ཨེ་ཝྃ་རིག་པ།
ཟ་མ་བཞེས་པའི་སྔོན་དུ་ལག་པ་ཁྲུས།།
ཆབ་གསང་ཕེབས་པའི་རྗེས་སུ་ལག་པ་ཁྲུས།།
ནངས་ནུབ་གདོང་དང་སོ་ཡི་དྲི་མ་བཀྲུས།།
ཉལ་ཁར་རྐང་པ་བཀྲུས་ན་ལུས་ལ་ཕན།།
སེན་མོའི་བར་གྱི་དྲི་མ་མ་བཀྲུས་ན།།
ནད་འབུ་མང་པོ་ཁོང་དུ་འགྲོ་བར་ངེས།།
དེས་ན་རྒྱུན་དུ་སེན་མོ་དྲ་བཟོ་དང་།།
གཙང་བར་བཀྲུ་བ་ཤིན་ཏུ་གལ་ཆེའོ།།
ལག་པ་ཁྲུས་ལ་ལྷ་མདུན་མཆོད་པ་ཤོམས།།
ལག་པ་ཁྲུས་ལ་གསུང་རབ་ཆོས་དཔེ་ཀློག།
ལག་པ་ཁྲུས་ལ་འཁོར་ལོ་ཕྲེང་བ་ཐོགས།།
ལག་པ་ཁྲུས་ལ་གཞན་ལ་ཁ་ལག་བྱིན།།
ཁ་ནས་ཁ་དྲི་མགོ་ནས་སྐྲ་དྲི་དང་།།
རྐང་ནས་རྐང་དྲི་ལུས་ནས་རྔུལ་དྲི་བཅས།།
ལྷ་ཁང་དང་ནི་ཆོས་ཞུར་སོང་བ་ན།།
ཉེས་པ་ཚབས་ཆེན་བསཊ་པའང་ཤེས་པར་མཛོད།།
གཙང་སྦྲ་མི་བྱེད་བཟང་པོའི་སྲོལ་རྒྱུན་མིན།།
གཙང་སྦྲ་མི་བྱེད་ཆོས་པའི་ཉམས་ལེན་མིན།།
གཙང་སྦྲ་མི་བྱེད་མི་རིཊ་ལ་རྒྱ་མིན།།
གཙང་སྦྲ་མི་བྱེད་བོད་མིའི་ཁ་རྟཊ་མིན།།
གཙང་སྦྲ་མེད་ན་མི་རིགས་གཞན་གྱིས་བརྙས།།
གཙང་སྦྲ་མེད་ན་ནད་རིཊ་རྣམས་ཀྱིས་སྡང་།།
གཙང་སྦྲ་མེད་ན་ཟས་རིགས་སྲོག་གི་གཤེད།།
གཙང་སྦྲ་མེད་ན་རང་རིཊ་མགོ་རྣ་བརྫད།།
གཙང་སྦྲ་མི་ཤེས་རིག་གནས་མེད་པའི་རྟཊ།།
གཙང་སྦྲ་མི་ཤེས་གུས་ཞབས་མི་ཤེས་རྟཊ།།
གཙང་སྦྲ་མི་ཤེས་འཚོ་བ་དབུལ་བའི་རྟཊ།།
གཙང་སྦྲ་མི་ཤེས་མི་རིཊ་རྗེས་ལུས་རྟཊ།།
ཟས་ལ་གཙང་སྦྲ་བྱས་ན་ཡི་གར་འོང་།།
གོས་ལ་གཙང་སྦྲ་བྱས་ན་ཡང་ཞིང་དྲོ།།
ཁྱིམ་ལ་གཙང་སྦྲ་བྱས་ན་ཁྱིམ་གང་སྐྱིད།།
ཁོར་ཡུག་གཙང་སྦྲ་བྱས་ན་ཐམས་ཅད་སྤྲོ།།
གཙང་སྦྲ་གལ་ཆེན་འཛམ་གླིང་ཀུན་གྱིས་གླེང་།།
གཙང་སྦྲ་གལ་ཆེན་སྨན་གྱི་གཞུང་ལས་གསུངས།།
གཙང་སྦྲ་དགོས་པ་སངས་རྒྱས་ཆོས་ནང་ཡོད།།
དེ་ཕྱིར་གཙང་སྦྲའི་ཕྱོཊ་ལ་ཀུན་གྱིས་གཟབ།།
ཁྱིམ་ལུད་གད་སྙིགས་གང་བྱུང་སྤུངས་མི་རུང་།།
གོས་རྙིང་ལྷམ་རྙིང་ཆུ་ཤོག་འགྱིག་དམ་སོགས།།
གང་བྱུང་མི་གཏོར་གད་སྙིགས་སྒམ་དུ་དོར།།
ཀུན་སྤྱོད་བཟང་པོ་འདྲིས་ཤིང་གོམས་པར་བྱ།།
ཀུན་གྱིས་སྤྱོད་པའི་ཆུ་ནང་གཅིན་སྐྱག་སོགས།།
བརྩོག་པས་བརྫད་ན་སྡིག་པ་ཅི་ལ་མེད།།
ས་དང་ཆུ་སོགས་དུག་གིས་ཁྱབ་བྱེད་པའི།།
གློག་རྫས་གང་བྱུང་མི་གཡུག་ཅིས་ཀྱང་གཟོབ།།
སྣབས་དང་ཁ་ལུད་གང་བྱུང་མི་འཕེན་པར།།
གཙང་ཤོག་ནང་དང་དེ་ཡང་སྙིཊ་ཟོམ་དོར།།
གྲོང་ནས་གཅིན་སྐྱག་གང་སར་གཏོང་རྒྱུ་མེད།།
རང་གི་ཀུན་སྤྱོད་རང་གིས་གཟབ་པར་བྱ།།
