གློག་བརྙན་ཐུང་ངུ་འདིའི་བསྟན་དོན་ནི་གསར་དུ་ཨ་རིར་གནས་སྤོས་ཀྱི་བོད་མི་ཁྱིམ་ཚང་ཞིག་གི་འཚོ་རྟེན་དང་སྒྲ་སྙན་གཉིས་བར་གྱི་འགལ་ཟླ་ཡིན་པ་ལྟར། འགལ་ཟླ་འདི་ནི་དེང་སང་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་གི་ཐོག་ནས་དེ་བས་ཀྱང་ཛ་དྲག་ཇེ་ཆེར་འགྱུར་བཞིན་ཡོད། བོད་མི་མང་ཆེ་བས་རང་གི་སྐད་ཡིག་ལ་གཅེས་འཛིན་གྱིས་བུ་ཕྲུག་ཚོར་བོད་ཡིག་སྦྱོང་དུ་འཇུག་གི་ཡོད་མོད། ཡིན་ནའང་བོད་ཡིག་སྦྱངས་ན་མདུན་ལམ་ཡོད་མེད་ཀྱི་ཐེ་ཚོམ་བྱེད་མཁན་ཕ་མ་བུ་ཕྲུག་གཉིས་ཀའི་ནང་ན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདྲ། འདིའི་ཐོག་དགོངས་ཚུལ་གསུངས་རོགས་ཞུ་རྒྱུ་དང་ཆབས་ཅིག གོང་གི་གློག་བརྙན་བཟོ་མཁན་བཀྲ་ཤིས་དབུ་རྒྱལ་ལགས་ཀྱིས་གཙོས་པའི་གློག་བརྙན་ནང་གི་ལས་ཀྱི་སྣེ་མོ་བ་ཚང་མའི་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ལྕགས་རྒྱ་འགྲམ་ནག་གིས།
གློག་བརྙན་ཐུང་ངུ་འདི་ལོ་གཅིག་གི་སྔོན་ནས་ཡུའུ་ཁྲོ་ལས་མཐོང་ན་ཡང་ཚོར་སྣང་ཁྱད་པར་བ་ཅི་ཡང་མ་བྱུང་། ཡིན་ན་ཡང་དེ་རིང་འདི་ནས་མང་མང་གི་མིག་སྔར་བཤམས་དུས་འདི་ལ་དམིགས་བསལ་གྱི་དོ་སྣང་གསར་བ་ཞིག་བྱུང་། དེ་ནི་སྒྲ་སྙན་འདིའི་གནད་དོན་གཅིག་པོ་མ་ཡིན་པར་བྱེས་སྡོད་ཀྱི་ཕ་མ་བུ་ཕྲུག་གི་བར་དུ་ཆོས་ལུགས་དང་རིག་གཞུང་། རྙིང་ཞེན་དང་གསར་ཞེན། དུང་ཞེན་དང་རང་འདོད་སོགས་ཀྱིས་བཞག་པའི་འགལ་ཟླ་ཉིན་རེ་ལས་ཉིན་རེར་ཆེ་རུ་འགྲོ་བཞིན་པ་དང་། འགལ་ཟླ་དེས་ཆུང་ས་ནང་ཁྱིམ་ཚང་ཞིག་དང་ཆེ་ས་ནས་མི་རིགས་ཤིག་ཤི་ལམ་དུ་ཆས་དང་ཆས་ཡོད་པ་དེར་སུས་ཀྱང་བཟོད་བསྲན་བྱེད་མི་ཐུབ་ལ་སུས་ཀྱང་བཀག་འགོག་བྱེད་ཐུབ་པ་དེ་རེད།
ཨ་མཆོད་ཚོར་ཟ་འཐུང་སོགས་ལྟོ་རྒྱབ་སུར་མ་སུར་གྱི་སེམས་ཁྲལ་ཆེན་པོ་མེད་པས་སྤྱི་ཚོགས་ཀྱི་འགལ་ཟླ་ལ་ལྟ་སྐབས། ཆོས་ལུགས་དང་རིག་གཞུང་། རྙིང་ཞེན་དང་གསར་ཞེན། དུང་ཞེན་དང་རང་འདོད་སོགས་ཀྱིས་བཞག་པའི་འགལ་ཟླ་ཞེས་ལམ་སེང་ལུས་སེམས་གཉིས་ལས་སེམས་ཀྱི་འགལ་ཟླའི་སྟེང་ལ་ཤོར་འགྲོ་གི་འདུག
