མཁོ་འདོན་པ། འཇིགས་མེད་ནུབ་པ།
མིང་ལ་ “The Rise of Gönpo Namgyel in Kham: The Blind Warrior of Nyarong”ཟེར་བའི་དེབ་ཞིག་ཉེ་ཆར་དཔར་བསྐྲུན་བྱས་འདུག དེབ་དེའི་རྩོམ་པ་པོ་ནི་འབུམ་རམས་པ་གཡུ་འབྲུག་མཚོ་མོ་ལགས་རེད་། དེབ་དེ་ལ་བོད་རིག་པའི་མཁས་བ་ཚེ་རིང་ཤཱཀྱ་དང་སི་པར་ལིན་(Elliot Sperling)། སྒྲེ་བིས་སྒྲི་(David Atwill) གསུམ་གྱིས་ཆེད་བརྗོད་སྤེལ་འདུག འབུམ་རམས་པ་གཡུ་འབྲུག་མཚོ་མོ་ལགས་ནི་ད་ལྟ་སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་རེད་།
ཉག་སྐེད་མགོན་པོ་རྣམ་རྒྱལ་ནི་ཁམས་ཁུལ་གྱི་འབངས་མི་སྡུག་ལ་སྦྱར་མཁན་གྱི་བདུད་རྒས་ཤིག་ལ་ངོས་འཛིན་བྱེད་མཁན་ཞིག་དང་། ཡང་ཕྱོགས་གཞན་ཞིག་ལ་ཁོང་ནི་རྒྱ་བོད་མཐའ་མཚམས་བརྟན་སྲུང་བྱེད་མཁན་གྱི་དཔའ་རྒོད་ཅིག་རེད་ཅེས་ཤོད་ཚུལ་མི་འདྲ་འདི་གཉིས་ནང་མ་འདུས་པ་ཞིག་མེད་པ་འདྲ། གཡུ་འབྲུག་མཚོ་མོས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དེ་བྲིས་ཡོད་མི་ཤེས།
དེབ་དེ་རིན་གོང་ཆེ་ཀི་ཡ། སྒྲོ་ལོ་$104.5 རེད། ཟླ་རྗེས་མའི་ཚེས་ལྔ་ཉིན་དྲ་ཐོག་ན་འགྲེམས་སྤེལ་བྱ་འཆར་འདུག
མགོན་རྣམ་གྱི་ལོ་རྒྱུས་གསལ་པོ་མ་རག་པར་བསྡད་ཡོད་ད་ཡག་བྱུང་ངོ་མའི་
ཡག་བྱུང་།ཉག་རོང་གི་མི་མང་པོ་ཞིག་ལ་མགོན་རྣམ་གྱི་ལོ་བརྒྱུས་་དྲིས་ཀྱང་
གསལ་པོ་བཤད་ཐུབ་མཁན་གཅིག་ཀྱང་མི་འདུག་དེ་རིང་གི་དེབ་དེའི་ནང་ག་
འདྲ་བྲིས་ཡིད་མེད་གཅིག་བལྟ་ཡས་རེདདེ་སྔོན་ལོ་རབས་བདུན་བཅུའི་ནང་
ང་རང་ཀུ་ལུ་ལམ་བཟོར་བསྡོད་སྐབས་ཉག་རོང་་ཨ་བསྟན་གྱི་ལོ་བརྒྱུས་དང་སྐུ་
ངོ་ཞ་གབ་པའི་བརྩམ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་སོགས་ནས་ཟུར་ཙམ་
ཤེས་བྱུང་ན་ད་ལམ་མགོན་རྣམ་གྱི་ལོ་བརྒྱུས་དེབ་འཐོན་པ་ལ་དགའ་བསུ་་སུ་་ཞུ་
དང་མཉམ་འབོད་བདྐུལ་ཞུ་རྒྱུ་ལ་དེབ་རིན་ཆེ་བས་ང་དང་ང་འདྲ་བའི་བོད་མི་
དཀྱུས་མ་ནས་ཉོ་ཐུབ་རྒྱུ་ངཀའ་བས་བོད་མི་རིགས་ལོ་རྒྱུས་དེ་དག་སྒེར་གྱི་དཔལ་
