ཁྲོ་གཏུམ།
—ཞོགས་གཉིད་དོར་བའི་དེ་རིང་གི་ཞོགས་ཇ་ཁམ་བཀང་།
དབྱར་ཁའི་ཉི་མར་བདག་པོ་མེད།།
དགུན་ཁའི་ཉི་མར་བདག་པོ་ཡོད།།
གནམ་གཤིས་ཀྱི་ཀླན་གས་དྲོས་འཁྱགས་བྱུང་བའི་དུས་ཀྱི་སོ་ཁ་ན
ཉི་ཐིག་གི་ཟེར་བརྒྱ་སེམས་ཀྱིས་འཛིན་ལ
བྲང་གཞུང་གི་གྲིབ་ནག་ཁྱབ་མཉམ་གྱིས་སེལ་སྐབས
སྒལ་གཞུང་གི་ཚིགས་ངོས་རེར་བདེ་སྣང་གི་མེ་དྲོད་འཕྱུར་སོང
ཞོགས་ཉི་སྔར་གྱི་ས་ཚིགས་སུ་ཕེབས་ཤིང
རི་བོ་དང་སྡོང་ལོ
ཡལ་གའི་ལྕུག་ཕྲན་ཡང་ལྷག་ལུས་མ་བྱུང་བའི་དུས་དེ་ཙ་ན
སེམས་ཀྱི་ཤ་རློན་ངོས་སུ་རླངས་པ་ཐུལ་ལེ
ངག་གི་གདངས་སུ་ལུས་པའི་དབྱངས་འགྲོས་འགའ་ཡང་ཕྱི་རུ་ཤར་མར་བཏོན
ཉི་ཤར་ཉི་ནུབ་ཀྱི་བར་མཚམས་སུ
ང་ཞེས་པ་ཞིག་རྒྱུ་བའི་རྐང་ཐང་བ་དེའི་ངག་ཏུ
ཉི་མ་ལ་ཁེན་པའི་གནའ་དེང་གི་གཞས་སྒྲུང་བཞུར་གྱིན་འདུག
༢༠༡༤།༡༡།༢༦ཉིན་སྤེལ།