ཨ་མཆོད་སུ་ལ་ཟེར་གི་ཡོད། ཨ་རིའི་ནང་ལ་ཨ་མཆོད་མིན་ན་མི་གཡོག་རེད་ཡ། ང་ནི་ཨ་རིའི་མཐོ་སློབ་ཅིག་ན་དབྱིན་ཡིག་གིས་ཉིན་གཅར་མཚན་གཅར་བྱེད་བཞིན་པའི་སློབ་མ་ཞིག་ཡིན།
ཁྱོས་ཞབས་དཀར་མགུར་འབུམ་ཀློག་མྱོང་ཡོད་ན། ཨ་མཆོད་ལས་ལྷག་པའི་སྡུག་པོ་མྱོང་མཁན་ཞིག་ས་སྟེང་འདི་ན་མེད་པ་འདྲ་ཞིག་གསུངས་འདུག་ག
འགྲམ་ནག་ཟེར་བ་འདིས་ཨ་མཆོད་ཟེར་བ་ཅི་འདྲ་ཞིག་ལ་གོ་གི་ཡོད་མེད་ཤེས་ཀྱི་མི་འདུག་ལ། མགོ་ལ་རལ་བ་བཞག་ཡོད་པ་དང་མགོ་རིལ་རིལ་ཐམས་ཅད་ཨ་མཆོད་རེད་ཟེར་མདོག་ཁ་བོ་རེད་ལ། ཐ་ན་མི་འདི་འདྲས་གཡུང་དྲུང་བོན་དང་ཨ་མཆོད་གཉིས་ཀྱི་སྟོན་པ་དང་བསྟན་པ་གཅིག་མིན་པའང་ཨེ་ཤེས་ཀྱི་ཡོད་དམ་སྙམ་པའི་ཚོར་སྣང་བྱུང་།
ཨ་མཆོད་ཀྱང་གཡོག་པོའི་བྱེ་བྲག་ཅིག་རེད། མདོར་ན་གཡོག་པོ་མིན་པའི་ལས་ཀ་ཞིག་ཡོད་པ་མ་རེད། རིག་གནས་སྦྱངས་ན་ཡང་གཡོག་པོར་རྒྱུག་ཆེད་རེད། སྔོན་གྱི་དུས་སུ་དག་ཉིད་ཀུན་ཤེས་བྱ་ཕྱིར་ནང་དོན་རིག་པ་ལ་བསླབས་ཡོད་ཀྱང་ད་ནི་དེ་ཡང་ཕལ་མོ་ཆེ་གཡོག་པོར་རྒྱུག་ཆེད་མ་རེད་དམ། མདོར་ན་ཚང་མ་དངུལ་གྱི་ཡོང་སྒོའི་ཆེད་དུ་ལས་ཀ་བྱེད་ཀྱིན་ཡོད་ཕྱིན་ཚང་མ་ཡང་དངུལ་གྱི་ཚེ་གཡོག་ཆགས་པ་རེད། གཡོག་གླ་ཡག་པོ་རག་རྒྱུ་དེ་རེ་བ་གཅིག་པོ་རེད།
དཔེར་ན་བླ་མ་གྲྭ་པ་ཞིག་ཡིན་ན་ཕར་བལྟས་ཚོད་ལ་ལུས་པོའི་ཤུགས་ལས་མ་བྱས་པར་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་པའི་བཟོ་ལྟ་འདྲ་ཞིག་མཐོང་རྒྱུ་ཡོད་ཀྱང་དེ་དོན་དངོས་ལ་བསམ་གཞིག་མ་བྱས་པས་ཡིན། རྒྱལ་ཕྱི་ནང་གང་དུ་སོང་ན་ཡང་གྲྭ་པས་གྲྭ་པའི་ཚོད་ཀྱི་ལས་ཀ་ཞིག་བྱེད་ཀྱིན་ཡོད་ལ་མིའི་ངོ་སྲུང་སོགས་ཀྱི་ཐད་གྲྭ་པ་གང་ལས་ཀྱང་དཀའ་ངལ་ཆེ། ཕྱི་རྒྱལ་དུ་དེ་ལས་ཀྱང་དཀའ་ངལ་ཆེ། གྲྭ་པ་རྣམ་དག་ཅིག་ཡིན་ན་གང་ལས་ཀྱང་དཀའ་ངལ་ཆེ། ཕྱི་རྒྱལ་ན་བཞུགས་པའི་གྲྭ་པ་དངོས་གནས་ཚོས་རབ་བྱུང་ན་རང་ལ་འདངས་ཚོད་ཀྱི་འཚོ་རྟེན་དངུལ་གང་འཚམས་ཤིག་བསག་ཐུབ་རྗེས་ཕྱིར་རྒྱ་བལ་འབྲས་འབྲུག་བོད་སོགས་ལ་ཕར་ཕེབས་ནས་བཞུགས་ན་ཡག་ཤོས་རེད། ངའི་བསམ་ཚུལ་ཙམ་ཡིན།
