སྐྱོ་བྲག་དགའ་དབང་།
སྤྱི་ཚོགས་སུ་རང་གི་བྱ་བ་དང་ཚོགས་པ་གོ་གནས་སོགས་མ་འདྲ་བའི་དབང་གིས་སྒྲིག་ཆས་དམིགས་བསལ་བ་རེ་བཟོ་བའི་ལམ་ལུགས་ཡོད་པ་བཞིན། འཛམ་གླིང་གི་ས་གནས་ཕལ་མོ་ཆེའི་སློབ་གྲྭར་ཡང་སྒྲིག་ཆས་མ་འདྲ་བ་རེ་བཟོ་བཞིན་ཡོད། འོན་ཏེ་ཨ་རིར་སློབ་ཕྲུག་གི་རང་དབང་ལ་བསྙད་དེ་སློབ་གྲྭ་ཕལ་མོ་ཆེར་སྒྲིག་ཆས་མེད་པ་ཡིན། ཡིན་ནའང་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་ན་སྒྲིག་ཁྲིམས་མེད་པའི་རང་སྣང་གང་ཤར་ཞིག་ཡོང་ཐབས་མེད་པས་སྒྲིག་ཆས་ཡོད་ན་ལེགས་པ་རེད།
གང་ཡིན་ཞེ་ན། སློབ་གྲྭར་ཡོང་བའི་སློབ་ཕྲུག་དག་གི་དཔལ་འབྱོར་གནས་བབ་གཅིག་པ་མིན་པས་ཕྱུག་པོའི་ཕྲུག་གུ་དག་གི་གྱོན་ཆས་ཀྱིས་དབུལ་པོའི་ཕྲུག་གུ་ཚོའི་སེམས་ཞུམ་ཞིང་མཐོང་སྣང་དམའ་བོར་འགྱུར་བ་དང་། སེམས་ཁམས་ཀྱི་ཁྱད་པར་གྱིས་བུ་ཕལ་མོ་ཆེའི་གོས་ཀྱི་ངོས་ལ་ཆགས་སྡང་གི་རི་མོ་དང་ཡི་གེ་འདྲ་མིན་བཀོད་པས་འཁྲུག་རྐྱེན་བྱེད་པ་དང་། བུ་མོ་ཕལ་མོ་ཆེའི་གོས་ཚད་ཆུང་དུ་བཏང་ནས་དམར་ཧྲེང་མ་མིན་ཙམ་དུ་སླེབ་ཡོང་གི་རེད། སྒྲིག་ཆས་ཀྱིས་ཆ་སྙོམས་སུ་བསྒྱུར་བས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཧ་ཅང་གིས་ཕན་ཞིང་། སྤྱི་སྒེར་གཉི་གའི་མཚན་དོན་སྲུང་སྐྱོབ་ལ་དྲན་སྐུལ་བྱེད་པ་མ་ཚད་ཚོགས་པ་དམིགས་བསལ་བ་ཡིན་པའང་མཚོན་གྱིན་ཡོད།
གང་ལྟར་དིང་སྐབས་བོད་ནས་སློབ་གྲྭ་མང་པོ་ཞིག་ཏུ་བོད་གོས་ཀྱི་སྒྲིག་ཆས་བཟོ་བཞིན་འདུག་པ་ནི་དགའ་འོས་པ་སྟེ། མདའ་གཅིག་གིས་ཤྭ་བ་གཉིས་སོད་པའི་དཔེ་བཞིན། བོད་རང་གི་ཁྱད་ཆོས་ཐུན་མོང་མིན་པ་རྣམས་སྲུང་སྐྱོབ་ཀྱི་བག་ཆགས་འཇོག་པ་དང་། ཡུལ་དུས་ཀྱི་གནས་བབ་ལ་དཔགས་པའི་ཉམས་མྱོང་གིས་བཟོས་པའི་གོས་རིགས་ཡིན་ཕྱིར་སློབ་ཕྲུག་ཚོའི་ལུས་ཁམས་ལ་ཡང་ཆེས་འཕྲོད་པོ་ཡོང་གི་རེད། དེས་ན་སེམས་གཏིང་ནས་ཁོ་ཚོར་བསྔགས་བརྗོད་དང་ཡི་རང་ཞུ་བཞིན་ཡོད་དོ། །
༼མདའ་གཅིག་གིས་ཤྭ་བ་གཉིས་སོད་པའི་དཔེ་བཞིན།༽རང་ནི་གྲྭ་བ་ཞིག་ཡིན་པས། གཏམ་དཔེ་འདི་འདྲ་ཡིས་དཔེ་ལུང་བྱས་ན། ཆེ་མི་མཛེས་བ་དེ་ཤེས་དགོས། གཅིག་བྱས།
སློབ་གྲྭ་ལ། རིགས་མ་འདྲ་བ་མང་པོ་རེད། སྒེར་ལ་བདག་པ། གཞུང་ལ་བདག་པ། ཆོས་ཚོགས་ལ་བདག་པ་སོགས་འདྲ་མ་འདྲ་རེད། སོ་སོའི་བུ་ཕྲུག་གི་བློ་ཁ་ཕམ་དུ་མི་འཇུག་པ་ནི་ཕ་མ་ལ་ཡོད་པའི་འགན་ཞིག་ཡིན་པ་དང་། ཡོད་པ་ལས། ཡོད་ཚད་ལ་འགྱིག་པས་ལེབ་རྡོང་བྱས་ན་ག་ལ་འགྲིག། ནམ་འཆུ་ངེས་མེད་རེད། རང་ལ་ཡོད་པ་དེ་ལོངས་སུ་སྤྱོད་མ་ཆོག་པར། ཡོད་ཚད་བོད་མི་ལྟར་ཤི་ཆོས་སྒྲིབ་པ་ལ་བསགས་ན་ནི་མི་བཟང་ངོ། ཕྲུ་གུ་ཚོ་ལ་གོས་དང་ཟས་རང་འདོད་དུ་ཟ་གོན་བྱེད་པའི་རང་དབང་མཐའ་གཅིག་དུ་ཡོད་དགོས་སོ། གཉིས་བྱས།
དམག་དང་གྲྭ་བ་མ་གཏོགས་སྒྲིག་ཆས་གོན་དགོས་བའི་དགེ་མ་ནི་རྐང་གཅིག་ལ་མི་འདུག་གོ། དགའ་དབང་དགེ་བོ།