འབྱོར་འདུ་འགོད་ལ་ནམ་ཡང་ཁ་ཕྱོགས་མི་ཉན་པའི་འབོད་བསྐུལ་ཡང་ཞུ་འདོད་
བྱུང་།
ཇུས་ཏོག། ཉོ་ཐུབ་ཀྱི་མེད་ན། རྐུབ་གདན་ལ་འབྱར་ནས་ཡུས་བཤད་མ་སྡོད། ལག་པས་ས་རྐོས། ཀླད་པས་ཚོང་རྒྱོབས། ངོ་ཚ་མེད་པ་རང་རེད། སྤྲང་གོག་ཚོའི་ཆེད་དུ་དཔར་སྐྲུན་ཞུ་ས་ཞིག་འཇིག་རྟེན་ན་མི་འདུག།
དགོན་པའི་བཀོར་ཟ་ཞིག་གི་འཇིག་རྟེན་སྐྱོང་ལུགས་དང་འཁོར་བ་བུ་ཕྲུག་ཅན་གྱི་འཇིག་རྟེན་ནི་གནམ་ས་ལྟར་གཅིག་ནི་མ་རེད། གོ་སོང་ངམ།
དབྱིན་ཡིག་ནང་བྲིས་ཡོད་ན་ངས་བཀླག་རྒྱུའི་སྐལ་བ་བྲལ་སོང་བ་ལོས་ཡིན།
རྐྱང་ཤ་འབྲོག་རྗེས་ལ་་བོང་བུ་འབྲོག་།གལ་ཆེ་བའི་གཏམ་ལ་ནན་བརྟན་བགྱིས་།
ཆོས་བླ་མས་མ་གསུང་་སློོབ་མས་བཤད་།བཀའ་དཔོན་གྱིས་མ་གནང་གཡོག་གི་
བཤད་།གཏམ་ཨ་ཕས་མ་བཤད་ཨ་མས་བཤད་།ཁྱ་ི་བདག་པོའི་མ་བཀག་་མགྲོན་
པོའི་བཀག་།འགན་མེད་འགན་འཁྲི་་ལས་མེད་དྲ་འབུ་མང་།ཧ་ཧ་ཧ་
དཔེ་དེབ་གང་ཞིག་ཉོ་སྐུལ་དྲིལ་བསྒྲགས་ཙམ་དུ་བཞག་པས་མི་འཐུས་པར། མ་མཐའ་ཡང་དཔེ་དེབ་གསར་ཐོན་གྱི་ཁྱབ་བསྒྲགས་དང་ལྷན་དུ། དེབ་ཀྱི་ནང་གི་བརྗོད་དོན་གཙོ་བོ་འགའ་ཟུར་བཀོད་ཀྱིས་དཔེ་དེབ་སྐོར་ལ་འགྲེལ་གསལ་མདོར་བསྡུས་རེ་གནང་ན་ལེགས་པར་མཐོང་།
མགོན་པོ་རྣམ་རྒྱལ་འདི་ས་གནས་ཤིག་ལ་བསླེབ་གྲབ་ཡོད་དུས་གྲོང་པ་དེ་ཚོའི་ཁྱི་ཡིས་ཀྱང་ཟུག་སྐད་འབྱིན་མི་ནུས་པར་རྔ་མ་རྐུབ་ལ་དྲངས་ན་ཁྱིམ་དུ་འཛུལ་ཡོང་གི་རེད་ཟེར། ཁོ་མི་དབང་སྡུད་ཆེན་པོ་ཅན་ཞིག་ཡིན་ལུགས་ཐོས་ལ་སྙིང་རྗེ་མེད་པའི་སྲིན་པོ་འདྲ་བོ་ཞིག་ཡོད་ལུགས་ཀྱང་ཐོས། འཇའ་ལུས་པདྨ་བདུད་འདུལ་གྱི་རྣམ་ཐར་ནང་བླ་གྲྭ་མང་པོ་ཞིག་ཉག་རྐེད་དཔོན་པོས་མི་གཏའ་རུ་ཁྲིད་ཚུལ་ཀྱང་འདུག
ཁོའི་ལོ་རྒྱུས་བརྩམས་པ་དེ་ཧ་ལས་པའི་ཡག་པོ་ཞིག་རེད། རྗེས་མར་ཁོའི་སྐོར་ལ་གློག་བརྙན་འཁྲབ་ཐུབ་ན་བཟང་། རྒྱ་ནག་གི་ཀོན་ཡུན་གྲང་ཟེར་བ་འདྲ་བོ་ཞིག་ཡིན་ས་རེད།