རྩྭ་ཐང་སྟེང་དུ་སྤྲོ་སྤྲོ་ཕེབས་མཁན་ཚོས།།
ཆུ་ཤོག་འགྱིག་དམ་ཤུན་པ་སོགས་དོར་ནས།།
བྱ་ཞིག་བསད་པའི་ཤུལ་ལྟར་མི་བྱེད་པར།།
གཙང་མ་རུག་ནས་ཁྱེར་ཏེ་སྙིགས་སྒམ་དོར།།
དེ་བཞིན་ཆང་རག་སྤྱོད་པའི་མི་ཀུན་གྱིས།།
རྩྭ་ཐང་སྟེང་དུ་ཤེལ་དམ་བཅག་མི་བྱ།།
མི་དང་དུད་འགྲོ་ལུས་ལ་གནོད་པ་དང་།།
མི་རིགས་གཞན་གྱིས་མཐོང་ཆུང་བྱེད་པའི་རྒྱུ།།
རླངས་འཁོར་ནང་དུ་ཞུགས་ནས་ཕེབས་པའི་ཚེ།།
སྒེའུ་ཁུང་ནང་ནས་གད་སྙིགས་ཕྱིར་མ་གཡུག།
གད་སྙིགས་ཆུ་ཤོག་ཁུག་མའི་ནང་གསོགས་ནས།།
འབབ་པའི་དུས་སུ་སྙིགས་ཟོམ་བཙལ་ནས་དོར།།
མདོར་ན་གཅེས་པར་འོས་པའི་ཁོར་ཡུག་ལ།།
གཏོར་བརླག་མི་གཏོང་ཀུན་གྱིས་སྲུང་སྐྱོབས་བྱ།།
ཆོས་དང་འཇིག་རྟེན་ཡ་རབས་ལུགས་བཟང་ལ།།
ཆུང་ས་འདི་ནས་བརྩམ་ཏེ་འཇུག་པར་མཛོད།།
རྐུ་འཕྲོག་བཅོམ་གསུམ་མི་བྱེད་ཅིང་།།
རྫུན་དང་མགོ་སྐོར་སོགས་མི་བྱེད།།
ཕན་ཚུན་ངན་སེམས་ཕྲག་དོག་དོར།།
བོད་མིའི་སྤྱོད་གཙང་གོང་དུ་སྤེལ།།
གཙང་སྦྲ་དགོས་པའི་གཏམ་ཐུང་འདིས།།
རང་རིཊ་ཀུན་ལ་ཕན་ཐོགས་ཤོག།
གཞན་གྱིས་མཐོང་ཆུང་རྩོག་འཛེམས་སོཊ།།
རྒུད་པ་སེལ་བའི་རྒྱུར་གྱུར་ཅིག།
འགྱིག་དང་ཆུ་ཤོག་དུག་རྫས་རིགས།
མེ་ལ་སྲེག་པའི་ལུགས་ངན་སྤོང་།
དུད་ངན་ནམ་མཁར་བདལ་བ་ཡིས།
དུག་གི་ཆར་ཆུས་སྐྱེ་འགྲོར་གནོད། །
ཨེ་ཝྃ་རིག་པ།
ཟ་མ་བཞེས་པའི་སྔོན་དུ་ལག་པ་ཁྲུས།།
ཆབ་གསང་ཕེབས་པའི་རྗེས་སུ་ལག་པ་ཁྲུས།།
ནངས་ནུབ་གདོང་དང་སོ་ཡི་དྲི་མ་བཀྲུས།།
ཉལ་ཁར་རྐང་པ་བཀྲུས་ན་ལུས་ལ་ཕན།།
ལུས་པོ་ཁྲུས།
ཟས་དུག་སྐྱོབ་ཕྱིར་ལག་པ་ཁྲུས། །
འགོ་ནད་སྲུང་ཕྱིར་ལག་པ་ཁྲུས། །
གཙང་སྦྲའི་ཆེད་དུ་གདུགས་ལོག་ཁྲུས། །
དྲི་ནག་དག་ཕྱིར་ལུས་པོ་ཁྲུས། །
གོས་གཙང་མེད་པས་བརྙས་བཅོས་འོངས། །
ལུས་གཙང་མེད་པས་ནད་མང་འོངས། །
སེམས་གཙང་མེད་པས་སྡུག་བསྔལ་འོངས། །
དེ་བས་གཙང་སྦྲ་རྟག་ཏུ་གྱིས། །
གཙང་སྦྲ་མི་ཤེས་རྗེས་ལུས་རྟགས། །
གཙང་སྦྲ་མི་བྱེད་ལེ་ལོའི་རྟགས། །
གཙང་སྦྲ་མི་སེམས་བླུན་པོའི་རྟགས། །
གཙང་སྦྲར་བརྩོན་པ་ཡར་ཐོན་རྟགས། །
ནང་གི་གད་སྙིགས་ཕྱགས་མས་ཕྱགས། །
ཕྱི་ཡི་གད་སྙིགས་དམིགས་མེད་གཏོང་། །
ལུས་ཀྱི་དྲི་ནག་ཆུ་ཡིས་ཁྲུས། །
སེམས་ཀྱི་སྒྲིབ་ནག་ཆོས་ཀྱིས་ཁྲུས། །
དབང་པོ་ཉམས་བྱེད་ངན་ལྷད་དུག
ལྕགས་རྩི་ལ་སོགས་ཚོན་རྩིའི་རིགས།
ཞིང་དང་ལྡུམ་ར་ཁང་པའི་འགྲམ།
གང་སར་འབོ་བའི་སྤྱོད་ངན་སྤོང་། །