པད་མ་ཚེ་དབང་ཤཱསྟྲི་ལགས་ལ་བཅར་འདྲི། Posted on 2014-12-042014-12-04 By ཁ་བརྡ་ 17 Comments on པད་མ་ཚེ་དབང་ཤཱསྟྲི་ལགས་ལ་བཅར་འདྲི། གློག་བརྙན་།
རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག འབོད་སྐུལ་ཆུང་ཆུང་ལས་སླ་པོ་ཅིག་ཞུས་ན། བོད་ལྭ་ཞིག་བསྣམ་བྱས་གནང་བ་ཡིན་ན་གནས་སྐབས་ཀྱི་འཁྲབ་སྟོན་འདྲ་པོ་གཅིག་གིས་དགོངས་ཚུལ་ཡོང་གི་རེད་དེ། རིགས་ཀྱི་ཆོ་ག་གཙང་མར་སྤེལ་བའི་བྱ་བཞག་གཅིག་ཡིན་ཙ་ནུས་པའམ་བྱིན་རླབས་འདྲ་པོ་དེ་ཡང་། འདྲ་འདྲ་ནང་ནས་མི་འདྲ་བ་གཅིག་མཐོང་གི་འདུག་ག་ལགས་ཨང་།
དྲི་བ་འདྲི་བ་པོས་ཀྱང་ལེགས་པའི་ཆ་རྐྱང་དྲིས་སོང་ལ་ལན་འདེབས་པ་པོས་ཀྱང་ལེགས་པའི་ཆ་དང་ཡག་རབས་རྒྱན་རབས་རྐྱང་གསུངས་སོང་། ཡག་པོ་རེད་བཀྲ་ཤིས་བདེ་ལེགས་རྐྱང་ཡོད་ན་དེ་ལས་ལྷག་ཅིག་ཅི་དགོས། འོན་ཀྱང་བོད་ཀྱི་རིག་པའི་གཞུང་་ལུགས་ནང་ལྷ་ཆོས་རིག་གནས་མ་གཏོག་མི་ཆོས་རིག་གནས་སྒོར་ཐིག་ཡིན་པ་འདིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་མགོ་ཐོག་ཏུ་བབས་བསྡད་པའི་ཆག་ཆེ་ཉམས་ངའི་འབྱུང་རྩ་དེ་རེད་དྲན་ཡོད། ལྷ་ཆོས་རིག་པའི་གཞུང་ལུགས་ནི་ཕྱུག་པོ་ཡོད་ཡོད་པ་རེད། ད་ནི་མི་ཆོས་རིག་གནས་རྗེས་ལུས་ཡིན་པ་ངོས་འཛིན་གསལ་པོའི་ཐོག་ཁ་གསབ་ཇི་ལྟར་བྱེད་དགོས་མིན་དང་། ཡར་རྒྱས་དང་གོང་འཕེལ་གཏོང་ཕྱོགས་བསྐོར་བགྲོ་གླེང་བྱེད་དགོས་པའི་དུས་ལ་བབས་ཡོད་པ་རེད་མ་གཏོག་ཡག་རབས་རྒྱན་རབས་བཤད་ནས་སྡོད་པའི་དུས་མ་རེད། རྟ་ཕོ་གྲལ་ལ་བཞག་ན་གོང་ཐང་མིས་བརྒྱག་གི་རེད།
རིག་གཞུང་ལ་འགྲེལ་བ་མ་ཕོག་ཐལ། སྐད་ཆ་ལ་ནང་འགལ་མང་གི། དྲི་བར་ཉན་མི་ཤེས་བས་མ་ཚད་ལན་ཡང་མདོ་བསྡུ་མི་ཐུབ་ཀི། སྦྱང་སྦྱངས་བའི་འབྲས་བུ་ཙམ་ལས། འཁོར་ཐུབ་པའི་ཀླད་པ་ཞིག་ནི་མེད་གཏན་རེད། ཀ་ཁ་ཤེས་མིན་ནི་རིག་གཞུང་ཤེས་མིན་ལ་ཐུག་རབས་བཤད་སོང་། རོང་འབྲོག་བོད་མི་ཅག་ནི་རིག་གཞུང་མེད་པའི་མི་གྲལ་ལ་བཏད་སོང་། ངག་ལྐུག་པའི་བོད་མི་བོད་གྲལ་ནས་ཕུད་སོང་། བོད་སྐད་མ་ཤེས་ན། བོད་པ་མ་རེད་མདོག་མདོག་བྱས་སོང་། བོད་ཆོས་མ་ཤེས་ན། འགྲོ་ཀུན་དུད་འགྲོ་འདྲ་བ་རེད་མདོག་མདོག་བྱས་སོང་། རྒད་པོ་འདི། ཡར་ནས་ཆོས་མི་ཤེས་མཁན། མར་ནས་སྲིད་མི་ཤེས་མཁན་ཅིག་ཡིན་པ་གསལ་པོ་བཟོས་སོང་། ཤཱསྟྲི་ཟེར་བ་འདི་མིང་ལ་སྦྱར་བ་ནི་གོ་ས་ཙམ་ལས། ཡོན་ཏན་གྱི་ཆ་ཆེན་པོ་ཞིག་མེད་པ་ཡང་གསལ་བོར་ཤེས་སོང་། ད་ཅི་བྱེད།
་་་་་་ ཤཱསྟྲི་ཟེར་བ་འདི་མིང་ལ་སྦྱར་བ་ནི་གོ་ས་ཙམ་ལས། ཡོན་ཏན་གྱི་ཆ་ཆེན་པོ་ཞིག་མེད་པ་ཡང་གསལ་བོར་ཤེས་སོང་། ད་ཅི་བྱེད། ་་་་་་ ཟེར།
ཞོལ་གཡག་འབྲོང་གིས་གསུངས་པ་དེ་ག་རང་རེད། རྒྱབ་སྐྱོར་ཡོད། ཡིན་ནའང་གོང་གི་དྲི་བ་དྲིས་ལན་ལ་ལྟ་ཐུབ་མ་སོང་། སྤྱིར་བཏང་མང་མང་གི་ཁ་ནས་ང་ཚོ་བོད་མི་རིགས་འདིར་གཞན་ལ་ངོ་གནོང་མི་དགོས་པ་ གཞན་ལ་ངོམ་ཆོག་པའི་རིག་པའི་གཞུང་ལུགས་ཞེ་བོ་ཅིག་ཡོད་རབས་ཡག་རབས་བརྩི་རྒྱུ་འདུག་མོད་དེ་ཚང་མ་ཐར་པ་ཟེར་བ་དང་ཐམས་ཅད་མཁྱེན་པ་ཟེར་བའི་ཚེ་འདིར་ཕན་ཐོགས་གང་ཡང་མེད་པའི་ལྐོག་གྱུར་གྱི་ཆོས་ཤིག་སྒྲུབ་བྱེད་ཅིག་དང་དེའི་ཡན་ལག་ཏུ་གྱུར་པ་རེ་ཟུང་ཙམ་ལས་གང་ཡང་མེད། འཇིག་རྟེན་མི་ཆོས་ཀྱི་རིག་གནས་ཟེར་བའི་མཛུབ་མོ་འཛུག་ས་ཞིག་ཕལ་ཆེར་མེད། རེ་ཟུང་ཡོད་པ་དེ་ཡང་མི་ཆོས་ཀྱི་ཆེད་དུ་མིན་པར་ལྷ་ཆོས་ཁོ་ནའི་ཆེད་དུ་དར་བ་ཙམ་རེད། ད་དུང་ང་ཚོས་ཞེ་བོ་ཞེ་བོ་ཡོད་རབས་དང་ཡག་རབས་རྐྱང་བཤད་ནས་མི་རིགས་འདི་ཡར་རྒྱས་འགྲོ་བར་ཕན་ཐོགས་གང་ཡང་མེད། དེ་བས་མ་འདང་ས་དང་མི་ལེགས་ས་ལ་མཛུབ་མོ་འཛུགས་ཐུབ་ན་ལེགས།
རིག་གཞུང་ཉམས་ཉེས་འགྲོ་བའི་རྒྱུ་རྐྱེན་གཉིས་ཏེ། བཙན་དབང་གིས་ཉམས་པ་དང་། རང་མོས་དང་བླང་གིས་ཉམས་ཆགས་འགྲོ་བར་གསུངས་པ་དེ་ལ་རྒྱུ་མཚན་ཏན་ཏན་འདུག་པས། འདི་ལ་དོ་སྣང་བྱེད་དགོས་འདུག་སྙམ།