ཉག་རྐེད་མགོན་པོ་རྣམ་རྒྱལ་གྱི་གྱི་ལོ་རྒྱུས་ཅུང་ཟད་ཁ་གསལ་པོ་གཅིག་གཉིས་ཤིག་བོད་ཡིག་ནང་དུ་ཡོད། ཁུངས་དག་ཤོས་དེ་ནི་ཉག་རྐེད་མགོན་རྣམ་གབཀྲོངས་ནས་ཡུན་རིང་མ་འགོར་བའི་དུས་སུ་ཡེ་ལེ་ཚུལ་ཁྲིམས་ཀྱིས་བརྩམས་པའི་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱི་རྣམ་ཐར་སྡུག་བསྔལ་བདེན་པའི་གཏམ་ཞེས་པ་དེ་རེད། ད་དུང་དེ་མ་ཡིན་པ་ཞིག་ཀྱང་འདུག དེ་ཚོ་ལས་ཁ་གསལ་ཞིག་སུས་བརྩམས་ཐུབ་ཀྱི་མ་རེད་བསམ། ཡིན་ན་ཡང་། དཔྱད་རྩོམ་དང་བསྐྱར་ཞིབ་ལྟ་བུ་ཡིན་ན་ནི་ལྟ་ཀློག་གི་རིན་ཐང་ཡོད་པ་སྨྲོས་མ་དགོས་པ་རེད།
བོད་མི་མང་སྡུག་ལ་སྦྱར་མཁན་མདོ་དབུས་ཁམས་གསུམ་གང་ནས་ཡིན་ན་ཡང་ཁྱད་པར་མེང་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ལྟས་ངན་འདི་ཚོ།
བོད་མི་མང་སྡུག་ལ་སྦྱར་མཁན་དེ་རྒྱ་མི་རེད་་ཉ་སྐེད་མགོན་པོ་་་རྣམ་་རྒྱལ་མ་
རེད་ད ོ་།
ད་འོ་ན་ཁྱོད་ཚོ་ལྟར་ན་བོད་ལ་སྡུག་པོ་གཏང་མཁན་ལྷ་སའི་སྐུ་དྲག་་དང་རྒྱ་དམག་ཤ་སྟག་རེད་པས། བསམ་ཚུལ་དེ་འདྲ་ནི་ཕྱོགས་ལྷུང་ཡིན་པས་གཟུ་བོར་གནས་པའི་སྒོ་ནས་སྐྱོན་ཡོན་འབྱེད་ཤེས་པ་དགོས།
བཀྲ་ཤིས་བདེ་ལེགས།
བཙན་བྱོལ་བ་ལགས། བོད་ལ་སྡུག་པོ་གཏོང་མཁན་རྒྱ་མི་རེད་མ་གཏོག་ཉག་རོང་མགོན་པོ་རྣམ་རྒྱལ་མ་རེད། ཉག་རོང་མགོན་པོ་རྣམ་རྒྱལ་ཕ་བུ་གཙོས་པའི་ཉག་རོང་བའི་རྒྱ་ནག་དང་དམག་འཁྲུགས་མི་ལོ་མང་པོ་བྱེད་ནས་རྒྱ་བསད་པའི་གྲི་ལ་ཁྲག་ཞགས་ཆགས་རབ་གི་ལོ་རྒྱུས་འདུག་མ་གཏོག གོང་མ་ཅིག་ཅིག་མའི་ཐམ་ཀ་རེད་ཟེར་བ་ལྟ་བུའི་རྒྱ་ནག་གི་ཐོབ་དང་གོ་ས་ལ་རྔམ་ནས་བོད་ཆོས་གྲུ་བཞི་རྒྱ་ལག་འཇོག་རབ་གི་ལོ་རྒྱུས་ཞིག་མི་འདུག རྒྱ་བོད་གཉིས་རྣམ་པ་ཀུན་ཏུ་ཐ་དད་ཡིན་ཟེར་བ་ལས་རྒྱ་ནག་གི་དམག་དང་མཉམ་འབྲེལ་བྱས་ནས་སྒེར་གྱི་ཁེ་ཕན་བརྩོད་རབས་ཞིག་མི་འདུག སྐུ་ངོ་འཇུ་ཆེན་གིས་འཁྱོགས་བཤད་པའི་ལོ་རྒྱུས་ལ་དུས་ནམས་ཡང་ངེས་ལེན་མེད་ཉག་མགོན་གྱི་སྡེ་དགེ་མངའ་ཐང་ཆ་ཚང་དབང་སྒྱུར་བྱེད་པར་དཀའ་ཚད་གང་ཡང་མེད་ནའང་ད་དུང་འཇུ་ཆེན་ཚང་ནང་འོང་མ་ཐུབ་པ་རེད་ཟེར་བ་ལྟ་བུ་གད་མོ་ཤོར་བའི་རྒྱུ་ལས་ཅི་ཡོད།
