ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ར་གུ་རམ་ཞིམ་པོ་ཟོས་ནས་མི་ཚེ་བདེ་ལ་འཚོ་མཁན་མང་།།
ཁ་ཟས་བཅུད་ཆེན་ཟས་ཀྱི་སྙིང་པོ་ལུས་སེམས་འཚོ་བའི་འགན་འཁུར་བླང་།།
ག་ས་གང་ལ་འཁྱམས་མྱུལ་མང་ནས་ལུང་པ་མང་པོ་མིག་གི་མཐོང་།།
ང་རྒྱལ་ཁོང་ཁྲོ་འདོད་ཆགས་ཞེད་སྡང་དམྱལ་བར་འཁྲིད་པའི་ལམ་སྟོན་ཡིན།།
ཅ་དངོས་འཐོན་གསར་བཟོ་མཁན་མང་བས་སྤྷི་ཚོགས་འཚོ་བ་འཁྲུགས་པོ་བཟོས།།
ཆ་ལུགས་ཆས་གོས་མང་བའི་འཕྲོད་དུ་རང་གི་རིག་གཞུང་ཉམས་དུ་བཅུག།
ཇ་ཆང་སེར་མོ་བེད་སྤྱོད་མང་ནས་ཁྱིམ་གྱི་སྔོན་རྩིས་ཁ་མ་འདུམ།།
ཉ་ཤ་ཕག་ཤ་གོ་ང་ཟོས་པས་མཐར་ལམ་བགྲོད་པའི་ལམ་སྣ་བཀག།
ཏ་ཕོར་སྒ་སྲབ་རྒྱག་དུས་ཐག་རིང་ས་མཐར་ཇག་ལ་འཐོན་རན་རེད།།
ཐ་མཚམས་ལུང་པའི་ཆས་གོས་ཡ་ཟུང་དེང་དུས་སྤྱི་ཚོགས་མཛེས་པའི་རྒྱན།།
ད་ནང་སྔ་དྲོའི་ཞོག་ཇ་ཞིམ་པོ་ལུས་སེམས་འཚོ་བའི་ཟས་ཀྱི་ཕུད།།
ན་གསོ་གཞོན་དུས་ཕྱི་ནང་སྐད་ཡིག་ཤེས་བྱའི་གནས་ལ་སྦྱང་བརྩོན་ཟབ།།
པ་ཀི་སི་ཏན་ཡུལ་གྱི་ནང་དུ་བོད་མིའི་རིག་གཞུང་སྣེ་རྫར་ལྷག།
ཕ་ཡུལ་གཅིག་པ་སྐད་ཡིག་གཅིག་པ་ཆོས་ལུགས་མ་འདྲའི་གཞན་འོག་ཚུད།།
བ་ཕྱུགས་དུད་འགྲོ་རི་དགས་སེམས་ཅན་ས་མཚམས་མེད་པའི་སྲོག་ཆགས་མང་།།
མ་འགྱུར་སེམས་ཅན་ཁ་ནས་བརྗོད་ཀྱང་ཁོག་ནང་བསམ་མཁན་རི་བོང་ར།།
ཙ་བ་གཞན་ཕན་བྱང་ཆུབ་སེམས་ནི་སྟོང་ཉིད་རྟོགས་པའི་ལྟ་བ་ཡིན།།
ཚ་གྲང་མ་སྙོམས་དེང་དུས་གནམ་ཤིས་འགྱར་ལྡོག་མང་བ་མི་ཡི་བཟོས།།
ཛ་བརྩེ་ཅན་གྱི་མི་ཡི་འགྲོ་བ་ཁ་རླུང་སྦག་རྩོག་འཕྲོད་བསྟེན་ཉམས།།
ཝ་་ཤིང་ཊོན་དུ་གཏན་གཞི་བྱས་པའི་གནམ་ཤིས་རིག་པས་ལམ་སྟོན་ཟབ།།
