དེ་རིང་དྲ་རྒྱ་ནས་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་དང་། ཚོགས་གཙོ་ཟུར་པ་ལྷ་སྒྲོན་གཉིས་ཀྱིས་ ལོ་སར་དམ་བཅའི་ སྐོར་ལ་སྐད་ཆ་འདི་དག་བཤད་འདུག ཧ་ཅང་དགའ་པོ་བྱུང་། འདིར་གཟིགས་རོགས།
ལོ་སར་གྱི་དམ་བཅའ། ང་བོད་པ་ཡིན་ཙང་ ཞེས་པ་འདི་དབྱིན་ཡིག་གི་དྲ་རྒྱ་ལ་འདུག “ང་བོད་ཡིན་ཙང་། ཉིན་ལྟར་བོད་སྐད་སློབ་སྦྱོང་བྱེད་གི་ཡིན།” “ང་བོད་པ་ཡིན་ཙང་། བདུན་རེར་བོད་ཆས་ལན་རེ་གྱོན་གི་ཡིན།” འདི་འདྲ་འདུག འབྲེལ་ཐག་ལ་བསྣུན་རོགས།
http://blog.studentsforafreetibet.org/?p=17627
ང་ཁྱོད་ཁོ་སོགས་གསུམ་གའི། བོད་ཀྱི་སྤྱི་སྐད་འབྲི་སྟངས། ངའི་ལོ་གསར་དམ་བཅའ།
ངས་བོད་དོན་ཆེད་དུ་
སྔ་དྲོར་སྨོན་ལམ་བརྒྱབས་པ་ཡིན།
ད་ལྟ་དར་ལྕོག་འཛུགས་བགྱིད་ཡོད།
དགོང་དྲོར་སྨོན་ལམ་བརྒྱབ་བགྱི་ཡིན།
ཁྱོད་ཀྱིས་བོད་དོན་ཆེད་དུ་
སྔ་དྲོར་སྨོན་ལམ་བརྒྱབས་པ་རེད།
ད་ལྟ་དར་ལྕོག་འཛུགས་བགྱིད་འདུག
དགོང་དྲོར་སྨོན་ལམ་བརྒྱབ་བགྱི་རེད།
ཁོས་བོད་དོན་ཆེད་དུ་
སྔ་དྲོར་སྨོན་ལམ་བརྒྱབས་པ་རེད།
ད་ལྟ་དར་ལྕོག་འཛུགས་བགྱིད་འདུག
དགོང་དྲོར་སྨོན་ལམ་བརྒྱབ་བགྱི་རེད།
སྐྱེས་བུ་དང་བོ་་གཉིས་པ་་གསུམ་པའི། ཡིན་ཡོད་་རེད་འདུག་གིས། འདས་ད་ལྟ་མ་འོངས་པའི་ཁྱད་པར་གསལ་སྟོན་ཡོད་པ་མ་ནོར་བ་ཕྱེ་དགོས།
འདི་ངའི་བུ་ཡིན། བུ་ སློབ་གྲྭ་ལ་འགྲོ་གི་ཡོད། བུས་བོད་ཡིག་སློབ་སྦྱོང་བྱེད་གི་ཡོད། འདི་ཚོ་ག་རེ་ཡིན་ན། ཀརྨ་རྡོ་རྗེ་ལགས།
དུས་གསུམ་བྱ་བྱེད་ཆ་ཚང་སྟོན་ཐུབ་ཚུལ།
༡༽ སློབ་གྲྭ་ལ་འགྲོ་གི་ཡོད། ཅེས་བྲིས་ན་འདིས། ད་ལྟ་བ་ཕྱེད་ཙམ་མ་གཏོགས་སྟོན་ཐུབ་བགྱིད་མི་འདུག
༢༽ སློབ་གྲྭ་ལ་འགྲོ་ཡི་ཡོད། ཅེས་བྲིས་ན། སུམ་རྟགས་དང་མཐུན་ཡང་། ཁ་སྐད་དང་མི་མཐུན།
