བོད་རྒྱལ་ལོ་༢༡༣༧ལྕགས་སྟག་གནམ་ལོ་གསར་ཚེས་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞི་བྱེས་བོད་མི་ཡོངས་ལ་ལོ་སར་མཚམས་འདྲི་གནང་བ་དང་ཨ་རིའི་གཞུང་གིས་རྒྱ་ནག་གི་ཁོང་ཁྲོ་ཚ་བོའི་ངོ་རྒྱོལ་ལ་མཐའ་གཅིག་ཏུ་མ་འཛེམ་པར་སྲིད་འཛིན་ཨོ་བྷ་མས་ཟླ་འདིའི་ཚེས་ ༡༨ ལོ་སར་ཚེས་༤ཉིན་ཕོ་བྲང་དཀར་པོ་ནས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་གནང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག།
རྟགས་དང་རྟེན་འབྲེལ་བཟང་། དངོས་གནས་ཨོ་བྷ་མ་འདི་སྐྱེ་བ་སྔ་མ་དེ་བོད་ཡུལ་བྱང་འབྲོག་ཅིག་ཡིན་པར་ནི་དཀོན་མཆོག་དཔང་གཙུགས་ཕོད་ས་རེད།
འདྲ་པར་འདི་མཐོང་དུས། ངའི་ཨ་མྱེ་ཤི་བོ་དེ་ལྷང་ངེར་དྲན། ཨོཾམཎིཔདྨེཧཱུཾ་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་ཁ་བྱང་ལ། རྟགས་དང་རྟེན་འབྲེལ་ཟེར་རྒྱུ་ཡིན་པར་འདྲ། ནོར་འདུག
ཨོ་བྷ་མེས་བོད་ཆས་གྱོན་པ་ནི་དངོས་གནས་ལེགས་པོ་འདུག
ངས་དང་པོ་འདྲ་པར་མཐོང་དུས་མཐོང་མྱོང་བའི་འབྲོག་པ་ཞིག་རེད་འདུག་དྲན།
གཤམ་གྱི་ཡི་གེ་མཐོང་དུས་གཞི་ནས་སྲིད་འཛིན་ཨོ་བྷ་མ་ཡིན་པར་ཤེས།
ཡིན་ན་ཡང་ཕྱག་ལ་བསྣོམས་པའི་ཤིས་ཚིག་དེའི་ནང་ཨེ་མ་བག་དྲོ་ཟེར་བ་མིན་ནམ།
ནང་དོན་སོགས་གང་ཡིན་མི་ཤེས་ཏེ་སྟོད་ཕྲུག་ཅིག་ལ་རིག་གི ཧ་ཧ་ཧ
ཨོ་བྷ་མ་མཆོག་ལ། ཨ་ཡི་རོན་ ཊ་ཡི་སྒར་ ཊི་བེ་ཏེན་ ནིའུ་ ཨེཡཱར་ ལ་བཀྲ་ཤིས་བདེ་ལེགས་ཡོད།
སྔོན་མ་ཞིག་ལ་གྲྭ་ཆས་གྱོན་ཡོད་པའི་པར་ཞིག་ཀྱང་མཐོང་བྱུང་། ཧ་ཧ། འདྲ་པོ་འདུག
སྲིད་འཛིན་ཨོ་བྷ་མས་བོད་ཆས་གྱོན་པ་ནི་ཞེན་ཁོག་མིན་ན་སེམས་ལ་དགའ་སྣང་བརྗོད་མི་ཤེས་པ་ཞིག་སླེབས་བྱུང་བས་ཁོང་ལ་བཀྲིས་བདེ་ལེགས་ཞུ།
བཀྲ་ཤིས་ལགས། ཨེ་མ་བག་གྲོ་ཡིན་ས་མ་རེད། ཨ་མ་བག་གྲོ་རང་ཡིན་ས་རེད། དབུས་གཙང་ཕྱོགས་ལ་ཕྱི་མི་སྤུན་ཉེ་སོགས་ནང་ལ་ཡོང་སྐབས་ནང་གི་ཨ་མས་ཕྱེ་མར་གྱི་འབོ་དེ་ཡར་བཀྱག་ནས་སྣེ་ལེན་བྱེད་དུས།འགྲུལ་པ་དེས་ཨ་མ་ལགས་རང་གཙོས་པའི་ནང་མི་ཚང་མ་བག་གྲོ་བའམ་བདེ་སྐྱིད་ཡོང་བ་ཤོག་ཅེས་རྟེན་འབྲེལ་གྱི་ཁ་གཡང་སྒྲོག་པ་ཡིན་ཚོད་འདུག
ཨ་མ་བག་གྲོ་དང་ཨ་མ་བག་དྲོ་ཞེས་འབྲི་སྲོལ་གཉིས་འདུག
་་ཨ་མ་བག་གྲོ་དང་་་་་ཨ་མ་བག་དྲོ་འབྲི་སྲོལ་གཉིས་ཡོད་པ་ལྟར། ཨེ་མ་བག་གྲོ་དང་། ཨ་མ་བག་གྲོ་ཞེས་ཐོག་མ་ཨེ་མ་བྲིས་ནས་ཕྱིས་སུ་ཨ་མ་ཞེས་ལབ་སྲོལ་ད་གྱུར་མིན་ནམ་སྙམ་པས་ཐོག་མ་སུས་དང་ག་དུས་བྲིས་པ་ལ་ཉམས་ཞིབ་དགོས། བོད་སྐད་ལ་དག་དེར་གནང་བ་ཐུགས་རྗེ་ཆེ།
Does it true or made Obama wear a Tibetan clothe?