ཞ་རྒད་སློང་བའི་རྒྱལ་སྤྱིའི་ཆབ་སྲིདའགྱུར་ལྡོག་མང་བ་གནམ་ཤིས་འདྲ།།
ཟ་བཅའི་འཐོན་འབབ་ཉུང་དུ་ཕྱིན་ནས་འཛམ་གླིང་མི་ཡི་བདེ་བསྐྱིད་ཉམས།།
འ་འུར་མང་བའི་བོད་རྒྱའི་དཀའ་སྙོག་རྒྱལ་སྤྱིའི་ཆབ་སྲིད་གསེབ་ཏུ་འཐིམ།།
ཡ་ཚན་ཆེ་བའི་རྒྱལ་སྤྱིའི་ཆབ་སྲིད་རང་དོན་སྒྲུབ་དུས་བོད་དོན་གླེང་།།
ར་ཅོ་ཅན་ལ་ཁ་བརྡ་སློབ་གསོ་རང་ལ་ཟུག་པའི་ཉེན་ཁ་ཆེ།།
ལ་ལུང་བགྲོད་ནས་མི་ཡུལ་ས་མཐར་རྩ་དོན་མི་བརྩོད་བསྐྱིད་ཉལ་རྒྱབ།།
ཤ་ཚ་ཆེ་ལྡོག་ཁ་ཡི་གཏམ་དང་ལག་ལེན་སྦྲོར་བ་ཆ་མ་མཉམ།།
ས་ཁམས་རིག་པས་རྟགས་དཔྱད་འོག་ནས་འཛམ་གླིང་ས་གཞིར་ཉེན་བརྡ་བཏང་།།
ཧ་ཟ་ག་པ་བོད་དུ་འབྱོར་སྐབས་བོད་མིའི་སྣེ་ལེན་ངོ་རེ་ཚ།།
ཨ་ཅང་མ་བྱས་རྩེད་མོ་ཡིན་ནོ་ཁ་བརྡ་རྒྱུད་ནས་སྐུ་རྩེད་ཞུས།།
(མིག་གིས་མཐོང)་ཟེར་དགོས་བ་རེད།
(ཉམས་སུ་བཅུག)་ཟེར་དགོས་བ་རེད།
བརྡ་སྤྲོད་ལ་ཆ་རྒྱུས་མི་འདུག།
ཡིག་ནོར་ལ་འཐུ་ཚོད་མ་བྱུང་།།
བཙན་བསྒྲིགས་ཀྱི་ཀ་ཁའི་མགོ་རྐང་།།
བཀླགས་བཀླགས་ན་བསྟན་བྱ་མི་འདུག།
ཁ་མ་ཁོམ་ཁ་བརྡ་ཚང་ནས།།
ལག་མ་ཁོམ་སྐྱོན་ཞིག་བྲིས་ཡོད།
ཐུགས་མ་རྒྱལ་ཀ་ཁ་བ་ཁྱོད།
དུས་ཕྱིས་སུ་ཞེ་འཇོག་གནང་རོགས།།
ནོར་བཅོས་ལམ་སྟོན་དུས་ཐོག་སྨན་ལས་བཟང་།
ནོར་འཕྲུལ་རྗེས་འདེད་སྐྱོན་བརྗོད་་དུག་ལས་ཐུ་།
བརྡ་སྤྲོད་ཚིག་རྒྱན་སྙན་ངག་སྨྲ་བ་མཁ་པའི་ནོར་།
ཡིག་ནོར་བརྒྱུད་ནས་གོ་བརྡ་སྤྲོད་པ་བླུན་པོའི་ལུགས་།
མཁས་བླུན་ངོས་འཛིན་ཐུབ་ཤིག་དྲ་འབུ་ཚོ་།
ཡིག་རིགས་རྣམ་པ་བཅོ་བརྒྱད་ནས་བརྡ་སྤྲོདཚིག་རྒྱན་སྙན་ངག་མཁས་པའི་་
ནོར་གོ་བརྡ་འཕྲོད་ན་དམངས་ཡིག་ཡིན་།ཀྱོག་ཀྱོག་ཡིག་གེ་ཞུ་ལྟར་ཀྱོག་གྱུར་
ཀྱང་དོན་ཙ་མདའ་ལས་འགྲོང་པ་དེ་རུ་ཚང་།