༣༽ སློབ་གྲྭ་ལ་འགྲོ་གི་ཡོད། ཅེས་བྲིས་ན། ཀ་སྐད་དང་མཐུན་ཡང་སུམ་རྟགས་དང་མི་མཐུན།
༤༽ སློབ་གྲྭ་ལ་འགྲོ་བགྱིད་ཡོད། ཅེས་པ་ནི། ལུང་ཁུངས་སུ་སྔར་ལོ་ཙྰ་བ་དང་བཀའ་གདམས་པ་རྙིང་མའི་སྐབས་སུ་བེད་སྤྱད་ཡོད།
༥༽ རིགས་པའི་དབང་དུ་བྱས་ན། ང་ཚོའི་ཡི་གེ་ནང་ལ། འདས་པ་བགྱིས། ད་ལྟ་བ་བགྱིད། མ་འོངས་པ་བགྱི། ཞེས་པ་གསུམ་བེད་སྤྱད་ནས་རྒྱུ་མཚན་དང་པོའི་སྐབས་སུ་ད་ལྟ་བ་ཕྱེ་ཙམ་མ་གཏོགས་མི་སྟོན་ཅེས་པའི་ཕྱེད་ནི། ཡོད་ཅེས་ཚིག་དང་། ཕྱེད་བགྱིད་ཅེས་པ་འདིས་ད་ལྟ་བ་ཆ་ཚང་བ་ཨིན་ཧིན་ལྟར་སྟོན་ཐུབ་པའི་དགོས་པ་ཡོད།
དེ་ཡིན་ཙང་།
ང་སློབ་གྲྭ་ལ་ཕྱིན་པ་ཡིན། འདས་པ།
ང་སློབ་གྲྭ་ལ་འགྲོ་བགྱི་ཡིན། མ་འོངས་པ།
ང་སློབ་གྲ་ལ་འགྲོ་བགྱིད་ཡོད། ད་ལྟ་བ།
གོང་གསལ་འདས་པ་ལ། ང་སློབ་གྲྭ་ལ་འགྲོ་བགྱིས་པ་ཡིན། སྔར་ཟེར་སྲོལ་རྙིང་པ་ཡོད་དགོས་ལ་ཕྱིས་སུ་ཕྱིན་ཞེས་པ་གསར་ཐོན་གྱིས་མེད་པ་ཆགས་པ་རེད། མེད་པ་ཆགས་ཡོད་མེད་དེ་ཡང་མཐའ་མཚམས་བོད་རིགས་ཡི་གེ་མི་ཤེས་པ་དེ་ཚོའི་ཁ་ནས་ཤེས་ཐུབ། ཁོ་ཚོས། ལས་ཀ་དེ་བྱས་པེ། ཚབ་ལ། ལས་དེ་བགྱིས་ཡེ། ཟེར་སྲོལ་ད་ལྟའང་འདུག
ད་ལྟའི་དུས་སུ།
ངས་་
་་་་་་་་་་་་་་་(བགྱིས་)་་པ་ཡིན། གྱིས་འདས་པ།
་་་་་་་་་་་་་་་་བགྱིད་ཡོད། གྱིས་ད་ལྟ་བ།
་་་་་་་་་་་་་་་་བགྱི་ཡིན། གྱིས་མ་འོངས་པ།
I was.. I am….. I will….ཧིན་སྐད་དུ། ་་་་་་་གྰ ་་་་་་་་་་ཧུང་། ་་་་་་་་ཐྰ། ལྟར་འདྲ་མཉམ་ཆགས་ཡོད། ཟེར་སྲོལ་ཙམ་མ་ཡིན་པར་ཡི་གེ་རང་གི་བྱ་བྱེད་ནུས་པས་སྒོ་ནས་དུས་གསུམ་སོ་སོར་སྟོན་ཐུབ།
དགེ་རབ་ལགས་ཀྱི་དྲི་བའི་ལན་གྱི་ཚུལ་དུ་ཕུལ།