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨེ་མ་བག་དྲོ་སྐུ་ཁམས་བཟང་།།
གཏན་དུ་བདེ་བ་ཐོབ་པ་ཡི།། དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག། ཟེར་དགོས་ནི་རེད།
ཨ་མ་མ་རེད་ཨེ་མ་རེད། ཨེ་མ་ནི་ངོ་མཚར་བའམ་ཤིན་ཏུ་སྡུག་པའི་དོན་རེད།་་་་་་་་་་་་་་་
ཡང་འདི་རིང་ཞོགས་དྲན་པ་ཅིག་ནི། ཨེ་མ་བག་གྲོའི་ཚབ་ལ། ཨ་མ་བག་གྲོ་ལབ་ན། དོགས་སློང་ཅིག་ནི། ན་ནིང་ཁྱིམ་མཚེས་ཨ་མ་གྲོངས་ཚང་བ་དང་སྟབས་འཁེལ་ནས་ད་ལོའི་ལོ་གསར་ལ་ཨ་མ་བག་གྲོ་ཞེས་བརྗོད་ན་ཚིག་དེས་ཕན་ལས་གནོད་ཆེ་བ་ཡོང་ངེས། དེས་ན་ཨེ་མ་ཟེར་ན་རྒྱུ་མཚན་མང་།
གཞི་ནས་མི་ནག་མང་པོ་ཞིག་གིས་དེང་སང་བོད་མོ་མཉམ་དུ་ཆང་ས་རྒྱག་ནས་བོད་ཆས་གྱོན་མཁན་དེ་འདྲ་ཨ་རིའི་ན་མང་པོ་ཡོད།
ལོ་གསར་སྐབས་བརྗོད་པའི་ཁ་གཡང་འདི་དམངས་ཁྲོད་དུ་དར་ཡོང་བའི་ཚིག་ཅིག་རེད་དམ་ཡིག་ཐོག་ནས་དར་ཡོང་བའི་ཚིག་ཅིག་རེད། དམངས་ཁྲོད་ཡིན་ན་ཨ་མ་བག་དྲོ་ཟེར་བ་མིན་འགྲོ།
ནམ་རྒྱུན་མི་སུ་ཞིག་མགྲོན་པོར་ཡོང་ན་ནང་ན་ཡོད་ཡོད་པའི་ནང་གི་ཨ་མ་ལ་བཀྲ་ཤིས་བདེ་ལེགས་བརྗོད་པའི་ཚིག་ཅིག་ཡིན་པ་འདྲ་སེ་མི་འདུག་གམ། སྐྱེས་པ་ྪོ་ཕལ་ཆེ་བ་ཕྱི་ལ་ཕྱིན་ནས་ནང་ན་མེད་པ་རེད། རྗེས་སུ་མཁས་མིང་འཛིན་མཁན་ཚོས་ལྷད་བཅུག་ནས་ཨེ་མ་ཟེར་ནས་འདྲ་ཆག་པོ་དོན་གྱིས་སྟོང་པ་ཞིག་ཏུ་བཟོས་ཏེ་ཨ་མ་བག་དྲོ་ཟེར་བའི་ཚིག་བློ་བག་དྲོ་བའི་ཨ་མ་ཁ་དྲོ་བོ་ཞིག་ཡིད་ལ་དངོས་སུ་ཤར་ཡོང་བའི་ཚིག་ལྗིད་ཁོག་ཅན་འདི་འཕྲོ་བརླག་ཏུ་བཏང་བ་ཡིན་ནམ་ཡང་སྙམ།
གང་ལྟར་ཨེ་མ་ཟེར་བ་འདི་འུར་བསྟོད་ཀྱི་ཚིག་ཤི་བོ་ཞིག་རེད། ཨ་མ་བག་དྲོ་ཟེར་བ་འདི་མཛུམ་མདངས་ལྡན་ཞིང་བློ་བག་ཕེབས་པ། ཁ་དྲོ་བའི་ཨ་མ་ཞིག་བཞིན་ཚིག་གསོན་པ་ཞིག་རེད། ངས་ཕྱི་མ་འབྲི་གི་ཡིན།
ངས་ནི་ཨ་མ་བག་གྲོ་སྐུ་ཁམས་བཟང་ཟེར་བ་ལས། ཨེ་མ་བག་གྲོ་སྐུ་ཁམས་བཟང་ལབ་ན་ཧྲ་གི་འདོད།
དཔེར་ན། ཉི་ཤུ་དགུའི་ཉིན་མོ་དེ་ལ་ཁོའི་ཨ་མ་ཤུ་སོང་བའི་དབང་དུ་བྱས་ན། ངས་ཁོ་ལ་ཨ་མ་བག་གྲོ་ཟེར་ནས་ཨ་མ་ཁ་ལ་ལན་མི་ཐུབ་ཀི་གོ