ཁྱོད་མི་རྒན་ཞིག་གིས་དབྱིན་ཡིག་གཅིག་པུ་གོ་མི་ཐུབ་རྒྱུ་ཅི་ཡོད། བོད་དུ་བྱིས་པ་ལོ་ཆུང་ཚོས་བོད་ཡིག་དང་རྒྱ་ཡིག དེང་སང་ད་དུང་དེའི་ཐོག་ལ་དབྱིན་ཡིག་བཅས་སྐད་རིགས་གསུམ་སྦྱོང་དགོས་ཀྱི་འདུག ས་ཆ་ལུང་ཁུག་དེ་འདྲར་རྒྱ་ཡིག་སྦྱོང་བའི་མཐུན་རྐྱེན་མ་འགྲིག་པར་ཡོད་དུས་དབྱིན་ཡིག་དེ་བས་ཀྱང་ཨ་ཅང་ཅང་རེད་མོད། ཡིན་ནའང་དེང་སང་སློབ་མ་ཚོར་དབྱིན་ཡིག་ཟེར་དུས་གནད་འགག་ཇེ་ཆེར་འགྲོ་བཞིན་འདུག རྒྱ་ནག་གཞུང་གིས་དབྱིན་ཡིག་གི་སློབ་ཁྲིད་ནི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བ་དང་བཅུ་གཅིག་གཉིས་ཀའི་ནང་དུ་སློབ་གསོའི་གཙོ་གནད་དུ་བརྩིས་ཏེ། དེང་སང་སློབ་གྲྭ་ཆེན་མོའི་ཚུད་རྒྱུགས་སུ་བོད་ཀྱི་སློབ་མ་ཚོས་དབྱིན་ཡིག་གི་སྐར་འབྲས་ཐོག་ནས་གྱོང་ཟ་བཞིན་ཡོད་པ་མ་ཟད། སློབ་གྲྭ་མཐར་ཕྱིན་དུས་མི་གཡོག་རྒྱུགས་རྒྱུའང་མི་ལོན་པར་མྱངས་བཞིན་འདུག དེ་ཚོའི་ཕ་མ་ཚོས་ཁྲག་གསོག་རྣག་གསོག་བྱས་ཏེ་སློབ་ཡོན་སྤྲད་པའི་སྒོར་མོ་ས་ལ་བསྲེས་བཞིན་ཡོད་པས་ངོ་མ་སྙིང་རྗེ་བསམ་གི
བོད་ནང་དུ་དབྱིན་ཡིག་གི་ཆུ་ཚད་འདང་དང་མ་འདང་གི་སྐད་ཆ་འདི་ང་ལ་གསར་པ་ཞིག་རེད། འདིའི་སྐོར་གྱི་གནས་ཚུལ་གསལ་པོ་ཡོད་དམ། ཡིག་ཆ་ཀློག་ས་དེ་འདྲ་འདུག་གམ། སློབ་ཡོན་སྐོར་ལ་ཡང་ཁ་གསལ་རེ་ཡོད་ན་གསུངས་རོགས།
དེང་སང་རྒྱ་ནག་ཏུ་མཐོ་རིམ་སློབ་གསོ་དང་ཆེད་ལས་ཀྱི་གོ་སྐབས་བཅས་ཐོབ་རྒྱུར་དབྱིན་ཇིའི་སྐད་ཡིག་གི་ནུས་པ་ཇེ་ཆེར་སོང་བར་བརྟེན།
རྒྱ་ནག་གི་སློབ་གསོའི་ལམ་ལུགས་ཁྲོད་དུ་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐོག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་འདུག
ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པས་གནས་ཚུལ་འདིའི་གལ་ཆེའི་རང་བཞིན་ངོས་ཟིན་ཏེ། ༡༩༩༩ ལོ་ནས་བཟུང་བོད་དུ་
དབྱིན་ཡིག་དགེ་རྒན་གསོ་སྐྱོང་གི་ཐོག་ལ་རོགས་རམ་བྱས་འདུག
ཁྱེད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་ངོས་ནས་ལས་འཆར་གྱི་ཚན་ཁག་ལས་སློབ་གསོའི་སྐོར་ལ་ལྟོས་དང་ དབྱིན་ཡིག་ནི་རྒྱ་ནག་གི་རྒྱལ་ཡོངས་གཏན་འབེབས་སློབ་ཚན་གྱི་གལ་ཆེའི་ཆ་ཤས་ཤིག་ཡིན་པ་མ་ཟད། སློབ་གྲྭ་ཆེན་མོའི་འཛུལ་རྒྱུགས་ཀྱི་སྐར་མའི་གྲུབ་ཆ་ཆེ་ཤོས་ཤིག་ཡིན་ནའང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་དུ་དབྱིན་ཡིག་དགེ་རྒན་བོད་མི་མང་ཤོས་ལ་སྦྱོང་བརྡར་འདང་ངེས་ཤིག་མེད་པར། དབྱིན་ཡིག་ནི་བོད་ཡིག་སློབ་གྲྭའི་སློབ་ཚན་ཡོངས་ལས་ཆེས་ཞན་ཤོས་སུ་གྱུར་ཡོད་ཚུལ་བཅས་བྲིས་འདུག
གནས་ཚུལ་ཞིབ་ཕྲ་འདི་ནས་གཟིགས་ཐུབ་ཀྱི་འདུག
http://www.trace.org/projects_ed_ISETT.html
གློག་བརྙན་འདིའི་ནང་འཁྲབ་མཁན་གཙོ་བོ་ནི་པཱ་ལགས་དང་བུ་མོ་གཉིས་རེད། གློག་བརྙན་འདིའི་ནང་དོན་གཙོ་བོ་ནི་བོད་མི་སྐྱབས་བཅོལ་པ་ཚོར་ཕྱི་རྒྱལ་ལུང་པའི་ནང་མི་ཚེ་ལ་དཀའ་ངལ་གང་འཕྲད་པ་དེ་སྟོན་གྱི་ཡོད་རེད།
བོད་མི་རྣམས་སོ་སོའི་རིག་གཞུང་གཅིག་པོར་བདག་པོ་རྒྱབ་ནས་བསྡད་ན། དེང་སང་ཕྱི་རྒྱལ་ལུང་པའི་ནང་ལ་ལས་ཀ་ཐོབ་རྒྱུ་དཀའ་ངལ་ཆེན་པོ་རེད། གློག་བརྙན་ནང་གི་པཱ་ལགས་དེ་བོད་པའི་སྒྲ་སྙན་ལ་མཁས་པོ་ཡོད་ཀྱང་། ཨ་མི་རི་ཀའི་ནང་བོད་པའི་སྒྲ་སྙན་བཏང་ནས་མི་ཚེ་སྐྱེལ་ཐུབ་ཀྱི་མེད་ཙང་སོ་སོའི་བུ་མོ་ཡིས་བོད་པའི་གཞས་དང་སྒྲ་སྙན་ལ་ཧ་ཅང་དགའ་པོ་ཡོད་དུས་བུ་མོའི་མི་ཚེ་ལ་སེམས་ཁྲལ་མཐའ་མེད་ལངས་ནས་བུ་མོའི་སྒྲ་སྙན་བཅག་དགོས་བྱུང་། ཡིན་ནའང་མི་གཞན་ཞིག་གིས་བསླབ་བྱ་བརྒྱབ་པ་ལ་བརྟེན་ནས། སོ་སོའི་བུ་མོ་ལ་སྒྲ་སྙན་བཏང་བཅུག་པ་རེད། གློག་བརྙན་ཐུང་ཐུང་འདིའི་ནང་དེང་དུས་བོད་མི་ཚོར་ཕྱིའི་རྒྱལ་ཁབ་ནང་དངོས་སུ་དཀའ་ངལ་གངའཕྲད་པ་གསལ་པོར་སྟོན་གྱི་འདུག