འོ་ཡུ་ཊུབ་ཀྱི་བརྙན་པར་འདི་ཚོ་ང་ཚོས་ལྟ་ཐུབ་ཀི་ཡོད་པ་མ་རེད། ཅུང་ཟད་རེ་འཆར་ནས་འགག་འགྲོ་གི་འདུག ཨ་ཞང་ཚང་གིས་སྒོ་བརྒྱབས་པའི་དབང་གིས་ཡིན་པ་ངས་ཤེས་སོང་། ད་འདི་ལ་ལྟ་ཐུབ་པའི་མཉེན་ཆས་ཤིག་སུ་ཞིག་གིས་ལས་ཐུབ་ན་དེ་ནི་ང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཡོད་འདུག དེ་ལས་གཞན་དུ་བོད་གཞུང་གི་དྲ་བརྙན་ཡང་སྒོ་འབྱེད་ཐུབ་ཀྱང་ལྟ་ཐུབ་ཀི་མེད་པ་རེད།
བགྱི་བགྱིད་བློ་ལ་མི་ཉེ་ན། ་་གིའི་་ཚབ་ལ་་་་ཀི་ཞེས་བེད་སྤྱོད་རྒྱུ་ལོ་གསར་དམ་འཇོག་དགོས།
ང་རང་ནུབ་ཕྱོགས་ལ་ཁ་ཕྱོགས་ནས་ཕྱིན་ཀྱང་། རང་གི་སྐད་ཡིག་ལ་ཤ་ཞེན་གྱིས་ཤར་ཕྱོགས་ལ་བློ་སེམས་བསྒྱུར་ནས། བོད་ནང་ལ་རྒྱ་ནག་བཙན་ཤུགས་དང་། བོད་མི་ཕྱི་ལ་ཁྲ་ཁྲ་ཟིང་ཟིང་གིས་འོག་ལ་བོད་ཀྱི་སྐད་ཡིག་ཉམས་ཡོང་བསམས་ནས་སེམས་ཀྱིས་མ་བཟོད་ནས་འདིར་བྲིས་པ་མ་གཏོགས་བོད་ཡིག བོད་སྐད་ལ་མཐོང་ཆུང་ཁྱད་གསོད་བྱས་མིན་ལ། དེ་ཙམ་མ་ཟད་ང་རང་སང་ཉིན་འཇིག་རྟེན་ཕྱི་མར་འགྲོ་དགོས་བྱུང་ན་འདི་རིང་འདིར་ཁ་བརྡའི་ནང་ལ་ཁ་འཆེམས་བཞག་ཐུབ་སོང་སྙམ་པའི་དགའ་ཉམས་ཞིག་ཡོང་ངེས།
༦༠འི་ནང་ལ་བཙན་བྱོལ་བོད་མིའི་དཀའ་ངལ་ཅིག་ནི། རང་གི་མིང་ཨིན་སྐད་དུ་ག་འདྲ་ཟེ་འབྲི་དགོས་མེད་སྐད་ཆ་འདྲི་ས་ཉེ་ཤོས་ནི། ཤིན་ཏུ་བཀའ་དྲིན་ཆེ་ལ་ཨིན་བོད་སྐད་ཡིག་ཞེན་ཆ་ཆེབ་འི་རྒྱ་གར་གྱི་དགེ་རྒན་ཚོས། K. Dorje & Tenzin ཚབ་ལ་ K. Dorjee and Tenzing སོགས་བྲིས་པ་ནི། B. Lee ལ། ལི་ཡིན་པ་འདི་ཡོངས་སུ་གྲགས་པ་ལྟར་ཐད་ན། རྡོ་རྗི། དང་ བསྟན་འཛིང་ཞེས་བྲིས་ནོར་ཐེབས་པ་མཐོང་ཐུབ།
དེ་བཞིན་དུ། ངའི་བུས་སློབ་གྲྭ་ལ་འགྲོ་གི་ཡོད། ཅེས་པས་དུས་ད་ལྟ་བ་སྟོན་པ་ལ་རྩོད་པ་མེད་ཀྱང་། བགྱི་བགྱིད་ལ་གི་ཞེས་པ་དེ་ཡང་འབྲི་སྟངས་ནོར་བགྱིན་འདུག
གལ་ཏེ་གི་རང་གི་བློ་ལ་ཉེ་བ་ཡོད་ན། ཐུགས་རྗེ་གཟིགས། འབྲེལ་སྒྲ་ གི་ དེ་མ་བྲིས་པར། སློབ་གྲ་འགྲོ་ཀི་ཡོད། གིའི་ཚབ་ལ་ ཀི་བྲིས་གནང་ན་ནོར་ས་ཉུང་ལ། ཀི་དེ་ནམ་ཞིག་དུས་གསུམ་གང་རུང་སྟོན་མཁན་ཐཞིག་ཆགས་སྲིད་པའི་རེ་བའང་ཡོད་རེད།