རྒན་འཁོགས་དགུན་ཆས་ལན་པོ་མེད་པ་ཞིག་གོན་ཏེ། ཤཱ་སྟི་མིང་འཕྲོ་བརླག་ལ་གཏོང་གི་འདུག ཁོང་གིས་བསྒྱུར་བ་དང་བརྩམས་ཟེར་བ་དེབ་དེ་འདྲ་ཁ་ཤས་མཐོང་མྱོང་། དངོས་གནས་བཀླག་མི་སྤྲོ་བ་ཞིག་ཡོད། ཤོག་གྲགས་དང་པོ་མཐོང་བ་ཡི་ག་འཆུས་ཏེ་ས་ལ་འཇོག་རྒྱུ་ལས་མེད། རྩོམ་རིག་གི་ཚོགས་མ་བསགས་པ་ཞིག་ཡིན་པ་འདྲ། བོད་ཡིག་ཏོག་ཙམ་ཤེས་པ་ཙམ་གྱིས་རྩོམ་རིག་ལ་ལག་པ་འཆང་ག་ལ་ཐུབ། དཔེར་ན་ལ་དྭགས་པ་ཟེར་བ་དེ་དང་ཤསྟི་འདི་གཉིས་ནི་དེའི་དཔེ་མཚོན་ཡག་ཤོས་རེད་བསམས། བོད་ལ་གྱོན་རོགས།
བཙན་བྱོལ་གྱི་མི་ཚེ་སྒྲུང་གི་ལམ་ནས་སྟོན་མཁན་གྲགས་ཅན་དེ་རྒན་ལགས་ཁོང་ཡིན་ཙང་རྒན་ལགས་ཁོང་ལ་གུས་ཞབས་གྲངས་མེད་ཡོད་།
རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག འབོད་སྐུལ་ཆུང་ཆུང་ལས་སླ་པོ་ཅིག་ཞུས་ན། བོད་ལྭ་ཞིག་བསྣམ་བྱས་གནང་བ་ཡིན་ན་གནས་སྐབས་ཀྱི་འཁྲབ་སྟོན་འདྲ་པོ་གཅིག་གིས་དགོངས་ཚུལ་ཡོང་གི་རེད་དེ། རིགས་ཀྱི་ཆོ་ག་གཙང་མར་སྤེལ་བའི་བྱ་བཞག་གཅིག་ཡིན་ཙ་ནུས་པའམ་བྱིན་རླབས་འདྲ་པོ་དེ་ཡང་། འདྲ་འདྲ་ནང་ནས་མི་འདྲ་བ་གཅིག་མཐོང་གི་འདུག་ག་ལགས་ཨང་།
དྲི་བ་འདྲི་བ་པོས་ཀྱང་ལེགས་པའི་ཆ་རྐྱང་དྲིས་སོང་ལ་ལན་འདེབས་པ་པོས་ཀྱང་ལེགས་པའི་ཆ་དང་ཡག་རབས་རྒྱན་རབས་རྐྱང་གསུངས་སོང་། ཡག་པོ་རེད་བཀྲ་ཤིས་བདེ་ལེགས་རྐྱང་ཡོད་ན་དེ་ལས་ལྷག་ཅིག་ཅི་དགོས། འོན་ཀྱང་བོད་ཀྱི་རིག་པའི་གཞུང་་ལུགས་ནང་ལྷ་ཆོས་རིག་གནས་མ་གཏོག་མི་ཆོས་རིག་གནས་སྒོར་ཐིག་ཡིན་པ་འདིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་མགོ་ཐོག་ཏུ་བབས་བསྡད་པའི་ཆག་ཆེ་ཉམས་ངའི་འབྱུང་རྩ་དེ་རེད་དྲན་ཡོད། ལྷ་ཆོས་རིག་པའི་གཞུང་ལུགས་ནི་ཕྱུག་པོ་ཡོད་ཡོད་པ་རེད། ད་ནི་མི་ཆོས་རིག་གནས་རྗེས་ལུས་ཡིན་པ་ངོས་འཛིན་གསལ་པོའི་ཐོག་ཁ་གསབ་ཇི་ལྟར་བྱེད་དགོས་མིན་དང་། ཡར་རྒྱས་དང་གོང་འཕེལ་གཏོང་ཕྱོགས་བསྐོར་བགྲོ་གླེང་བྱེད་དགོས་པའི་དུས་ལ་བབས་ཡོད་པ་རེད་མ་གཏོག་ཡག་རབས་རྒྱན་རབས་བཤད་ནས་སྡོད་པའི་དུས་མ་རེད། རྟ་ཕོ་གྲལ་ལ་བཞག་ན་གོང་ཐང་མིས་བརྒྱག་གི་རེད།