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་པ་ཡིན་ན། གློག་བརྙན་འདིའི་ནང་བོད་པའི་ནང་མི་ཞིག་ཏུ་བུ་ཕྲུག་དང་ཕ་མའི་འབྲེལ་བ་དེ་གང་འདྲ་ཡོད་མེད་སྟོན་གྱི་འདུག བོད་པའི་ནང་མི་ཞིག་ཏུ་བུ་ཕྲུག་ཚོར་སོ་སོའི་འདོད་པ་དང་བསམ་བློ་ཇི་བཞིན་དུ་སྒྲུབ་པར་དེ་ཙམ་གྱི་དབང་ཆ་ཡོད་མ་རེད། ཕ་མས་བུ་ཕྲུག་ལ་བཀའ་གཏོང་བ་ལས་བུ་ཕྲུག་ལ་འབྲེལ་བ་བྱས་ནས་ཁོང་གི་བསམ་དོན་སྒྲུབ་པ་ལ་འབད་བརྩོན་དེ་ཙམ་བྱེད་པའི་ལུགས་སྲོལ་དཀོན་པོ་རེད། ཡིན་ནའང་ང་རང་གི་བསམ་པར་ཉི་མ་གཅིག་བོད་པའི་སྤྱི་ཚོགས་ནང་ལ་ཕྱི་རྒྱལ་གྱི་ཕ་མས་སོ་སོའི་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་སྟངས་འདི་ནང་བཞིན་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་དེ་ལ་དུས་ཚོད་མང་པོ་འགོར་ངེས་རེད།
སེམས་བསམ་པའི་གཏིང་ནས་བཤད་ན་སྔ་མོའི་བོད་སྡེ་བ་གཞུང་གིས་བོད་མི་རིགས་འདི་དག་དག་བཟོས་ཚར་འདུག དབོད་མི་རིགས་དང་མདུན་ལམ་དང་རེ་བ། བདེ་སྐྱིད་ཡོང་ཁུངས་མེད་བཟོས་ཚར་འདུག དེ་ལས་རང་ཉིད་ཟུངས་ཁྲག་བཏོན་ནས་མར་གཡུག་ཏེ་མི་རིགས་གཞན་ཞིག་གི་ཁྲག་གསར་དུ་བླུག་ན་མ་གཏོགས་མི་ཡུལ་ནས་ཐོབ་ཐང་རག་རྒྱུ་མི་འདུག སྔར་གྱི་བོད་སྡེ་བ་གཞུང་གིས་ང་ཚོ་ཕྱི་རབས་པར་བཞག་པའི་ཐོབ་སྐལ་འདི་རེད།
སེམས་བསམ་པའི་གཏིང་ནས་བཤད་ན་སྔ་མོའི་བོད་སྡེ་བ་གཞུང་གིས་བོད་མི་རིགས་འདི་དག་དག་བཟོས་ཚར་འདུག ད་བོད་མི་རིགས་ལ་མདུན་ལམ་དང་རེ་བ། བདེ་སྐྱིད་ཀྱི་ཡོང་ཁུངས་མེད་པ་བཟོས་ཚར་འདུག དེ་ལས་རང་ཉིད་ཀྱི་ཟུངས་ཁྲག་བཏོན་ནས་མར་གཡུག་ཏེ་མི་རིགས་གཞན་ཞིག་གི་ཁྲག་གསར་དུ་བླུག་ན་མ་གཏོགས་མི་ཡུལ་ནས་ཐོབ་ཐང་རག་རྒྱུ་མི་འདུག སྔར་གྱི་བོད་སྡེ་བ་གཞུང་གིས་ང་ཚོ་ཕྱི་རབས་པར་བཞག་པའི་ཐོབ་སྐལ་འདི་རེད།