དེ་བཞིན་དུ། ……..ing……. གི་ཚབ་ལ། ངས་ཡི་གེ་འབྲི་བཞིན་པ་ཡིན། འབྲི་སྲོལ་དེ་ཡང་བཞིན་ནི། མིང་ཚིག བཞིན་རས་དང་། སྙན་ངག་ནང་ལ་མཚུངས་པ་གསལ་བྱེད་དུ་ཡོད་ལ་བྲིས་པ་མང་བ་དང་། ཡང་། ངས་འབྲི་ཡིན་ཡོད། དང་ འབྲི་གིན། གིན་ གྱིན་ ཀྱིན་དང་། གཞན་ཡང་ཀིན་སོགས་བེད་སྤྱད་ཆོག་ཀྱང་། རང་གི་ཕྲུ་གུར་ཡི་གེ་གཅིག་ཉིད་ཀྱིས་འགྲིག་པ། འགྲོ་བགྱིན་ཡོད་ཅེས་བགྱིན་བྲིས་ནས་བསླབ་ན་དགེ་མཚན་ཆེན་པོ་ཡོད།
ད་ལོའི་བོད་མིའི་ལོ་གསར་ཚེས་དུས།
གཞིས་བྱེས་བོད་མིས་ལོ་གསར་དགའ་དགའ་སྤྲོ་སྤྲོ་བཞག་ནས། །
མྱ་ངན་གུས་འདུད་སྤྱི་དོན་ལས་འགུལ་སྣ་མང་སྤེལ་སོང་། །
ལྕགས་སྟག་ལོ་འགོར་བོད་མི་ཁ་ཤས་བོད་ཆས་གྱོན་དང་། །
བོད་ཟས་ཐེངས་འགའ་ཟ་དང་བོད་སྐད་ཉུང་ཐར་ཆུ་ཚོད། །
གཅིག་སོགས་སྦྱངས་ནས་བོད་སྐད་བརྒྱབ་རྒྱུར་དམ་བཅའ་བྱས་འདུག །
ང་བོད་པ་ཡིན་ཙང།
ང་བོད་པ་ཡིན་ཙང་
བོད་ཟས་བཟོ་ཤེས་དགོས།
ང་བོད་པ་ཡིན་ཙང་
བོད་བོད་ཆས་གྱོན་ཤེས་དགོས།
ང་བོད་པ་ཡིན་ཙང་
བོད་སྐད་རྒྱག་ཤེས་དགོས།
ང་བོད་པ་ཡིན་ཙང་
བོད་དོན་བསམ་ཤེས་དགོས།
ང་བོད་པ་ཡིན་ཙང་
བོད་མིར་རོགས་བྱེད་དགོས།
ཀརྨ་རྡོ་རྗེ་ནས་འགྲོ་གི་ཡོད་ཅེས་ཟེར་འབྲི་ན་སུམ་རྟགས་དང་མི་མཐུན་ཞེས་པ་དེའི་རྒྱུ་མཚན་ག་རེ་ཡོད། མཐའ་མེད་ཀྱི་མཐར་གི་མི་འཇུག་པས་ཡིན་ནམ། དེ་ལྟར་ཡིན་ན་འགྲོ་གི་ཞེས་པའི་གི་དེ་འབྲེལ་སྒྲའི་ཕྲད་ཡིན་པར་ཁས་ལེན་ནམ། གལ་ཏེ་ལེན་ན་དེས་འབྲེལ་བ་གང་བསྟན། ངས་ནི་ངོ་བོ་བདག་ཅིག་དང་དེ་ལས་དེ་འབྱུང་སོགས་འབྲེལ་བ་གང་ཡང་མི་སྟོན་པས་འབྲེལ་སྒྲའི་ཕྲད་མིན་བསམ།
