སེམས་། གང་ལྟར་ཡར་རྒྱས་རེད། ཡང་ཕ་ཡུལ་ལ་བོན་པོ་ཚོས་དགེ་ལུགས་ལྔ་མཆོད་ཆེན་མོའི་སྐབས་ཚེལ་མེ་དཀག་ནས་མར་མེ་སྟོང་ཕྲག་མང་པོ་འབུལ་གསོལ་ཡོད། བོན་རྒན་འགས་བླ་ོ་བཟང་གྲགས་པ་ཚེལ་་ལ་དགའ་ཟེར་ནས་ངག་འདོན་གནང་བཞིན་སྐོར་ར་སོགས་འགྲོ་གསོལ་ཡོད། མི་ཤེས་པ་ཡིན་འདྲ་། ཡང་ན་ཆོས་ལུགས་རེས་མེད་ཡག་པོ་ཡོད།
གོང་དུ་མི་ཤེས་པ་ཡིན་་ན་འདྲ་ཞེས བཅོས་རོག་
བོན་དཀར་དང་། བོན་གསར་ཅིག་པ་མི་ནམ་་སེམས།
ཨོ་།་་་་་་་་་་་་་་་་འབྲི་གུང་སྐྱབས་མགོན་གྱི་གསར་དུ་བྲིས་པའི་བཙན་པོ་དང་བཙན་མོའི་རྒྱལ་རབས་ནང་ལ་བོན་གསལ་པོ་འདུག་པས་གཟིགས་ཞིབ་གནང་ན་ཕན་ཐོག་ཆེ་ལ་ ། ཆོས་རྒྱལ་གསོན་བཙན་སྒམ་པོ་ཡང་བོན་པོ་ཡིན་པར་གསལ་འདུག་པས་དངོས་བདེན་པོ་དང་ཁུང་ལུང་ཡག་པོ་འདུག་ན་སྤྱོད་ལྡན་རྣམས་ཀྱིས་གཟིགས་འཚལ།
ན་མོ་གུ་རུ་ཀ་མ་ཤཱི་ལ་ཡེ།
ད་ཉིན་མ་ཞིག་བོན་པོ་ཚོས་ལེགས་སྦྱར་གྱི་སྐད་ཀྱང་ཞང་ཞུང་གི་སྐད་ཡིན་ཟེར་མདོག་ཁ་པོ་འདུག
ཁོང་ཚོ་ངོ་ཚ་ཡ་ཡོད་མ་རེད། བོད་མི་རིགས་ཀྱི་མདུན་ལ་ནང་ཚགས་ཡིན་པས་ངོ་མི་ཚ་ནའང་། ཕྱི་རྒྱལ་གྱི་མདུན་ལ་ངོ་ཚ་ཡ་དགོས་འདུག གཤེན་རབ་མི་བོ་ཟེར་བ་ལོ་༩༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠སྔོན་ལ་བྱུང་བ་རེད། ཞང་ཞུང་ཡི་གེ་ལོ་༡༢༣༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠སྔོན་ལ་ཡོད་ཟེར་བ་ལྟ་བུ་ཧམ་པ་ཧམ་པ་རང་རེད།
ཨེ་མ་ཧོ། ཇུས་མེད་ཇུས་ཁྲིས་མ་བྱོས་ཤིག
ཧཧཧཧཧ ལྟས་ངན་དཔལ་དགྱེས་ཟེར་བ་དེས་སྔོན་མ་བོན་པོ་ལ་བརྙས་བཅོས་འདྲ་མིན་མང་པོ་བྱས་རྐྱེན། ཁེ་སྔོན་བོན་གྲྭ་ཁ་ཅིག་གིས་དུས་འཁོར་དབང་ཆེན་ལ་ཚད་བཙུག་ནས་དཔལ་དགྱེས་གསོད་ཀི་ཡིན་ལབ་རེད་ཟེར། ད་རེས་སྐྲག་ནས་སྡར་སྐད་ཤོར་འདུག་གོ