ཚེ་རིང་།
རྒྱུན་ལྡན་མིན་པའི་ཁོར་ཡུག་གི་འགྱུར་བག་ལས
ཁྱོད་ལ རྒྱུན་ལྡན་མིན་པའི་ཚོར་སྣང་ཞིག་སྐྱེས་ངེས
མིའི་ན་ཚོད་དང སེམས་ཁམས
འདྲིས་ཆོག་ཆོག་གི་ཁོར་ཡུག་ཆུང་ངུ་ཞིག་གིས་བསྐྱེད་ཅིང
བསྐྱར་ཅིང་བཟློས་པའི་རྒྱུན་རིང་གི་འགྲོགས་འདྲིས་ཁྲོད
ཤེས་མེད་ཚོར་མེད་ཀྱི་ངང་ནས
ཁྱོད་ལ་མང་བོ་ཞིག་བརྗེད་དུ་བཅུག་ཅིང
སླར་ཡང མང་བོ་ཞིག་གོམས་སུ་བཅུག་ཡོད
ལོ་ཟླའི་ཕྱི་རོལ་ནས
ལོ་ངོ་དུ་མར
ཁོར་ཡུག་ཅིག་གི་ཁ་ཐག་ལ་ཡང་ཡང་བསམས་ཀྱང
ཉིན་འདི་ཚོར ཁྱོད་ལ་ཕྱིར་ལོག་བཞིན་པའི་རྨི་ལམ་ཡང་ཡང་གཏོང
འཇིག་རྟེན་འདི་ཅི་འདྲའི་ཆེ་བ་ལ་ཨང
2014/12/1 མཚན་མོར།