མ་ཟད་སྔར་གྱི་དཔེ་ཆ་རྣམས་སུ་ཡང་ཕྱོགས་ཕྱོགས་འདི་ནས་ཕ་གི་ན། །ཟེར་བྲིས་ཡོད་པ་དེ་ཡང་ནོར་བར་ཆ་འཇོགས་བྱེད་དམ། ཡང་བཞིན་ནི་སྙན་ངག་རྣམས་སུ་མཚུངས་པ་གསལ་བྱེད་ཀྱི་སྒྲར་གསུངས་པས་ད་ལྟ་བ་ལ་བཞིན་འབྲི་ན་མི་འཐད་ཚུལ་བརྗོད་འདུག བྱེད་བཞིན་པ་ད་ལྟ་བ་དང་བྱ་བར་འགྱུར་བ་མ་འོངས་པ་དང་བྱས་ཟིན་པ་འདས་པ་ཞེས་སུགས་རྟགས་ཀྱི་འགྲེལ་པ་རྣམས་སུ་ཡང་གསལ་བས་མཐའ་གཅིག་ཏུ་མི་འཐད་ཅེས་བརྗོད་ན་ཡང་མི་འགྲིགས་སྙམ།
འོན་ཀྱང་བདག་ལྟ་བུ་ཁྲོན་པའི་སྦལ་པས་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ལ་རྒྱུས་ཆ་ཆུང་བས་གང་ཡིན་མི་ཤེས། དེས་ན་དེའི་སྐོར་ད་དུང་རྒྱས་པར་བཀོད་པའི་བསྐུལ་མ་དང་འདྲ་བར་མཆན་བུ་ཆུང་ཆུང་ཞིག་འདེབས་པ་ལགས།
ཕ་ཀི་དང་། གིའི་ཚབ་ལ་འགྲོ་བགྱི་ འགྲོ་བགྱིད་སྐོར་གྱི་ལན།
བོད་ཀྱི་སྐད་ཡིག་ལ་གཅེས་ཞེན་ཅན་གཡུ་འབྲུག་སྔོན་མོ་ལགས་ཀྱིས་དོགས་སློང་ལ་ཐུགས་རྗེ་ཆེ།
ལན་འོག་ནས་རིམ་བཞིན། བོད་ཀྱི་སྤྱི་སྐད་༼ཁ་སྐད་༽གཞིར་བཞག་ནས་དགོངས་པ་བཞེས་རོགས་གནང་། བྱ་བ་ད་ལྟ་བྱེད་བཞིན་པ་ལ། ཁོས་ད་ལྟ་གཏམ་བཤད་བྱེད་བཞིན་འདུག ཅེས་༼བཞིན་༽འདིའི་ཚབ་ལ་གིན་གྱིན་ ཀིན་ཀྱིན་ བགྱིན་མང་དྲགས་པའི་སྐྱེན་གྱིས། གྱིན་དང་ཀྱིན་གྱི་སྒྲ་གདངས་དཀྱིལ་མ་བགྱིན་གཅིག་པུས་འགྲིག་པ་བྱུང་ན་བསམས་ནས་བཤད་པ་ཡིན། ངའི་སྔ་ཕྱི་གཉིས་ཀའི་ནངལ་མི་ཐད་པའི་སྐོར་མེད།
རི་ཕ་གི་ལ་གཡག་འདུག ཚབ་ལ་ཡང་ གི་ མ་བྲིས་པར། རི་ཕ་ཀི་ལ་གཡག་འདུག ཅེས་འབྲིས་ན་ལེགས།
ང་འགྲོ་གི་ཡོད། ཅེས་པའི་ གི་ དེ་འབྲེལ་སྒྲ་མིན་ཙང་འབྲེལ་སྒྲའི་ གི་ དེ་བེད་སྤྱོད་མ་གཏོང་རོགས། དེའི་ཚབ་ལ་མ་འོངས་པ་ལ། གིའི་ཚབ་ལ་། བགྱི་དང་། ད་ལྟ་བ་ལ་གིའི་ཚབ་ལ་བགྱིད་འབྲི་རོགས་གནང་ཞེས་རྒྱུ་མཚན་གོང་དུ་བྲིས་ཡོད།
མ་དག་རྒྱུན་འཇགས་གཙང་སེལ་བཟོ་ཁུལ་ཡིན་པས་ཡོ་སྲང་སྐྱོན་བརྗོད་ལ་ཕེབས་བསུ་ཡོད།