ཆུ་ཚོད་འཕྲོ་བརླག་རང་རེད་དོ།།། དང་བོར་བོད་ལ་སྤུས་དག་རེ་གྱོན་ནས་་་་དེ་ནས་སྐད་ཆ་ཤོད་ཨ་་་་་་་
རིག་གཞུང་ལ་འགྲེལ་བ་མ་ཕོག་ཐལ། སྐད་ཆ་ལ་ནང་འགལ་མང་གི། དྲི་བར་ཉན་མི་ཤེས་བས་མ་ཚད་ལན་ཡང་མདོ་བསྡུ་མི་ཐུབ་ཀི།
སྦྱང་སྦྱངས་བའི་འབྲས་བུ་ཙམ་ལས། འཁོར་ཐུབ་པའི་ཀླད་པ་ཞིག་ནི་མེད་གཏན་རེད།
ཀ་ཁ་ཤེས་མིན་ནི་རིག་གཞུང་ཤེས་མིན་ལ་ཐུག་རབས་བཤད་སོང་། རོང་འབྲོག་བོད་མི་ཅག་ནི་རིག་གཞུང་མེད་པའི་མི་གྲལ་ལ་བཏད་སོང་། ངག་ལྐུག་པའི་བོད་མི་བོད་གྲལ་ནས་ཕུད་སོང་། བོད་སྐད་མ་ཤེས་ན། བོད་པ་མ་རེད་མདོག་མདོག་བྱས་སོང་། བོད་ཆོས་མ་ཤེས་ན། འགྲོ་ཀུན་དུད་འགྲོ་འདྲ་བ་རེད་མདོག་མདོག་བྱས་སོང་། རྒད་པོ་འདི། ཡར་ནས་ཆོས་མི་ཤེས་མཁན། མར་ནས་སྲིད་མི་ཤེས་མཁན་ཅིག་ཡིན་པ་གསལ་པོ་བཟོས་སོང་།
ཤཱསྟྲི་ཟེར་བ་འདི་མིང་ལ་སྦྱར་བ་ནི་གོ་ས་ཙམ་ལས། ཡོན་ཏན་གྱི་ཆ་ཆེན་པོ་ཞིག་མེད་པ་ཡང་གསལ་བོར་ཤེས་སོང་། ད་ཅི་བྱེད།
་་་་་་ ཤཱསྟྲི་ཟེར་བ་འདི་མིང་ལ་སྦྱར་བ་ནི་གོ་ས་ཙམ་ལས། ཡོན་ཏན་གྱི་ཆ་ཆེན་པོ་ཞིག་མེད་པ་ཡང་གསལ་བོར་ཤེས་སོང་། ད་ཅི་བྱེད། ་་་་་་ ཟེར།
ཞོལ་གཡག་འབྲོང་གིས་གསུངས་པ་དེ་ག་རང་རེད། རྒྱབ་སྐྱོར་ཡོད། ཡིན་ནའང་གོང་གི་དྲི་བ་དྲིས་ལན་ལ་ལྟ་ཐུབ་མ་སོང་། སྤྱིར་བཏང་མང་མང་གི་ཁ་ནས་ང་ཚོ་བོད་མི་རིགས་འདིར་གཞན་ལ་ངོ་གནོང་མི་དགོས་པ་ གཞན་ལ་ངོམ་ཆོག་པའི་རིག་པའི་གཞུང་ལུགས་ཞེ་བོ་ཅིག་ཡོད་རབས་ཡག་རབས་བརྩི་རྒྱུ་འདུག་མོད་དེ་ཚང་མ་ཐར་པ་ཟེར་བ་དང་ཐམས་ཅད་མཁྱེན་པ་ཟེར་བའི་ཚེ་འདིར་ཕན་ཐོགས་གང་ཡང་མེད་པའི་ལྐོག་གྱུར་གྱི་ཆོས་ཤིག་སྒྲུབ་བྱེད་ཅིག་དང་དེའི་ཡན་ལག་ཏུ་གྱུར་པ་རེ་ཟུང་ཙམ་ལས་གང་ཡང་མེད། འཇིག་རྟེན་མི་ཆོས་ཀྱི་རིག་གནས་ཟེར་བའི་མཛུབ་མོ་འཛུག་ས་ཞིག་ཕལ་ཆེར་མེད། རེ་ཟུང་ཡོད་པ་དེ་ཡང་མི་ཆོས་ཀྱི་ཆེད་དུ་མིན་པར་ལྷ་ཆོས་ཁོ་ནའི་ཆེད་དུ་དར་བ་ཙམ་རེད། ད་དུང་ང་ཚོས་ཞེ་བོ་ཞེ་བོ་ཡོད་རབས་དང་ཡག་རབས་རྐྱང་བཤད་ནས་མི་རིགས་འདི་ཡར་རྒྱས་འགྲོ་བར་ཕན་ཐོགས་གང་ཡང་མེད། དེ་བས་མ་འདང་ས་དང་མི་ལེགས་ས་ལ་མཛུབ་མོ་འཛུགས་ཐུབ་ན་ལེགས།