ལྷ་སའི་སྐུ་དྲག་རྒྱ་མི་ཡིན་པའི་ཁུངས་བསྐྱེལ་རྒྱུ་ཡོད་་པས་ཁ་བདེ་པོ་མ་བཤོད་ཨ་
བོད་མི་ལ་སྡུག་གཏོང་མཁན་རྒྱ་མི་རེད་མགོན་རྣམ་རེད་མགོན་རྣམ་་བསད་མེད་
ན་ཕལ་ཆེར་རྒྱ་མི་བོད་ལ་་ཡོང་ཐུབ་ཡོད་རྒྱུ་མ་རེད་
མགོན་རྣམ་གསོད་འཇུག་མཁན་ནི་ལྷ་སར་གནས་སྡོད་ཨམ་བན་ཟེར་བའི་གོ་མིན་ཏང་རྒྱ་མིའི་གཞུང་ཚབ་ཁང་དེ་ཡིན་རབ་ཡོད། མགོན་རྣམ་རྩ་མེད་བཟོ་མ་ཐུབ་ན་རྒྱ་མི་བོད་ནང་ལ་འཛུལ་ཐུབ་ཀྱི་མེད་པ་རེད། ཁྲི་སྨོན་པས་མནའ་ཟོས་ཏེ་མགོན་རྣམ་མེར་བསྲེགས་བཏང་རྗེས་རྒྱ་མི་བོད་ནང་ལ་བཙལ་འཛུལ་བྱས་པ་རེད།
མཐའ་མཚམས་གི་དཔའ་བོ་ཉག་རོང་མགོན་པོ་རྣམ་རྒྱལ་རྩ་མེད་བཏང་མཁན་རྒྱ་ནག་གོང་མའི་བཀའ་ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་རེད། གོང་མའི་བོད་གཞུང་དགའ་ལྡན་ཕོ་བྲང་ལ་བཀའ་གཏོང་ནས་ཉག་དགྲ་རྩ་མེད་མ་བཟོས་ན་རྒྱ་བོད་བར་གྱི་ཚོང་འབྲེལ་དང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཇ་འདྲེན་ཐུབ་ཀྱི་མི་འདུག བོད་གཞུང་གི་དམག་ཉག་རོང་ལ་གཏོང་ནས་ཉག་དགྲ་རྩ་མེད་གཏོང་དགོས་དམག་ཕོགས་རྒྱ་ནག་གོང་མའི་གཞུང་གི་སྤྲད་རྒྱུ་ཡིན་ཟེར་བ་སོགས་གཞུང་སྒེར་གཉིས་ཀའི་ཡིག་ཆ་ཁག་ནང་གསལ་ཡོད་པ་རེད། བྱེད་ན་བལྟོས་དང་བོད་ཆོས་རྒྱ་ལག་ཏུ་བཞག་མཁན་སུ་རེད། བོད་ལ་སྡུག་པོ་གཏོང་མཁན་སུ་རེད།
མཐར་གཏུགས་ན་བོད་མིར་སྡུག་པོ་གཏོང་མཁན་དབུས་ཀྱི་བོད་གཞུང་ཁོ་ན་ལ་ཐུག་ཡོད་པ་འདྲ། མཐའ་མཚམས་ཀྱི་དཔོན་པོ་ཁག་ལ་ནག་ཉེས་ཁྱོན་ནས་མེད་པ་འདྲ། མི་ཉག་རྒྱལ་པོ་དང་། ནང་ཆེན་རྒྱལ་པོ། སྡེ་དགེ་རྒྱལ་པོ། མ་ཧྥུ་ཕ་སོགས་ཀྱིས་བོད་མིར་གཉའ་མནོན་བཏང་མྱོང་ཡོད་མ་རེད་ཟེར་ནས་མནའ་བསྐྱེལ་ཐུབ་བམ། ཕྱོགས་ཞེན་བྱེད་དགོས་མ་རེད། མཐའ་མཚམས་ཀྱི་དཔོན་ཁག་མང་པོས་རྒྱ་ལ་འགོ་བཏགས་ནས་དེའི་ཁུངས་ལ་བསྡད་ཡིན་ཟེར་ནས་ས་ཡིག་རྒྱག་མཁན་བྱུང་ཡོད་རབས་འདུག །དེ་ཚོ་ཕལ་ཆེར་གོ་ཡོད་ཀྱི་མ་རེད། རང་སྐྱོན་བསྐུངས་གང་ཐུབ་དང་། གཞན་སྐྱོན་བསླངས་གང་ཐུབ་བྱེད་པ་ནི་ཐ་ཤལ་རང་རེད།