བོད་ཀྱི་ཤེས་རིག་དང་། རིག་གནས། རིག་གཞུང་། ལེགས་བྱང་བཞི་ལ་ཁྱད་པར་གང་དང་གང་ཡོད་དམ། ལགས།
རིག་གཞུང་གི་སྒྲ་བཤད་ཙམ་ལའང་རྨོངས་འདུག་པས་དེ་ལས་ཀོ་འཕེལ་ཞིང་ཁ་སླར་གསོ་གནང་ན་ལེགས
རིག་གཞུང་ནི་གང་ཟག་སོ་སོ་ཡུལ་ལ་རིག་སྟངས་མི་འདྲ་བ་དེར་གཞུང་ལུགས་ཀྱི་དོན་སྤྲས་པ་ཤིག་མིན་ནམ།
རིག་གཞུང་ཉམས་ཉེས་འགྲོ་བའི་རྒྱུ་རྐྱེན་གཉིས་ཏེ། བཙན་དབང་གིས་ཉམས་པ་དང་། རང་མོས་དང་བླང་གིས་ཉམས་ཆགས་འགྲོ་བར་གསུངས་པ་དེ་ལ་རྒྱུ་མཚན་ཏན་ཏན་འདུག་པས། འདི་ལ་དོ་སྣང་བྱེད་དགོས་འདུག་སྙམ།
ང་ཁོང་གི་སྒྲུང་རྩོམ་མི་ཚེའི་དྲོ་བ་མངར་སྐྱུར་ལ་ཧ་ཅང་དགའ་པོ་ཡོད། ངས་ཁོང་གི་སྒྲུང་རྩོམ་ཞིག་རེག་དགོས་གི
རྒན་འཁོགས་དགུན་ཆས་ལན་པོ་མེད་པ་ཞིག་གོན་ཏེ། ཤཱ་སྟི་མིང་འཕྲོ་བརླག་ལ་གཏོང་གི་འདུག
ཁོང་གིས་བསྒྱུར་བ་དང་བརྩམས་ཟེར་བ་དེབ་དེ་འདྲ་ཁ་ཤས་མཐོང་མྱོང་། དངོས་གནས་བཀླག་མི་སྤྲོ་བ་ཞིག་ཡོད། ཤོག་གྲགས་དང་པོ་མཐོང་བ་ཡི་ག་འཆུས་ཏེ་ས་ལ་འཇོག་རྒྱུ་ལས་མེད།
རྩོམ་རིག་གི་ཚོགས་མ་བསགས་པ་ཞིག་ཡིན་པ་འདྲ། བོད་ཡིག་ཏོག་ཙམ་ཤེས་པ་ཙམ་གྱིས་རྩོམ་རིག་ལ་ལག་པ་འཆང་ག་ལ་ཐུབ། དཔེར་ན་ལ་དྭགས་པ་ཟེར་བ་དེ་དང་ཤསྟི་འདི་གཉིས་ནི་དེའི་དཔེ་མཚོན་ཡག་ཤོས་རེད་བསམས།
བོད་ལ་གྱོན་རོགས།
བཙན་བྱོལ་གྱི་མི་ཚེ་སྒྲུང་གི་ལམ་ནས་སྟོན་མཁན་གྲགས་ཅན་དེ་རྒན་ལགས་ཁོང་ཡིན་ཙང་རྒན་ལགས་ཁོང་ལ་གུས་ཞབས་གྲངས་མེད་ཡོད་།
ཡག་པོ་ཞེ་དྲག་གསུངས་སོང་།
རིག་གཞུང་ཉམས་ཆགས་འགྲོ་གི་རེད་བསམ་ནས་ཞེེད་ཀྱི་འདུག་ན་ས་ཆའི་བདག་དབང་གླེང་དེ་མིན་ན་xxx
པདྨ་ཚེ་དབང་ལགས་ཐུགས་རྗེ་ཆེ། ཡག་པོ་གསུངས་སོང་།
ཡག་པོ་གསུངས་འདུག།་ཐུགས་རྗེ་ཆེ࿉࿉࿉